ངའི་ཨ་མ་ཡང་རྒན་པོ་གནའ་བརྒྱའི་ཚེ་ལོས་བཤད་པའི་འཇིག་རྟེན་མི་ཚེ་དང་འབྲེལ་བའི་བསླབ་བྱ་འདི་ལ་ཉན་རྒྱུར་ཤིན་ཏུ་དགའ། ༡༩༨༥ གཡས་གཡོན་ཞིག་ཏུ་རེད། མཚོ་སྔོན་རླུང་འཕྲིན་ཁང་གིས་གནའ་བརྒྱའི་ཚེ་ལོའི་བསླབ་བྱ་ཐད་ཀར་རྒྱང་བསྒྲགས་བྱས། དུས་དེ་ནས་བཟུང་ང་ལ་ཡང་བསླབ་བྱ་དེར་ཉན་རྒྱུར་དོ་སྣང་བྱུང་། ཨ་མས་བཞག་པའི་བག་ཆགས་དེའི་དབང་གིས་ཚེ་ལོའི་ཕ་ཡུལ་ཕྱོགས་སུའང་ཐེངས་གཅིག་བསྐྱོད། དེ་རིང་ཚར་གཅིག་ཉན། མི་ཚེའི་བསླབ་བྱ་ཟེར་བ་འདི་འདྲ་ཞིག་ལས་གཞན་ཅི་ཡོད་སྙམ། །
གནའ་རྒྱའི་ཚེ་ལོ་ནི། རེབ་གོང་མདོ་བ་འབྲོག་གི་གནའ་རྒྱ་ཚོ་བ་ནས་སྐྱེས་པའི་དཀོན་མཆོག་ཚེ་འབུམ་མམ་གཅེས་མིང་ལ་ཚེ་ལོ་ཞེས་འབོད་པ་ཞིག་གིས་རང་གི་ཚེ་སྟོད་དུ་རྒྱ་ནོར་ལོངས་སྤྱོད་ཤིན་ཏུ་ནས་དར་བ་དང་། ཚེ་སྨད་དུ་ཉམས་པར་གྱུར་པའི་གནས་སྟངས་གཞིར་བཞག་མི་ཚེ་ལ་ཕྱིར་དྲན་གྱིས་ཕྱི་རབས་པ་རྣམས་ལ་དྲན་སྐུལ་གྱི་ཆེད་དུ་བཞག་པའི་འབེལ་གཏམ་ཞིག་ཡིན། འབེམ་གཏམ་འདི་ནི་ཁོ་རང་ལོ་ན་བརྒྱད་ཅུའི་སྐབས་ཏེ་ཕྱི་ལོ་ ༡༨༦༣ ལོའི་ཧོར་ཟླ་ལྔ་པའི་ནང་བྱུང་བར་གྲགས་ཤིང་། དེ་ཡང་ཁོང་གིས་ཁ་ནས་བཤད་ཅིང་ཁྱིམ་མཚེས་སྔགས་པ་མཁས་པ་ཞིག་ཡོད་འདུག་པ་དེས་ཡི་གེར་བཏབས་ནས་དམངས་ཁྲོད་དུ་དར་ཁྱབ་སོང་བ་ཞིག་ཡིན་འདུག གནའ་རྒྱའི་ཚེ་ལོའི་འབེལ་གཏམ་འདི་ཐོག་མར་རེབ་གོང་ཕྱོགས་ཀྱི་དམངས་ཁྲོད་དུ་དར་ཞིང་། ཕྱིས་སུ་༼མཚོ་སྔོན་མང་ཚོགས་སྒྱུ་རྩལ་༽དུས་དེབ་སྟེང་འདོན་སྤེལ་བྱས་པ་ནས་བོད་ཁམས་སུ་ཁྱབ། དེ་ནས་རིམ་པས་སྒྲུང་པ་སྐལ་བཟང་གྲགས་པས་གྱེར་དབྱངས་ལ་དྲངས་པའི་སྒྲ་ཐག་བཀྲམས་པ་ནས་ལྷག་ཏུ་དར་ཁྱབ་བྱུང་བ་དང་། ལོ་ཤས་གོང་ལ་སྐུ་ཞོགས་ཨ་རོལ་ཚང་གིས་སྒྲ་སྙན་རྡུང་ལེན་གྱི་རྣམ་པས་བཀྲམས་པ་དེའི་འོད་སྡེར་དེར་ཉན་སྤྱོད་བྱེད་མཁན་དེ་བས་མང་བ་བྱུང་བ་བཅས་བརྒྱུད་ལམ་སྣ་ཚོགས་ནས་དར་ཁྱབ་ཆེན་པོ་བྱུང་ཡོད་པའི་འབེལ་གཏམ་ཞིག་ཡིན། ཉེ་བའི་ཆར་གློག་བརྙན་གྱི་རྣམ་པས་དར་སྤེལ་འགྲོ་བཞིན་པ་ནི་གློག་བརྙན་འདི་རེད། གནའ་རྒྱའི་དཀོན་མཆོག་ཚེ་འབུམ་མམ་གནའ་རྒྱའི་ཚེ་ལོའི་མི་རྒྱུད་ད་ལྟའང་ཡོད་པར་བཤད།
