༄༅། །ཕྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་གཞུང་ནང་ཆོལ་གསུམ་བོད་རིག་སྤུན་ཟླ་སྟོང་ཚོ་མང་པོས་འ་ཆད་འུ་ཐུག་ངང་བོད་ནང་བཙན་འཛུལ་བ་རྒྱ་དམར་ལ། བོད་རང་བཙན་གཙང་མ་ཡིན། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག ཅེས་སོགས་ཀྱི་ངོ་བརྒོལ་སྐད་འབོད་ཐོག་མ་དེ་རྒྱབ། དེ་ཡང་རྒྱ་དམར་དང་ཐོག་བོད་ནང་འཛུལ་དུས་བོད་མི་རྣམས་ནང་ས་བདག་གྲལ་རིམ་སོགས་ཀྱི་སྡུག་བསྔལ་གྱིས་བཅིངས། ཕྱི་ནས་རྒྱ་སྐྱེད་རིང་ལུགས་པས་བོད་ཡུལ་བཅིངས་པ་སོགས་དཀྲོལ་ནས་བདེ་སྐྱིད་བསྐྲུན་དུ་ཡོང་ཚུལ་གྱི་གཏམ་བཤད་དང་སྤྱོད་ཚུལ་གཉིས་ལས་ཆེར་འདས། མཐར་ལོ་ངོ་བཅུ་ཕྲག་རྗེས་རྒྱ་དམར་པོས་བོད་ས་བཅུད་གཉིས་ཀ་བཅིངས་བར་མི་འདོད་པའི་རྣམ་འགྱུར་དང་བརྡ་དོན་སྤྲད་པར་བསམ་ཤེས་དགོས་པའི་འབོད་སྐད་བརྒྱབ། དུས་དེ་ནས་འཁོར་བ་མ་སྟོང་བར་བོད་མི་ཚོས་གསུམ་བཅུའི་དུས་ཚེས་ཉིན་དུས་དྲན་བསྟུད་མར་ཞུ་རྒྱུ་དང་ཞུ་ངེས་པ་ཞིག་ཡིན།།
གསུམ་དུས་ཐེངས་ ༦༦ དེ་ཕྱི་ལོ་ ༢༠༢༥ ལོར་སྲུང་རྩིས་ཞུས་ཡོད། སྐྱབས་བཅོལ་བོད་གཞུང་གི་བསྟི་གནས་རྒྱ་གར་འཕགས་ཡུལ་གྱི་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་ཁོངས་བཞུགས་སྒར་རྡ་རམ་ས་ལའི་༧རྒྱལ་བའི་ཕོ་བྲང་གཙུག་ལག་ཁང་གི་འཁྱམ་རར་གཞུང་འབྲེལ་དུས་དྲན་མཛད་སྒོ་གནང་། རྒྱ་གར་དབུས་པའི་ཡངས་པའི་རྒྱལ་ཁམས་ནང་སྐྱབས་བཅོལ་བོད་མི་སྒེར་དང་སྤྱི་ཚོགས་གང་གནས་སུ་དུས་དྲན་སྲུང་བརྩི་ཞུས་ཡོད། གནས་ཡུལ་མང་པོ་ཞིག་ནང་མངའ་སྡེ་དང་གྲོང་སྡེ་སོ་སོའི་དེ་ཉིན་བོད་ཀྱི་ཉིན་མོར་ངོ་བཞེས་ཀྱིས་རྒྱལ་ཁབ་དང་མངའ་སྡེ། གྲོང་སྡེ། བོད་རྒྱལ་ཁབ་བཅས་ཀྱི་རྒྱལ་དར་དགུང་ལ་རེག་ནས་གུས་ཞེན་སྤྲོ་གསུམ་ངང་བོད་ཀྱི་ཉི་