བོད། ལྷ་ཀླུ་གཉན་གསུམ།
བཅུ་དགུ
ངའི་མཛའ་མོ་དང་མོའི་ཨ་མ་གཉིས་ལ་ཁ་བསྲེ་མེད་པར་ཉིན་གསུམ་སོང་། ང་ནི་ཁོ་གཉིས་བར་གྱི་ཕོ་ཉྭ་ལྟ་བུ་ཞིག་ཆགས་ནས། ཕན་ཚུན་གཉིས་ལ་ཁ་བརྡ་བྱེད་ཀྱི་ཡོད། སྔ་མོ་ནི་ང་ཚོ་རང་རང་གི་ས་ནས་ལས་ཀར་འགྲོ་བཞིན་ཡོད། ཕྱི་དྲོ་ནང་དུ་སླེབས་པའི་སྔ་གཞུག་ནི། ཕལ་ཆེ་བ་ང་རང་ནི་རྗེས་མ་ཡིན། ཁོ་གཉིས་ལ་སྒེར་གྱི་རླངས་འཁོར་ཡོད་དུས། ང་ལས་སྔ་བ་འབྱོར་གྱི་ཡོད་པ་ཡིན། ང་རང་ནང་དུ་སླེབས་དུས་མོ་རང་མ་གཏོགས་མོ་རང་གི་ཨ་མ་ནང་དུ་སླེབས་མི་འདུག གཅིག་བྱས་ན་གློག་བརྙན་འདྲ་བལྟ་རུ་བུད་སོང་བ་མིན་འགྲོ ཕྱིར་ཡོང་དུས་ཟ་མ་རེ་ཟ་དགོས་ངེས་ཡིན་སྙམ་ནས་ངས་ཟ་མ་ཞིག་གྲྭ་སྒྲིག་བྱས་པ་ཡིན།
མཛའ་མོས་ཀྱང་རང་གི་ཨ་མ་གང་དུ་སོང་མིན་མི་ཤེས། རྒྱུ་མཚན་ནི་ཁོ་གཉིས་ལ་ཁ་བསྲེ་མེད་པར་ཉིན་གསུམ་རེད། དེ་ནས་ངེད་གཉིས་ཀྱིས་གནས་ཚུལ་བྱུང་བ་དེ་དག་ལ་བཟོད་བསྲན་བྱེད་དགོས་པའི་སྐོར་དང་། ཁྲོ་ཐོག་ནས་ཨ་མའི་ནང་དུ་གནས་སྤོ་བྱས་ན་ཡག་པོ་མེད་རབས་སོགས་ཕན་ཚུན་ལ་བསམ་ཤེས་དགོས་པའི་སྐོར་མང་ཙམ་ཞིག་ངས་མོ་རང་ལ་བཤད་པ་ཡིན། མོས་ཀྱང་རང་གི་ཨ་མ་ལ་བསམ་ཤེས་བྱེད་ཐུབ་ཀྱང་། མོ་རང་གི་ཨ་ཅེ་ཡིས་སྐད་ཆ་བཤད་སྟངས་དེས་སེམས་ལ་འཕོག་འདུག དེ་ཡི་རྗེས་སུ་མོ་རང་གི་ཨ་ཅེ་ཡི་ནང་གི་ཁ་པར་སྟེང་ནས་ཁ་པར་ཐེངས་གཉིས་ཤིག་སླེབས་ཀྱང་། མོ་རང་གིས་ཁ་པར་ལེན་མ་སོང་། ཆུ་ཚོད་བདུན་པ་ཡོལ་ནས་མཛའ་མོས་མོ་རང་ཅུང་ཐང་ཆད་འདུག ངལ་གསོ་བྱེད་དུ་འགྲོ་རྒྱུ་ཡིན་ཟེར་བས་ངས་འགྲིག་གི་རེད། ངས་བུ་མོ་ལ་བལྟ་ཆོག་ཞེས་བུ་མོ་ངེད་གཉིས་བྱིས་པའི་རྩེད་མོ་རྩེད་ཆས་ཀྱི་བཀང་བའི་ཁང་བའི་ནང་དུ་རྩེད་མོ་རྩེས་དུས་སུ། ངས་བུ་མོ་ལ་ངེད་གཉིས་ཀྱིས་ཨ་མ་རྒན་མོ་ལ་ཁ་པར་གཏོང་གི་ཡིན་ནམ་ཞེས་དྲིས་དུས། བུ་མོས་རེད་ཟེར།
ཨ་རོགས། ཨ་མ། བདེ་མོ་ཡིན་པས། ཐར་མ་མཚོ་ལ་ངེད་གཉིས་ཀྱིས་ཁྱེད་ལ་ཁ་པར་གཏོང་གི་ཡིན་ནམ་ཞེས་དྲིས་དུས། ཡིན་ཟེར་བས་ངེད་གཉིས་ཀྱིས་ཁྱེད་རང་ལ་ཁ་པར་གཏོང་བཞིན་ཡོད། ཁྱེད་རང་གང་དུ་ཡོད་དམ་ཞེས་དྲིས་དུས། མོ་རང་མཛའ་མོའི་ཨ་ཅེ་ཡི་ནང་དུ་ཡོད་པ་དང་ཨ་ཅེ་བཟའ་མི་གཉིས། གྲོགས་པོ་ཞིག་གི་བཟའ་ཚང་བྱེད་སར་བུད་སོང་བ་དང་། མོ་རང་གིས་ཤུལ་དུ་བུ་མོ་ཤས་ར་ལ་བལྟ་བཞིན་ཡོད་ལ། སང་ཉིན་ཡང་དེ་ནས་བུ་མོ་ཤས་ར་ལ་བལྟ་དགོས་པར་བཤད། ཆུ་ཚོད་གཅིག་གི་སྔོན་དུ་མོ་རང་གིས་ནང་དུ་ཁ་པར་བཏང་ན་ཡང་ལེན་མ་སོང་། ང་ཡི་མཛའ་མོ་དང་མོ་རང་གི་བུ་མོ་གང་དུ་འདུག་ཟེར། ངས་མོ་རང་ཐང་ཆད་ཀྱི་འདུག་ཟེར་ནས་ཉལ་དུ་བུད་སོང་ཞེས་བཤད།
