ཟླ་བ་གཞོན་ནུ།
Ti-Sarana
Buddham Saranam Gacchâmi.
Dhammam Saranam Gacchâmi.
Sangham Saranam Gacchâmi.
Dutiyampi Buddham Saranam Gacchâmi.
Dutiyampi Dhammam Saranam Gacchâmi.
Dutiyampi Sangham Saranam Gacchâmi.
Tatiyampi Buddham Saranarn Gacchâmi.
Tatiyampi Dhammam Saranam Gacchâmi.
Tatiyampi Sangham Saranam Gacchâmi.
ति-सरण
बुद्धं सरणं गच्छामि.
धम्मं सरणं गच्छामि
संघं सरणं गच्छामि
दुतियं पि बुद्धं सरणं गच्छामि.
दुतियं पि धम्मं सरणं गच्छामि
दुतियं पि संघं सरणं गच्छामि
ततियं पि बुद्धं सरणं गच्छामि.
ततियं पि धम्मं सरणं गच्छामि
ततियं पि संघं सरणं गच्छामि
སྐྱབས་གསུམ།
སངས་རྒྱས་ལ་སྐྱབས་སུ་མཆིའོ།།
ཆོས་ལ་སྐྱབས་སུ་མཆིའོ།།
དགེ་འདུན་ལ་སྐྱབས་སུ་མཆིའོ།།
ལན་གཉིས་པར་ཡང་སངས་རྒྱས་ལ་སྐྱབས་སུ་མཆིའོ།།
ལན་གཉིས་པར་ཡང་ཆོས་ལ་སྐྱབས་སུ་མཆིའོ།།
ལན་གཉིས་པར་ཡང་དགེ་འདུན་ལ་སྐྱབས་སུ་མཆིའོ།།
ལན་གསུམ་པར་ཡང་སངས་རྒྱས་ལ་སྐྱབས་སུ་མཆིའོ།།
ལན་གསུམ་པར་ཡང་ཆོས་ལ་སྐྱབས་སུ་མཆིའོ།།
ལན་གསུམ་པར་ཡང་དགེ་འདུན་ལ་སྐྱབས་སུ་མཆིའོ།།
ཞེས་པ་འདི་ཡང་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ལ་ཉེ་བར་གནས་པ་བོད་ཀྱི་གཙུག་ལག་རིག་པའི་སློབ་གཉེར་ཁང་གི་ཟླ་བ་གཞོན་ནུར་འབོད་པས་རང་ཤག་དགོས་འདོད་ཀུན་འབྱུང་དུ་བོད་སྐད་དུ་༢༠༡༠ལོའི་ཟླ་༩་བའི་ཚེས་༡༥་ཉིན་བསྒྱུར་བ་དགེའོ།།
དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ནས། དྲང་སྲོང་ཆེན་པོའི་སྐྱབས་འོག་ཏུ་ཚུད་པའི།
དྲང་སྲོང་གཞོན་ནུ་ཟླ་བ་ཡི་མིང་གིས། དྲང་སྲོང་མཆོག་ལ་ཕུར་ཚུགས་སུ་བསྟོད་པ།
མིག་གི་ལམ་དུ་འཆར་མ་རུ་ཐག་ཏུ། ཡིད་ཀྱི་གཏིང་ནས་ཡིད་རང་ཞིག་ཤོར་སོང་།
grogs po lags
khyod rang nga yi zla ba don don yin nam?
dus tshod yod na bokarkalsang@yahoo.co.jp
steng la ‘bral ba shig byed rogs
gshon nu don ‘grub yin na?
