གནས་ཚུལ་མཁོ་སྤྲོད་པ་རྟའུ་རྒྱལ་མཚན།
དེ་རིང་སྟེ་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༨ ཚེས་ ༡༥ དང་རྒྱ་གར་གྱི་རང་བཙན་ཉིན་མོར་བོད་ནང་གི་ཆུ་ཚོད་ ༡༢ དང་ཕྱེད་ཀའི་སྟེང་ཁམས་རྟའུ་རྫོང་ལོ་རྦ་གྲོང་དུ་ཕ་ཚོགས་གཉིས་དང་མ་མཆོག་ལེགས་གཉིས་ཀྱི་བུ་གྲྭ་ཚེ་དབང་ནོར་བུའམ། མིང་གཞན་ལ་ནོར་ཀོ་འདོད་པ་ཁོང་གིས་རྫོང་དཀྱིལ་གཞུང་ལམ་ཐོག་བོད་མི་མང་ལ་རང་དབང་དགོས། ༸གོང་ས་མཆོག་བོད་དུ་གནད་འདྲེན་ཞུ་དགོས་སོགས་འབོད་ཚིག་སྣ་ཚོགས་བྲིས་པའི་ཡིག་ཆ་མང་བོ་གཏོར་བར་མ་ཟད། རང་གི་ལུས་མེར་སྤར་བཞིན་ང་ཚོའི་བླ་མ་རང་ཡུལ་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་རྒྱག་བཞིན་སྐུ་གྲོངས་ཡོད་འདུག
ཁོང་གིས་དུས་ཡུན་སྐར་མ་བཅུ་ལྷག་ལ་རང་ལུས་ལ་མེ་འབར་བཞིན་སྐད་འབོད་གནང་ཡོད་འདུག གྲྭ་ཚེ་དབང་ནོར་བུ་ལགས་ནི་ད་ལྟ་རང་ལོ་ ༢༩ ཡིན་འདུག དེའི་རྗེས་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཕུང་པོ་ཁ་བཏགས་སེར་བོས་གཡོགས་ཏེ་དགོན་པར་གདན་དྲངས་ནས་མཆོད་འབུལ་བྱེད་བྱས་འདུག་ཀྱང་། རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་དམག་མིས་དགོན་མཐའ་བསྐོར་ཏེ་ཕུང་པོ་རྒྱ་གཞུང་ལ་སྤྲོད་དགོས་པའི་བཀའ་བརྒྱ་བཏང་འདུག ད་ལྟའི་ཆར་དགོན་པའི་ནང་དུ་ཡོད་པ་རྣམས་ཕྱི་རུ་མི་གཏོང་བ་དང་། ཕྱི་ལོག་གི་མི་རྣམས་ནང་དུ་མི་གཏོང་བར་དམ་དྲག་བྱེད་ཀྱིན་ཡོད་སྟབས། མི་མང་གིས་ངོ་རྒོལ་ཤུགས་ཆེར་བྱེད་བཞིན་འདུག་ཟེར། གཞན་ཡང་། ས་ཁུལ་དེ་ནས་འདི་ལོའི་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་འཁྲུངས་སྐར་གྱི་རྟེན་འབྲེལ་བྱས་པའི་རྐྱེན་གྱིས་ཉིན་མཚོ་དགོན་པ་དང་བཙུན་མའི་དགོན་པ་སོགས་སུ་གློག་དང་ཆུ་བཀག་ནས་ཟླ་གཅིག་ཙམ་ཕྱིན་ཡོད་འདུག
དྲང་དང་བདེན་པའི་ཆེད་དུ་ཚེ་སྲོག་གིས།།
བྱམས་དང་སྙིང་རྗེ་བྲལ་བའི་རྒྱ་གཞུང་དེར།།
འབོད་ཚིག་སྒྲོག་པའི་རྒྱལ་གཅེས་དབའ་བོ་ལགས།།
རིན་ཆེན་མི་ལུས་དམ་ཚིག་རིན་ཆེན་ནོར།།
མེ་སྤུངས་དམར་བོ་ཞིག་གིས་བསྡུས་པ་སྐྱོ།།
མི་རིགས་ཀྱི་མཆོད་མེད་དང་རིགས་གཞུང་གི་འོད་སྣང་མུག་པའི་ཕག་ཏུ་ཡིབ་ལ་ཉེ་བར་བློས་མ་བཟོད་པར་རང་གི་སྐུ་ལུས་ཀྱི་མཆོད་སྡོང་གི་ཚུལ་དུ་ཕུལ་བའི་དཔའ་བོ་མཆོག་ལ་རྗེས་དྲན་དང་གུས་བཏུད་ཚད་མེད་ཡོད།
བོད་རྒྱལ་ལོ།།།