མོ་རང་གིས་དེ་འདྲའི་སྔ་བོ་ཞིག་ལ། གང་ལྟར། ངས་མོ་རང་ལ་དགོངས་དག་ཞུ་བཞིན་འདུག་ཞེས་བཤད་རོགས། ད་དུང་། ངས་མོ་རང་གི་ཨ་ཅེ་ཡིས་སྐད་ཆ་དེ་ལྟར་བཤད་ཀི་རེད་བསམ་མ་སོང་ལ་སོགས་འདས་དོན་སྐོར་ནས་གླེང་འགོ་བཙུགས་སོང་། ངས་རང་ཉིད་ལ་དོན་དག་དེ་ཡི་འགོ་སྔ་མི་གསལ་ན་ཡང་། ངའི་རེ་བ་ནི། སྔོན་ཆད་ལྟར་ཕན་ཚུན་ལ་དགའ་དགའ་སྤྲོ་སྤྲོ་དང་། གཅིག་གིས་གཅིག་ལ་བསམ་ཤེས་བྱེད་ཐུབ་པར་ཡིད་ཆེས་ཡོད། ཁྱེད་རང་གིས་གང་བཤད་པ་དེ་དག་མོ་རང་གཉིད་ལས་སད་པ་ཡིན་ན་ངས་བཤད་ཆོག མིན་རུང་ཁྱེད་རང་ནངས་ཉིན་ཕྱིར་འབྱོར་དུས་གདོང་དང་གདོང་བསྟན་ནས་སྐད་ཆ་གསལ་བོ་ཞིག་བཟོས་ན་ཡག་པོ་ཡོད་ངེས་ཡིན་པར་བཤད་པ་དང་། བུ་མོ་ཐར་མ་མཚོ་ལ་གཟིམ་ཤག་གནོངས་ཟེར་དུ་བཅུགས
དེ་ནས་མུ་མཐུད་དུ་ངས་མཛའ་མོའི་མ་རྒན་ལ། བུ་མོ་དང་ཨ་མའི་བར་ཡིན་དུས། གཅིག་གཅིག་ལ་བསམ་ཤེས་བྱེད་ཐུབ་ནི་རེད་ལ། སེམས་ལ་གནོད་འདོག་ཁ་བོ་མ་རེད། མི་ཚེ་ནང་དུ་སུ་ལ་ཡིན་ཡང་། དོན་དག་འདི་འདྲའི་ཆུང་ཙག་རིགས་ཡོང་གི་རེད་ཅེས་བཤད་དུས། མོ་རང་གིས་ཁ་པར་ལས་ང་རང་ལ་བཀའ་དྲིན་ཆེ་ཟེར། ངས་དེ་ལ་སྐྱོན་མི་འདུག ང་རང་གིས་རེ་བ་ནི། ཁྱེད་རང་དེ་ནས་སྐྱིད་པོ་ཡོང་བ་དང་གཉིད་སྐྱིད་པོ་ཞིག་ཁུགས་པོར་ཤོག མགྱོགས་པོ་མཇལ་ཡོང་ཞེས་ཁ་པར་གྱི་སྒོ་བརྒྱབས།
གྲོགས་པོ་བུ་ཆུང་གིས་ང་རང་ཞོགས་པ་ལས་ཀར་ཡོད་དུས་ཁ་པར་སླེབས་པ་དེར་ངས་ཕྱི་དྲོ་ཁ་པར་གཏོང་ཆོག་ཟེར་ནས་བཤད་ཡོད་པ་དེར། ཁོམ་པ་དེ་དང་བསྟུན་ནས་ཕྱིར་ཁ་པར་ཞིག་བཏང་དུས་ལེན་མ་སོང་། ཕྱིས་སུ་སྐར་མ་ཁ་ཤས་ཀྱི་རྗེས་སུ་ཕྱིར་ཁ་པར་འབྱོར་སོང་། དེ་དུས་ངས་ཁོ་ལ་ཁ་པར་བཏང་བ་དང་ཁོ་རང་གི་ཡར་མ་བཀྱགས་ཚུལ་བཤད་དུས། ཁོ་རང་ནི་ཁོ་རང་གི་བུ་མོ་བསྐྱལ་ནས་བཟའ་ཐོར་ཟིན་པའི་བུད་མེད་ཀྱི་སར་རྗོ་སུ་ལམ་དུ་བསྐྱེལ་དུ་ཡོང་བ་དང་ད་ལྟ་ཁོ་རང་ཕྱིར་རང་གི་ནང་དུ་འགྲོ་བཞིན་པའི་ལམ་བར་ནས་ང་ལ་ཁ་པར་བཏང་བ་ཡིན་ཟེར། རྗོ་སུ་ལམ་དུ་ཡོད་ན་འདིར་ང་ཡོད་སར་ཡོང་ནས་སོང་ན་ཞེས་བཤད་དུས། སང་ཉིན་ལས་ཀ་ཡོད་དུས་ཕྱིར་ནང་དུ་སོང་ན་ཡག་རབས་ཟེར། དེ་དུས་ངས་རླངས་འཁོར་བཏང་ནས་སྐད་ཆ་བཤད་བཞིན་སོང་ན་སྟབས་བདེ་བོ་མེད་པ་ཡིན་དུས་རྗེས་སུ་སྐད་ཆ་བཤད་ཆོག་གི་རེད་ཅེས་བཤད་དུས། ཁོ་རང་གིས་གཟའ་མཇུག་ལ་འཆར་གཞི་འདྲ་ཡོད་དམ་ཟེར། ངས་ད་ལྟ་ཤེས་མ་སོང་། རྗེས་སུ་སྐད་ཆ་བཤད་ཆོག་གི་རེད་ཅེས་བདེ་མོ་བཞག