yin na gong gi mel steng ‘brel ba shig byed rogs
སྐལ་བཟང་རྡོ་རྗེ་ལགས།
ང་རང་གཞོན་ནུ་དོན་འགྲུབ་མིན་ལགས།
འོན་ཀྱང་ངས་ཁོ་ངོ་ཤེས་ཀྱི་ཡོད། ངས་གོང་གི་གློག་འཕྲིན་ཁ་བྱང་འདི་ཁོང་ལ་སྤྲོད་ངེས་ཡིན།
ངེད་གཉིས་རྒྱུན་དུ་ཐུག་གི་ཡོད།
བཙན་བྱོལ་ནང་དུ་༧གོང་ས་མཆོག་བཀའ་དྲིན་ལ་རྟེན་ནས་མི་རེ་ཟུང་སྤྱི་འཐུས་ནང་ལོས་ཤས་རིང་ནང་འཁྲུགས་དང་ཕྱོགས་རིས་མི་སྣ་མཐོ་དམའ་སོགས་ཀྱི་སྐུ་ལྕགས་མནན་ནས་བསྡད་པ་མ་ཚད་ད་ལྟ་ཡང་བཀའ་ཁྲི་ལ་ལངས་ཀྱི་ཡིན་ཟེར། ངོ་མ་སེམས་མྱོ་འཕར་པ་འདྲ། ཚེ་རྟེན་ནོོར་བུ་ཁོ་པ་ངོ་ཚ་ཏོག་ཙམ་ཡོད་ན་དགའ། སྤྱི་ལོ་༢༠༠༨ལོ་ཁྱེད་རང་བལ་ཡུལ་མཆོད་ཇོ་ལས་ཁུངས་ནས་སྐད་ཆ་ག་རེད་བཤད་ཡོད་མེད་འདྲ་གྱི་མི་འདུག ངས་ཁྱེད་ལ་སྐྱར་བཤད་བྱས་དགོས། ཁྱེད་ནས་བལ་ཡུལ་རྒྱལ་སའི་རྒྱ་ནག་གཞུང་ཚབ་སྒོ་འགྲམ་དུ་སྐད་འབོད་བྱེད་མཁན་ཚོའི་ནང་དུ་རྒྱ་ནག་གསང་ཉུལ་ཡོད་ཟེར་ནས་བཤད་སོང་། མི་མང་ཚང་མ་སེམས་ཤུགས་ཐོག་ནས་ངོ་རྒོལ་བྱེད་དུ་འགྲོ་གི་ཡོད་རེད། ཁྱེད་རང་སྐད་ཆ་དེ་ག་འདྲ་བྱས་བཤད་པ་ཡིན། གཉིས་ནས་ཁྱེད་རང་དང་། སྒྲོལ་མ་མཚོ་མོ། གཡུང་དྲུང་རྒྱལ་མཚན་བཅས་བོད་གཞུང་མང་ཛ་དྲག་ཚོགས་ཆུང་ཞིག་གི་མིང་འཁྱེར་ནས། བལ་ཡུལ་ནང་མི་མང་ལས་འགུལ་ལ་གཏོལ་ཤུགས་དང་མི་མང་ལ་མ་བརྗོད་རང་དབང་མེད་པའི་ཐོགས་ནས་ཁྱེད་རང་ཚོས་ང་ཚོའི་དགྲ་བོ་རྒྱ་དམར་ལས་སྡུག་པའི་གཏམ་བྱས་པ་འདྲ་ཅན་གྱི་ཡོད་དམ། ངོ་མ་བཤད་ན་གོང་གི་མིང་འཁོར་ཁྱེད་རང་ཚོར་སྤྱི་འཐུས་དང་བཀའ་བློ་ཡོངས་རྒྱུར་རྒྱལ་སྐྱོར་རྩ་བ་ནས་མེད། དེ་འདྲ་ཡིན་དུས་ང་ཚོ་ཚང་མས་ཁོང་ཚོར་ཏོག་ཟབ་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། མ་འོངས་པར་ཡང་སྐྱར་ང་ཚོར་ཁོང་ཚོ་ལྟ་བའི་བཀའ་སྤྱི་ཡོང་བ་ཡིན་ན་ལོ་ཤས་རིང་ང་ཚོ་ཚང་མ་འགྱོད་པ་སྐྱེལ་ནས་འདུག་དགོས་ཁལ་གྱི་རེད། དེ་བས་རྒྱ་བོད་འབྲེལ་མཐུན་བྱེད་མཁན་ཞིག་མ་བྱུང་བ་ཡིན་ནའང་རྒྱ་བལ་འབྲུག་གསུམ་ནང་ཡོད་བཙན་བྱོལ་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་དང་། བཙན་བྱོལ་ནང་ཉམས་ཐག་རིགས་ལ་ལྟ་རྟོགས། བཙན་བྱོལ་ནང་བོད་རིགས་སྤུན་ཟླ་རྣམ་མཐུན་འབྲེལ་ཡག་པོ་ཡོང་ཐབས་བྱེད་མཁན་ཞིག་བྱུང་ན་ཡག་པོ་འདུག དེ་བས་ལྷག་ཞིག་ཁག་པོ་རེད། གཞན་ཚང་མ་༧སྐྱབས་མགོན་རིན་པོ་ཆེ་གནང་གི་ཡོད་ཙང་དགོས་དོན་ཡོད་མ་རེད།
སངས་རྒྱས་ལ་སྐྱབས་སུ་མཆིའོ།།
ཆོས་ལ་སྐྱབས་སུ་མཆིའོ།།
དགེ་འདུན་ལ་སྐྱབས་སུ་མཆིའོ།།
zla ba gshon nu lags,
thugs rje che