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ན་མོ། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི༎སྐྱེ་མེད་ཆོས་ལ་བཟོད་པ་མ་ཐོབ་བར༎ངན་འགྲོའི་གནས་སུ་ནམ་ཡང་མི་ལྟུང་ཞིང་༎ལྷ་བས་ལྷག་པའི་ལུས་རྟེན་ཐོབ་པར་ཤོག །མཐོ་རིས་ཐོབ་ཀྱང་སྡུག་བསྔལ་རྣམ་གསུམ་གྱིས༎དམ་ལ་མ་བཞག་འཁོར་བ་ཡོད་མིན་ན་༎བདེ་འགྲོའི་རྟེན་ལ་མྱ་ངན་འདའ་བའི་གེགས༎མི་ཁོམ་གནས་དང་མཚུངས་ལྡན་ལུས་སྤོང་ཤོག །སྡོམ་མིན་རྒྱུན་ལྡན་རྒྱལ་བློན་སྡིག་ཏོ་ཅན༎གཡུལ་ལ་དགའ་དང་ཞལ་ལྕེ་འཁྱོག་པོར་སྤྱོད༎རྗེ་བོའི་བྲན་གྱུར་ཉམ་ཆུང་མནར་བ་དང་༎ཚོང་པ་དང་ནི་གཡོན་ཅན་ལུས་སྤོང་ཤོག །དཀོན་མཆོག་དཀོར་འཕྲོག་དགེ་འདུན་ལས་བྱེད་དང་༎ལྡན་གྲོལ་གཉིས་མེད་དཀོར་ལ་གང་དགར་སྤྱོད༎ལེགས་སྨོན་དོན་གཉེར་ཁྱིམ་པ་སུན་འབྱིན་ཅན༎གཞན་རྒྱུད་སྲེག་པའི་དགེ་སྦྱོང་ལུས་སྤོང་ཤོག །རང་བཞིན་ངན་པ་སྦྲུལ་གདུག་ལྟ་བུ་དང་༎གཞན་འབྱོར་ལ་སྡང་ལྷ་མ་ཡིན་གྱི་སེམས༎སྐྱབས་འོས་བསླུ་ཞིང་ཆོས་ལ་སྡང་བ་དང་༎བརྐུ་དང་འཕྲོག་འཇོམས་རྔོན་པའི་ལུས་སྤོངས་ཤོག །མཚམས་མེད་ལྔའམ་དེ་དང་ཉེ་བ་ལྔ༎མི་དགེ་བཅུ་ལ་འགྱོད་སེམས་མེད་པར་སྤྱོད༎ནགས་ལ་མེ་སྦར་སྦྲང་ཚང་གཏིབས་པ་སོགས༎ཁ་ན་མ་ཐོ་ཆེ་ལས་ཐར་བར་ཤོག །དེ་ལྟར་ཐར་ནས་ད་ནི་ལྔ་བརྒྱའི་མཐར༎སྐྱེས་བུའི་ལུས་རྟེན་མི་ལུས་རིན་པོ་ཆེ༎རབ་ཏུ་བྱུང་ངམ་ཅིག་ཤོས་ཡང་ནི་རུང་༎བྱང་ཆུབ་སེམས་དཔའི་རིགས་ཅན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཐེག་པ་ཆེན་པོའི་ལམ༎མ་ནོར་མངོན་སུམ་སྟོན་པའི་བླ་མ་དང་༎མཇལ་ནས་རྣམ་པ་ཀུན་ཏུ་མཉེས་བྱེད་ཅིང་༎ཐོས་བསམ་སྒོམ་པའི་ཤེས་རབ་ལྡན་པར་ཤོག །དེ་ཡང་བསམ་པ་བྱང་ཆུབ་སེམས་དང་ལྡན༎སྦྱོར་བ་ཕ་རོལ་ཕྱིན་དྲུག་ལ་གོམས་པས༎ལམ་ལྔ་ས་བཅུ་སྔགས་ཀྱི་སྡེ་སྣོད་ལ༎ཅིག་ཆར་བགྲོད་པའི་སྐལ་བ་མཆོག་ལྡན་ཤོག །
༼དོན་དམ་ཞི་བའི་དཔའ་རྒོད་དམ་པ་ཚེ་དབང་ནོར་བུ་མཆོག་ནམ་ཡང་མི་ནུབ་པར་གྱུར་གཅིག།༽
༡ཚེ་རབས་ཕྲེང་བར་ལས་སྨོན་སྟོབས་ཀྱིས་ཐུགས་བསྐྱེད་རིན་ཆེན་ནམ་མཁའི་༥ནོར།།
༢དབང་ཕྱོགས་ཤར་རིའི་མདོ་ཁམས་ཡུལ་གྱི་རྟ་འུའི་འབིགས་བྱེད་༼མཆོག་ལེགས༽་༦ཀོའི།།
༣ནོར་གྱི་བློ་གྲོས་༼ཚོགས་གཉིས་༽སྲས་སུ་གཏན་བདེའི་གཟི་བརྗིད་འོད་འབུམ་༧འདོད།།
༤བུ་རྒོད་རྟ་བདུན་དབང་པོ་ཁྱེད་ཀྱི་རླབས་ཆེན་དགོངས་བཞེད་འོད་འཕགས་༨པ།།
ངེས་པ་དོན་གྱི་བོད་ཀྱི་དཔའ་རྒོད་དམ་པ་ཁོང་གིས་མཚོན་དམ་པ་དང་མཚུངས་པའི་མདོ་དབུས་ཁམས་གསུམ་
གྱི་བསྟན་སྲིད་ཀྱི་དཔའ་བོ་དཔའ་མོ་རྣམས་པའི་དགོངས་པ།
ཇི་སྲིད་འཁོར་བ་མ་སྟོངས་བར་དུ་ནམ་ཡང་མི་ནུབ་པར་གྱུར་ཅིག་ཅེས་སོར་བཅུའི་འདབས་མ་སྙིང་གར་སྦྱར་ཏེ་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ།
ཤུགས་དྲག་དང་བཅས་གྲངས་མེད་ལན་བརྒྱར་འདེབས་པ་ལགས་ན་གོང་གསོལ་རེ་འབྲས་རྣམས་དེ་དེ་བཞིན་དུ་
འགྲུབ་པར་གྱུར་ཅིགུ།།