གྲོགས་པོ་བུ་ཆུང་ཡང་འདི་ཁུལ་དུ་ཡོད་པའི་བོད་པ་ཞིག་ཡིན་ལ། འདི་ཁུལ་ན་བོད་པ་བཟའ་ཐོར་དུ་སོང་བ་ཁ་ཤས་ཤིག་ཡོད་པ་དེ་ཡི་ཁྲོད་ཀྱི་གཅིག་ཡིན། ཁོ་རང་བཟའ་ཚང་ཁ་ཐོར་དུ་སོང་ནས་ཟླ་ངོ་ཁ་ཤས་ཤིག་སོང་ཡོད། བཟའ་ཚང་དང་ཁོ་གཉིས་ལ་བུ་མོ་གཅིག་ཡོད་ལ། བུ་མོ་ནི་ད་ལྟ་ལོ་གཉིས་དང་ཕྱེད་ལྷག་ཡིན། ཁོ་རང་གིས་བཤད་ན་ཐབས་ཤེས་སྣ་མང་དང་བཟོད་བསྲན་ཆེས་མང་བོ་ཞིག་བྱས་ཀྱང་། རྒྱལ་ཁབ་འདིའི་བུད་མེད་དེ་དང་ལྷན་དུ་ལྟ་བ་མི་མཐུན་པ་དང་། བསམ་ཚུལ་ལ་གུས་བརྩི་བྱེད་རེས་བྱེད་མི་ཐུབ་པའི་དཀའ་ངལ། བར་དུ་མོ་རང་གི་ཕ་མ་ཡིས་ཁ་གྲགས་ནས་ཉན་འདོད་མེད་པའི་སྐད་ཆ་མང་བོ་ཞིག་བཤད་ཚུལ་བཅས་ལ་བསྟེན་ནས་ཁོ་རང་མཐར་ཁ་ཁར་སོང་བ་ཡིན། དེང་སང་ནི་ཁོ་རང་གིས་རང་གི་བུ་མོ་ལ་ཁྲིམས་ཐོག་དུ་མ་སོང་བར། ཁོ་རང་གི་བུ་མོའི་ཨ་མ་དང་མཉམ་དུ་སྐད་ཆ་བཤད་ནས་ནང་ཁུལ་གྱི་སྐད་ཆ་བྱས་ནས། ཟླ་རེ་བུ་མོའི་ཟས་དོད་དུ་ཨ་སྒོར་སུམ་བརྒྱ་ལྔ་བཅུ་ཙམ་བུ་མོའི་ཨ་མ་ལ་སྟེར་དགོས་པ་དང་། གཟའ་འཁོར་རེ་ལ་ཐེངས་གཉིས་གསུམ་རེ་བུ་མོ་ལ་བལྟ་སྐྱོང་བྱེད་དགོས་ཀྱི་ཡོད།
ཁོ་རང་ནི་སྣང་བ་ཆེས་སྐྱིད་པོ་བྱེད་པར་དགའ་བའི་ཕོ་གསར་དེ་ཡི་རིགས་ཡིན། ཁོ་རང་ལ་གྲོགས་པོ་ཆེས་མང་བོ་ཞིག་ཡོད། ཁོ་རང་མི་ཁ་བདེ་བོ་ཞིག་དང་མི་གཞན་ལ་འདྲིས་སླ་བོའི་གྲངས་དུ་ཡོད། ཁོ་རང་གི་སྐྱེ་ཡུལ་ནི་རྒྱ་གར་ཡིན་ཡང་། ཕ་མ་གཉིས་ཀ་བོད་མི་གཙང་མ་ཡིན། ཁོ་རང་ཆུང་དུས་ནས་བཟུང་སློབ་གྲྭ་ཆེ་ཆུང་མང་བོ་ཞིག་ཐར་ཕྱིན་འདུག་མོད། བོད་ཡིག་ལས་ཧིན་རྡུའི་ཡི་གེ་ལ་དོ་སྣང་ཆེ་བ་དང་། བོད་ཡིག་གི་དྲ་རྒྱ་ལས་ཧིན་རྡུའི་དྲ་རྒྱ་ཁག་ལ་ཉན་པ་དང་གསར་འགྱུར་རིགས་ལ་གོམ་པ་ཞིག་ཡིན། ཁོ་རང་ལ་ངས་དུས་རྒྱུན་དུ་རྒྱ་གར་གྱི་བུ་ཞེས་བཤད་ཀྱི་ཡོད། ཁོས་ཀྱང་རང་ཉིད་ནི་རྒྱ་གར་གྱི་མི་དང་རང་གི་ཕ་ཡུལ་ནི་རྒྱ་གར་ཡིན་པར་གླེང་གི་རེད།
ཉིན་ཞིག་ང་རང་ཁོ་རང་གི་ནང་དུ་སོང་དུས་ཤིག་ལ། ངས་ཁོ་རང་ལ་རང་ཉིད་བོད་མི་ཞིག་ཡིན་བསམ་པའི་བསམ་བློ་དེ་འཁོར་གྱི་འདུག་གམ་ཞེས་དྲིས་དུས། ཁོ་རང་གིས་དེ་འཁོར་གྱི་འདུག་ཟེར། དེས་ན་བོད་མི་ཞིག་ལ་བོད་མི་ཞིག་གི་འགན་ཞིག་ཡོད་ངེས་ཡིན། ངས་བོད་མི་ཞིག་གི་འགན་འཁྲུ་འཁུར་ནས་འདི་བྱེད་དགོས་བསམ་པ་དེ་འདྲ་ཡིད་དུ་ཤར་མྱོང་ངམ་ཞེས་དྲིས་དུས། ཁོས་དེ་འདྲ་གང་ཡང་དྲན་མ་སོང་ཟེར། ཁོ་རང་ང་རང་རྒྱལ་ཁབ་འདིར་སླེབས་དུས་ཐེངས་དང་བོ་ཐུག་པའི་བོད་པ་དེ་ཡིན། དེ་དུས་ཁོ་རང་བཟའ་ཚང་གི་མཉམ་དུ་འདུག་ལ། བུ་མོ་དེ་སྐྱེ་མེད་ན་ཡང་རྒན་མོའི་གྲོད་ཁོག་ནང་དུ་བུ་མོ་འཁོར་ཚར་བའི་དུས་ཤིག་རེད།
ཉི་ཤུ
