ཆུ་སྐྱེས་སྒྲོལ་མ།
མི་མང་པོ་ཞིག་གིས་དྲ་སྟེང་དུ་མགོན་པོ་ཚེ་རིང་ལགས་འཇིག་རྟེན་ཕ་རོལ་ཏུ་ཕེབས་པར་གདུང་སེམས་མཉམ་སྐྱེད་ཀྱི་མྱ་ངན་རྩོམ་ཡིག་སྤེལ་བ་དང་དང་སེམས་གསོའི་མཆན་བུ་འདེབས་བཞིན་འདུག སྐབས་འདིར། ངས་ཀྱང་ཁོང་གི་སྐོར་བཀླགས་པ་དང་མཆན་བུ་ཡང་རེས་གཉིས་འདེབས་པར་འབད། རྩོམ་ཡིག་ཀློག་གིན་མཆན་བུ་འདེབས་ཀྱིན་ངའི་སེམས་ནང་འདས་དོན་ཞིག་ངམ་ངམ་ཤུགས་ཀྱིས་འཚངས་ནས་འོང་སྟེ་སྐབས་རེར་དབུགས་རྔུབ་གཏོང་བྱེད་པའི་སྤོབས་པའང་མེད་པར་བྱས།
དེ་ཡང་ལོ་ངོ་བཞི་ཙམ་གོང་གི་གནས་ཚུལ་ཞིག་སྟེ། ངའི་སྙིང་ཉེ་བའི་གཅེན་པོ་ནི་མགོན་པོ་ཚེ་རིང་དང་འདྲ་བར་མི་འདོད་པའི་ནད་ལྕི་མོ་ཞིག་གིས་མནར་ནས་འཇིག་རྟེན་ཕ་རོལ་ཏུ་ཕེབས་པ་དེ་རེད། ངས་ཁོང་འཇིག་རྟེན་འདིར་གསོན་པའི་རེ་བ་མེད་པ་ཧ་གོ་དུས་ནི། ཁོང་མ་གྲོངས་གོང་གི་བདུན་གཅིག་ཙམ་གོང་ལ་རེད། ཟླ་གཉིས་ཙམ་སྔོན་ནས་ཁོང་གི་ནད་གཞི་གང་ཡིན་ནང་མི་ཚོས་ཤེས་ཀྱང་ང་ལ་སྦ་གསང་བྱས་ནས་གསུངས་མ་བྱུང་།
ནང་མི་ཚོས་ཁོང་འཇིག་རྟེན་འདིར་གསོན་རེ་བྲལ་བ་དང་ཁོང་གིས་ང་ལ་གཙིགས་ཆེན་གནང་གིིན་ཡོད་རྐྱེན་ང་ལ་ཁ་པར་ཞིག་སླེབས། ཁ་པར་གྱི་སྒྲ་ཞིག་གྲག་བྱུང་བ་དང་ཨང་གྲངས་ལ་བལྟས་པར། དེ་ནི་གཅེན་པོའི་ཁ་པར་ཨང་གྲངས་ཡིན་པ་རྟོགས་བྱུང་བས་ཡིད་ལ་དགའ་བ་དཔག་མེད་སྐྱེས་ཀྱང་། ཁ་བརྡ་ངོ་མ་བྱེད་དུས་ཁོང་ལ་བཅོས་སུ་མེད་པའི་ནད་ཞིག་གིས་མནར་ནས་དུས་ཡུན་ཟླ་གཉིས་ཙམ་སོང་ཟིན་པ་མ་ཟད་་ཐ་ན་འཆི་ཁར་སླེབས་ཡོད་སྐོར་རིམ་པས་གསུང་བྱུང་་བ་དེ་ནི་ངའི་བསམ་ཡུལ་ལས་འདས་པར་གྱུར།