མོ་བསུ་བའི་མཉམ། ས་གཞུང་དང་དབུས་སའི་གྲོས་འཐུས་སོགས་ནས་བོད་རྒྱལ་ཁབ་དང་མི་མང་ལ་དགའ་ཞེན། འཚེ་བ་མེད་པའི་བདག་ལས་གཞན་གཅེས་ཀྱི་བོད་མིའི་རིག་གཞུང་ལ་ཡིད་སྨོན་གུས་བཀུར། བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས་གནད་སོགས་ཀྱི་རྒྱབ་སྐྱོར། དེ་བཞིན་དུས་རབས་ཉེ་གཅིག་པའི་བཟང་ལམ་ལས་འགལ་བའི་རྒྱ་དམར་བཙན་འཛུལ་གཞུང་ལ་སྨ་སྨྲད་ཀྱིས་བསྒྲགས་གཏམ་སྤེལ་ཡོང་། དེ་ལྟའི་དུས་ཚོད་རག་དཀའི་གནད་དུའང་བོད་མི་མི་ཉུང་ཞིག་ནས་ཡ་མེད་དམ་དགའ་སྒོམ་གྱི་གུས་བསུར་ཕེབས་མཁན་ཉུང་སྐྱོན་དུ་ངོ་ཚ་ཡིད་གདུང་། བོད་རྒྱལ་ཁབ་དང་མི་རིགས་སུ་ལ་རྒྱ་དང་རང་གི་ཕ་མེས་དམར་གསོད་དྲག་བཅོམ་བྱེད་མཁན་རྒྱ་དམར་ལ་ངོ་བརྒོལ་ལོ་གཅིག་ནང་གསུམ་བཅུའི་དུས་དྲན་ཞུ་ལམ་ཡང་དེང་སྐབས་ཕེབས་མི་དཀོན་ནས་དཀོན་དུ་འགྲོ་གདའ། ད་དུས་ཀྱི་གསུམ་དྲན་སྐབས་ང་རང་གནས་སྡོད་བྷོ་སོ་ཊོན་ལ་ཞིབ་ན་ཁྲོམ་སྐོར་ངོ་བརྒོལ་བ་མི་བརྒྱ་ཡང་མི་འདུག བོད་མི་ཆིག་སྟོང་ཙམ་ཡོད། ས་གནས་གཞན་ཁག་ཏུའང་དེ་འདྲའི་ངང་ཚུལ་ལ་བློ་ཕམ་ཡིད་སྐྱོ་གིན་མིན་འདུག་གམ། ཕེབས་མི་མང་བ་ནི་བོད་དོན་སྐད་འབོད་ཕལ་ཆེར་རྒྱུན་གཏན་དུ་བཅར་མཁན་ཤ་ཅིག་ཡིན་འདུག་འདྲ་ན་བློ་མཐུན་རྣམས་སུ་ཡིད་བརྩི་བའི་མིག་ཆུའི་འཁོར་དབར་ནས་ཐུགས་རྗེ་ཡིད་སྨོན་ཞུ་ལགས། མི་མི་ཉུང་བ་ཞིག་ལ་ནི་དེ་འདྲའི་དུ་བཟང་ཐོབ་པའི་ཉི་མོ་གཅིག་རང་ཡིན་ངེས་པའང་ཆད། ༧རྒྱལ་དབང་རིན་ཆེ་མཆོག་ནས་༧ཁོང་བཞུགས་མིན་ལ་མ་བལྟོས་པར་བོད་མིའི་འཐབ་བརྩོད་དེ་མུ་འཐུད་གནས་རྒྱུའི་བོད་མི་ང་ཚོར་ཐུགས་ཡིད་དམ་གཙང་ཡོད་པའི་བཀའ་ཕྱག་དེབ་གསར་པའི་ནང་ཕེབས་འདུག་པ་མཇལ་ཁབ་བྱུང་མེད་ན་དགོངས་མངལ་ཞུ།།
