ཁྲོ་གཏུམ།
ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ ཉིན་རྒྱབ། ཨོ་སི་ཁྲོ་ལི་ཡའི་(Australia)སེ་ཊི་ནེའི་(Sydney)གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་ཡོད་པའི་མཱལ་ཁྲི་ལན་ཊི་(Mailtland)ཡུལ་ཚོའི་ཁྲོམ་ཆེན་དཀྱིལ་དུ། ལོ་རེར་ཚོགས་སྲོལ་ཡོད་པའི་རིག་གཞུང་སྣ་ཚོགས་ཀྱི་དུས་སྟོན་ཐེངས་བདུན་པ་སྐོང་ཤིང་། སྐབས་འདིར་རིག་གཞུང་འདྲ་མིན་ ༢༨ ལྷག་ངོ་སྤྲོད་དང་། རྒྱལ་ཁབ་འདྲ་མིན་གྱིས་སོ་སོའི་ཁྱད་ཆོས་ལྡན་པའི་ཟས་མཆོག་ལ་བྲོ་བ་མྱངས་པ། ཁྲབ་གཞས་སྣ་ཚོགས། སྐད་རིགས་སྣ་ཚོགས་སྦྱོང་བརྡར། མི་རིགས་འདྲ་མིན་ལ་ཐུག་ཕྲད་ཀྱིས་ངོ་ཤེས་དང་བསམ་བློ་བརྗེ་རེས་བྱེད་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་དུས་སྟོན་ཞིག་རེད།
ཐེངས་འདིའི་དུས་སྟོན་དུ། གནས་མཁར་གསར་བར་(Newcastle) གནས་སྡོད་བྱེད་པའི་བོད་རིགས་མཐུན་ཚོགས་ཀྱིས་ཀྱང་། བོད་ཀྱི་ཁྱད་ཆོས་ལྡན་པའི་བཅུད་ལྡན་ཤ་ཡོད་ཤ་མེད་ཀྱི་མོག་མོག་ཁ་ལག་གི་རོ་མཆོག་ལ་བྲོ་བ་མྱངས་ས་དང་བོད་ཁུག དར་ལྕོག་སོགས་བོད་ཀྱི་ཁྱད་ཆོས་ལྡན་པའི་དངོས་པོ་འདྲ་མིན་གྱི་འགྲེམས་སྟོན་བྱས་སོང་།
དེ་མིན་བོད་ཀྱི་གཞོན་སྐྱེས་བྱིས་པ་རྣམས་ཀྱིས་བོད་ཀྱི་ཞབས་བྲོ་འཁྲབ་ཤིང་། སྐད་ཡིག་སྦྱོང་བརྡར་བྱེད་སར་བོད་ཀྱི་སྐད་ཡིག་བསླབ་པ་སོགས་ཀྱི་ལས་འགུལ་འདྲ་མིན་དུས་སྟོན་འདིའི་སྡིངས་ཆ་རུ་རྒྱལ་ཁབ་གཞན་དག་དང་མཉམ་དུ་གོམ་པ་མཉམ་སྤོས་ཀྱིས་སྤེལ་སོང་།
དུས་སྟོན་འདིར་རྒྱལ་ཁབ་སོ་སོའི་ཁྱད་ཆོས་ལྡན་པའི་ཅ་དངོས་དང་བཟའ་བཏུང་གི་རྣམ་པ་མངོན་ཞིང་། གཞས་དང་ཞབ་བྲོའི་སྒྱུ་རྩལ་གྱི་ཁྱད་ཆོས་ལས་མིག་གི་མཐོང་རྒྱ་དང་བསམ་བློའི་བློ་སྒོ་དལ་གྱིས་ཕྱེ་ཡོང་ལ། མི་རིགས་འདྲ་མིན་གྱི་འཕྱོར་གོས་གྱོན་ཞོར་འཚང་ཁ་ཆེ་བའི་ཁྲོམ་ཚོགས་སུ་འདུས་ཤིང་། ཁྲོམ་འགྲམ་གྱི་རྒྱུགས་ཆུ་ཆེན་པོ་དེའི་དལ་འགྲོས་ཀྱིས་རྨ་ཀློང་སྒེག་མོར་འགྲན་སློང་བ། རྒྱུགས་ཆུ་དང་མཉམ་དུ་འགྲོགས་པའི་རླུང་བསིལ་མོ་དེའི་རྟ་ཕོ་ཧ་ཅང་གིས་མགྱོགས་ནའང་། མི་ཚང་མས་སོ་སོའི་སྐྲ་ལོ་ཤད་དུ་འཇུག་ཅིང་། བསིལ་རླུང་གདོང་པར་ཕོག་པའི་ཚོར་བ་དེ་དགོད་སྒྲ་དང་ཀུ་རེ་ཡི་ཀློངས་སུ་སིམ་པར་གྱུར།
གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱི་ཁ་འགོ་བ་དག་གིས་རང་རང་གི་ལས་འགན་ཕྲག་ཏུ་ཧུར་བརྩོན་གྱིས་འཁུར་ཞོར། བྲེལ་འཚུབ་ཀྱི་གོམ་ཁས་སྲང་ལམ་འདིའི་མགོ་རྔ་རུ་རྐང་རྗེས་ག་ཚོད་ཅིག་དཔར་ཡོད་པ་སུས་ཀྱང་ཚོད་དཔག་བྱེད་དཀའ་ནའང་། ཁོ་ཚོའི་བྲེལ་འཚུབ་ཀྱི་གོམ་འདྲིས་བར་ན་ང་ཚོའི་མི་རིགས་ཀྱི་ལས་དབང་འཕྱོ་ཞིང་རླབས་རིས་བྲལ་བའི་རྒྱུགས་ཆུ་ཆེན་པོ་དེ་ཡིས་མི་ཚོགས་ཀྱི་རླབས་རྒྱུན་ལ་ལྟད་མོར་ལྟ་བཞིན་མདུན་དུ་བསྐྱོད་པ་དང་། བོད་རིགས་ཧ་ཅང་ཉུང་བའི་ས་མཐའི་གནས་མཁར་གསར་གྱི་མཚོ་མཐའ་འདི་ནས་བོད་མི་རིགས་ཀྱི་ཁྱད་ཆོས་མངའ་བའི་རིག་གཞུང་ཞིག་མི་རིགས་འདྲ་མིན་གྱི་དུས་སྟོན་ཐོག་ཏུ་ངོམས་ཐུབ་པ་ནི་གཟི་བརྗིད་ཅིག་དང་ཧ་ཅང་གིས་དགའ་འོས་པའི་བྱ་འགུལ་རླབས་ཆེན་ཞིག་ཅི་ལ་མིན་ནམ། འདི་ལྟར་ཁ་འགོ་བ་ཚོའི་དཀའ་ཚེག་གི་གོམ་འགྲོས་སུ་ཡིད་སྨོན་འཆོར་ཞིང་། གནས་མཁར་གསར་འདིའི་བོད་མི་ཚོའི་སེམས་ཤུགས་ལ་རྗེས་སུ་ཡི་རངས་ཅིའི་ཕྱིར་མི་བྱེད་དམ།
ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༡ ཉིན།
བོད་ཀྱི་དུས་བབ། > Videos > གསར་འགྱུར། > རྒྱ་གཞུང་གིས་བོད་དང་ནང་སོག་ནང་རྟོག་ཞིབ་བྱ་རྒྱུ་ཡིན་ཟེར།
རྒྱ་གཞུང་གིས་བོད་དང་ནང་སོག་ནང་རྟོག་ཞིབ་བྱ་རྒྱུ་ཡིན་ཟེར།
http://tibettimes.net/2018/10/15/172712/
ད་རིང་ངས་ཞུས་མི་འདོད་བསམ་ནའང་ཞུ་དགོས་བྱུང་། ཝི་ཨོ་གསར་འགྱུར་ལས་ཁང་། ཨེ་ཤ་རང་དབང་རྐུང་ཕྲིན་ངས་གཉིས་ནི་བོད་མི་གཞི་བྱིས་གཉིས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་པ་པོ་ཞིག་ཡིན། འོན་ཀྱང་བློ་ཽམ་པ་ཞིག་ལ་། ་་རང་རེ་བཀའ་ཤག་གམ་སྲིད་སྐྱོང་ལ་རྩ་ནས་མི་དགའ་མཁན་ཡིན་ས་རེད། གལ་སྲིད་བློ་བཟང་སེང་གེ་ལ་མི་དགའ་ནའང་་་སྲིད་སྐྱོང་དང་ཀས་རོག་བཀའ་བློན་ཞབས་བཅག་ལ་གུས་བརྩི་བྱས་ན་སོ་སོ་ལའང་གཟི་བརྗིད་རེད། ཉེ་ཆར་ཧི་མ་ཅལ་མངའ་སྡེ་ལ་ཐུགས་རྗེ་ཆེ་ཞིཞུ་མཛད་སྒོ་ནང་དེ་ངོ་མ་བྱས་ན་སྲིད་སྐྱོང་དང་ཕྱག་གྲོག་བཀའ་བློན་ཚོར་མདུན་ངོས་ཀྱི་གནས་ཚུལ་རྩ་ནས་ཡོད་མ་རེང། འོན་ཏེ་འདུ་ཚོབོད་མི་རིག་གི་མཐུན་ལམ་དོ་ཕོག་འགྲོ་བའི་མཚོན་རྟགས་རེད་བསམ།