དུས་དེར། ང་རང་ནི་རྡོ་ལེབ་སྐམ་པོའི་སྟེང་གི་གྲོག་མ་དང་། སླ་ང་དམར་པོའི་ནང་གི་འབུ་སྲིན་བཞིན་བསྡད་ན་འདུག་མི་ཚུགས་པ་དང་། ཉལ་ན་གཉིད་མི་ཁུག་པའི་གནས་སུ་ལྷུངས། སྐབས་དེར། གལ་ཏེ་ང་ལ་རང་དབང་ཞིག་ཡོད་ན་ཁོང་མཇལ་དུ་བསྐྱོད་ཆོག་པར་སྙམ་ནས་ལྷག་ཏུ་རྒྱ་གུང་ཁྲན་ལའང་ཞེ་སྡང་དྲག་པོ་སྐྱེས་པས་མ་ཚད། བོད་མིའི་ལས་དབང་ལའང་སེམས་སྟེང་ནས་སྐྱོ་བ་དྲག་པོ་ཞིག་སྐྱེས། གལ་ཏེ་ང་ལ་འགྲོ་བསྐྱོད་ཀྱི་རང་དབང་ཞིག་ཡོད་ན། ཁོང་གི་མཐའ་མའི་ཞལ་རས་དེ་མཇལ་ཡོད་ངེས་ལ། ངེད་གཅེན་གཅུང་གཉིས་ཀྱི་ཆེས་མཐའ་མའི་ཐུག་འཕྲད་ཞིག་ཀྱང་བྱེད་ཐུབ་ཡོད་ངེས་སྙམ།
གང་ལྟར་ངས་ཁ་པར་ལས་ཁོང་ལ་མཚམས་འདྲི་རེ་དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ་བྱས་ལ། ནང་ཆོས་སྐོར་ནས་སེམས་ཀྱི་དམིགས་པ་བརྟན་དགོས་དོན་སོགས་གང་ཤེས་འགྲེལ་བཤད་བྱེད་ཁུལ་ལ་འབད་རུང་སེམས་སྡུག་གིས་མིད་པ་བརྣངས་ནས་མཇུག་ཡག་པོ་ཞིག་མཐུད་མ་ཐུབ། དེ་ལྟའི་སེམས་སྡུག་དང་མཇལ་འཕྲད་ཀྱིས་སྐལ་བའི་བར་གསེང་ཞིག་ནས་ཁ་པར་མཚམས་ཆད།
སྐབས་དེར་མིག་ཆུའི་རྒྱ་མཚོ་བསྐྱིལ་ལ། སྡུག་བསྔལ་གྱི་ཁུར་པོས་ང་རང་ནམ་ཡང་མནན་བྱུང་། ནམ་རྒྱུན་གསར་འགྱུར་བརྒྱུད་ལམ་ཁག་ནས་རང་ཤི་བརྒྱབ་པའི་གནས་ཚུལ་བསྒྲགས་འོང་དུས། ངས་དེ་ནི་ཆོ་མེད་ཞིག་དང་ལྐུགས་པའི་ལས་ཀ་ཞིག་ལ་རྩིས་མྱོང་། མཐའ་ན་ཐབས་ག་ཚོད་རྡུགས་ཀྱང་རང་ཤི་ནི་དུས་ནམ་ཡང་རྒྱག་རྒྱུ་དྲན་མི་སྲིད་སྙམ་པའི་ང་རྒྱལ་དང་སྤོབས་པ་ཞིག་གིས་ངའི་མགོ་བོ་ཡར་ལ་བཏེགས་ནས་ཡོད་རུང་། དུས་དེར་ངའི་སེམས་ལ་སེམས་སྡུག་དེ་འདྲ་ཞིག་གིས་མནན་པ་དེ་མུར་སྡོད་པ་ལས། རང་སྲོག་རང་གིས་བཅད་ན་དགའ་སྙམ་པའི་ཚོར་སྣང་ཞིག་རང་བཞིན་གྱིས་སྐྱེས་བྱུང་། དྲང་པོར་བཤད་ན་ངས་རང་སྲོག་གཅོད་དགོས་སྙམ་པའང་དྲན་བྱུང་།
