བོད། ལྷ་ྐླུ་གཉན་གསུམ།
གྲགས་ན་མི་ཉན་ས་སྟེང་ན་མུན་པ་ཡི་རང་བཞིན།།
བསྡད་ན་མི་བདེ་སེམས་འདི་ཉོན་རྨོངས་ཀྱི་གྲོགས་པོ།།
བཤད་ན་མི་རུང་ཁ་འདི་ཚེར་མ་ཡི་དུག་ནག།
བགད་ན་མི་མཛེས་མི་སེམས་གཏུབ་བྱེད་ཀྱི་སྤུ་གྲི།
ཤི་ན་མི་ཡོང་ཚེ་འདི་ཡུན་ཐུང་གི་འགྲུལ་བ།།
གསོན་ན་དཀའ་བ་འཚོ་བའི་མངར་སྐྱུར་ནི་མོད་པ།།
རྒས་ན་མི་གཟོད་ལུས་འདི་ལན་ཆགས་ཀྱི་འཁུར་རོ།།
གཞོན་ན་མི་བྲིན་ང་རྒྱལ་འཁང་སེམས་ཀྱི་ཚོར་འདུ།།
ཡག་ན་མི་འགྲིག་ཚང་མའི་སེམས་ཁོང་དེ་དཀྲུགས་བྱེད།།
བཙོག་ན་མི་བཟང་མི་ཀུན་འཕྱ་དམོད་ཀྱི་གཞི་མ།།
དུངས་ན་མ་རེད་མི་ཚོས་ཁྲེལ་དགོད་ཀྱི་དཀའ་ཚེགས།།
རྒུད་ན་མི་འགྲོ་ཀུན་གྱིས་རྗེས་ལུས་སུ་ལྟ་ངེས།།
དར་ན་མི་རྣམས་ཕྲག་དོག་གི་འཚེ་ཡོང་།།
མཁས་ན་མི་རྣམས་ཕྱོགས་ཞེན་གྱི་བསླུས་འགྲོ།
བླུན་ན་མི་རྣམས་འཕྱ་དམོད་ཀྱི་འཐིམ་ངེས།།
མི་ཉན་མི་རུང་སྣ་དགུ་ཡི་གོམ་གཤིས།།
གནའ་དང་དེང་གི་བོད་པ་ཚོས་བྱེད་སྟངས།།
འགྱུར་བའི་ཕྱོགས་ཀྱི་ཐབས་ཤེས་ཤིག་བྱུང་ཉིན།།
དྲ་ཐོག་འདི་རུ་བགྲོ་གླེང་གི་རྣམ་པ།།
ཕུན་སུམ་ཚོགས་པའི་ཡན་ལག་དུ་ཨེ་འགྲོ།
དེ་མིན་སེམས་ཅན་མི་མང་གི་ཁ་ན།།
ཆིག་སྒྲིལ་ཕྱོགས་ཀྱི་གཏམ་བཟང་རེ་ཡོད་ཀྱང་།།
དོན་དངོས་ནང་གི་འཐེན་འཁྱེར་ནི་མི་ཆད།།
འདི་ངས་ཡག་པོ་ཞིག་ཚོར་ཡོད།
སྟེང་ནས་ལྷ་ཡིས་སྐྱབས་མགོན་གཅིག །
བར་ནས་གཉན་གྱིས་དཔུང་རོགས་གཉིས། །
འོག་ནས་ཀླུ་ཡིས་མཆོད་པ་གསུམ། །
ཀུན་འཛོམ་གངས་རིའི་ལྗོངས་ལ་ཚེས། །
བཟང་གསུམ་རྟེན་འབྲེལ་ཤིན་ཏུ་ལེགས། །
གཞི་བྱེས་མཉམ་བདེ་ཡོང་བར་སྨོན། །
ཛ་ཡ་ཛ་ཡ་སུ་ཛ་ཡ།
ཤྲྰི་སྨྱོན་པས
རྩོམ་འདིའི་བརྗོད་བྱ་ལ་བལྟས་ན། རྩོམ་པ་པོའི་སེམས་པ་སྐྱིད་པོ་མེད་པ་མ་ཟད་སེམས་པ་ཐང་ཐང་ཡང་ཨེ་ཡོད་བསམ་བསམ་རེད། ཡང་མིན་ན་བོད་པའི་རྩོམ་འབྲི་སྟངས་འདི་འདྲ་ཞིག་རེད་དམ། ཡང་གཅིག་མིན་ན་བོད་པའི་བརྗོད་བྱ་དེ་ཡང་ནང་ཆོས་ཀྱི་རྙི་དོང་ལས་བརྒལ་མི་ཐུབ་པ་ཞིག་རེད་དམ། ཡང་ན་བོད་ཡིག་འབྲི་མཁན་དང་ཀློག་མཁན་མང་ཆེ་བ་གྲ་བ་དང་གྲ་ལོག་ཡིན་པའི་རྐྱེན་གྱིས་ཡིན་ངས་མི་ཤེས་སོ།
མེ་སྐྱོགས་རྒྱ་མཚོ་ལགས། སྐུ་ཉིད་ཀྱིས་སྙན་རྩོམ་ཞིག་བྲིས་དེ་ང་ཚོར་སྟོན་དང་ངས་ངོ་མ་ཁྱེད་རང་གི་སྙན་རྩོམ་ཞིག་ལ་ལྟ་འདོད་འདུག ང་ཡིས་བྲིས་པའི་སྙན་རྩོམ་འདི་ལ་དཔྱད་པ་གང་ཡང་བྱོས་ཡོད་མེད་དེ་ནི་སྐུ་ཉིད་ཀྱིས་སེམས་སུ་གསལ་ངེས་རེད། འོན་ཀྱང་། སྐུ་ཉིད་ཀྱིས་བསམ་ཚུལ་འགོད་སྟངས་དེ་ནི་དངོས་ནས་དགོད་བྲོ་བ་ནས་ཡ་འཚར་བ་ཞིག་མ་རེད་དམ།
བཅོས མེ་སྒྱོགས