རྣོ།
ངས་དེ་རིང་བར་དུ་འདིའི་སྐོར་ལ་སྐད་ཆ་ཅི་གང་མ་བཤད་པར་ངག་བསྡམས་པ་ཡིན། དེ་ནི་བཀའ་ཤག་གི་གསལ་བཤད་དང་ཡང་དགོས་གསལ་བཤད་གཉིས་པ་ཡིས་སྤེན་ཚེ་ནི་ནག་ཉེས་ཆེན་པོ་ཞིག་གིས་རྦབ་ཏུ་བཅུག་སྟེ་ལངས་ཡ་མེད་པ་ཞིག་བཟོ་ངེས་རེད་བསམ་བྱུང་། དེ་ནི་བློ་སེང་གིས་ནོར་ལྦེ་རུ་བཤད་པའི་སྐད་ཆ་སྤོམ་པོ་དེ་ལ་གཞི་བཅོལ་བ་ཡིན་ཡང་། གསལ་བཤད་གཉིས་པའང་སྔར་བཞིན་ལྗིད་ཁོག་ཅི་གང་མེད་པའི་རླུང་བུའི་ནང་གི་སྐད་ཆ་རིན་མེད་ཅིག་རེད། ད་ནི་སྤེན་ཚེ་ཡི་ལན་འདེབས་གསལ་བཤད་ལ་སྒུག་པ་ལས་ཐབས་ཤེས་ཅང་མེད་རུང་། དེའང་བཀའ་ཤག་གི་གསལ་བཤད་ནང་བཞིན་ལྗིད་ཁོག་ཅི་གང་མེད་པའི་ཉོག་གཏམ་ཞིག་ཡིན་ཚེ། མི་འདི་དག་ནི་༧གོང་ས་མཆོག་དང་ང་ཚོའི་མི་རབས་རྒན་པ་དག་གིས་དཀའ་ལས་བརྒྱབས་ནས་གྲུབ་པའི་ཆིག་སྒྲིལ་གྱིས་སྒྲིག་འཛུགས་འདི་ལ་གཏོར་སྐྱོན་གཏོང་མཁན་དང་། རང་གི་མི་མང་ལ་མཐོང་ཆུང་ཁྱད་གསོད་བྱེད་མཁན་གྱི་གཏེ་བོ་སྟེ། བཙལ་བྱོལ་བོད་པའི་ལོ་རྒྱུས་ཁྲོད་དུ་བཀྲུས་ན་མི་དག་པའི་མི་དག་ཁོ་ཚོ་འགྱུར་ངེས་རེད།
ད་ནི་མིག་ཟུང་ཅེར་ཞིང་རྣ་བ་ཀེར་ནས་ཕྱི་ཟླ་བཅུ་གཉིས་པར་བསྒུག་པར་བྱ། དེ་དུས་སུ་ཞིག་གིས་སྒྲིག་ཁྲིམས་ལ་འགལ་འཛོལ་དང་རུལ་བསུངས་ཀྱི་བྱས་པ་གསལ་བར་བྱ་ཐུབ་པའི་རེ་བ་ཡོད། དེ་དུས་ནི་ཉེས་ཅན་ཞེ་གནག་ཚོར་ཞལ་ལྕེ་དང་། ཉེས་མེད་མཛངས་པ་དག་ལ་སྟག་རིས་ཀྱིས་ངོ་སོ་བསྟོད་པར་བྱ། དེ་དུས་ང་ཚོའི་མི་མང་ཚོ་བདེན་པའི་རྒྱབ་ཏུ་ལངས་པར་བྱ། དེའི་བར་ལ་དྲ་འབུ་གླེན་ལྐུགས་ཆུ་སྣ་གར་འཁྲིད་དག་ཁ་ཚུམས་ནས་སྡོད་ཨང་།
ལས་ཚོགས་གྲོལ་མཚམས་སུ། 19-11-2017
ས་ཡ་གཅིག་དང་ཕྱེད་ཀ །
སུས་ཀྱང་ལྐོལ་རུལ་མ་བྱས། །
འོནད་ཀྱང་གཡར་དངུལ་ཞལ་འདེབས། །
བསྒྱུར་རྒྱུར་སྤེན་ཚེས་མ་འཇོན། །
བློ་སེང་བཀའ་ཤག་ཁྲོས་ནས། །
ཉེས་མེད་ཉེས་འཛུགས་གནས་དབྱུང་། །
སྤེན་ཚེ་དྲང་དྲགས་དད་ཆེས། །
དོན་གཅོད་ལས་ཡུན་འཕྲོག་འདུག
