ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ལྷག་པ་ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨུ་རུ་སུ་སྤྱི་མཐུན་ རྒྱལ་ཁབ་ཁོངས་སོག་པོ་ཐུ་ཝ་མངའ་སྡེའི་མཐོ་རིམ་སློབ་གྲྭ་ཆེན་མོས་ (Tuva State University) ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གཙུག་ལག་སློབ་གྲྭ་ཆེན་མོའི་མཁས་དབང་སློབ་དཔོན་ཆེན་པོའི་ཕྱག་འཁྱེར་ (Professor Emeritus) འབུལ་ལམ་ཞུས་ཤིང་སྐབས་དེར་ྋགོང་ས་མཆོག་ནས་བཀའ་སྩལ་དོན།
སྔ་ མོ་ངོས་རང་ཐུ་ཝར་ཐེངས་གཅིག་སླེབས་པ་དེ་སྐབས་དེར་འགྱུར་བ་བྱུང་མ་ཐག་རེད། འོན་ཀྱང་ཐུ་ཝའི་ནང་སྔ་མོ་བོད་དང་ཐུན་མོང་མིན་པའི་དམིགས་བསལ་འབྲེལ་བ་ཡོད་ པའི་བག་ཆགས་གཏིང་ཟབ་པོ་ཡོད་པ་ཧ་ཅང་གསལ་པོ་འདུག དེ་དུས་ཀྱི་སྲིད་འཛིན་ཁོང་ཡང་ཧ་ཅང་ཡག་པོ་ཡོད། དེ་རྗེས་ང་ལ་ཨུ་རུ་སུའི་མངའ་ཁོངས་སུ་འགྲོ་རྒྱུའི་གོ་སྐབས་མ་བྱུང། ད་ལྟ་རིན་པོ་ཆེས་༼ཏེ་ལོ་རིན་པོ་ཆེ་༽གསུང་པ་ལྟར་ཆབ་སྲིད་ཀྱི་གནས་སྟངས་འོག་ནས་ང་ཕར་འགྲོ་ཐུབ་ཀྱི་མེད་ཀྱང། ཐུ་ཝ་ས་ཁུལ་གཙོ་བོར་གྱུར་པའི་ཁར་མུག་དང་སྦུ་རས་ཐུ་བཅས་ཀྱི་ནང་དད་པ་ཅན་ཕལ་ ཆེར་རྒྱུན་མ་ཆད་པར་ངོས་ཐུག་པར་ཡོང་གི་ཡོད་པ་དང། ལྷག་པར་ལོ་ཤས་གོང་ནས་ཆོས་འབྲེལ་བྱ་རྒྱུ་བྱུང་ཡོད། དེ་རིང་འདིར་ཐུ་ཝ་གཙུག་ལག་སློབ་གྲྭ་ཆེན་མོས་ངོས་ལ་མཁས་པའི་བྱ་དགའ་ཞིག་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རིན་པོ་ཆེས་གསུངས་པ་བཞིན་འདས་པའི་ལོ་ཤས་ཀྱི་ཉམས་མྱོང་ལ་གཞིགས་ན་སངས་རྒྱས་པའི་ ཆོས་ལ་དད་པ་དག་སྣང་བྱེད་རྒྱུ་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པ་ཧ་ཅང་གསལ་པོ་འདུག ས་ཐག་རིང་པོ་ནས་འདིར་ཡོང་རྒྱུ་ལས་སླ་པོ་མིན། ཕྱོགས་གཅིག་ནས་ལམ་ཐག་རིང་པོ་དང་གཉིས་ནས་ལམ་གྲོན་ཡང་ཆེན་པོ་ཡིན་པ་དེ་འདྲའི་དཀའ་ངལ་མང་པོར་གདོང་ལེན་བྱས་ཏེ་འདིར་ཡོང་གི་ཡོད། ཁྱེད་རང་ཚོས་དོ་སྣང་ཆེན་པོ་དེ་འདྲ་བྱེད་སྐབས་ང་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཞིག་དང། དེའི་ནང་ནས་བྱང་ཆུབ་ཀྱི་སེམས་ལ་མོས་པ་རྩེ་གཅིག་ཏུ་ཡོད་མཁན་ཞིག་གི་ངོས་ནས་ གཞན་ལ་ཕན་བྱེད་ཐུབ་ན་རང་ཉིད་ཀྱི་སྲོག་འཚོ་བའི་དགོས་དོན་ཚང་བ་ཡིན། ངོས་ཀྱིས་རྒྱུན་དུ་རང་གི་ལུས་ངག་ཡིད་གསུམ་སེམས་ཅན་གཞན་བདེ་བའི་རྐྱེན་དུ་འགྱུར་བ་ཞིག་ཡོང་བར་ཤོག་ཅེས་སྨོན་ལམ་རྒྱག་གི་ཡོད། ཁྱེད་ཚོས་དངོས་གནས་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་འདིར་ཡོང་སྐབས་ངས་ཁྱེད་རང་ ཚོར་ཕན་པ་བསྒྲུབ་རྒྱུ་དེ་ནི་ང་ནང་པའི་དགེ་སློང་ཞིག་གི་འགན་ཆགས་ཡོད། ལྷག་པར་ཐེག་པ་ཆེན་པོའི་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་མཁན་ཞིག་གི་ངོས་ནས་ བཤད་ན་དེ་བས་ལས་འགན་ཆགས་པར་བརྟེན། དགའ་ཞིང་སྤྲོ་ཞིང་ཆོས་འབྲེལ་བྱ་རྒྱུའི་ཁས་ལེན་གཙང་མ་ཡོད། བློ་བདེ་པོ་བྱས་ནས་བཞུགས། ཞེས་བཀའ་སློབ་སྩལ་ཡོད་པ་རེད།
ད་ལམ་ྋགོང་ས་མཆོག་ལ་མཁས་དབང་སློབ་དཔོན་གྱི་ཕྱག་འཁྱེར་འབུལ་དགོས་དོན་གཙོ་བོ་ ནི། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་རིང་ཚན་རིག་དང་། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང། ཆོས་ལུགས་དབར་མཐུན་སྒྲིལ། འགྲོ་བ་མིའི་རང་དབང་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་གཟེངས་སུ་ཐོན་པའི་མཛད་རྗེས་རླབས་ཆེན་འཇོག་གནང་མཛད་ཡོད་པ་དེ་ལ་ཆེ་བསྟོད་སླད་མཁས་དབང་གི་ཕྱག་འཁྱེར་དེ་འབུལ་ལམ་ཞུས་པ་ཡིན་འདུག། །།
༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཞབས་བརྟན་པར་ཤོག་འཕགས་པ་བྱང་ཆུབ་སེམས་ཁོང་གི་སྐྱབས་འོག་ཏུ་སྐྱར་བ་ནས་སྐྱར་བ་ཚེ་རབ་ཐམས་ཅད་དུ་ཁོང་གི་ཐུགས་རྗེའི་སྐྱབས་འོག་ལས་མ་འབྲལ་བར་ཤོག
༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཞབས་བརྟན་པར་ཤོག་འཕགས་པ་བྱང་ཆུབ་སེམས་ཁོང་གི་སྐྱབས་འོག་ཏུ་སྐྱེ་བ་ནས་སྐྱེ་བ་ཚེ་རབ་ཐམས་ཅད་དུ་ཁོང་གི་ཐུགས་རྗེའི་སྐྱབས་འོག་ལས་མ་འབྲལ་བར་ཤོག
དེ་རིང་དྷ་སའི་གསུང་ཆོས་དེ་གྲུབ་པ་དང་བོད་ནས་གསར་དུ་འབྱོར་བའི་མི་མང་པོ་དིལླིར་འབྱོར་འདུག དེ་རིང་སྤྱི་ཚེས་༢༢ ཉིན་ཉིན་རྒྱབ་ལ་ཆུ་ ཚོད་གཉིས་པར་རྒྱུན་ལྡན་གཱ་ཡ་ལ་ཤར་བསྐྱོད་བྱེད་པའི་མེ་འཁོར་མིང་མ་ཧཱ་ནནྡཱ་༼mahananda express ༽འདི་ཉིད་དེ་རིང་མི་འགྲོ་རྒྱུ་བྱས་འདུག་canceled རླང་སྨུག་འཁྲིགས་པའ་རྐྱེན་གྱིས་རེད་འདུག་བྱས་དུས་རང་རེ་འགྲིམ་འགྲུལ་བ་བོད་དང་ཧི་མ་ལ་ཡའི་མི་མང་༢༠༠ ལྷག་ཙམ་འདུག་ཐམས་ཅད་རེ་ཤིག་ཅི་བྱ་རྟོལ་མེད་ཀྱི་ཚོར་བ་བྱུང་འདུག་མ་ཟད་མན་ཇུ་ཊི་ལར་མགྲོན་ཁང་ཡང་རྩ་ནས་འཐོབ་རྒྱུ་བྲལ། མི་རིང་བར་ཆུ་ཚོད་ཕྱེད་ཀ་ཙམ་ནས་བོད་ཀྱི་གཞོན་ནུའི་ཚོགས་པའི་ལས་བྱེས་ཤེས་འབྱོན་ཅན་རྣམས་ནས་དེ་ཕྲལ་bus