ངའི་ཨ་མ་ཡང་རྒན་པོ་གནའ་བརྒྱའི་ཚེ་ལོས་བཤད་པའི་འཇིག་རྟེན་མི་ཚེ་དང་འབྲེལ་བའི་བསླབ་བྱ་འདི་ལ་ཉན་རྒྱུར་ཤིན་ཏུ་དགའ། ༡༩༨༥ གཡས་གཡོན་ཞིག་ཏུ་རེད། མཚོ་སྔོན་རླུང་འཕྲིན་ཁང་གིས་གནའ་བརྒྱའི་ཚེ་ལོའི་བསླབ་བྱ་ཐད་ཀར་རྒྱང་བསྒྲགས་བྱས། དུས་དེ་ནས་བཟུང་ང་ལ་ཡང་བསླབ་བྱ་དེར་ཉན་རྒྱུར་དོ་སྣང་བྱུང་། ཨ་མས་བཞག་པའི་བག་ཆགས་དེའི་དབང་གིས་ཚེ་ལོའི་ཕ་ཡུལ་ཕྱོགས་སུའང་ཐེངས་གཅིག་བསྐྱོད། དེ་རིང་ཚར་གཅིག་ཉན། མི་ཚེའི་བསླབ་བྱ་ཟེར་བ་འདི་འདྲ་ཞིག་ལས་གཞན་ཅི་ཡོད་སྙམ། །
གནའ་རྒྱའི་ཚེ་ལོ་ནི། རེབ་གོང་མདོ་བ་འབྲོག་གི་གནའ་རྒྱ་ཚོ་བ་ནས་སྐྱེས་པའི་དཀོན་མཆོག་ཚེ་འབུམ་མམ་གཅེས་མིང་ལ་ཚེ་ལོ་ཞེས་འབོད་པ་ཞིག་གིས་རང་གི་ཚེ་སྟོད་དུ་རྒྱ་ནོར་ལོངས་སྤྱོད་ཤིན་ཏུ་ནས་དར་བ་དང་། ཚེ་སྨད་དུ་ཉམས་པར་གྱུར་པའི་གནས་སྟངས་གཞིར་བཞག་མི་ཚེ་ལ་ཕྱིར་དྲན་གྱིས་ཕྱི་རབས་པ་རྣམས་ལ་དྲན་སྐུལ་གྱི་ཆེད་དུ་བཞག་པའི་འབེལ་གཏམ་ཞིག་ཡིན། འབེམ་གཏམ་འདི་ནི་ཁོ་རང་ལོ་ན་བརྒྱད་ཅུའི་སྐབས་ཏེ་ཕྱི་ལོ་ ༡༨༦༣ ལོའི་ཧོར་ཟླ་ལྔ་པའི་ནང་བྱུང་བར་གྲགས་ཤིང་། དེ་ཡང་ཁོང་གིས་ཁ་ནས་བཤད་ཅིང་ཁྱིམ་མཚེས་སྔགས་པ་མཁས་པ་ཞིག་ཡོད་འདུག་པ་དེས་ཡི་གེར་བཏབས་ནས་དམངས་ཁྲོད་དུ་དར་ཁྱབ་སོང་བ་ཞིག་ཡིན་འདུག
གནའ་རྒྱའི་ཚེ་ལོའི་འབེལ་གཏམ་འདི་ཐོག་མར་རེབ་གོང་ཕྱོགས་ཀྱི་དམངས་ཁྲོད་དུ་དར་ཞིང་། ཕྱིས་སུ་༼མཚོ་སྔོན་མང་ཚོགས་སྒྱུ་རྩལ་༽དུས་དེབ་སྟེང་འདོན་སྤེལ་བྱས་པ་ནས་བོད་ཁམས་སུ་ཁྱབ། དེ་ནས་རིམ་པས་སྒྲུང་པ་སྐལ་བཟང་གྲགས་པས་གྱེར་དབྱངས་ལ་དྲངས་པའི་སྒྲ་ཐག་བཀྲམས་པ་ནས་ལྷག་ཏུ་དར་ཁྱབ་བྱུང་བ་དང་། ལོ་ཤས་གོང་ལ་སྐུ་ཞོགས་ཨ་རོལ་ཚང་གིས་སྒྲ་སྙན་རྡུང་ལེན་གྱི་རྣམ་པས་བཀྲམས་པ་དེའི་འོད་སྡེར་དེར་ཉན་སྤྱོད་བྱེད་མཁན་དེ་བས་མང་བ་བྱུང་བ་བཅས་བརྒྱུད་ལམ་སྣ་ཚོགས་ནས་དར་ཁྱབ་ཆེན་པོ་བྱུང་ཡོད་པའི་འབེལ་གཏམ་ཞིག་ཡིན། ཉེ་བའི་ཆར་གློག་བརྙན་གྱི་རྣམ་པས་དར་སྤེལ་འགྲོ་བཞིན་པ་ནི་གློག་བརྙན་འདི་རེད། གནའ་རྒྱའི་དཀོན་མཆོག་ཚེ་འབུམ་མམ་གནའ་རྒྱའི་ཚེ་ལོའི་མི་རྒྱུད་ད་ལྟའང་ཡོད་པར་བཤད།
ཡག་པོ་འདུག
གནའ་རྒྱའི་ཚེ་ལོ་འདི་སྙན་མོ་འདུག ངའི་སེམས་ལ་འགྱུར་བ་ཞིག་ཐེབས་སོང་། །
སེམས་ཀྱི་ཤེས་པ་ལ་ངར་ལྡུད་པའི་གནའ་གཏམ་འདི་འདྲ་ནི་ང་ཚོའི་གཅེས་ནོར་ཡིན།