བོད་མི་དང་ནང་བའི་རྗེས་མཇུག་པ་ཚོས་རྩ་ཆེ་བར་བརྩི་བའི་དུས་ཆེན་ས་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན། གཞན་ཡུལ་གྱི་ང་ལ་གུང་གསེང་མེད། ནམ་རྒྱུན་ལྟར་ལས་ཀ་སོང་། ལས་ཀ་གྲོལ་ནས་ཕྱིར་ཡོང་བའི་ལམ་ཁར་དེ་རིང་ནི་མཛའ་མོའི་མ་རྒན་ཕྱིར་ཡོང་གི་ཡོད་པ་མ་ཟད། མཛའ་མོའི་ཕ་རྒན་གྱི་ཚ་མོ་ཞིག་གི་རང་གི་ཁྱོ་ག་གློ་བར་དུ་ནད་མནར་གྱིས་གྲོངས་པ་དེ་ཡི་ཕུང་བོ་རྒྱལ་ཁབ་འདིར་འཁུར་ནས་ཡོང་གི་ཡོད་པ་དེ་དག་ཚང་མ་འཛོམ་ངེས་རེད། དེས་ན་ངའི་མཛའ་མོ་དང་མོ་རང་གི་ཨ་མ་གཉིས་ཀྱིས་སླར་ཡང་སྔོན་ཆད་བཞིན་ཕན་ཚུན་ལ་ཁ་བསྲེས་བྱེད་ངེས་ཡིན་ནམ་སོགས་བསམ་བློ་འདྲ་མིན་ཞིག་གཏོང་བཞིན་མཛའ་མོའི་མ་རྒན་གྱི་སྒོ་འགྲམ་ལ་སླེབས་གྲབས་ཡོད་དུས་སུ། མཛའ་མོའི་མ་རྒན་ཡང་ངས་སྔོན་ན་གོམ་པ་ཁ་ཤས་ཤིག་ལས་མེད་པར་འགྲོ་བཞིན་འདུག
ངས་དེ་ནས་འཚམ་འདྲི་ཞིག་བྱས་ནས། མོ་རང་གི་ལག་ནང་གི་རྒྱབ་ཁུག་འཁུར་རོགས་བྱས། ནང་གི་སྒོ་ཕྱེ་ནས་སྐེས་འཛེགས་དུ་ཡར་འགྲོ་བཞིན་པའི་སྐབས་སུ། ངའི་མཛའ་མོ་ཡིས་རང་གི་མ་རྒན་ལ་ཁ་ཡ་བྱེད་ངེས་ཡིན་ནམ། བྱེད་འོས་པ་ཞིག་རེད་མོད། ད་གང་ཤེས། གནམ་འོག་གི་མི་དག་གི་དགའ་སྐྱོའི་རྣམ་འགྱུར་དང་། སེམས་ནང་གི་ཚོར་བ་དེ་དག་ནི་ང་རང་གིས་བཤད་ཚོད་ཅིག་ག་ལ་ཐུག་བསམ་ནས་སྐེས་འཛེགས་སྟེང་དུ་སླེབས་དུས། ང་རང་རྗེས་མ་ཡིན། མཛའ་མོ་དཀྲུས་ཁང་གི་ནང་དུ་ང་རང་གི་གོན་པ་ཁ་ཤས་ཤིག་དཀྲུས་སྒམ་ནང་དུ་འཇོག་གིན་འདུག མོ་རང་གི་ཨ་མ་ཡིས། མཛའ་མོ་ལ་ཁྱེད་རང་ལ་རྡོ་རྗེ་ཡིས་ངའི་སྐད་བསྐུར་བཤད་སོང་ངམ་ཟེར།
མཛའ་མོས་རྣམ་འགྱུར་ལ་འགྱུར་བ་ཕྲན་པུ་འགྲོ་ཞོར་དུ། ང་ལ་བཤད་མ་སོང་ཟེར། དེ་མ་ཐག ངས་ནམ་ཡང་སྐད་སྐུར་ནི་བཤད་ངེས་ཡིན་ལ། དེ་ནི་བཤད་ཟིན་པ་ཡིན་ཞེས་གདོང་ལ་འཛུམ་གྱིས་བསུ་ཞོར་དུ་བཤད། སྟབས་ལེགས་པ་ཞིག་ལ་མ་བུ་གཉིས་ཀྱིས་སྐད་ཆ་བཤད་འགོ་དེ་ལྟར་བཙུགས་སོང་། སྐབས་དེ་འདྲ་ཞིག་ལ་མོ་རང་གི་ཕ་རྒན་གྱིས་ཁ་པར་སླེབས་ནས་ཁོ་རང་སྐར་མ་ཁ་ཤས་ཤིག་ནས་ང་ཚོ་ཡོད་སར་འབྱོར་གྱི་ཡིན་རབས་ཟེར། རྡོ་རྗེ། ཁོ་སླེབས་ན་ཟ་རྒྱུ་ཞིག་ལྷག་འདུག་གམ་ཟེར་ནས་མོ་རང་གི་ཨ་མ་ཡིས་ང་ལ་དྲིས། ང་ཚོས་ཟ་མ་ཟ་བཞིན་ཡོད། དེ་དུས་ངས་སེམས་ཁྲལ་མ་བྱེད། ཟ་རྒྱུ་ཞིག་ལུས་འདུག་ལ། ངས་སྐར་མ་ཁ་ཤས་ནང་དུ་འབྲས་བཙོས་མའི་ལྷན་དུ་ཟ་ཡ་སྔོ་ཚལ་ཞིག་བཟོས་ཆོག