ང་རང་གི་རང་གཤིས་སུ་གང་དུ་གནས་པའི་སྤྱི་ཚོགས་སྐོར་བསམ་ཞིག་ཞུ་མཁན་དང་དུས་ཚོད་ཐོབ་ན་བསམ་འཆར་ཞུ་མཁན་ཞིག་ཀྱང་ཡིན། དེ་ཡང་སྤྱི་གྲོས་ན་སྒེར་མཉམ་གྲོས་ཀྱི་གོང་རིམ་མེ་བོ་རྣམ་པའི་ཕྱག་རིམ་དུ་གཉེར་ཐབས་དང་ཐབས་འབྲས་སུ་ཡིད་ཆེ་ཡོད། གསུམ་དུས་དབུས་པའི་ཁྱད་ཆོས་གསུམ་ལྡན་གྱི་བོད་མིའི་འཐབ་བརྩོད་ཀྱི་མདུན་མ་སྐད་འབོད་དེ་ལམ་ནས་རྒྱ་དམར་གཞུང་གིས་བོད་ཡུལ་བཙན་བཟུང་བྱས། བོད་མིར་དམྱལ་བ་མི་ཡུལ་དུ་མྱོང་དགོས་ལས་སྡུག་པའི་མནར་སྤྱོད་བཏང་བ། ལུས་ལ་གྱོན་པའི་ཆས་དང་རྒྱབ་ཏུ་ཁྱོགས་ཙམ་གྱི་མལ་ཟས་ཙམ་ཤིག་མཉམ་རང་ཡུལ་དང་། རང་གི་ཕ་མ་སྤུན་མཆེད་སོགས་བཞག་ནས་མི་ཡུལ་དུ་བྲོས་དགོས་བྱུང་བ། བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་པ་སོགས་བརྡ་སྤྲོད་མཉམ་མ་བརྗེད་སེམས་ལ་བཞག་ནས་བོད་མིར་འགྲོ་བ་མིའི་ཐོབ་ཐང་མ་རག་བར་ཐབས་བརྩོད་མུ་འཐུད་ཞུ་རྒྱུ་ཡིན་པའི་ངོ་སྤྲོད། གཉིས་སུ་ང་ཚོའི་ཐབས་བརྩོད་དེ་དྲག་ལམ་ལས་ནུས་དང་མ་ནུས། རྒྱལ་ཁ་ཐོབ་དང་མ་ཐོབ་སོགས་བསམ་ཞིབ་ལས་འདས་སྟེ་མི་གསོད་དྲག་སྤྱོད་ལམ་དུ་མ་གཉེར་རྒྱུའི་༧གོང་ས་མཆོག་དང་དེ་མིན་ཞི་བདེའི་ཐབས་བརྩོད་པའི་དགོངས་རྒྱ། ལྷག་ཏུ་ནང་པའི་ལྟ་གྲུབ་འཚེ་མེད་ཞི་བའི་ལམ་དུ་བསྟེན་རྒྱུ། མཐར་བོད་མིའི་བདེན་དོན་མྱུར་དུ་བསལ་དུ་གསུམ་དུས་ལངས་གླུ་ལྟར་འཛམ་གླིང་མི་དམངས་ང་ཚོའི་རྒྱབ་ཏུ་ལངས། བདེན་པ་ཉིད་རྣམ་པར་མ་རྒྱལ་བར་གྲངས་ཀྱི་དཔུང་གཉེན་དང་དཔང་པོ་མཛོད་ཅིག་ཅེས་འབོད་སྐུལ་ནན་བསྐུལ་ཞུ་བཞིན་ཡོད། དེ་འདྲའི་ཁྱད་ཆོས་ཅན་གྱི་ལམ་དུ་འཇུག་མཁན་ཉུང་ནས་ཉུང་དུ་འགྲོ་བའི་རྐྱེན་རྩ་ཇིར་ཐུག་ཞུ་དཀའ་ཡང་ཕྲན་ཙམ་སྤྱི་ཚོགས་འཁོར་རྒྱུགས་སུ་དཔྱད་ན།