དངོས་གནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གཅེས་པའི་རང་སྲོག་དམར་པོ་བློས་གཏང་བ་ལ་འཇིག་ཞུམ་དང་ཡ་ང་སྤུ་ཙམ་ཡང་མེད་པའི་གཞིས་ལུས་རྒྱལ་གཅེས་པའི་ཕོ་རྒོད་དེ་ཚོ་ལ་ཡི་རངས་ཡོད་པ་མ་ཟད་སྐྱེ་བ་རྗེས་མར་དལ་བརྟེན་རིམ་བརྒྱུད་ཀྱིས་མཐར་ཐུག་བདེ་ཆེན་ཞིང་དུ་སྐྱེ་བའི་སྨོན་ལམ་ཡང་ཡོད།
ཡིན་ནའང་ངོས་ཀྱི་རྟོག་སད་བསམ་ཚུལ་ལ་དེང་སང་བོད་ཁམས་མདོ་སྟོད་སྨད་དགོན་སྡེ་ཁག་མང་པོ་ཞིག་ནས་གཞོན་སྐྱེས་དགེ་འདུན་པ་རྣམས་ཀྱིས་སྐུ་ལུས་མེ་བསྲེག་གཏང་བའི་ལུགས་སྲོལ་ཞིག་སྤང་རི་ལ་མེ་མཆེད་པ་ནང་བཞིན་རྒྱ་ཁྱབ་ཏུ་འགྲོ་བཞིན་པའི་ལུགས་སྲོལ་ཐ་ཆད་འདི་ལ་ངོས་ནས་སྐྱོན་ཆེན་པོ་བཞི་མཐོང་གི་འདུག
༡ སྐྱོན་དང་པོར་མེར་བསྲེག་གཏོང་མཁན་ཚང་མ་གསང་སྔགས་རྡོར་རྗེ་ཐེག་པའི་ཆོས་ཉམས་ལེན་གནང་མཁན་ཤ་སྟག་ཡིན་དུས་ནང་ཆོས་སྐབས་སུ་གདན་གསུམ་ཚང་པའི་ལྷ་ཞེས་ཕུང་ཁམས་གཤེགས་པ་གཤེགས་མ་དང་། དབང་ཡུལ་ཁྲོ་བོ་ཁྲོ་མོ་ཞེས་གསུངས་པའི་ལུས་ལ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་རྣམས་ལ་བརྙད་པ་དང་རྨོད་པ་སོགས་བྱས་ན་གསང་སྔགས་ཀྱི་རྩ་ལྟུང་འབྱུང་ནས་ངན་སོང་དུ་སྐྱེ་ཞེས་གསུང་ན་བརྟེན་དང་རྟེན་པར་བཅས་པའི་ལུས་དང་ལུས་ལྷ་ཡོངས་རྫོགས་མེར་བསྲེག་གཏང་ན་ཕྱི་མ་མི་ཟད་པའི་རྣམ་སྨིན་ཅི་ཙམ་མྱོང་བ་བཤད་མ་དགོས་པ་རེད།
༢ སྐྱོན་གཉིས་པ། ང་ཚོའི་བོད་ཕྱི་ནང་གི་སྤྱི་ཚོགས་ནང་དུ་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏང་མཁན་དང་དཀའ་ལས་རྒྱག་མཁན་མང་ཆེ་ཤོས་དེ་ཆོས་དང་ཆབ་སྲིད་གཉིས་ཀའི་ཐད་ནས་དེང་དུས་ཀྱི་སློབ་སྦྱོང་ཡོད་མཁན་ཤ་སྟག་ཡིན དེང་སང་བཙན་བྱོད་བོད་པའི་སྤྱི་ཚོགས་ནང་དུ་ཆེད་ལས་གསོ་སྐྱོང་ཞེས་པའི་ལས་འགུལ་དང་དེ་མི་འགྲུབ་པའི་སྡུག་སྐད་རྒྱག་ནས་བསྡད་ཡོད། ཆོས་དང་ཆབ་སྲིད་གང་གི་ཐད་ནས་ཡིན་ཀྱང་མཐོ་རིམ་འཛིན་གྲྭ་མཐར་སོན་ཚར་བ་དེ་རྣམས་ང་ཚོའི་མ་འོང་བོད་ཀྱི་སོན་རྩ་ངོ་མ་དེ་རྣམས་ཡིན། ཁོང་རྣམས་ཀྱི་མི་ཚེ་ཕྱེད་ཀར་མ་འོང་བོད་ཀྱི་བསྟན་སྲིད་གཉིས་ཀྱི་དོན་དུ་དཀའ་ལས་རྒྱབ་ནས་བསྐྱེད་བསྲིང་བྱས་པ་དེ། ཉིན་མ་གཅིག་ལ་ཐལ་བ་སྦར་མོ་གང་བྱས་བཞག་ན། ཙནྡན་གསེར་ལས་རིན་ཆེ་བས། བློན་པོས་སོལ་བ་བྱས་ལ་ལྟོས་། ཞེས་པའི་དཔེ་ལྟར་དུ་ཡིན། མེར་བསྲེག་གཏོང་མཁན་དེ་རྣམས་མ་ཡིན་པའི་ཕྱི་ལོགས་ཞིག་ནས་མ་འོང་བོད་བསྟན་པ་ཆབ་སྲིད་འདི་ལ་བདག་པོ་རྒྱག་མཁན་ཞིག་སུ་ཡོང་གི་རེད། རྒྱ་གར་གཞིས་ཆགས་ཁག་ནང་ཡོད་རྒན་གོག་དེ་ཚོའི་བདག་པོ་རྒྱག་གི་རེད་དམ། ཡང་ན་བོད་ནང་ལོགས་སུ་ཡོད་པའི་མགོ་གཉིས་རྒྱལ་འཚོམས་བ་དེ་ཚོའི་བདག་པོ་རེད། སུས་བདག་པོ་རྒྱག་གི་རེད་བསམ་བློ་ཐོངས་དང་། ང་ཚོ་བོད་ཀྱི་རྩ་དོན་བརྩད་གཏངས་ལ་བསམ་བློ་གཏང་ན་རང་བཙན་ཐོབ་པ་ལས་ཀྱང་རང་སླར་གསོ་དེ་གལ་ཆེན་པོ་ལ་བཞག་དགོས་རེད། རང་དབང་སླར་གསོའི་སྐབས་སུ་ང་ཚོ་ཆེད་