ངས་ཡར་བླངས་ནས་ཟ་ཞོར་དུ། མཛའ་མོའི་ཕ་རྒན་སླེབས་ན་ཟ་རྒྱུ་ཞིག་དགོས་ངེས་ཡིན་སྙམ་ནས་གང་མགྱོགས་མགྱོགས་ཀྱིས་སྔོ་ཚལ་ཞིག་བཟོ་བཞིན་ཡོད་ཀྱང་། མཛའ་མོས་ཅོག་རྩེ་འགྲམ་དུ་ཤོག ང་ཚོའི་ལྷན་དུ་ཟ་མ་ཟ་ཟེར་ནས་འབོད་ཀྱི་ཡོད། ངས་ཐབ་ཚང་དུ་ཟ་ཞོར་དུ་སྔོ་ཚལ་བརྔོས་ཚར་ནས་ཅོག་རྩེ་འགྲམ་དུ་སོང་དུས། བུ་མོ་ཐར་མ་མཚོས་ཟས་ཚར་ནས་རྐུབ་སྟེགས་ལས་ཐང་དུ་འགྲོ་རྒྱུ་ཡིན་ཟེར་ནས་སྐད་བརྒྱབས་དུས། མཛའ་མོས། བལྟས་དང་། ད་བུ་མོས་ཟས་ཚར་བ་རེད། ངས་ང་ཚོས་མཉམ་དུ་ཟོས་ན་ཞེས་བཤད་པ་ཡིན། ད་ཁྱེད་རང་གཅིག་བུས་ག་ལེར་ཟོ་ཟེར། མོ་རང་གི་མ་རྒན་གྱིས་ཀྱང་ཟས་ཚར་ནས་རྐུབ་སྟེགས་རིང་མོའི་སྟེང་དུ་བསྡད་ནས་ཚགས་པར་ཞིག་ཀློག་གིན་ཡོད།
མཛའ་མོའི་ཕ་རྒན་ལ་སླེབས་པ་དང་། ངས་མོ་རང་ལ་ཟ་མ་ཚ་བོ་བཟོས་དེ་སྤྲོད་ཅིག་ཟེར་ནས་བཤད་དུས། མོ་རང་གིས་ཕ་རྒན་ནི་བུ་མོའི་མཉམ་དུ་རྩེད་རོགས་བྱེད་ཀྱི་འདུག ཅུང་ཙམ་སྒུག་ཟེར། སྐར་མ་ཁ་ཤས་ཤིག་གི་རྗེས་སུ་མོ་རང་གི་མ་རྒན་ཐབ་ཚང་དུ་སོང་ནས། མོ་རང་གི་རྒན་པོ་དང་མཛའ་མོའི་ཕ་རྒན་ལ་ཟ་མ་ཚ་བོ་བཟོས་ཚར་ནས་སྐད་བརྒྱབས་སོང་། ཅོག་རྩེ་སྟེང་དུ་སླེབས་པ་དང་ཁོ་རང་གིས་ཟ་ཞོར་དུ་ངེད་གཉིས་ཀྱིས་ཁ་བརྡ་བྱེད་འགོ་བཙུགས། མཛའ་མོའི་ཕ་རྒན་གྱིས་ང་རང་ལ་ཁྱེད་རང་དུར་ས་རུ་འགྲོ་རྒྱུ་ཡིན་ནམ་ཟེར།
ངས་ང་རང་འགྲོ་ཐུབ་ས་མ་རེད། ཚང་མ་བུད་སོང་བ་ཡིན་ན། ཐར་མ་མཚོ་ལ་སུས་བལྟ། དེ་ལས་ང་རང་ནང་དུ་བསྡད་ནས་ཐར་མ་མཚོ་ལ་བལྟ་དགོས་པ་རེད། ངས་བསམ་ན་བུ་མོ་འཁུར་ནས་དུར་ས་རུ་སོང་ན་དེ་འདྲའི་འཚམ་པོ་ཞིག་ཀྱང་མིན་པར་འདོད། ལྷག་པར་དུ་ལོ་ཚད་འདི་འདྲ་ཞིག་དུར་ས་རུ་འགྲོ་བ་དེ་ཡང་དངོས་ནས་མོ་རང་གི་ལོ་ཚད་དང་རན་པོ་ཞིག་མ་རེད་ཅེས་བཤད་དུས། མོ་རང་གི་ཕ་རྒན་གྱིས་ང་ལ། དེ་ཁྱེད་རང་གིས་བཤད་པ་བདེན་པ་རེད་འདུག ངས་དེ་འདང་བརྒྱབས་མི་འདུག་ཟེར།
མཛའ་མོས་དཀྲུས་ཤིག་བརྒྱབས། གོན་པ་ཞིག་བརྗེ་ནས་སླེབས་སོང་། བོད་པའི་སྲོལ་འདྲ་ཡིན་ན། བུད་མེད་ཚོ་དུར་སར་མི་འགྲོ་བ་དང་ལྷག་པར་དུ་སྤྲུམ་མ་ཞིག་དུར་སར་འགྲོ་བའི་གོམ་གཤིས་མེད་ཅེས་བཤད་ཆོག་ན་ཡང་། ངས་མོ་རང་ལ་རྣམ་དོག་གི་རང་བཞིན་གྱི་སྐད་ཆ་གང་ཡང་མ་བཤད་པ་མ་ཟད། ང་རང་བུ་མོ་དང་ལྷན་དུ་ནང་དུ་བསྡོད་རྒྱུ་བྱས་པ་ཡིན། ཁོང་ཚོ་འགྲོ་ཁར་མཛའ་མོའི་ཕ་རྒན་གྱིས་ང་རང་གི་ལག་པར་སྒོར་མོ་བཞག་ནས། མགྲོན་པོ་དག་ལ་སྐོམ་ཆུ་མངར་མོའི་རིགས་དང་། མངར་ཟས་ཀྱི་རིགས་སོགས་ཉོ་རོགས་ཟེར།
ཁོང་ཚོ་སོང་ཤུལ་དུ་ངས་བུ་མོ་འཁྲིད་དེ། སྣ་འདུས་ཚོང་རྭ་ལ་སོང་ནས་དེ་རིགས་ཉོས། ཕྱིར་ནང་དུ་འབྱོར་ནས་བུ་མོ་བལྟ་བཞིན་ཡོད་དུས་ཤིག་ལ། མཛའ་མོས་ང་རང་ལ་ཁ་པར་སླེབས་སོང་། ཁོང་ཚོ་མི་རིང་བར་སླེབས་ཡོང་ཟེར། དེ་དུས་ངས་མི་ག་ཚོད་ཅིག་ཡོད་མེད་དྲིས་དུས་བཅུ་གྲངས་ལས་བརྒལ་འདུག་ཟེར་བ་དེར་ངས་ཟ་མ་ཞིག་བཟོ་དགོས་པ་ཤེས་ནས་བཟོས་ནས་སྒུག་པ་ཡིན། བུ་མོ་ཉལ་བའི་དུས་སུ་སླེབས་ཡོད་དུས། ངས་ཟ་མ་བཟོས་ཚར་བ་དང་བུ་མོ་ཉལ་སའི་ནང་དུ་འཇོག་པར་སོང་།