འཐབ་བརྩོད་རིང་བའི་མཉམ་འགྲུབ་འབྲས་སུ་དམིགས་པ་ཞན་གནས། བོད་རྒྱལ་ཁབ་ཀྱི་འཐབ་བརྩོད་ནི་མི་ལོ་ ༦༦ ནས་༧༦ ཙམ་འདས་པའི་ལོ་རྒྱུས་ཤིག་ཡིན། རྒྱལ་ཁབ་ཅིག་དང་ལྷག་དོན་ཁ་གཏད་བཙན་གནོན་རྒྱ་དམར་ལྟ་བུ་རྒྱལ་སྤྱིའི་ཁྲིམ་ལ་བརྩི་བཀུར་མེད་མཁན། རང་ཉིད་གཞན་གྱིས་བཙན་དབང་འོག་སྡུག་མྱང། དམའ་ཞུམ་ནས་དགྲ་ཤ་ལེན་འདོད་ཀྱི་ང་རྒྱལ་ཆེ་མཉམ་འགྲོ་བ་གཞན་ལ་བརྩེ་སེམས་བྲལ་བའི་དབང་ཤུགས་འོག་དེ་ཙམ་ལོ་དུས་རིང་པོ་ཨེ་ཡིན། རང་བཙན་ཐབས་བརྩོད་ཀྱི་ལོ་རྒྱུས་ལ་ཞིག་ནའང་ང་ཚོའི་ལོ་རྒྱུས་དེ་ད་ལྟ་ཆེར་རིང་མིན། ཡིན་ཀྱང་བྱུང་ན་གང་མགྱོགས་དགོས་རྒྱུ་དང་དེའི་ཆེད་༧གོང་ན་མཆོག་དབུས་པའི་བོད་གཞུང་དམངས་གཉིས་ནས་གང་གབ་ཞུས་ཡོད་སྙམ། ང་རང་ལ་ཆ་བཞག་ནའང་གསུམ་དུས་གཅིག་པུར་མཚོན་ནའང་༡༩༦༥ ནས་ ༢༠༢༥་བར་ལོ་ ༥༠ ནང་སྐད་འབོད་ཆད་པ་ཉིན་བརྒྱད་ལྷག་ཕལ་ཆེར་བྱུང་མེད། གཞན་སོ་སོའི་གནས་བབ་ཏུ་བསྟུན་ནས་དགོངས་བཅད་གནང་ན་འཐབ་བརྩོད་རིང་མིན་ཤེས་ཐུབ། དེ་མིན་ལྷ་ཆོས་སྐྱོང་སྲུང་མ་རྣམས་ལའང་གནང་ཐབས་ཤིག་ཕལ་ཆེར་ཡོད་མིན་གདའ། ཡོད་ན་༧གོང་ས་མཆོག་ནས་ལོ་མང་རིང་ག་ཚོད་གདུང་བའི་འབོད་བཀུལ་གནང་བར་བ་ལ་དགོངས་བཞེས་ཞིག་གནང་དགོས་མི་བསམ། ཡི་ཤུའི་གསུང་ལ། སངས་རྒྱས་ཀྱི་རོགས་དེ་སོ་སོའི་སོ་སོར་རོགས་བྱེད་མཁན་ལ་གནང་ཅེས་བར་བདེན་གདའ། སྤྱིར་ཤེས་གོམ་དུའང་བྱ་བ་ཆེན་པོ་ཡུན་གྱིས་འགྲུབ་ཅེས་མི་གསུང་ངམ། དེར་སོང་བརྩོན་འགྲུས་འཕར་ཕྱིན་གྱི་ལྷགས་པ་དགོས་གལ་དུ་བརྩོན་འཚལ་ན་རྡོ་ལ་ཨི་ཁུང་ཕུག་ལགས་སོ། ད་བར་ང་ཚོའི་འབད་བརྩོན་ལས་ཕ་ཡུལ་བོད་ནང་རང་མོས་སུ་ལོག་ཐུབ་མེད་ཀྱང་འཛམ་གླིང་ནང་བོད་རང་བཙན་ཡིན་པའི་ངེས་བཞེས་བསྐྲུན་ཐུབ་ཡོད། རྒྱ་དམར་པོ་སའི་གོ་ལ་འདིར་དཔལ་འབྱོར་དང་དྲག་ཤུགས། མི་འབོར་སོགས་རྩེ་ཕུད་དུ་ཡོད་ནའང་གཞིས་བྱེས་བོད་མིའི་དཔའ་བཅོམ་ཐུབ་མེད། བོད་དང་བོད་མི་རྣམས་རྒྱ་མིར་ངོས་འཛིན་ཡོང་ཆེད་འཛམ་གླིང་རྒྱལ་ཁབ་དང་མི་དམངས་ལ་དངུལ་དངོས་ཀྱི་བསླུ་བྲིད་དེ་ཉིན་འཁྱོལ་ནའང་མཚན་མི་འཁྱོལ་བའི་རྫུན་འབག་རྡོལ་ནས་འབ་བསུ་མ་འདུས་པ་གང་ལས་བྱས་སོགས་སུ་བསམ་ཞིབ་ནན་ཙམ་གནང་ན་རྒྱལ་ཁའི་བསླུས་མེད་དོ།།
གཞིས་སུ་གཉེན་ཕྲད་ཀྱི་ཐབས་སུ་འགོག་རྐྱེན། གཅིག་བྱས་ན་ང་རང་ལ་དེ་ཙམ་གཉེན་ཕྲད་ཀྱིས་ཡིད་བརྣག་དང་གདུང་བ་མེད་པའི་ཁ་བདེ་བྱས་བདེའི་ལས་ལས་ཡིན་སྲིད་ཀྱང་། དོན་དངོས་སུ་༡༩༥༩ ལོ་རྗེས་ནས་མཐར་གོར་བོད་ས་མཚམས་སུ་སྐྱབས་བཅོལ་གཞུང་གི་སྣེ་ལེན་ཁང་གི་ཞབས་འདེགས་མ་ཞུས་སྔོན་གྱི་སྐྱབས་བཅོལ་བ་ཚོ་ཕ་མ་བུ་ཕྲུག་སོགས་མི་འདོད་བཞིན་དུ་ཁ་བྲལ་ཏེ་གཞིས་སུ་ལུས་པ་མཇལ་རེའི་བསམ་པ་དོར་ནས་ཡོང་། སྣེ་ལེན་ཁང་བརྒྱུད་སྐྱབས་བཅོལ་དུ་ཕེབས་སྐབས་ཀྱང་ཕ་མ་གཉེན་སྤུན་རྣམས་ཕལ་ཆེར་མཇལ་དཀའ་གནས་བཅད་དེ་ཕེབས་ཡོད། ཡིན་ཀྱང་ད་ཆ་རྒྱའི་བསླུ་བྲིད་དུ་ལྕེབ་ནས་ཕ་མ་གཉེན་སྤུན་བློས་མ་ཐོངས་ལྟ་བུ་ལས་ཐུག་འཕྲད་ཀྱི་གོ་སྐབས་ཐོབ་བྱེད་དུ་བོད་མིའི་བདེན་དོན་ཆེད་འཚེ་མེད་ཞི་བའི་ངོ་བརྒོལ་ལའང་གཡོལ་ཐབས་ཞུ་མཁན་མང་ནས་མང་དུ་འགྲོ་བའི་ཉམས་འཚོར་ཡོང་འདུག གཞིས་གནས་ཕ་མ་སོགས་དང་སྤུན་ཟླ་ཚོས་ངོ་མཇལ་སྐབས་དགའ་པོ་བྱེད་ཀྱང་དེའི་གོ་སྐབས་ཐོབ་རེས་སུ་རང་རེའི་བདེན་དོན་གྱི་ཐབས་བརྩོད་བློས་གཏོང་དགོས་གནད་སོགས་མཁྱེན་ན་ཁོང་རྣམས་ཡིད་རྨུག་པའམ་ཡིད་ཞུམ་པའི་གནས་རེད་བསམས་བཞིན་འདུག