ང་ཚོའི་སྲིད་སྐྱོང་ཁྲིམས་ལུགས་འབུམ་རམས་པས་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་ཐེབས་རྩ་ཁང་ནང་མོལ་གྱིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་ཁྲལ་སོགས་ཨ་་རིའི་གཞུང་ལ་གཡོལ་ཐབས་ཀྱི་ལས་ཀ་བྱས་ལུགས་སོགས་ཡོངས་ཁྱབ་རང་བཞིན་དུ་སྤོབས་པ་མཐོན་པོ་ཁྱབ་བསྒྲགས་བྱེད་ཀྱིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་གང་ལ་གནས་ཀྱང་ས་གནས་དེའི་ཁྲིམས་ལ་བརྩི་སྲུང་བྱ་རྒྱུ་ཡིན་ཟེར་བ་དེ་དོན་གྱིས་སྲིད་སྐྱོང་དབུ་ཁྲིད་དེ་བརྩི་སྲུང་བྱེད་ཀྱིན་མེད་པ་འདྲ།
ད་ང་ཚོའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་རྩ་དོན་ཚང་མ་ཉམས་ཚར
འདུག
མང་བོ་ཞིག་ཕྱོགས་ཞེན་གྱིས་ར་བཟི་དྲགས་ཏེ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡེ་ནས་མེད། དེའི་ཕྱིར། ཤོག་ཁག་རྒྱལ་ཕམ་མ་གཏོགས་དྲང་བདེན་ལ་བལྟ་འདོད་མེད། དེས་ན་དོན་ངོ་མ་རྟོགས་དཀའོ།།
བོད་ཀྱི་ཐེབས་རྩ་ཁང་གི་གཞུང་འབྲེལ་དྲྭ་བའི་ནང་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་ཡིན་པར་བྲིས་འདུག་པ་མ་ཟད། ཨ་རིའི་གཞུང་གི་རྩིས་ཁྲའི་ནང་དུའང་བུ་ལོན་ཡོང་བསྡད་ས་ཡ་གཅིག་དང་ཕྱེད་ཀ་ཡོད་པ་བཀོད་འདུག། དོན་ཁང་ལ་སྐྱེད་ཁ་མེད་པའི་ཐོག་ནས་མ་དངུལ་གཡར་བ་བཀོད་ཡོད་པ་རེད།
སྲིད་སྐྱོང་གིས་གནང་བ་རེད་ཟེར།
གནས་དབྱུང་གཏོང་དགོས་པའི་མི་དེ་སུ་ཡིན་མིན་མི་ཤེས་ཀྱང་གང་ལྟར་ཤར་གླིང་ཟླ་སྒྲོན་གྱི་རང་ཉིད་རང་ཚུགས་གཏན་པོ་མེད་པའི་བུ་མོ་མགོ་གཉིས་མ་ཞིག་ཡིན་པ་གསལ་པོ་སྟོན་སོང་།
གནས་དབྱུང་གཏོང་དགོས་པའི་མི་དེ་འཕྲིན་ལས་སྐལ་བཟང་རེད། བདེན་པ་དག་ཐེར་ཆགས་སོང་ན་མི་དེ་རང་བཞིན་གྱིས་གནང་དབྱུང་འགྲོ་གི་རེད་་་་ཧཧཧཧཧ
སྔོན་མ་འ་སྒོར་འབུམ་གསུམ་གྱིས་ཁང་པ་ཉོས་རེད་ཟེར། ད་སྐབས་འ་སྒོར་འབུམ་བཅོ་ལྔའི་ག་རེད་ཉོ་ཡ་ཡིན་ནམ།