བུ་མོ་ཐར་མ་མཚོ་ཡི་མིག་ཆུང་ཆུང་གཉིས་ཀ་ག་ལེར་བཙུམ་ནས་འགྲོ་བཞིན་ཡོད་པའི་སྐབས་ཏག་ཏག་དེར། སྒོ་བརྡུང་བའི་སྒྲ་ཤུགས་ཆེན་པོ་དེ་ཡིས་བུ་མོ་གཉིད་ལས་སད་དུ་བཅུགས། ང་རང་རྒྱུགས་ཐང་གཅིག་གིས་འོག་ཤོད་ནས་འོག་ལ་སོང་ནས་སྒོ་ཕྱེ་བ་ཡིན། སྒོ་བརྡུང་མཁན་ནི་མཛའ་མོའི་ཕུ་བོ་བཟའ་མི་གཉིས་དང་གཞན་ཁ་ཤས་ཤིག་རེད། ངས་འཚམ་འདྲི་ཡང་མ་བྱས་པར་ཕྱིར་བུ་མོའི་འགྲམ་དུ་སོང་།
དུར་ས་ནས་སླེབས་པའི་མི་ནི། མཛའ་མོའི་ཨ་ཅེ་བཟའ་མི་གཉིས། མཛའ་མོའི་ཕུ་བོ་བཟའ་མི་གཉིས། ཨ་རི་ནས་རོ་འཁུར་ནས་ཡོང་བའི་མོ་རང་གི་ཕ་རྒན་གྱི་ཚ་མོ་དང་བུ་གཉིས་ཀ མོ་རང་གི་ཕ་མ་གཉིས་དང་མོ་རང་བཅས་མི་བཅུ་ཏག་ཏག་འདུག སྤྱིར་བཏང་མོ་རང་གི་ཕ་རྒན་གྱི་ཚ་མོའི་རྒན་པོ་དེ་ནི་ལོ་ལྔ་བཅུ་ནང་དུ་ཡོད་རབས་འདུག ཁོ་རང་ནི་རྗོ་ཤུ་མི་རིགས་ཤིག་ཡིན་དུས། ཁོ་རང་གི་མི་ཚེ་ནང་གི་འཚོ་བ་རོལ་ས་མང་ཤོས་དེ་ནི་ཨ་རི་ཡིན་པ་དང་། ཤི་ས་དེ་ཡང་ཨ་རི་ཡིན་ཡང་། རོ་ཨ་རི་ནས་དུར་འཇུག་མ་བྱས་པར། རྒྱལ་ཁབ་འདིའི་དུར་ས་ཞིག་ལ་སྒོར་མོ་མང་བོ་ཞིག་སྤྲད་དེ། དུར་ས་ཉོས་ནས་འདི་རུ་དུར་འཇུག་བྱེད་དོན་ནི། རྗོ་ཤུ་མི་རིགས་འཚོ་གནས་ཀྱི་ཡོད་ཚད་རྒྱལ་ཁབ་འདིར་ཡོད་པ་དང་། རྒྱལ་ཁབ་འདིར་དུར་འཇུག་བྱེད་ཐུབ་པ་དེ་ནི་ཁོང་ཚོས་གཟི་བརྗིད་དུ་བརྩི་བཞིན་ཡོད་པ་དང་རྨོངས་དད་ཀྱི་བསམ་པའི་འཁྱེར་སོ་ཞིག་ཀྱང་ཆགས་ཡོད།
ཤི་ཡུལ་གཞན་ཡིན་ཡང་། རང་ཉིད་ཀྱི་རིགས་རུས་གང་དུ་གཏོགས་པའི་མི་རིགས་ཤིག་འཚོ་གནས་ཡོད་ས་དེར། རང་གི་མི་ཚེ་བཀང་བོ་དེ་རུ་རོལ་མ་ཐུབ་ན་ཡང་། རང་ཉིད་ཀྱི་བེམ་པོ་དེ་རུ་བསྐྱེལ་ཐུབ་བྱེད་པ་འདིས་ང་ཚོ་བོད་མི་དག་ལ་སྐད་ཆ་ཤིག་བཤད་ཀྱི་འདུག་སྙམ་སོང་། སྟབས་ལེགས་པ་ཞིག་ལ། བེམ་པོ་བསྐྱེལ་དུ་ཡོང་བའི་མྱ་ངན་གྱི་འདུ་འཛོམས་འདིས་ནམ་ཡང་ལྷན་གཅིག་དུ་འཛོམ་མི་ཐུབ་པའི་མོ་རང་གི་ཕ་རྒན་དང་མོ་རང་གི་ཕུ་བོའི་རྒན་མོ་གཉིས་ཀ་ལྷན་གཅིག་དུ་འཛོམ་དུ་བཅུགས་པ་མ་ཟད། ཅོག་རྩེ་གཅིག་གི་མཐའ་སྐོར་ནས་ཟ་མ་ཡང་མཉམ་དུ་ཟ་རྒྱུ་བྱུང་བ་རེད། ལྷག་པར་དུ་འདི་ནི་མོ་རང་གི་མཛའ་མོའི་ཕ་མ་གཉིས་དང་བུ་ཕྲུག་གསུམ་མཉམ་དུ་འཛོམས་པ་འདི་ནི་ལོ་ངོ་དུ་མའི་རྗེས་ཀྱི་ཉིན་ཞིག་ཆགས་པ་རེད།
མུ་འགོད།
འ་འ་་་གཉར་བ་པོ་སྒུག་སྒུག་ནས་དེ་རང་སླེབས་སོང་རང་བདེ་པོ་ཡིན་ནམ།
ཚང་མ་ཀློག་ཡིན་བྲོ་བ་ཡོད་གི་ཡ་Thank you very much my friend for you.
ok see you soon.