གྲ་སྒྲིག་གནང་ནས་ཆོས་ཞུ་བའི་འགྲིམ་འགྲུལ་བ་རྣམས་ལ་རོག་དན་ཕུན་ཚོགས་ཡིད་དགའི་ངང་ལ་བག་ཕེབ་པོ་བྱུང་འདུག་པས་གཞོན་ལྷན་ཨ་མའི་བུ་ཕྲུག་ཡོངས་ལ་་ཤིན་ཏུ་ནི་རྗེས་སུ་ཡི་རང་དང་བཀྲིན་ཆེ་ཞུ་གིས་ཡོད། ཁྱེད་རང་རྣམས་ཆོས་ཕྱོགས་ནས་ཞུ་ན། དབང་ཞུ་མཁན་དང་རོག་དན་སྐུ་ལས་གནང་མི་ཐམས་ཅད་བསོད་ནམས་མཉམ་འབྱུང་ཡོང་བ་ཞུ་ཅི་དགོས། མི་ལ་རས་པས། རི་ལ་སྡོད་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་པོར་འགྱུར་བའི་རྟེན་འབྲེལ་ཡོད།་།རྟེན་འབྲེལ་གྱི་྄སྙིང་པོ་བསྔོ་བ་ཞུས། །ཞེས་དེ འདྲ གསུངས་ཙང་ང་ཚོས་ཁྱེད་རྣམས་ལའང་ངེས་པར་དུ་སྨོན་བཟང་ཞུ་ཡག་ཡིན།
གངས་ཅན་༸སྐྱབས་གནས་དམ་པ་སྤྱན་ཡངས་ལ།།
དམ་པས་བསྔགས་སླད་མཁས་དབང་པཎ་ཞྭར་བཅས།།
མང་མང་ཕྱག་རྟགས་མཚན་སྙན་འབར་དང་ལྷན།།
དྲང་གཏམ་ཅན་རྣམས་བརྟན་པར་གནས་ཐབས་བྲལ།།
མཐའ་ཐོག་ཀ་འཕྲེང་མུ་འགོད།
ཀ་དག་གནས་ལུགས་ཇི་བཞིན་རྟོགས་པའི་ཁར།།
ག་བཏང་གོ་ཆོད་བྱང་ཆུབ་ཐུགས་ཀྱིས་ང་།།
ཅ་བསུན་འཁོར་བའི་འབྱུང་རྩར་གཟིགས་པའི་ཆར།།
ཇ་ལན་ཆུ་འཇལ་མ་གནང་བློ་ལྡན་ཉ།།
གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །
བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །
བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
དྲ་གྲོགས་རྣམ་པ་ལགས། སོག་པོར་བཞུགས་པའི་ཏཱེ་ལོ་རིན་པོ་ཆེ་ཞུ་བ་འདི། རྒྱ་གར་གྱི་གྲུབ་པཎ་ཆེན་ན་རོ་པའི་བླ་མ་དེའི་ཡང་སྲིད་ཡིན་ནམ་མིན། ཡང་ན་གཞན་ཞིག་ཡིན་དེའི་སྐོར་འགྲེལ་བཤད་ཞིག་གནང་རོགས།
འདམ་སྐྱེས་པད་མོ་འདམ་དྲི་བྲལ།།
འཁོར་བའི་མྱི་ལ་ཉོན་མོངས་དབེན།།
སྤངས་རྟོགས་ཡོན་ཏན་རབ་བརྙེས་པའི།།
བདག་གི་བླ་མ་ངོ་མཚར་ཆེ།།
གྲྭ་གྲོགས་ཚོ་གཞོན་ནུ་ཚོགས་པའི་ལས་བྱེད་པར་ད་ལན་དུས་དབང་ཆོས་ཞུ་བའི་འགྲུལ་ཚོར་བཀྲིན་ཆེན་པོ་ཡོང་གིས་འདུག་བསྔགས་བརྗོད་ཞུ་རོག་་གྲ་གྲོགས་ཁྱེད་རྣམས་པའི་དགོངས་ཚུལ་གང་འདྲ་ཡོད་ལན་གནང་རྒྱུ།
ཡིད་སྐྱོའི་གནས་ཚུལ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཟུར་པ་དང་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་གཞོན་ཟུར་པ་པ་བྱ་རྒོད་ཚང་སྲས་དོན་ཡོད་མཆོག་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་གློ་བུར་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུགདམ་པ་ཁོང་ནི་ཕ་རྡོ་རྗེ་དང་མ་བདེ་ཆེན་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༧ ཟླ་ ༣ ཚེས་ ༡༠ ཉིན་ཁམས་སྡེ་དགེ་ཁུལ་དུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༠ ལོར་རྒྱ་གར་དུ་འབྱོར་ཏེ་ལོ་ཤས་རིང་དབྱིན་དགེ་ཟུར་བསྟེན་གྱིས་དབྱིན་ཡིག་སྦྱོང་བརྡར་དང་། ཕྱི་ལོ་ ༡༩༥༨ ལོར་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་སྐབས་སྒྲིག་ཁོངས་སུ་ཞུགས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་བརྒྱུད་ཨ་རིར་དྲག་པོའི་དམག་སྦྱོང་དུ་བསྐྱོད་ཅིང་ལོ་དེར་ལྕགས་ར་དཔལ་འབར་ཕྱོགས་སུ་གནམ་གྲུ་ལས་མཆོངས་བབས་ཀྱིས་ལོ་གཅིག་རིང་ཁུལ་དེའི་ཡུལ་དམག་དང་ཡུལ་བྱོལ་བཙན་རྒོལ་བ་བཅས་ལ་གོ་ལག་རྫས་མདེལ་མཁོ་སྤྲོད་དང་། དམག་འཐབ་ནང་མཉམ་ཞུགས་ཀྱིས་རྒྱ་དམག་དང་འཐབ་འཛིང་བྱས་མཐར་བཙན་རྒོལ་བ་ཉུང་ཤས་ཤིག་དང་མཉམ་རྒྱ་གར་དུ་ཐེངས་གཉིས་པ་འབྱོར། ཕྱི་ལོ་ ༡༩༦༤ ནས་ ༡༩༦༧ བར་མ་སུ་རི་རེ་ཀྲིང་སློབ་གྲྭར་སྐད་ཡིག་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༨ ལོར་ཨ་རིར་མཐོ་སློབ་དུ་སློབ་སྦྱོང་ཆེད་ཕེབས་ཏེ་ charman college southern Calf college university of Redlands California U.S.A ཚོང་དོན་རིག་པ་དང་། དཔལ་འབྱོར་རིག་པའི་གཞུང་ལུགས་ཐོག་སློབ་གཉེར་གནང་། ཕྱི་ལོ་ ༡༩༧༧ ལོར་རྒྱ་གར་དུ་ཕྱིར་འཁོར་བ་ནས་བཟུང་སྦིར་སྡེ་དགེ་ཚོགས་པའི་གཙོ་འཛིན་གྱི་ལས་འཁུར་བཞེས་པ་དང་། དེ་མཚུངས་སུ་ཕྱི་ལོ་ ༡༩༧༧ ལོ་ནས་ ༡༩༩༤ བར་ཆུ་སྒང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང། ༡༩༩༤ ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཞོན་དུ་འདེམས་ཐོན་བྱུང་བ་ལྟར་ ༢༠༠༡ བར་ལས་གནས་དེ་གའི་ཐོག་ཞབས་འདེགས་ཞུས། ཕྱི་ལོ་ ༡༩༨༢ ཟླ་ ༩ ཚེས་ ༢ ནས་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༡ བར་སྐབས་ ༨ པའི་བོད་མི་མང་སྤྱི་འཐུས་དང་། ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢ ནས་ཕྱི་ལོ་ ༡༩༨༨ ཟླ་ ༩ པའི་ཚེས་ ༡ བར་སྐབས་ ༩ པའི་མདོ་སྟོད་སྤྱི་འཐུས་གནང་། ཕྱི་ལོ་ ༡༩༨༨ ཟླ་ ༩ ཚེས་ ༢ ནས་ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༢༦ བར་སྐབས་ ༡༠ པའི་སྤྱི་འཐུས་དང་ཚོགས་གཞོན་གྱི་ལས་འཁུར་བཞེས་ཡོད། ཕྱི་ལོ་ ༡༩༩༣ ཟླ་ ༧ ཚེས་ ༡ ནས་བསྐྱར་དུ་སྦིར་སྡེ་དགེ་གཞིས་ཆགས་ཀྱི་ས་འགོ་གནང་། ཕྱི་ལོ་ ༢༠༠༣ ཟླ་ ༤ ཚེས་ ༡༠ ནས་ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༩ བར་དང་། ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༡ ནས་ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༣༡ བར། དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༢ པའི་ཚེས་ ༢ ནས་ད་བར་བཅས་སོ་སོར་སྦིར་སྡེ་དགེ་གཞིས་ཆགས་མང་ཚོགས་ནས་ས་གནས་འགོ་འཛིན་དུ་ འོས་འདེམས་གནང་སྟེ་ལས་འཁུར་བཞེས་མུས་དང་། དེ་བཞིན་ཕྱི་ལོ་ ༢༠༠༤ ལོར་སྦིར་ཅོན་ཏ་ར་བུ་ཁྱིམ་སློབ་གྲྭ་བཙུགས་པ་ནས་ད་བར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་ཁུར་བཞེས་བཞིན་པའི་སྐབས་ཏེ་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་གློ་བུར་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག སྤྱི་འཐུས་རྒྱུན་ལས་ལྷན་འཛོམས་ཀྱིས་དམ་པ་གང་གི་ནང་མིར་ཐུགས་གསོའི་ཕྱག་བྲིས་དང་། དཀར་མེའི་ཞལ་འདེབས་བཅས་འབུལ་རྒྱུ་གནང་ཐོག བཀའ་ཤག་གི་བཀའ་ཁྱབ་ལྟར་ཉིན་རྒྱབ་ཆུ་ཚོད་ ༣ པ་ནས་ ༤ པའི་བར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཀྱིས་སྨོན་ལམ་གསུང་འདོན་གནང་ བ་བཞིན་དཔའ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བཅས་ཀྱང་མཉམ་ ཞུགས་གནང་ཞིང་། ཉིན་རྒྱབ་ཆུ་ཚོད་ ༤ པ་ནས་མྱ་ངན་གུས་འདུད་སླད་ལས་ཁུངས་ཡོངས་རྫོགས་སྒོ་བཅད་གནང་ཡོད། དེའི་དགོང་དྲོ་རང་དུ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་ཏུ་ཚོགས་དྲུང་ལས་ཁུངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྟོབས་རྒྱལ་ལགས་སྦིར་བོད་མིའི་གཞིས་ཆགས་སུ་ཆེད་གཏོང་གནང་སྟེ་འདས་པོའི་ཆེད་དཀར་མེའི་ཞལ་འདེབས་དང་། ཤུལ་ལུས་ནང་མི་རྣམ་པར་ཐུགས་གསོའི་འཚམས་འདྲི་ཞུས་ཤིང་། སྤྱི་ལྷན་གྱི་ཐུགས་གསོའི་འཚམས་འཕྲིན་ཡང་ཕུལ་ཡོད་པ་རེད། གཞན་ཡང་ཁོང་གིས་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་དང་། བྱ་བྲལ་རིན་པོ་ཆེ་མཆོག་སོགས་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་དབང་ལུང་མན་ངག་ཁྲིད་གདམས་རྣམས་གསན་ཏེ་རྒྱུན་དུ་དགེ་སྦྱོར་ལྷོད་མེད་གནང་བ་དང་། མདོར་ན་ཁོང་ནི་ཆོས་སྲིད་གཉིས་ཀར་མཁྱེན་རྒྱ་ཡངས་ཤིང་ཞི་དྲག་གཉིས་ཀྱི་སྒོ་ནས་སྐུ་ཚེ་ཧྲིལ་པོ་བོད་བསྟན་སྲིད་ཀྱི་དོན་དུ་ལེགས་སྐྱེས་སུ་འབུལ་མཁན་གྱི་བྱས་རྗེས་ཅན་ཞིག་ཡིན་པའི་རྗེས་དྲན་དང་གུས་མདུད་ཞུ་།