ལས་པ་མེད་ན་ཐབས་མེད་རེད། དེང་སང་བོད་ནས་རྒྱ་གར་ལ་རང་ལུས་སྲོག་འབེན་དུ་གཙུགས་ནས་གཞོན་སྐྱེས་མང་པོ་ཞིག་ཡོང་གི་ཡོད། བོད་གཞུང་ནས་ཀྱང་དེ་ལ་བདག་པོ་རྒྱབ་ནས་རེ་བ་བྱས་ཤིང་བསྐྱེད་བསྲིང་བྱེད་ཀྱི་ཡོད། སྤུ་གུ་སྣབས་ལུད་ཆུང་ཆུང་ཞིག་ལ་རེ་བ་བཅོལ་ནས་བདག་པོ་རྒྱབ་པ་ལས། ད་ལྟ་ཁ་ཡོད་ལག་ཡོད་ལ་ཡོད་བཞིན་པའི་ཤེས་ལྡན་མི་སྣ་དེ་ཚོ་དོན་མེད་ཕྲོག་རླག་ཏུ་སོང་ན་ང་ཚོའི་གྱོང་རེད་བསམ།
༣ སྐྱོན་གསུམ་པ། ༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོར་བྱས་པའི་བཙན་བྱོལ་བོད་གཞུང་གི་འཐབ་རྩོད་འདི་ནི་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་འཛམ་དུའི་གླིང་ལྡིང་ཆའི་སྒང་ནས་བོད་ལ་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཀྱི་ཡོད། ༼འཚེ་མེད་ཞི་བ༽ཞེས་པའི་ཚིག་དུམ་འདི་ཉིད་ཀྱང་ང་ཚོའི་ནང་ཆོས་ནང་གི་ཉམས་ལེན་སྙིང་པོ་ཡིན།
སངས་རྒྱས་ཀྱིས་ཀྱང་། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། ཞེས་གསུངས་ཡོད། འཚེ་བ་ཞེས་པ་དེ་ཉིད་ཀྱང་གཙོ་བོ་སོ་སོའི་ཀུན་སློང་ལ་རག་ལས་ཡོད། འཚེ་བ་བྱེད་སའི་ཡུལ་རང་གཞན་གཉིས་ལ་ཁྱད་པར་གང་ཡང་མེད། ཀུན་སློང་གཞན་ལ་འཁོན་འཛིན་གྱིས་རང་ལ་འཚེ་བ་བྱས་ན་ཐབས་དེ་ལས་སྡུག་པ་ཞིག་མེད་རང་གཞན་གཉིས་ཕུང་གི་ལས་ངན་བསགས་པ་ཡིན། དེ་བས་བོད་ལ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམ་པ་དང་མ་ཟད་དམར་སེར་ངུར་སྨྲིག་གིས་ཆོས་གོས་མནབས་པའི་དགེ་འདུན་པ་རྣམས་ནས་ངང་ཐུང་མཆོང་རྒྱག་གི་གི་བསམ་བློའི་སྐུ་ལུས་མེར་བསྲེག་གཏོང་བའི་སྤྱོད་ངན་གྱི་ལས་འགུལ་དེ་རིགས་མ་གནང་རོག་ཞེས་ཞུ་བ་ཡིན།
༤ སྐྱོན་བཞི་པ། ང་ཚོའི་བོད་གཞི་བྱེས་གཉིས་སུ་ཡོད་པའི་འཚེ་མེད་ཞི་བའི་ལྟེ་གནས་ཀྱི་ཆོས་གྲྭ་ཆེན་པོ་དེ་རྣམས་མ་འོང་ལོ་ཁ་ཤས་ཀྱི་རྗེས་སུ་རྒྱ་ནག་གཞུང་ནས་ཐབས་ལམ་འདྲ་མིན་བརྒྱུད་འཇབ་རྒོལ་བ་དང་དྲག་སྤྱོད་པའི་ཤོག་ཁག་ཞིག་ཏུ་འཛམ་བུ་གླིང་གི་ལྡིང་ཆའི་སྒང་ལ་མི་སྟོན་པའི་ངེས་པ་མེད་པས་འཕྲལ་ཕུག་རྒྱངས་གསུམ་ཇི་དགེར་སྤྱད་ནས་གཟབ་གཟབ་གནང་དགོས།
དཔང་བོ་ཁྱེད་མགྱོགས་ནས་མྱུར་དུ་རང་ཡུལ་གངས་ཅན་ལྗོངས་དུ་སྐྱེས་བར་སྨོན།
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ་ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ ཨོྃ་མ་ཎི་པདྨེ་ཧྰུྃ་ཧྲྰིཿ
ཀརྨ་ཡེ་ཤེས་ཀྱི་སྐད་ཆར་སྨོན་འཐུན་མེད། བདེན་དོན་གྱི་ཆེད་དུ་ལུས་སྲོག་བཏང་བའི་ལས་དོན་འདི་སྟག་མོ་ལུས་སྤྱིན་གྱི་རྣམ་ཐར་དང་མཚུངས་ཤིང་། དེ་འཚེ་བ་ཡིན་པ་སྨྲས་ཚེ་ཆོས་ཀྱི་ཆེད་དུ་སྲོག་བཏང་ཚུལ་དང་སྟག་མོ་ལུས་སྦྱིན་གྱི་གོ་བ་འགྲེལ་བཤད་དཀའ་བ་སྣང་།
