རྔ་བ་བརྒྱད་གསུམ་གཅིག་དྲུག
བོད་ཀྱི་གྲོས་ཚོགས་ནམ་ཚོགས་ལ་ཡོངས་གླིང་སློབ་གྲྭའི་སྐོར་ཕལ་ཆེར་གླེང་སློང་བྱས་ཡོད་ཅེས་བཤད་ན་མ་འགྲིག་པ་མེད། ཡིན་ན་ཡང་གླེང་སློང་མཁན་དག་གིས་བོད་སྤྱི་བའི་དོན་ཞིག་ཡིན་ཁུལ་བཤད་ཀྱང་། དོན་ངོ་མ་དེ་འདྲ་ཞིག་གཏན་ནས་མིན་པས་ནུས་པའང་ཐོན་ཐུབ་ཀྱི་མེད། དོན་ངོ་མ་བཀའ་ཤག་རིམ་པས་བརྟག་ཞིབ་བྱས་ནས་སྐུ་ངོ་ཟླ་བ་ཚེ་རིང་ལ་རྒྱུ་མཚན་ཡོད་པ་མཐོང་བ་རེད།
གལ་སྲིད་སྐུ་ངོ་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་ཡོད་པ་ཡིན་ན། བཀའ་ཤག་གིས་ཅིའི་ཕྱིར་སྐུ་ངོ་ཟླ་བ་ཚེ་རིང་རྒྱ་ཡན་དུ་བཏང་སོང་བ་རེད། བཀའ་ཤག་གི་ནུས་པས་མ་འདང་པ་རེད་དམ་སྤྱི་རྒྱུ་ལ་འགན་མ་ཁུར་པ་རེད། དེ་ལྟར་བཤད་ན་དེ་ཡང་བཀའ་ཤག་གི་འཐུས་ཤོར་ཞིག་མ་རེད་དམ།
ཡང་གཅིག་བཤད་ན། མཁས་དབང་ཟམ་གདོང་རིན་པོ་ཆེའི་སྐུ་དུས་སུ་རྙོག་གླེང་འདི་བྱུང་བ་རེད་ལ་བརྟག་དཔྱད་ཀྱང་ཞིབ་ཚགས་བྱས་ནས་མཐར་སྐུ་ངོ་ཟླ་བ་ཚེ་རིང་ལ་རྒྱུ་མཚན་ཡོད་པ་མཐོང་ནས་བཞག་པ་རེད། གལ་ཏེ་སྐུ་ངོ་ཟླ་བ་ཚེ་རིང་ལ་རྒྱུ་མཚན་མེད་པ་དང་སྤྱི་རྒྱུ་སྒེར་བདག་བྱས་ཡོད་ན། མཁས་དབང་ཟམ་གདོང་རིན་པོ་ཆེས་ལས་སླ་པོར་གཏན་ནས་འཇོག་ཤེས་ཀྱི་མ་རེད། གང་ཡིན་ཞུས་ན། མཁས་དབང་ཟམ་གདོང་རིན་པོ་ཆེ་སྤྱི་རྒྱུ་ལ་ཤ་ཚ་ཡོད་མཁན་དང་དྲང་པོ་དྲང་བཞག་གིས་གོམ་པ་སྤོ་མཁན་ཞིག་ཡིན་པ་ཡོངས་གྲགས་ཡིན། སྐུ་ངོ་ཟླ་བ་ཚེ་རིང་སྒེར་ལ་ཁོང་སྐྲག་དགོས་དོན་གང་ཡང་ཡོད་པ་མ་རེད་ལ། ནུས་པ་ཡང་སྐུ་ངོ་ཟླ་བ་ཚེ་རིང་ལས་ལྷག་ཁོང་ལ་ཡོད་པ་རེད། དེའི་ཕྱིར། ངས་སྤོབས་སེམས་ཡོད་པས་ཐོག་ནས་ཞུས་པ་ཡིན།
