—-རྐ་འབྲོང་ཕྲུག་གིས།
གནས་ལུཊ་ལ་ཅི་ཙམ་ཉེ་ན་དུང་ཞེན་ལ་དེ་ཙམ་གནོད། ཡང་ན། དུང་ཞེན་ཅི་ཙམ་ཆེ་ན་གནས་ལུཊ་དེ་ཙམ་མི་མཐོང་ཞེས་པའི་སྡོམ་ཚིག་འདི་ཏན་ཏན་དེང་གི་ང་ཚོའི་སྤྱི་ཚོཊ་ལ་འཚམས་པའི་ལེཊ་བཤད་ཅིག་ཏུ་མཐོང་། གང་ལྟར་ང་ཚོའི་སྤྱི་ཚོཊ་འདིས་ཀྱང་ཡར་ཐོན་ཅན་གྱི་རྒྱལ་ཁབ་དག་གིས་བྱེད་པ་ལྟར་མང་གཙོ་ཕྱོགས་འགལ་གྱི་བྱེད་ཐབས་འདི་བཀོལ་གྱི་ཡིན་པའི་བཟོ་སྟོན་གྱིན་ཡོད་ན་ཡང་འབབ་ས་ནི་ངས་གོང་དུ་བཀོད་པའི་སྡོམ་ཚིག་དེས་གནོད་ས་ཁོ་ནར་གྱུར་ནས་ཡོད།
ཞིབ་འདང་ཞིག་བརྒྱབ་ན་དེ་ནི་ལོས་ཀྱང་ཡིན་དེ། གཞན་གྱིས་མང་གཙོ་འདི་རྒྱལ་དོན་དུ་བཀོལ་བ་ལས་རང་དོན་དུ་མི་བཀོལ་བས་སོ། ང་ཚོས་སྲིད་སྐྱོང་གི་སྐྱོན་བཤད་ནས་མི་མིན་པར་གཏོང་ལ། ཀླུ་མཁར་གྱི་ངན་བགྲང་ནས་ཁྱི་དངོས་སུ་བསྒྲུབས། སྤེན་ཚེ་ཡི་ནག་གླེང་ནས་ལག་དམར་རང་དུ་གཏོང་བར་བྱེད། འདི་ལྟར་ང་ཚོར་གཅིག་བལྟས་ཚེ་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་དགོས་ཐུག་པའི་མི་ཚོགས་འདི་ལ་དོན་དངོས་སུ་དབུ་ཁྲིད་དུ་འོས་པའི་མི་བུ་ནི་གཅིག་ཀྱང་མེད་པ་འདྲ་སྙམ་དུ་བྱེད་ལ། གལ་ཏེ་གང་ཟག་ཅིག་ཡོད་པའི་དབང་དུ་བཏང་ན་ཡང་དེས་ཕན་ནུས་ཡོད་མེད་དོགས་པ་བྱེད་དགོས་པར་འགྱུར། རྒྱུ་མཚན་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཀླད་པ་དེ་དག་ཏུ་མི་སྡེའི་སྤྱི་ཚོགས་ནི་ནུས་ཤུཊ་མཉམ་སྤུངས་བྱེད་དགོས་པའི་འདོད་ཚུལ་གྱི་མཉེན་ཆས་མེད་པའི་ཀླད་པ་ཞེ་གཅིག་ཡིན་པས་སོ།
ཡང་གཅིག་བཤད་ན། མང་གཙོ་ལ་ཕྱོགས་འགལ་གྱི་བྱེད་ཐབས་ལོས་ཀྱང་དགོས་ཏེ། དགག་སྒྲུབ་གང་བྱས་ལ་འགན་འཁུར་བའི་འདུ་ཤེས་དང་འགན་ཁུར་དུ་བཅུག་པའི་ལམ་སྲོལ་ཞིག་ཀྱང་མེད་ཐབས་མི་འདུག མདོར་ན་དེ་ནི་སྔོན་མ་ནས་ཟེར་བསྡད་པ་ཞིག་རེད་ཟེར་བ་དང་། དེ་ལས་གསར་པ་བཟོ་སྟངས་མེད་ཟེར་ནས་འཇོག་པ་ལྟ་བུས་ག་ལ་འཐུས། དེ་ནི་ཉོག་གཏམ་ཁ་དར་དུ་འཇུག་པའི་ནད་འབུ་ཞིག་གམ་ཉེས་སྐྱོན་མུན་དོང་དུ་སྐུང་པར་བྱེད་པའི་གཡོ་ཐབས་ཤིག་ལས་ཅི་ཡང་མི་ཡོང་། ད་དུང་དགག་གཞག་སྤྲོ་བ་པོས་ཀྱང་ཡི་གེ་དང་དཔང་རྟགས་ཡོད་པའི་ཐོག་སྤྱི་དོན་གཞིར་བྱས་ནས་གླེང་དགོས་པ་གཙོ་གནད་རེད་སྙམ། ཚིག་ཚོཊ་སྐྱུང་ནས་བཤད་ན་གནས་ལུཊ་ལ་གཞོལ་ཞིང་དུང་ཞེན་ལ་བྱོལ་པར་བྱའོ། སྤྱི་ལ་གཙོ་བོར་བསམ་ཞིང་སྒེར་ལ་ཕལ་བར་བསམ་པར་བྱའོ།
ཉོག་གཏམ་རང་རེད། གཞི་འཛིན་ས་གཅིག་ཀྱང་མི་འདུག