ཆོས་བཤད་ས་ནས་སྲིད་བཤད། སྲིད་བཤད་ས་ནས་ཆོས་བཤད། ཞྭ་དཔེ་ལྷམ་ལ་བཀོད་པ་ནི་ཚེ་འདས་ཁོང་གཙོ་བའི་གྱུར་བའི་གྱོང་གུད་ཕོགས་པའི་ནང་མི་ཉེར་འབྲེལ་ཀུན་གྱི་སྡུག་གི་སྒང་ལ་འཁུར་པ་རེདལ་རྒྱ་ནག་ལ་དེ་ལས་ལྷག་གི་རྒྱབ་སྐྱོར་ཞིག་མེད།
ཉིད་ཀྱི་ཞེན་འདོད་ལྟར་ན་རང་གཞན་གཉིས་ལ་མི་འཚེ་བའི་གྲགས་འགུལ་མེད་པ་སྡད་ཚེ་བོད་འདི་ཤི་རྒྱུ་རེད། ཁྱེད་གྱི་བཤད་ཚུལ་ལྟར་ན་ཆོས་མ་གཏོགས་་སྲིད་ལ་དེ་ཙམ་དོ་བདག་མེད་པ་ལྟ་བ་སྣང་མ་ཟད་འཚེ་མེད་ཞི་བའི་དོ་བདག་ཀྱང་ནང་ཆོས་ཁོ་ན་དང་། ནང་ཆོས་ཀྱི་ནང་ནས་བོད་རྒྱུད་ནང་བསྟན་ཁོ་ན་ཙམ་ལྟ་བུ་འདོད་འདུན་གཙོ་བཟུང་གླེང་ཞིང་འགན་འཁུར་བ་ནི་དོན་མེད་ཀྱི་འཁུར་བོ་ཞིག་རེད། ཕྱོགས་གཞན་ནས་ལྟས་ན་ཉིད་ཀྱི་ལྟ་གྲུབ་ལ་ཕྱོགས་རིས་ཀྱི་ཤན་ཞུགས་ཐེབས་པ་སྙམ། རིག་གཞུང་གཞན་དང་ཆོས་ལུགས་གཞན་ལ་འགྲོག་འདྲིས་ཉུང་ཞིང་དེ་ལ་མཐོང་ཆུང་བྱེད་པ་ལྟ་བུ་མཚོན།
གང་ལྟར་རང་གི་ཚེ་སྲོག་བཏང་མ་ཐུབ་ཀྱང་བཏང་མཁན་གྱི་དཔའ་རྒོད་ཁོང་ལ་གུས་འདུད་ཡོད། སྐྱེས་སྐྱེས་སྟག་ལ་སྐྱེས་ཤིང་ཤི་ཤི་ཉལ་ས་དྲོ་མོ་ལས་མ་གྲོངས་བ་མི་མང་གི་ཆེད་དུ་བཏང་བ་ནི་གཟི་བརྗིད་རེད། མི་ཚོས་ནམ་ཡང་གླེང་ངེས།
ལྷ་གླུ་གཉན་གསུམ་ལ་ཁང་འདི་ལྟར་གྲོངས་བ་བློ་འགྱོད་ཡོད་ན་ཅི་ལྟར་གྲོངས་དགོས་རེད། ཉིད་ཀྱི་ལམ་སྟོན་གནང་བའི་རེ་བ་ཡོད། ངས་ལྟས་ན། བོད་གྱི་གནད་དོན་སེལ་ཆེད་ཕྱུག་པོའི་རྒྱུ་དང་དཔའ་པའི་ལུས། མཁས་བའི་ངག་དང་དཀྱུལ་མས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་ཞུ་རྒྱུ་ལས་དེ་མིན་ལམ་ཁ་གསུམ་པ་སྟེ། ཅི་མང་མི་གྱོང་ཞིང་ཅི་ལ་མི་གནོད་པའི་ཁེ་ཕན་གྱི་ཡོང་ཐབས་དཀའ་བ་སྣང་ལ། དེ་ལྟར་ཡོང་ན་རྒྱུ་འབྲས་གོ་ལྡོག་རེད། མདོར་ན་བོད་ལ་རང་དབང་ཅི་ཙམ་ཐོབ་པ་དེ་ཙམ་གྱི་རྒྱ་ནག་གི་བདག་དབང་ཆུང་དུ་འགྲོ་ཞིང་ཁེ་ཕན་ཡང་དེ་ལྟར་ཡིན་པས། རྒྱ་ནག་གི་མེས་པོ་ཚོས་དཀའ་ལས་གྱིས་སྐྲུན་ཞིང་དངུལ་ཁྲག་གིས་འདུལ་བའི་བོད་ཀྱི་མཐོ་སྒང་འདི་ལས་སླ་བོའི་བོད་ལཕྱི་མི་བདག་པའི་དེ་ཉིད་རྟོགས་པ་གལ་ཆེ་མཐོང་། དེ་བརྟེན། དཔའ་རྒོད་ཁོང་གིས་རང་ལུས་བདེན་པའི་ཆེད་དུ་མར་མེ་སྒྲོན་པ་འདི་ཆེས་གཞལ་ཐབས་བྲལ་པའི་ནོར་བུ་ཕུང་པོ་ཞིག་རེད་ལ། དེས་བོད་མི་རྣམས་དུད་འགྲོ་ལྟར་གླན་པ་མིན་ཞིང་བཟང་ངན་གྱི་འབྱེད་པའི་བློ་གྲོས་ལྡན་པ་སྟོན་པ་མ་ཟད་སྡར་མ་མིན་པའི་བདེན་དཔང་བྱེད་པ་འདོད།
