བསྟན་འཛིན་དགེ་ལེགས།
༡༽བྱུ་རུ་དམར་པོའི་སྒམ་གྱི་ནང་།
གསེར་ཊམ་གྲངས་མེད་ཡོད་པ་ཡི།
དངོས་པོ་དེ་ནི་ཅི་ཞིག་ཡིན།
༢༽ཙནྡ་སྡོང་པོའི་ཀ་བ་ལ།
མེ་ཏོག་དམར་པོའི་ཏོག་མཛེས་པར།
གཡུ་འབྲུག་སྔོན་པོས་ལྡིང་འཁོར་བྱེད།
དངོས་པོ་དེ་ནི་ཅི་ཞིག་ཡིན།
༣༽མི་རྣམས་ཐམས་ཅད་ཀུན་ལ་ཡོད།
གཞན་ལ་བཤད་ན་མེད་པར་འགྱུར།
དངོས་པོ་དེ་ལ་ཅི་ཞིག་ཟེར།
༤༽རྟག་ཏུ་མི་སྡོད་འགྲོ་རྒྱུར་དགའ།
ཡར་འགྲོ་མ་གཏོགས་མར་འགྲོ་ཙམ།
ནམ་ཡང་མི་བྱེད་དངོས་པོ་དེ།
གང་ཞིག་ཡིན་ནམ་དྲ་གྲོགས་ཚོ།
༥༽འཛིན་ཡས་མེད་ལ་མཐོང་ཡས་མེད།
ཁ་དོག་མེད་ལ་གཟུགས་ཀྱང་མེད།
སྲོག་ཆགས་རྩེ་ཤིང་ཚང་མར་མཁོ།
དངོས་པོ་དེ་ནི་གང་ཞིག་ཡིན།
༦༽བསྡོད་པའི་དུས་སུ་ཞྭ་མོ་གྱོན།
འགྲོ་བའི་དུས་སུ་ཞྭ་མོ་ཕུད།
དངོས་པོ་དེ་ནི་ཅི་ཞིག་ཡིན།
༧༽ཕ་གཉིས་བུ་གཉིས་ཕྱི་རོལ་ཕྱིན།
རེ་རེས་ཉ་རེ་བཟུང་ནས་ཡོང་།
འོན་ཀྱང་ཉ་ནི་གསུམ་ལས་མེད།
དེ་ཡིས་རྒྱུ་མཚན་གང་ཞིག་ཡིན།
༨༽སྟེང་ཕྱོགས་ལྷ་ཡུལ་འཁོར་ལོ་བསྐོར།
བར་གྱི་མི་ཡུལ་རྟ་རེ་རྒྱུགས།
འོག་ཕྱོགས་ཀླུ་ཡུལ་བྲོ་གར་འཁྲབ་།
དངོས་པོ་དེ་ནི་ཅི་ཞིག་ཡིན།
༩༽དང་པོ་ནག་རིལ་སྲན་མ་འདྲ།
བར་དུ་དམར་རིལ་བྱུ་རུ་འདྲ།
ཐ་མ་དཀར་རིལ་གང་ཞིག་ཡིན།
༡༠༽རི་རྒྱལ་ལྷུན་པོའི་ངོས་གཟར་ནས།
ཟངས་ཀྱི་ལྷ་མོ་སྤུན་བཞི་འཁྲུངས།
ཕྱོགས་བཅུ་བོད་ཀྱི་བཀའ་དྲིན་ལ།
དུང་གི་བདུད་རྩི་ཆར་བཞིན་བབས།།
འདི་ནི་གབ་ཚིག་ལེགས་པོ་ཞིག་འདུག་འོན་ཀྱང་གཅིག་ལའང་ལན་རྒྱག་ཐུབ་མ་སོང་། །
༡ སི་པན་རེད། ༢ སྤོས་སྤར་བཞག་པ་རེད། ༣ སེམས་རེད། ༤ མེ་ཡིན་ས་རེད། ༥ རླུང་རེད། ༨ ཐགས་བཏག་པ་རེད། ༡༠ བ་ཕྱུགས་ཀྱ་ནུ་འབུར་བཞི་ནས་འོ་མ་འཇོ་བ་རེད། གཞན་ཤེས་མ་སོང་།
འདྲེ་ནག་མགོ་དགུ་ནས་ལན་ཡག་པོ་གནང་འདུག་འོན་ཀྱང་ གབ་ཚིག་༣ ༤ ༥ ༦ ༧ ༩ སོ་སོར་ ལན་བསྐྱར་དུ་གནང་རོགས།
༩༽ནས་དང་ཡོས་རྩམ་པ་རྣམས་རིམ་འགྱུར་གྱི་གབ་ཚིག་རེད།