ཡང་ངས་བཤད་འདོད་པ་གཞན་དེ། ངས་བལྟས་ན་ང་ཚོར་ངན་ཕྱོགས་རྐྱང་རྐྱང་མ་གཏོགས་བཟང་ཕྱོགས་ལ་ལྟ་བའི་དཔྱོད་ཤེས་མེད་པ་འདྲ། སྐུ་ངོ་ཟླ་བ་ཚེ་རིང་གིས་ཡོངས་གླིང་བདག་བཟུང་བྱས་ནས་ཁོང་དང་ཁོང་གི་ཁྱིམ་མི་རྣམས་ཀྱིས་སྐྱིད་ཉལ་བྱས་ནས་བསྡད་མེད་པ་ཡང་ང་ཚོས་མཐོང་དགོས། ཟླ་བ་ཚེ་རིང་གིས་ཡོངས་གླིང་སློབ་གྲྭ་ནས་བོད་མི་ག་ཚོད་ཅིག་ལ་ཟླ་ཕོགས་གནང་གིན་འདུག མ་མེད་དྭ་ཕྲུག་ག་ཚོད་ཅིག་ལ་ལྟོ་གོས་གནང་བཞིན་འདུག སློབ་ཕྲུག་ག་ཚོད་ཅིག་ལ་སློབ་སྦྱོང་གི་རོགས་རམ་གནང་གིན་འདུག དེ་རིགས་ལ་ང་ཚོས་བསམ་ཤེས་གནང་ཨེ་མྱོང་། སྤྱི་འཐུས་ལྷན་ཚོགས་ཐོག་གླེང་མཁན་བྱུང་ཡོད་དམ།
ཁོང་གིས་གསོ་སྐྱོང་གནང་བའི་མ་མེད་དྭ་ཕྲུག་ཚོ་དང་། ཁོང་གིས་ཟླ་ཕོགས་གནང་སའི་ལས་མེད་ཕོ་མོ་རྣམས་དང་། དེ་བཞིན་སློབ་ཕྲུག་སོགས་ལ་ང་ཚོས་བརྟག་ཞིབ་བྱས་ཨེ་མྱོང་། ཁོང་གིས་གསོ་སྐྱོང་གནང་བའི་བོད་མི་རྣམས་ཉམ་ཐག་དབུལ་ཕོངས་རྐྱང་རྐྱང་རེད། ད་དུང་དེ་དག་ལ་གླ་ཕོགས་སྤྲད་པ་ཙམ་མ་ཡིན་པར་ཚད་མཐོན་པོ་སྤྲོད་ཀྱིན་ཡོད་པ་རེད། གལ་ཏེ་སྐུ་ངོ་ཟླ་བ་ཚེ་རིང་གིས་བདག་ཉར་མ་བྱས་པ་ཡིན་ན། ང་ཚོས་བོད་མི་ཉམ་ཐག་དེ་འདྲ་ཞིག་ལ་གླ་ཕོགས་ག་ཚོད་ཅིག་སྤྲོད་ཐུབ་བམ། སློབ་ཕྲུག་དེ་ཚོ་གང་དུ་འགྲོ་དགོས་སམ། མ་མེད་དྭ་ཕྲུག་དེ་ཚོར་ལྟོ་གོས་སུ་ཞིག་གིས་སྤྲོད་ཐུབ་བམ། ང་ཚོས་བསམ་བློ་བཏང་ཨེ་མྱོང་།
ངོ་མ་བཤད་ན། གྲྭ་རྒྱག་གི་ཁ་དང་རྟ་རྒྱག་གི་རྐུབ་ཟེར་བ་ལྟར་མི་མང་ལ་འགན་མ་ཁུར་བའི་སྐད་ཆ་རེད། སྤྱི་སེམས་ཅན་འདི་ལྟ་བུ་ཁ་ཡོད་ལག་ཡོད་ཀྱི་མི་མང་ནང་ཕྱག་ལས་གནང་ཐུབ་མཁན་ང་ཚོའི་སྤྱི་ཚོགས་ཐོག་ཅི་ཙམ་ཡོད་སོམས་དང་། མདོར་ན་མི་མང་ལ་ཕན་ཐོག་ཡོད་པའི་མི་རྣམས་མེད་པར་མ་བཟོ་རོགས། རང་ཉིད་ལ་ཟླ་ཕོགས་གང་ཡང་མེད་པའི་ཐོག་ནས་བོད་མི་མང་ལ་ཕྱག་ལས་གནང་མྱོང་ཡོད་དམ།
རྔ་བ་༨ / ༣ / ༡ / ༦ ནས། ༢༠༡༦/༠༤/༡༦ ཉིན།
སྐུ་ངོ་སྤྱི་འཐུས་ཟླ་བ་ཚེ་རིང་། །
འཁྲུངས་ཡུལ་དབུས་གཙང་ཆོལ་ཁའི་ཁོངས་རེད། །
བཀུར་འོས་སྐུ་ངོ་སྤྱི་འཐུས་ཟླ་ཚེས། །
བསྒྲུབ་བྱ་ཆོལ་གསུམ་བོད་མིའི་དོན་རེད། །
བཀུར་འོས་སྐུ་ངོ་ཟླ་བ་ཚེ་རིང་། །
ཆོལ་གསུམ་བོད་ལ་བཀའ་དྲིན་ཆེ་ཡང་། །
བསམ་མེད་མི་ངན་གླེན་པ་འགའ་རེས། །
དྲིན་ལན་ལོག་འཇལ་བྱེད་པ་ཤེས་དགོས། །
དེང་སང་བོད་ཀྱི་སྤྱི་ཚོགས་འདི་ན། །
སྤྱི་དོན་ཁ་ལ་འཁྱེར་མཁན་འགའ་རེས། །
སྤྱི་དོན་ཡིན་ཁུལ་རྣམ་འགྱུར་སྟོན་བཞིན། །
དྲིན་ཆེན་ཕ་མ་འཇོམས་པ་ཤེས་དགོས། །
ཀུན་གྱིས་ལྟོས་དང་ལོ་རེ་བཞིན་དུ། །
སྤྱི་འཐུས་ཚོགས་རར་དབུས་གཙང་སྤྱི་འཐུས། །
ཟླ་བ་ཚེ་རིང་ནག་པོ་བཟོ་ཕྱིར། །
མི་ངན་འགའ་ཞིག་གཏམ་ངན་སྒྲོག་འདུག །
ཨ་རོགས་ཀླད་མེད་གླེན་རྒན་མ་རབས། །
རང་ལ་བྱས་རྗེས་སྣེ་གཅིག་མེད་པར། །
བྱས་རྗེས་ཆེ་བའི་སྐུ་ངོ་ཟླ་ཚེ། །
ཁྱོད་འདྲས་ནག་པོ་བཟོས་ན་ཨེ་འགྲིག །
ཧ་ཧ་ཕྱོགས་ཞེན་ཁོ་ན་བྱེད་པོ། །
ཁྱོད་ལ་ངོ་ཚ་མེད་པ་ཅི་ཡིན། །
རང་སྐྱོན་རི་འདྲ་རང་ངོར་ཡོད་བཞིན། །
གཞན་སྐྱོན་སྤུ་འདྲ་བཙལ་དོན་ཨེ་ཡོད། །
ཧཧཧཧཧཧཧཧཧ། ད་བླ་མ་མཁྱེན།
ཆེ་མཐོའི་ཁྲིམས་ཞིབ་ཁང་གི་ཐག་བཅད་ཡི་གེ་དེ་ག་རེ་ཡིན་ནམ། ཁྲི་དཔོན་དེ་ཚོས་ཡི་གེ་དེ་ཡང་དྲང་བདེན་མ་རེད་དམ། རྔ་བ་ལགས།
ཕྱོགས་ཞེན་ཅན་ལ་བདེན་གཏམ་ཉན་པའི་རྣ་བ་མེད།།
ཕྲག་དོག་ཅན་ལ་བྱས་རྗེས་མཐོང་བའི་མིག་ཀྱང་མེད།།
སྤྱི་འཐུས་ཟླ་བ་ཚེ་རིང་ལ་རྒྱབ་བསྐྱོར་ཡོད། འཇུ་ཆེན་གྱི་ངན་གཡོ་བྱས་ནས་སྤྱི་འཐུས་ཟླ་བ་ཚེ་རིང་ལ་མར་འཐེན་ཐབས་བྱས་ཀྱང་གླགས་འཁེལ་ཡོད་མ་རེད། ལྷག་པར་དུ་གསར་འབྱོར་བ་ཁམས་པ་དང་ཨ་མདོ་བ་འགའ་ཤས་ལ་ཁོང་བཀའ་དྲིན་ཆེན་པོ་རེད།
དང་པོ་ཤེས་དགོས་པ་དེ་ཁྲིམས་དཔོན་དང་ཁ་མཆུ་ཞུ་སྦྱོར་དང་རྩོད་ལན་པ་གསུམ་གྱི་ནོར་འདུག་ལ་ གཉིས་པ་ཤེས་རིག་གི་ལས་བྱེད་ནས་ནོར་འདུག་ལ་ གསུམ་པ་བཀའ་ཤག་ནས་ནོར་འདུག་ལ་ བཞི་པ་ཟླ་བ་ཚེ་རིང་ནས་ནོར་འདུག་ལ་ ལྔ་པ་སྤྱི་འཐུས་ནས་ནོར་འདུག་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ས་ཁང་དང་འབྲེལ་བའི་སྐོར་དེ་ང་ཚོའི་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་སུ་མེད་གསལ་ཡོད་ཁ་མཆུ་ལེན་མཁན་དང་ཞུ་གཏུག་བྱེད་མཁན་རྩོད་ལེན་པ་གསུམ་ཀས་བཅའ་ཁྲིམས་ཀྱི་འབྲུ་དོན་རྟོགས་མི་འདུག་དེ་ནོར་བ་རེད་།
གཉིས་པ་ཤེས་རིག་ལས་བྱེད་སློབ་གྲ་རྩིས་ལེན་དུ་ཕྱིན་རྡ་སའི་མི་མང་ཟླ་བ་ཚེ་རིང་གི་ལུང་པ་གཅིག་པ་དང་ཕྲུ་གུའི་ཕ་མ་ཚོས་ཤེས་རིག་གི་ལས་བྱེད་གཉིས་ལ་སློབ་རྩིས་ཞུ་རྒྱུའི་ཚབ་ཏུ་ལས་བྱེད་གཉིས་ལ་ཉེས་སྡུང་གཏོང་རྩིས་བྱས་ནས་སློབ་གྲ་རྩིས་ལེན་མ་ཐུབ་པ་དེ་ནོར་བ་རེད་།
གསུམ་པ་ཤེས་རིག་ལས་བྱེད་ལ་མི་མང་ངོ་ལོག་བྱས་པར་བཀའ་ཤག་འགན་གང་ཡང་བླང་མེན་པ་དེ་ནོར་པ་རེད་།
བཞི་པ་ཟླ་བ་ཚེ་རིང་ནས་ཐོག་མ་ཁ་མཆུ་་ལ་གཉིས་མོས་ས་ཡིག་རྒྱབ་ནས་མཐའ་མ་བཅད་ཁྲ་ལ་ངོཧ་ལེཔ་མ་ངོས་ལེན་མ་གནང་དེ་ནོར་བ་རེད་།
ལྔ་པ་སྤྱི་འཐུས་ནས་ཁ་མཆུ་ཐག་མ་ཆོད་པ་ཁྲིམས་སར་འགྲོ་བཞིན་པ་ཞིག་གྲོས་ཚོགས་ནང་གཞཨགཞཨླེང་པ་དེ་བཅའ་ཁྲིམས་དང་མ་མཐུན་ནས་གྲོས་ཚོགས་ནོར་བ་རེད་། ད་མང་བཤད་མ་བཤད་ཡོད་པ་མ་རེད་བཙན་བྱོལ་སྤྱི་ཚོགས་འདི་ཁྲིམས་དང་སྒྲིག་ཐོག་འགྲོ་མཁན་གཅིག་ཀྱང་ཡོད་མ་རེད་ལྟོས་དང་སྨན་རྩིས་ཁང་དང་ལས་བྱེད་གསར་སྐབས་ཚང་མ་མགོ་འདྲེན་བྱས་ནས་གཞིས་ཆགས་མི་མང་ཉམས་ཆུང་གི་ཕྲུ་གུ་ལས་བྱེད་ཚུད་ངི་མི་འདུག་ལ་གཞིས་ཁག་ནང་འཕྲོད་སྟེན་གྱི་ལས་བྱེད་ཚོའི་ཉེ་འབྲེལ་ལ་སྨན་བཅོས་ལྟ་སྐྱོང་ཐོབ་པ་ལས་དེ་མིན་རག་པ་ཉུང་ཉུང་རེད་ལ་རྡ་སའི་ལས་བྱེད་ལ་གསར་ཞུགས་ཚང་མ་ལས་བྱེད་པའི་ཉེ་འབྲེལ་ཤ་སྟག་རེད་ཡོད་ན་དེ་ཚོའི་སྐོར་མི་མང་གི་འཐུས་མི་སྤྱི་འཐུས་ཚོའི་གང་རང་གླེང་མཁན་མི་འདུག་ལ་ཉེ་སྔོན་གོང་ས་མཆོག་ནས་སྨན་རྩིས་ཁང་ངི་མཛད་སྒོའི་ཐོག་བཀའ་སློབ་ཕེབས་པར་སྤྱི་འཐུས་གྲོས་ཚོགས་བགྲོ་གླེང་ཕར་བཞག་གོྲོས་ཆོད་མ་བཞག་པ་རེད་དེ་ལ་གཅིག་གཟིགས་དང་ད་ཡོང་སྈརེད་པས་།