བོད་མི་རིགས་ཀྱི་དཔའ་བོ་ཚེ་དབང་ནོར་བུ་མཆོག་ལ་སྙིང་ནས་གུས་འདུད་ཞུ། ཁ་ཤས་ཀྱིས་འཚེ་མེད་ཞི་བ་དང་མི་མཐུན་ཚུལ་མང་པོ་ཞིག་བཤད་གི་ཡོད་ཚོད་རེད་དེ། གཅེས་པའི་ལུས་སྲོག་འདི་ཉིད་མར་མེའི་སྡོང་བུ་རྐང་གཅིག་གི་ཚུལ་དུ་མེར་བསྲེགས་པ་འདི་རྒྱ་ནག་དམར་པོའི་བཙན་འོག་ན་ཡོད་པའི་གཞིས་ལུས་བོད་མིའི་སྡུག་བསྔལ་འཛམ་གླིང་ལ་བསྒྲག་ཆེད་དང་བོད་མིའི་བདེན་མཐའ་གསལ་ཆེད་རེད་མ་གཏོགས། ཁོ་རང་ཉིད་ཀྱི་ཆེད་དུ་རྒྱ་དམར་ལ་འཁོན་ལན་བཟློགས་ཆེད་ག་ལ་ཡིན། འཚེ་མེད་ཞི་བདེའི་ངོ་བོ་ཙམ་མ་ཤེས་པ་དེ་བས་ཀྱང་ག་ལ་ཡིན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་༧གོང་ས༧་ཡིད་བཞིན་ནོར་བུའི་འཚེ་མེད་ཞི་བདེའི་ལྟ་གྲུབ་དེ། བྱེས་སྡོད་བོད་མི་ཁ་ཤས་ཀྱིས་ཁ་དབྱངས་སྙན་མོ་བསྒྲོགས་བྱེད་ཙམ་མ་གཏོགས་གང་ཡང་མེད་པ་ཤེས་གསལ་རེད། ཕོ་སར་སྟག་འདྲ་གཟིག་འདྲ་གཉིས་ཀྱིས་སློབ་ཕྲུག་གཅིག་རུབ་རྡུང་བྱས་ཏེ་བསད་ན་ད་དུང་རྐྱེན་འདས་སུ་གྱུར་སོང་ཞེས་པའི་མིང་སྙན་མོ་ཅིག་མ་གཏོགས་གང་ཡང་མེད། ད་དུང་བུད་མེད་གཉོམ་ཆུང་ཅིག་ཐོག་ཏུ་མི་སྤྱོད་ལས་འདས་པའི་བྱ་བ་ག་འདྲ་སྤེལ་ཡོད། གཞུང་སྒེར་ཚང་མས་རྒྱ་གཞུང་གི་ཁ་ལ་ཉན་ནས་ལས་འགུལ་སྤེལ་ཐུབ་ཀྱི་མེད་པ་ཤེས་གསལ་རེད། འོན་ཀྱང་རྒྱ་གཞུང་གིས་༧རྒྱལ་བ་ཡིད་བཞིན་ནོར་བུ་ཡང་དྲག་སྤྱོད་པའི་འགོ་གཙོ་རེད་ཅེས་བཤད་ཚར་བ་རེད། དེ་ལས་ལྷག་པའི་སྐྱོན་མེད་སྐྱོན་འཛུགས་ཅིག་བྱེད་ཀྱི་ཡོད་པ་མ་རེད། ང་ཚོ་ཕྱི་སྡོད་བོད་མིའི་སྙིང་སྟོབས་ཀྱིས་མ་འདངས་བ་རེད་མ་གཏོགས་འཚེ་མེད་ཀྱི་ལྟ་གྲུབ་བསམ་པ་གཏན་ནས་མིན།
ཐ་མལ་མེ་ཡིས་སྒྱུ་ལུས་སྡོང་པོ་བསྲེགས། །
“ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་བསྲེགས། །”
གང་ན་ལུས་སེམས་བསྲེགས་པའི་འགྲོ་བ་དག །
བྱང་ཆུབ་སེམས་ཀྱི་འོད་དང་འདྲེས་གྱུར་ཅིག །
རྟགས་ཏུ་ངུ་ཡི་ཆོས་འཕགས་རྟེན་དང་མཚུངས །
གྲྭ ཚེ་དབང་ནོར་བུ་ལགས་ཀྱིས་འདི་ལྟར་བསྟན་སྲིད་ཀྱི་དོན་དུ་ལུས་ཕུང་མེར་བསྲེགས་གནང་བར་སྙིང་ནས་བཀའ་དྲིན་གུས་བརྩི་ཞུ། མགོན་པོ་གང་གིས་རྗེས་སུ་བཟུང་ནས་དལ་འབྱོར་མི་ལུས་ལྡན་ཞིང་། སླད་བོད་ནང་འདི་ལྟར་ཡང་ཡང་མི་འབྱུང་བར་ཤོག
གཅེས་པའི་ལུས་སྲོག་དམར་པོ་མེ་ལ་ཕུལ།།
ཞུམ་མེད་སྤོབས་པ་བདེན་པའི་དོན་ལ་ཕུལ།།
ལྷག་བསམ་དཀར་པོ་གངས་ཀྱི་རི་ལ་ཕུལ།།
མདོར་ན་ཁྱོད་ཀྱི་ཡོད་ཚད་བོད་ལ་ཕུལ།།
དགྱེས་རྡོར་གྱིས་འདི་འདྲ་བཤད་འདུག
http://www.tibetcy.com/showart.asp?art_id=1007
མི་ཡུལ་གྱི་སྲུབས་ཀ་ཞིག་ན། གཉོམ་དུང་དུང་གིས་མི་ཡུལ་གྱི་ཟེའུ་འབྲུ་ལྟ་བུའི་འཚོ་བར་ཡིད་ཚིམ་ནས་དགའ་བདེ་དཔལ་ལ་རོལ་ནས་བསྡད་ཡོད་པ་ནི་སུས་ཀྱང་ཕྱི་ཚུལ་ནས་བལྟས་ན། ངོ་མ་ཡིད་སེམས་སྤྲོ་ཞིང་སེམས་རྩ་དྲོ་བ་ཡིན་མོད། འོན་ཀྱང་མི་མངོན་པའི་དབྱིངས་རིམ་ཞིག་ན། ང་དང་ངའི་ཤ་ཉེ་ཚོས། རང་གི་རྩ་བ་རང་གིས་དོར་ཞིང་། རང་གི་གཉེར་བྱ་གཞན་གྱིས་གཉེར་བ་དང་།རང་གི་རྒྱུ་རྫས་རིན་མེད་གོང་ཆུང་དུ་གཞན་ལ་བཙོངས་བ་དང་། གཞན་གྱི་དངོས་རྫས་རྫུན་མ་རིན་གོང་མཐོ་བའི་སྒོ་ནས་ཉོས་ཏེ་ཁྱིམ་གྱི་ཕུགས་སུ་སྦས་པ། ནམ་ཡང་རང་གི་ཡོད་ཚད་གཞན་ལག་ཏུ་འཆོར་བར་བཅུག་སྟེ། ནམ་རྒྱུན་བསམ་རྒྱུ་དྲན་རྒྱུ་མེད་པར་ཁ་གདངས་ཤིང་མིག་བཅར་ནས། གཞན་བརྟེན་གྱི་སྲིན་འབུའི་རྣམ་ཐར་སྐྱོང་བཞིན་པ་འདི་ནི་ཡིད་སེམས་སྡུག་པའི་ལས་འབའ་ཞིག་མ་ཡིན་ནམ།