ལེ་ཚན་བཅོ་བརྒྱད་པ་དེ་མཐོང་མ་སོང་། ཁྱེད་ཀྱི་ཟིན་བྲིས་སུ་ཡང་མི་འདུག ངོ་དེབ་ནང་དུ་ཡོད་པ་མིན་ནམ།
ཨཨཨཨ འདི་འདྲ་སྙན་མོ་ཞིག་སྒུག་སྒུག་ནས་དེ་རིང་སླེབ་སོང་། འདི་འདྲ་བ་དངོས་བྱུང་གི་ལོ་རྒྱུས་རིང་མོ་འདི་ཡིན་ན་སྙན་པ་ལ་ཚོད་མི་འདུག གྲོགས་པོ་ཟ་ལེ་རྒྱལ་སྙིང་ཐག་ པ་ནས་ཐུགས་རྗེ་ཆེ།།
མུ་འཐུད་ནས་སྤེལ་རོག་གནང
བཀའ་དྲིན་ཆེ་ཡག་པོ་འདུག མུ་མཐུད་དུ་འབྲི་རོགས་སྒུག་ནས་ཡོད
ཚང་མས་ཐུགས་སྣང་ཆེན་པོས་ཉིན་རེ་བཞིན་ཀློག་དུ་ཕེབས་པ་དགའ་ནི་ཡིན། ཀླུ་སྨྱོན་ལགས། བཅོ་བརྒྱད། བཅོ་ལྔའི་གཞུག་དུ་བཞག་ཡོད་པ་རེད། བཅོ་ལྔ། བཅུ་དྲུག བཅུ་བདུན། བཅོ་བརྒྱད་ཅེས་མཉམ་དུ་སྤེལ་འདུག
ང་ཡང་སྒུག་མཁན་ཚོའི་ནང་ནས་གཅིག་ཡིན་་་རྗེས་མ་ཆུ་ཚོད་ཡོད་དུས་ད་མ་འཆུག་་་བུ་རྒོད་པོ་་་ཕ་བཟང་གི་བུ་ཧཧཧཧཧ
ང་ཚོ་བོད་ཀྱི་ཁ་དཔེ་ལ། ས་མཐའ་མི་སྐྱིད། མཛོ་འཕོངས་མི་བདེ་བ་ཆི་མི་བདེན།
ང་ཚོ་བོད་ཀྱི་ཁ་དཔེ་ལ། ས་མཐའ་མི་སྐྱིད། མཛོ་འཕོངས་མི་བདེ་ཟེར་བ་ཆི་མི་བདེན།
ཤ་རུས་ཁྲག་གསུམ་ལགས་ཁམས་བཟང་། ཀརྨ་ཆོས་འཕེལ་ཆང་གིས་བཟི་རབས་ཀྱི་གསར་འགྱུར་གྱི་འོག་ཏུ་མཆན་བུ་བཏགས་དགོས་བསམ་ཀྱང་མཆན་བུ་བཏགས་ཐུབ་ཀྱི་མི་འདུག་པས་འདིར་ཁུར་ཡོང་བ་ཡིན། རྒྱལ་ཁབ་དང་རྒྱལ་དར་ལ་གཅེས་པའི་མི་བུ་རེ་གཉིས་ཡོད་པ་རྣམས་སུ་མ་ཉེས་ཁ་གཡོག་བྱེད་ཀྱི་འདུག་བསམ་གྱི་འདུག་པས་དཔྱད་པ་གནང་རོགས། མཆན་བུ་འདི་ཁ་བརྡའི་དྲ་པ་ཚོའི་ཆེད་དུ་དང་གསར་འགོད་པ་དོན་བཀྲའི་ཆེད་དུ་ཡིན།
གསར་འགོད་པ་བཀྲ་ཤིས་དོན་འགྲུབ་ལགས་སུ་ཆེད་ཞུ། གཅིག་ནས་གསར་འགྱུར་འདི་དྲང་བདེན་ཡིན་མིན་གྱི་དོགས་པ་སྐྱེས་སའི་ས་ཆ་མང་པོ་ཞིག་འདུག
དཔེར་ན། ༼༼ཕྱི་ཚེས་ ༡༣ གྱི་ཕྱི་དྲོར་ལས་འགུལ་གོ་སྒྲིག་པ་གནམ་ཐང་ལ་ཕེབས་བསུར་བཅར་སྐབས་ཀརྨ་ཆོས་འཕེལ་ལགས་ར་བཟི་ཡོད་འདུག
ཀརྨ་ཆོས་འཕེལ་ལགས་ཕྱི་ཉིན་ཚེས་ ༡༤ ཉིན་གྱི་མཛད་སྒོའི་སྟེང་དུས་ལྟར་ཕེབས་ཐུབ་མེད་པ་མ་ཟད། ཉིན་གུང་ཙམ་ལ་ཁོང་གཉིད་སད་སྐབས། ལས་འགུལ་གོ་སྒྲིག་པས་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་བཤད་ཀྱང་། ཁོས་ཨུ་ཚུགས་ཀྱིས་ཉིན་གུང་ཙམ་ལ་ལས་འགུལ་སྤེལ་སར་བསླེབས་ཡོད་པ་དང་། ༽༽ཞེས་བྲིས་འདུག་པས་སྤྱི་ཚེས་༡༣་ཉིན་ཆང་གིས་བཟི་ནས་སྤྱི་ཚེས་༡༤་ཡི་ཉིན་དགུང་ཙམ་མ་གཏོགས་གཉིད་ཉལ་བ་དང་ཉིན་དགུང་གཉིད་སད་དུས་ར་བཟི་དངས་མེད་པར་དེ་འདྲ་ཡོང་སྲིད་ཀྱི་མ་རེད། སྐད་ཆ་འདིའི་ནང་དུ་རྫུན་ཆེན་ཞིག་འདུག་སྙམ།