བོད་ལ་ཕེབས་ནས་ཁ་གསང་ལྡིང་གསང་གི་བཀའ་མོལ་གནང་མཁན་བྱུང་ཡོད་ན་གཉེན་འཕྲད་སྐོར་ངའི་བསམ་ཚུལ་ལ་བཀའ་ལན་ཞིག་གནང་རོགས། བོད་ཡུལ་ལ་གཏན་གྱི་བདེ་བ་དང་སོ་སོའི་ཕ་མ་སྤུན་དབུས་པའི་གཞིས་བྱེས་བོད་མི་རྣམས་རྟག་ཏུ་བྲལ་མེད་ཀྱི་ངང་གནས་ཐབས་སུ་བརྩོན་ན་ལེགས་པ་ལས་དེ་མིན་རྒྱའི་བསླུ་བྲིད་ལྕིབ་ནས་ལྕིབ་ཏུ་བཏང་ནས་རང་དབང་ལུང་པར་ཡང་ཆོག་དང་མི་ཆོག་གི་གནད་བསྡམ། གཞིས་ཡུལ་དུའང་གནར་གཅོད་དྲག་པོ་གཏོང་ངེས་པའི་དེ་དུས་གཉེན་ཞེན་ལས་རྒྱའི་ཅི་འདོད་ཞུ་མི་འཚལ་པ་མིན་པའི་ཁྱི་དང་ཉེ་ན་རྨ་དང་ཉེ་གནད་དུ་ཞུས་པ་ངའི་བསམ་ཞིབ་རེད། རྒྱ་ལ་བོད་མིན་རྒྱ་མིན་(hera gera) མི་ཞིག་ལ་གལ་གནད་མེད། བོད་ཞན་ཅན་ཞིག་རྒྱ་ཞན་དུ་འགྱུར་ཆེད་ཁོ་ཚོས་ཐབས་བརྒྱ་བྱུས་གཏོང་ཞུ་ངེས་སོ།།
ང་ཞེན་ཉམ་ན་སྤྱི་ཞེན་ཉམ་པའི་གནས་སུའང་གྱར་སྲིད། རྒྱུན་གཏན་དུ་སྤྱི་འཚོ་ན་སྒེར་རང་བཞིན་འཚོ་གནད་ལས་སྤྱི་དོན་དུ་དྭང་བ་དགོས་རྒྱུའི་གནད་བཀྲོལ་ཞུས་ཡོང་ཀྱང་། ད་རེས་སྒེར་སོ་སོ་ལས་སྒེར་ཁྱིམ། སྒེར་གྱི་ཕ་མ་གཉེན་སྤུན་། སྒེར་གྱི་ཕ་ཡུལ། སྒེར་གྱི་རྒྱ་ཁབ་སོགས་སུ་ཕན་པ་གྲོགས་སུ་གྱུར་ངེས་། དེར་སོང་དང་ཐོག་ཏུ་དོ་བདག་རང་གི་སྐབས་སུ་བབ་པའི་བདེ་དོན་བོད་ལ་སྐྱིད་པའི་ཉི་མ་འཆར་རྒྱུ་དང་དེའི་ཆེད་རྒྱ་ལ་ངོ་བརྒོལ་ཞུ་རྒྱུ་ཡིན། ད་རིང་ང་ཆད་ན་ང་ནང་བཞིན་གྱི་གཞན་ཡང་ཆད་སྲིད་པ་ལས་སྐད་འབོད་རྒྱབ་མཁན་རེ་གཉིས་ལས་མེད་ན་རྒྱ་ཡིས་དགའ། རང་དབང་ཡུལ་གྱི་ང་ཚོའི་རྒྱབ་བསྐྱོར་བ་ཚོས་བོད་པར་བོད་གཞན་མིན་འདུག དེ་ན་ང་ཚོ་ལ་གནད་མིན་འདུག་པའི་ཅིའི་ཕྱིར་ང་ཚོས་རང་དོན་བཞག་ནས་བོད་དོན་དུ་གཉེར་དགོས། དེ་འདྲའི་ལམ་ནས་ང་ཚོར་རྒྱབ་བསྐྱོར་ཉུང་ནས་ཉུང་དུ་ཕྱིན། རྒྱ་དམར་པོའི་ད་ཆ་བོད་པ་ཚོར་བོད་རང་བཙན་གྱིས་རེ་བ་བྲལ། བོད་ཞེན་མྱམ། འཛམ་གླིང་གི་རྒྱབ་བསྐྱོར་ཡང་དེ་ཙམ་མིན་འདུག་པའི་ད་ང་ཚོའི་གང་བྱས་ཡིན་འདུག