ང་དང་ངའི་ཤ་ཉེ་ཚོས། རང་གི་དམངས་སྲོལ་རིག་གནས་རིན་ཐང་མངའ་བ་དག་རྐང་བརྫིས་ལག་བརྫིས་བྱས་ཏེ་མེད་བརླག་ཏུ་གཏོང་ཞོར། གཞན་གྱི་དམངས་སྲོལ་དང་སྲོལ་རྒྱུན་རིག་གནས་ལ་གཉའ་སྒུར་སྒུར་དང་། ལྗིད་པ་གུག་གུག་བྱས་ཏེ་བརྩི་འཇོག་བྱེད་དགོས་པ་ནི་ཅི་ཞིག་གི་ཆེད་དུ་ཡིན་ནམ། ནམ་རྒྱུན་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་དག་རང་གི་སྲོལ་རྒྱུན་ཡིན་པར་འཁྲུལ་ནས་དེ་ལ་དགའ་དུང་དུང་། བརྩི་འཇོག་བཀུར་བསྟི་ཡི་རང་བྱས་ཏེ་འདུག་པ་དང་།ལོ་རེ་ཡི་ཁ་ཆེ་མི་རིགས་ཀྱི་ཟླ་གཅིག་གི་སྨྱུང་གནས་ཀྱི་ནང་དུའང་། ཁ་ཆེ་མི་གཅིག་ཡོད་ནའང་དུ་བ་འཐེན་མི་ཆོག་པ་དང་། ཆང་འཐུང་མི་ཆོག་པར་བྱེད་དགོས་པ་རེད། ཡིན་ཡང་བོད་རང་གི་སྲོལ་རྒྱུན་དུས་ཆེན་གང་རུང་ལ་རྒྱ་མི་དང་ཁ་ཆེ་བ་ཚོས་དེ་ལ་བཀུར་བསྟི་དང་བརྩི་འཇོག་བྱེད་ཀྱི་ཡོད་དམ། བོད་རང་གི་གནམ་གང་ཚེས་བརྒྱད་དུས་ཆེན་གང་རུང་ལ་བོད་པ་ཞིག་ཡིན་ཚེ། དགེ་བའི་ལས་ཁོ་ནར་བསྒྲུབ་དགོས་པ་རེད། ཡིན་ཡང་ཁ་ཆེ་བ་ཚོས་དེ་དག་སྣང་མེད་དུ་བརྩིས་ཏེ། ནོར་དང་ལུག་གྲངས་མེད་ཀྱི་སྐེ་རྩ་འབྲེག་བཞིན་པ་དེ་ནི་ཅི་འདྲའི་འཇིགས་སུ་རུང་བའི་ལས་ཤིག་མ་ཡིན་ནམ། འོ་ན་བོད་ཀྱི་ལྷ་རྟེན་ཆོས་གསུམ་དང་དགོན་པ་དག་ནི་ང་ཚོའི་དད་པའི་རྟེན་དུ་གྱུར་ཡོད་པ་རེད། ཡིན་ཡང་རྒྱ་མི་དག་གིས་མིག་གིས་ལྟད་མོའི་ལོངས་སུ་སྤྱོད་བྱེད་དུ་གྱུར་ཡོད་པ་ལས་དེ་དག་ལ་བརྩི་བཀུར་དང་ཡི་རང་མི་བྱེད་དོན་ཅི་རེད།
དེ་བས། མི་རིགས་ཕན་ཚུན་བར་གྱི་སྲོལ་རྒྱུན་རིག་གནས་ལ་ཁ་ཆེ་བ་དང་རྒྱ་མི་ཚོས་བརྩི་བཀུར་དང་བརྩི་འཇོག་མི་བྱེད་ན་ང་ཚོས་ཀྱང་བྱེད་དོན་ག་ལ་ཡོད། ནམ་ཡང་ཡིད་ཆེས་དང་བདེན་དྲང་གི་ལམ་ལ་ཕྱོགས་པའི་ང་དང་ངའི་ཤ་ཉེ་ཚོའི་ནམ་ཡང་འདི་ལྟར་དྲང་སྙོམས་མིན་པའི་སྒོ་ནས་ད་དུང་མགོ་སྒུར་སྒུར་བྱས་ཏེ་འདུག་དགོས་པ་ནི་གནམ་རྒན་མའི་བཀའ་ཡིན་ནམ་ཡང་ན་སུ་ཞིག་གིས་སྒུལ་མི་ཐུབ་པའི་བཀའ་ལུང་བཙན་པོ་ཡིན་ནམ། རང་གི་མི་རིགས་འདིའི་ནམ་ཡང་འདི་ལྟར་མགོ་སྒུར་སྒུར་བྱས་ཏེ་མི་ལོ་གྲངས་མེད་དུ་སོང་བར་བརྟེན། ནམ་ཡང་རང་གི་མི་རིགས་འདི་ཆེས་ཐ་ཤལ་བ་ཞིག་དང་།ཆེས་གཉོམ་ཆུང་ཞིག་ཏུ་བརྩི་བཞིན་ཡོད་པ་རེད།ང་ཚོས་ནམ་ཡང་ཁ་ནས་བདེན་ལུགས་བརྗོད་ཀྱིན་ཡོད་ཟེར་ནའང་། དོན་ངོ་མའི་བདེན་ལུགས་ཤིག་ང་ཚོའི་མི་རིགས་འདིའི་རྩེད་སྤྱད་ཞིག་ཏུ་ངོས་འཛིན་པ་ལས་དོན་ངོ་མའི་བདེན་ལུགས་ཟེར་བ་དེས་ཅི་ཡང་ནུས་ཀྱི་མི་འདུག