༡༽ སེ་པན། ༢༽ སྤོས་སྤར་བཞག་པ། ༣༽ ངག་གི་སྒྲ། ༤༽ སྤྲིན་པ། ༥༽ རླུང༌། ༦༽ ཕོ་མཚན།
༡) སི་པན།
༢) སྤོས་སྤར་བ།
༣) མི་རྣམས་ཀྱི་རང་རང་གི་གསང་བ་རེ་ཡོད་པ་དེ་རེད།
༤)རླུང་རྟའང་ཡང་ན་རང་ཐག་འཁོར་བ་དེ་རེད།
༥) སྲོག་འཛིན་གྱི་རླུང་རེད།
༦) ཕོ་རྟགས་རེད།
༧)
༨) རྩམ་པ་ཐག་བྱེད་ཀྱི་ཆུ་འཁོར་རེད།
༩)
༡༠) སྟོད་ཀྱི་གངས་རིན་པོ་ཆེ་དང་གླང་ཆེན་ཁའབེབས་སོགས་ཆུ་བོ་བཞི་རེད།
༧༽སྤོ་བོ་གཅིག་ནས་་་་་་ཁོང་གི་བུ་དང་ཚ་བོ་འཁྲིད་ཏེ་ཉ་རེ་རེ་འཛིན་ནས་ཕྱིན་པ་རེད།
༧ ཕའི་ཕ་དང་ཕ་དང་བུ་གསུམ་ལས་ཕྱིན་མེད་པའི་རྟགས་རེད།
དྲི་བ་དྲུག་པའི་ལན་དངོས་སུ་མེད་ཀྱང་་་་་་དེ་དང་མཐུན་པའི་་་་་གབ་ཆིག་གཞན་ཞིག་ཡོད་་་་་་དེ་ནི་འདི་ལྟར།
རྒ་མེད་རྐྱང་ལ་གད་རྟ་གཉིས། འདི་གང་རེད།
ཚིག་་་་ཞེས་བཅོས་རོགས།
གཞན་ཡང་་་་་་ཀ་བ་གཅིག་གི་སྒང་ལ་སྒེའུ་ཁུང་གཅིག་་་་་་་འདི་ལ་ཡང་འབྲེལ་བ་ཞིག་གནང་རོགས།
ཁྱོད་ཚོས་ཤེས་མདོག་གིས་གབ་ལན་རྒྱག་ཀ་བྱེད་རེད་དེ། བསྟན་འཛིན་དགེ་ལེགས་གྱིས་གབ་ཚིག་ཆ་ཚང་ངའི་མཇེའི་གབ་ཚིག་རེད། ག་ལེར་ལྟོས་དང་། སོམས་དང་། ཏག་ཏག་ཡོད་རེད། ཧ་ཧ་ཧ་
༄༅།། གབ་ལན་བཞི་པ་དེ་། དུས་ཚོད་ལོ་རེད། དྲུག་པ་དེ། སྨྱུ་གུ་རེད། དགུ་པ་དེ། ལུག་གི་རིལ་མ་མེ་ལ་བུད་དེ་ནས་གོ་ཐལ་ཆགས་པ་རེད།
ཚང་མས་དྲི་ལན་ཡག་པོ་གནང་འདུག། འོན་ཀྱང་རང་དབང་ཨ་རྡུ་མན་དྲི་བ་ལ་ལན་གནང་མཁན་མི་འདུག།་་་་་་་་ ངས་ལྟས་ན་དེ་ཕོ་མཚན་རེད་ཤག།
ང་ཡི་དྲ་གྲོགས་ཀྱི་ཚ་བོ་ཆུང་ཆུང་་་་རིན་ཆེན་ལགས།
༡༽བུ་ཡིས་སྒྲོན་མེ་སྤར། ཕ་ཡིས་མེ་མདའ་རྒྱབ། མ་ཡིས་གཅེན་པ་གཏོང་། དངོས་པོ་དེ་གང་ལགས། །
༢༽ཨ་འཁོ་འཁོ་ཡི་འཁོ་གསུམ། ཨ་ལྷག་ལྷག་གི་ལྷག་གསུམ། ཨ་ཕུད་ཕུད་ཀྱི་ཕུད་གསུམ། དངོས་པོ་གང་དང་གང་ལ་སྦྱར།།
གབ་ཚིག་སོགས་འདི་ན་ཡོད་པ་ཐམས་ཅད་ལེགས་པོ་འདུག
ངས་གབ་ཚིག་གི་དྲི་བ་ཞིག་དབུལ་རྒྱུ་ཡིན་པས་ཚང་མས་རེ་སྒུག་ཞུ།