ལས་འགུལ་གོ་སྒྲིག་པས་ཀརྨ་ཆོས་འཕེལ་ལགས་སུ་ལས་འགུལ་སྤེལ་སར་ཕེབས་ན་ཡག་པོ་མེད་ཚུལ་གསུངས་ཡོད་པ་རེད་ཟེར་དུས་་་་་་ལས་འགུལ་གོ་སྒྲིག་པ་ཡང་ཉིན་དགུང་བར་དུ་ཀརྨ་ཆོས་འཕེལ་ལགས་ཀྱི་ཉལ་ཁང་ནང་དུ་བཞུགས་ཡོད་པར་བསྟན་གྱི་འདུག་པས་འདིར་རྫུན་ཆེན་གཉིས་པ་རེད་འདུག་སྙམ།
ལས་འགུལ་གོ་སྒྲིག་པ་སྤྱི་ཚེས་༡༤་ཡི་ཉིན་མོའི་ཉིན་དགུང་ལས་སྤེལ་སའི་ས་ཆ་ལ་ཡོད་དམ། ཀརྨ་ཆོས་འཕེལ་མཉམ་དུ་ཡོད། གལ་སྲིད་ཀརྨ་ཆོས་འཕེལ་མཉམ་དུ་ཡོད་ན་གོ་སྒྲིག་པ་ཁོང་རང་ཡང་རྗེས་ལུས་ཐད་ཡོད་པས་ཁོང་གཉིས་འདྲ་འདྲ་རེད།
གལ་སྲིད་སྤྱིོ་ཚེས་༡༤་ཡི་ཉིན་དགུང་ཀརྨ་ཆོས་འཕེལ་ཉལ་ཁང་ནང་དུ་ལས་འགུལ་གོ་སྒྲིག་པ་མེད་ན་ར་བཟི་དངས་མེད་པར་ཇི་ལྟར་ཤེས་ཐུབ་བམ། སྐད་ཆ་འདིའི་ནང་དུ་རྫུན་གྱི་འཁོར་ལོ་ཞིག་སྐོར་གྱི་འདུག་སྙམ་མོ།
རྒྱལ་གཅེས་པ་སྤྱི་འཐུས་ཀརྨ་འཕེལ་ལགས་ཆང་གིས་བཟི་རབས་དང་༢༠༠༨ལོར་ཡུང་རོ་གྲོས་འཚོགས་ནང་དུ་ལས་དོན་བསྒྲུབས་མ་ཐུབ་པའི་གནད་དོན་ལྷག་ཡོད་པར་བཤད་མཁན་ཚོ་བདེན་པ་མ་རེད། ༢༠༠༨་ལོར་ཀརྨ་ཆོས་འཕེལ་ལགས་ཀྱིས་གང་བཤད་བརྙན་དཔར་འདིར་གཟིགས་རོགས་ཞུ།།།།
http://www.youtube.com/watch?v=cq4eIYbxl0g&feature=fvsr
མ་ཉེས་ཁ་གཡོག་གིས་ས་རྒྱ་ཆད་ནི་མ་རེད། བཀའ་བརྒྱུད་པ་ལ་མཐོང་ཆུང་བྱེད་པར་བཞག་ན་དགའ་གི་རེད་འདོད། དེང་རབས་སྔོན་མའི་ནང་དུ་དགེ་ཆོས་མཆོག་ཆང་བཟི་ཡིན་རབས་བཤད་ནས་བཙོན་དུ་བཅུག་པ་རེད། དེང་སང་རྒྱལ་གཅེས་པ་ཀརྨ་ཆོས་མཆོག་ཆང་གིས་བཟི་རབས་བཤད་ཀྱི་ཡོད་པའི་གནད་དོན་འདི་འདྲ་ཡག་པོ་མ་རེད།
རྒྱལ་གཅེར་ཚོ་མིག་ནང་གི་ཚེར་མ་ཆགས་ཡོང་དུས་སུ་རྒྱལ་ཁབ་རྩ་མེད་འགྲོ་བའི་སྔོན་བརྡ་ཡིན་པར་འདྲ།
ཅོ་རི་ཉི་མ་ལགས་ཀྱིས་བཤད་པའི་སྐད་ཆ་ལ་རྒྱུ་མཚན་ཏོག་ཙམ་འདུག་སྙམ འོན་ཀྱང་། བདེན་པ་ཡིན་མིན་ནི་ད་དུང་གསལ་ཁ་མི་འདུག མ་ཟད་སྐད་ཆ་དཀྲོགས་གཏམ་ཙམ་ཡིན་ན་ནི་ཧ་ཅང་མ་རུང་བའི་གནས་སོ། ལར་ནས་ཅོ་རི་ཞེས་པ་འདི་མི་མིང་རེད་དམ་་་ཚང་མིང་རེད ཡང་ན་ས་མིང་རེད། གོ་མྱོང་མྱོང་ཞིག་འདུག གྲོགས་པོ་ཉི་མ་ལགས་ལ་འདྲི་བ་ཡིན། དུས་ཚོད་ཡོད་ན་ལན་རེ་གནང་རོགས་གནང་།
ཏྲེ་ཧོར་ཐུབ་བསྟན་ལགས་་་་་་ཅོ་རི་ཞེས་པ་བཏགས་མིང་རེད་ལགས་་་་གྲོགས་པོ།