ང་ཚོ་ནམ་ཡང་བདེན་ལུགས་ཟེར་བ་རྫུན་མ་ཞིག་གི་གཡོ་འོག་ཏུ་ཚུད་དེ་མི་ལོ་སྟོང་ཕྲག་དུ་མར་འདས་པའི་དབང་གིས། ང་ཚོའི་མི་རིགས་འདི་ནི་ནམ་རྒྱུན་བདེན་ལུགས་ཟེར་བ་དེ་ཁ་ནས་གླེང་རྒྱུ་ལས་ལག་ལེན་དུ་བསྟར་མི་ཤེས་པའི་མི་རིགས་སྙིང་རྗེ་བོ་ཞིག་དང་། མི་རིགས་དབུལ་ཕོངས་ཤིག་དང་ཉམ་ཆུང་སྟོབས་མེད་ཅིག་རེད་དོ།།
སེམས་ཅན་དོན་དུ་བདག་གིས་སྔོན།།
དཀའ་བ་གང་ཞིག་སྤྱད་གྱུར་ཅིང་།།
བདག་གི་བདེ་བ་བཏང་བ་ཡིས།།
བསྟན་པ་ཡུན་རིང་འབར་གྱུར་ཅིག།
འཁྲུངས་པ་རླབས་ཆེ་ཞིང་། གཤེགས་པ་གཟི་བརྗིད་ཆེ།
བོད་ཀྱི་དཔའ་བོ་ཆེན་པོ་རྣམས་རང་ལུས་མེ་ལ་སྲེད་དེ་བོད་བསྟན་སྲིད་ཀྱི་དོན་དུ་ཞིང་དུ་ཕེབས་སོང་ན། ཤུལ་དུ་ལུས་པའི་བོད་མི་རྣམས་ཆོལ་ཁ་དང་ཆོས་ལུགས་ལ་ཆགས་ཞེན་དབང་གིས་་་་་་་་་་་་་་་་་་་་་་ཨོ་ད་མི་ཞུ། ཁ་བདག་པོ་རྒྱབ་ན་དགའ།
བཙན་པོའི་སྙིང་སྟོབས་ཁྱེར་བའི་གངས་རིའི་བུ་རྒོད། །རང་དབང་བདེན་པའི་ཆད་དུ་རང་སྲོག་ཤོར་རུང་། །ཁྱེད་ཀྱི་མཛད་རྗེས་འཆི་མེད་ལྷ་ཡི་བདུད་རྩི། །ཁ་བའི་ལྗོངས་འདིའི་སྲོག་གི་སྲོས་སུ་འགྱུར་ངེས།།
རྒྱལ་བཅེས་དཔའ་བོ་མཆོག་ལ་མིག་ཆུ་དང་ལྷན་དུ་སེམས་གཏིང་ནས་གུས་འདུད་ཞུ།
ཁྱེད་ཀྱི་མཛད་རྗེས་མི་རིགས་འདིའི་ནམ་ཡང་བརྗེད་མི་སྲིད།
འཚེ་མེད་ཞི་བ་ཞེས་པ་དེ་ལ་ཡང་མཚམས་དང་ཚོད་ཅིག་ཡོད་ན་དགའ། དེ་མིན་འཚེ་མེད་ཁ་ལ་ཁྱེར་ནས་དཔའ་བོའི་མཛད་རྗེས་ནག་གསུབ་གཏོང་རྩིས་བྱེད་མཁན་དེ་ཚཽ་ལ་ནམ་ཡང་ངོས་ལེན་མེད།
ད་ནས་ལུས་སྲོག་མེ་བསྲེག་མ་གཏོང་རོགས། ད་ནས་ལུས་སྲོག་མ་གཏོང་རོགས་གནང༌།
བོད་ནང་བཞུགས་མཁན་རྣམས་ལ་རེ་བསྐུལ་བཞུ་རྒྱུ་ལ། ཐུགས་རྗེ་གཟིགས་རང་སྲོག་རྩ་ཆེན་དེ་ཕྲོག་བརླགས་མ་བཏང་རོགས་གནང༌། ང་རང་ཚོའི་བོད་མི་འབོར་ཧ་ཅང་གི་ཉུང་ཉུང་ཡིན། རྒྱ་མི་སྟོང་བསད་པ་དང་བོད་མི་གཅིག་གྲོང་པ་གཉིས་ལ་ཁྱད་པར་གང་ཡང་མེད། གལ་ཏེ་རྒྱ་ནག་གི་ངན་སྤྱོད་ལ་བརྟེན་ནས་བཟོད་མ་ཐུབ་པར་རང་ལུས་གཏོང་དགོས་བྱུང་ན། ད་ནས་ཟུང་ངེས་པར་དུ་བོད་ནང་ཡོད་པའི་རྒྱ་ནག་དཔོན་ཆེན་ཁ་ཤས་མེད་པ་བཟོས་ནས་རང་སྲོག་བཏང་ཀྱང་འགྱོད་དོན་གང་ཡང་མེད། རང་བཙན་གྱི་འཐབ་རྩོད་བྱེད་པ་ལ་རང་གཞན་གཉིས་ཀའི་སྲོག་མེད་པ་མ་བཟོས་པར་འཚེ་མེད་ཞི་བའི་གཅིག་པོའི་ལམ་ནས་རྒྱ་ནག་ནས་རང་བཙན་ཐོབ་རྒྱུ་མེད་པ་ངེས། གལ་ཏེ་གཞན་གྱི་སྲོག་བཅད་པ་དེ་འཚེ་བ་དང་རང་སྲོག་བཅད་པ་འཚེ་བའི་ཆོས་མ་ཡིན་ཞེས་ན། དེ་བདེན་པ་མ་ཡིན། རང་ལུས་དང་གཞན་ལུས་སུ་འདྲ་ཞིག་གི་སྲོག་བཅད་ཀྱང་འཚེ་བ་ཅན་གྱིས་ཆོས་སུ་གྱུར་བ་ཡིན། དེར་བརྟེན་རང་གཞན་གཉིས་ཀའི་སྲོག་བཅད་མ་རུང༌། ཐུགས་རྗེ་གཟིགས།།