བོད་ནང་བོད་མིར་དྲག་སྣོན་ཆེ་རུ་བཏང་དགོས་འདུག་པ་དང་བྱེས་ཀྱི་བོད་མིར་ཡང་ཡ་མེད་རྡོག་རོལ་བུ་བཏང་རྒྱུའི་སྲིད་བྱུས་ཟིན་ན་བྱ་ཐབས་གང་འདུག་མིན་འདུག་གམ། དེར་སོང་ང་ཞེན་སྤེལ་ནས་སྤྱི་ཞིན་ལ་དཔུང་ཤོག དེ་ཡང་བདག་ཉིད་ང་། ཆོས་དང་རིག་གཞུང་ལ་དམིགས་མཁན་གྲ་བཙུན་དང་དམངས་ཀྱུས་ཁག། བོད་ཀྱི་རིག་གཞུང་ལ་དོ་དབྱིངས་ཅན་གྱི་མཁས་པ་དང་དེ་མིན་དམངས། བོད་གདོང་དམར་པའི་མི་རིགས་སུ་ཞེན་མཁན་ནས་སྒེར་སོ་སོའི་ཕ་མ་སྤུན་གཉེན་ལ་ཞེན་མཁན། བོད་ཆོལ་ཁ་གསུམ་གྱི་ཁོར་ཡུག་དུ་ཞེན་མཁན། རྒྱ་དང་གཞན་གྱིས་བཙན་གནོན་ལ་མི་འདོད་པའི་རང་བཙན་ནམ་རང་ཐག་རང་གཅོད་ལ་ཞེན་པ་སོགས་ཀྱི་ཞེན་མེད་ཀྱི་མིའམ་བོད་མི་ནི་ཆེར་དཀོན་པའི་དེ་ན་བོད་མི་ང་ཚོས་རང་རང་སོ་སོའི་མོས་ཁམས་སུ་བཅད་པའི་དོན་བཅད་ཆེད་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་སམ་མང་པོའི་གྲངས་ཀྱི་དཔུང་གཉེན་གཡང་དུ་མ་སྐུལ་དྭང་བླངས་དགྱེས་རོལ་དུ་བརྩོན་གལ། འཐབ་བརྩོད་ཀྱི་དུས་ཤིག་ཐོབ་དཀའ་གནས་ལས་ཉིན་རེའི་རྫོགས་དུས་མེད་པའི་འཁོར་ལས་བཞག་ནས་གཏན་གྱི་བདེ་དོན་དུ་བརྩོན་བགྱིད་ན་གཟའ་དང་དུས་ཀྱི་མི་བསླུ་མཉམ་བོད་མི་ཡང་དག་ཅིག་གི་འགན་བསྲུངས་པའི་དགའ་ངོམས་དང་འབྲས་བུ་ཞིག་ཀྱང་མཐོང་གསལ་ལོ། དེ་ལྟའི་སྐབས་རང་གི་ཕྲུག་གུ་ཡང་མཉམ་འགྲོགས་ཐུབ་ན་ང་ཚོའི་འཐབ་བརྩོད་དེ་ཡང་མི་རབས་རྒན་གཞོན་དུ་ངལ་མེད་འཇགས་སྤེལ་ཐུབ། ཕྲུག་གུར་ཡང་དུས་ཚོད་ཀྱི་འཕང་སྣང་སྐྲུན་ཆེད་ཀྱི་དགེ་ཚན་ཡང་སྤེལ་ངེས་སྲིད་དོ། མི་རབས་གཞོན་པ་ཚོས་རྒན་གུད་པའི་རང་རང་གི་ཕ་མ་སོགས་སྐྱེལ་ལེན་གྱི་མཐུན་བསྒྱུར་མ་ཞུས་ན་ཁོང་རྣམས་ཐུགས་ཕམ་ཡོང་རྒྱུ་ཡིན་ངེས་སྟབས་ཉིད་ཀྱི་ད་གནས་སུ་ཡིད་སྨོན་དགའ་སྒོམ་ནས་ཕན་ལན་དུ་དམ་དོན་ཞུ། སྐུ་ཚེ་རིང་། གདུང་སེམས་ལས་ཞེན་བསྐུལ་དུ་ཞུས་འཚལ་ལོ།། །།