འཇུ་ཆེན་སྐུ་ངོས་གསང་ཇུས་ལྐོག་ནས་འཐེན། །
ཡབ་ཆེན་པ་སངས་ལྐོག་དངུལ་བསླུ་འབྲིད་བྱས། །
པ་སངས་འབྱུང་པོས་ཟླ་ཚེ་ཁྲིམས་ལ་སྦྱར། །
ཁྲིམས་དཔོན་བྱ་དུར་འཇུ་ཆེན་གང་འདོད་བསྒྲུབས། །
ཁྲིམས་ལུགས་དྲང་བདེན་ལས་འབྲས་ཁྱད་གསོད་ཀྱིས། །
བྱ་དུར་བཟང་པོས་སྡིག་པ་མིག་བཙུམས་ཀྱིས། །
ཡོངས་གླིང་སྤྱི་རྒྱུ་སྒེར་བདག་ཡིན་འདུག་ཅེས། །
དྲིན་ཆེན་ཟླ་ཚེར་དྲིན་ལན་ལོག་འཇལ་བྱས། །
རྡ་སར་གནས་པའི་ཆོལ་གསུམ་གསར་འབྱོར་ཚོའི། །
ལྟོགས་སྐོམ་སྡུག་བསྔལ་སེལ་མཁན་ཟླ་ཚེ་ཡིན། །
གཞུང་མང་སྤྱི་དོན་སྒྲུབ་མཁན་ཟླ་ཚེ་ཡིན། །
༸རྒྱལ་བའི་བཀའ་དགོངས་སྒྲུབ་མཁན་ཟླ་ཚེ་ཡིན། །
ཟླ་ཚེས་སྤྱི་རྒྱུ་སྒེར་བདག་བྱས་རབས་དེ། །
འགའ་རེས་སྒེར་དོན་ཡིན་གྱི་སྤྱི་དོན་མིན། །
གང་ཟག་སྒེར་གྱི་ན་ཚ་རྙིང་པ་རྣམས། །
སྤྱི་འཐུས་འགའ་རེས་སྤྱི་དོན་ཡིན་ནོ་ཟེར། །
སྤྱིར་ན་དེང་སང་སྤྱི་འཐུས་གྲོས་ཚོགས་དེ། །
མི་དཀར་ནག་པོ་བཟོ་སའི་ཚོགས་ར་ཡིན། །
གྲྭ་རྒན་སྨྱོ་རྟགས་སྟོན་སའི་སྡིངས་ཆ་ཡིན། །
སྒེར་ནད་སྤྱི་ཐོག་སྤུངས་སའི་དཀྱིལ་འཁོར་ཡིན། །
རྣམ་དཔྱོད་ཅན་ཚོས་ཐམས་ཅད་ཤེས་ནས་ཡོད། །
ཆོས་ར་བཞག་ནས་སྲིད་རར་འཛུལ་།
ཆོས་ཁྲིམས་སྲིད་ཁྲིམས་ངོ་མ་ཤེས་།
ཆོས་མེད་སྲིད་མེད་གྲོས་ཚོགས་ནང་།
ཆོས་སྨྲ་མེད་ནས་སྲིད་སྨྲ་མཁན་།
ཆོས་ར་བཞག་ནས་སྲིད་རར་འཛུལ་ན་ཡང་། །
ཆོས་དང་འགལ་བའི་ལས་ཀ་མ་བྱེད་རོགས། །
ཆོས་ལ་རྒྱབ་འགལ་ལས་ངན་གསོགས་འདོད་ན།
ཆོས་པའི་གྱོན་གོས་སྔོན་ལ་ཕུད་རོགས་ཞུ། །
ཟླ་བ་ཚེ་རིང་ལ་་་སྐྱོན་ཡོན་གཉིས་ཀ་ཡོད།
མདོ་སྟོད་སྤྱི་འཐུས་དང་གང་ཟག་མང་པོས་ཟླ་བ་ཚེ་རིང་ལ་བསུན་འཚེར་བྱེད་དོན་ནི་གཞུང་དོན་ལ་དོ་ཁུར་ཆེན་པོའི་ལྷག་བསམ་ཡོད་པས་མ་ཡིན་ལ།