སངས་རྒྱས་འདས་འཁྲུངས་སེམས་ཅན་ལ་སྐྱེ་འཆི་ཞེས་ཟླིག་ཏུ་མེད་པའི་ཆོས་ཉིད་རེད། འོན་ཀྱང་དམ་པ་སྐུ་དངོས་འདས་གྲོངས་སུ་བ་ལ་ཡིང་ཕམ་པོ་རེད་བོད་མི་རིགས་ཀྱི་བགྲེས་སོང་ཤེས་འབྱོན་དང་། རྒྱུད་དྲང་བ། ལས་འབྲས་ལ་བརྩི་སྲུང་ཅན་ཞིག་ཡིན་པར་ཐོས། བྱས་དུས་ཁོང་སྡུག་པོ་རང་མི་ཡོང་བ་བར་དོའི་འཕྲང་ལས་གྲོལ་ནས་གདོད་མའི་ཀུན་ཏུ་བཟང་པོའི་གོ་འཕང་མངོན་གྱུར་ཤོག་ཅིག་ཨོཾ་མ་ཎི་པདྨེ་ཧ྄ཱུཾ་ཧྲཱི། ཨོཾ་བཛྲ་ས་ཏྭ་ཧཱུཾ། ཨོཾ་ཨ་མི་དེ་ཝ་ཧྲི། དམ་པ་ཁོང་གཙོར་གྱུར་པའི་མ་རྒན་སེམས་ཅན་ཐམས་ཅད་ཆེད་རང་གི་དགེ་རྩ་ཐམས་ཅད་བསྔོ་བ་གྱུར་ཏོ།།
དྲྭ་གྲོགས་ཀརྨ་ཡེ་ཤེས་ལགས།།
ཏེ་ལོ་རིན་པོ་ཆེ་མཆོག་ནི་སྒྲུབ་ཆེན་ཏེ་ལོ་པའི་ཡང་སྤྲུལ་གྱི་མཚན་སྙན་འཛིན་པ་ཞིག་ཡིན་མོད། འོན་ཀྱང་ཡང་སྲིད་འཁྲུལ་བྲལ་ལམ་སྒྲུབ་ཆེན་ཏེ་ལོ་པ་སྐུ་ངོ་མ་ཡིན་མིན་ནི་ཐམས་ཅད་མཁེྱན་པ་དང་གཞན་སེམས་ཤེས་པའི་མངོན་ཤེས་རྒྱུད་ལ་ལྡན་པ་ཁོ་ནའི་སྤྱོད་ཡུལ་ཙམ་ལས་སོ་སྐྱེ་ཐ་མལ་པ་བདག་ལྟ་བུའི་སྤྱོད་ཡུལ་གང་ནས་ཡིན།
ད་ལྟའི་ཆར་ཁོང་ནི་གང་ལ་གང་འདུལ་དེ་ལ་དེར་སྟོན་པའི་སྒྲུབ་ཆེན་ཏེ་ལོ་པར་ངོས་
འཛིན་གནང་ན་འོས་ཤིང་འཚམ་པ་འདུག་སྟེ། ཁོང་ནི་རླབས་ཆེན་གྱི་ཐབས་མཁས་རང་བཞིན་ཅན་དང་ཐུགས་སྟོབས་རྨད་དུ་བྱུང་བ་
ཞིག་ཏུ་རིགས་པས་ཀྱང་གྲུབ་པས་སོ།།
གཞན་སེམས་ཤེས་པའི་མངོན་ཤེས་དང་བྲལ་ཞིང་།།
དངོས་སྟོབས་རིགས་པའི་སྤོབས་པ་མེད་ན་ཡང་།།
སྙིགས་མ་ལྔ་བསྡོའི་དེང་གི་དུས་ངན་འདིར།།
དམ་པའི་རང་བཞིན་གསལ་བས་སྨྲ་བར་སྤོབས།།
དྲ་གྲོགས་སྨྲོན་ངག་ཁྲི་ལགས། ང་ཡི་དྲི་བ་དེ་ཁོང་རྒྱ་གར་གྱི་གྲུབ་ཆེན་ཏེ་ལོ་པའི་ཡང་སྲིད་དུ་ངོས་འཛིན་བྱས་ཡོད་དམ་མེད་ཞེས་པ་དེ་ཡིན་ལགས། ཁོང་དངོས་གནས་ཏེ་ལོ་པའི་ཡེ་ཤེས་པའི་རྗེས་བཟུང་བ་ཞིག་ཡིན་ད་མིན་ཟེར་བ་དེ་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ཉག་གཅིག་ལས་ང་ཚོའི་ཚུལ་མཐོང་ཚད་མའི་ངོར་སུ་གང་གིས་ཐག་གཅོད་མི་ཐུབ། ཡིན་ནའང་ཁོ་རང་ཏེ་ལོ་པ་འདྲ་བ་ཞིག་ཡོང་དང་མི་ཡོང་ཟེར་བ་དེ་ཁོ་རང་གི་ལག་པའི་ནང་དུ་ཡོད་པ་དེ་རེད། ཐུགས་རྗེ་ཆེ།