མི་གང་གང་ཞིག་མདོ་སྟོད་ལ་རྒྱབ་སྐྱོར་དང་དགའ་མོས་་་་སྐྱོན་མ་བརྗོད་མཁན་ཡིན་ན་་་་་་་དེ་རིགས་དྲང་པོ་ཟུར་གནས་སུ་ལྟ་བ་དང་་ཁམས་རིགས་ཁ་ཤས་ལ་སྐྱོན་འདོན་གྱི་སྨྲ་བ་འཐོར་མཁན་རིགས་ནམ་ཡང་ཁོང་ཅག་མང་པོས་དགྲ་བོར་ངོས་འཛིན་གྱིས་སྐྱོན་ཆ་འཚལ་གང་ཐུབ་བྱ་རྒྱུ་རྒྱུན་གཏན་ཡིན་པས་དམིགས་བསལ་གནས་ཚུལ་གསར་པ་གང་ཡང་མིན།
ཡང་ད་ལེན་ཟླ་བ་ཚེ་རིང་ནས་དབུས་གཙང་ཆོལ་ཁའི་མིང་ཐོག་ནས་སྲིད་སྐྱོང་འོས་བསླང་གིས་ཟིང་ཆ་ནི་ཟླ་བ་ཚེ་རིང་གི་ནོར་བ་ཡིན་ལབ་ན་འགྲིགས།
ད་གང་ལྟར་རྩོད་པ་འདི་དག་ཐམས་ཅད་བློ་སེང་དང་སྤེན་ཚེའི་དབར་གྱི་སྐད་ཆ་རྐྱང་རེད་འདུག དེའི་་སའཀོར་ལ་མང་པོ་མ་བཤད་མ་གཏོགས་ཁོང་གཉིས་ཀས་དེ་དག་ནི་རྒྱ་མིའི་རྒྱུགས་ཁྱི་དང་དོལ་རྒྱལ་བའི་ཕྱོགས་གཏོགས་རེད་ཅེས་བཤད་སོང་ང།
སྤྱི་འཐུས་ཟླ་ཚེ་ལགས་རྣམ་ཀུན་ཡག་ཉེས་སྐོར་གང་ཡང་ཤེས་ཀྱི་མེད། ད་རེས་སྲིད་སྐྱོང་འོས་བསྡུའི་སྐབས་མདའ་དཀྲུགས་ཕུ་དཀྲུགས་བཟོ་མཁན་གཙོ་བོ་ཞིག་ཡིན་པ་ནི་དོ་སྣང་ཅན་ཚོས་མཁྱེན་གསལ་ཡིན་ཙང་གསལ་བཤད་དགོས་གལ་མ་མཆིས། བློ་ཕམ་པོ་ཞེམདྲགས་བྱུང། གཟབ་གཟབ་གནང་རོགས་གནང་།།
ཟླ་བ་ཚེ་རིང་དང་་དབུས་གཙང་ཆོལ་ཁའི་ཁོངས་ནས། སྤེན་པ་ཚེ་རིང་སྲིད་སྐྱོང་འོས་མིར་་བཏོན་པ་དེ་སྐྱོན་མེད། རྒྱུ་མཚན་གང་ཡིན་ཟེར་ན། དེ་སྔ་ནས་ཆོལ་ཁ་སོ་སོའི་བཀའ་ཁྲི་དང་སྤྱི་འཐུས་འོས་མི་མིང་འདོན་བྱས་ཡོད། ཡིན་ནའང་ད་རེས་ཆུ་སྒང་གི་སྲིད་སྐྱོང་གི་འོས་མི་བཏོན་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་སོང་། བློ་སེང་འོས་མི་མ་བཏོན་པ་དེ་བློ་སེང་ལ་ཡིད་ཆེས་མེད་པ་ཡིན་གྱི་རེད། ཧ་ཧ་ཧ་ཧ
ང་ཚོའི་ལས་འདི་་་་་་་་་་་ཕྱིའི་རྙོག་ཁྲ་སེལ་དགོས་ན་དང་པོ་ནང་གི་རྙོག་ཁྲ་ངེས་པར་དུ་སེལ་དགོས།