འོན་ཀྱང་། འདས་པོའི་རྗེས་ལ་མཁོ་བ་དེ་ནི། མིག་ཆུའི་རམ་འདེགས་མ་ཡིན་པར། མ་ཎི་ཚིག་གཅིག་ལས་མ་བྱུང་ཡང་ཕན་པར་བསམ་སྟེ། འདས་པོར་རྗེས་འཇུག་སྒྲུབ་པ་དང་། ཤུལ་ལུས་བཟའ་མི་བུ་ཕྲུག་ཚོར་སེམས་གསོ་ལ་འབད་ཁུལ་བྱས། གང་ལྟར།་སྐབས་དེའི་སེམས་སྡུག་དེ་ལྟ་བུ་ད་ལྟ་རྒན་མགོན་པོ་ལགས་ཀྱི་ཤུལ་ལུས་ནང་མིར་ཚོས་མྱངས་དང་མྱོང་བཞིན་ཡོད་སྟབས། གདུང་བའི་སེམས་པ་འདི་ཐང་ལ་བཏིངས་ནས། ཁོང་ཚོར་གདུང་སེམས་མཉམ་སྐྱེད་དང་། མགོན་པོ་ཚེ་རིང་ལགས་བཞུད་ཤུལ་འདི་ནས་མར་མེ་རེ་སྦར་ཏེ། མ་ཎི་རེ་བགྲངས་ནས། སྨོན་ལམ་སྐྱབས་འཇུག་རྣམ་དག་འདེབས་བཞིན་ཡོད། དྲ་ངོས་ཀྱི་རྗེས་དྲན་རྩོམ་ཡིག་འདི་དག་གིས་བྱས་པ་ཅན་གྱི་ཤེས་ཡོན་པ་ཞིག་གླེང་གི་ཡོད་པ་འདི་ལ། གུས་མོ་ངས་ཀྱང་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད།
བཀླགས། ཁྱོད་ཀྱི་རྩོམ་འདིས་ངའི་མིག་གཉིས་ཀྱང་བརླན་པར་བྱས།
ཆུ་སྐྱེས་སྒྲོལ་མའི་སེམས་སྡུག་མྱོངས་ཚུལ་དེ་ཡིས་ང་ཡི་ཆུ་འབུར་མིག་གི་མཐའ་རུ་ཆུ་འཛིན་སྟུག་པོར་འཁྲིགས་ཏེ་ཆར་ཟིམ་ཟིམ་ཞིག་བབ་དུ་བཅུག་བྱུང། སྡུག་བསྔལ་འདི་དག་ཞི་བར་འདུས་བྱས་ཐམས་ཅད་མི་རྟག་པར་བསམ་པ་དང་འཆི་བ་མི་རྟག་དགུ་ཕྲུགས་བསྒོམ་པ་དག་ནི་དཀར་པོ་ཆིག་ཐུབ་ཀྱི་གདམས་པ་རང་རེད།
ཆུ་སྐྱེས་སྒྲོལ་མས་བཤད་པ་ལྟར། རྒྱ་ཀོང་ཁྲན་ཏང་གིས་ང་ཚོ་བོད་རིགས་ཚང་མར་འདི་འདྲའི་གནས་ཚུལ་གྱིས་མཚོན་པའི། ཉེས་མེད་མི་ལ་ལོ་བཅོ་ལྔ་ཉི་ཤུའི་བཙོན་འཇུག་དང། ཐ་ན་རང་ལུས་མེར་སྲེག་གཏོང་དགོས་པའི་གནས་སུ་བསྐྱལ་ཡོད། ད་དུང་བཙོན་ཁང་དུ་གཅར་རྡུང་སོགས་ཀྱིས་དེ་ནས་ཀློད་གྲོལ་ཐོབ་སྐབས་མི་དེའི་ལུས་སེམས
སྤྱིར་བཏང་ཡིན་ན་འཇིག་རྟེན་གྱི་སྐྱེ་བོ་སུ་ཞིག་ཡིན་རུང་དགའ་སྤྲོའི་འཚོ་བ་ཞིག་བསྐྱལ་ན་མི་འདོད་པ་སུ་གང་མེད་ལ། ཡིན་ནའང་། ནར་མནར་གྱིས་མཚོན་པའི་འགྲོ་བར་ནད་སེལ་འཕྲོད་སྦྱོར་གྱི་སྨན་ལས་ག་ཚོད་བྱས་ཀྱང་ནུས་ཤུགས་ཀྱི་རམ་འདེགས་མ་བྱུང་ཚེ་ཕ་མ་སྤུན་མཆེད་དང་བཟའ་མི་བུ་ཕྲུག་བསྐྱུར་ནས་འཇིག་རྟེན་གྱི་ཁམས་ཆེན་པོ་དང་བྲལ་འགྲོ་བ་ཆོས་ཉིད་ཡིན་ལ་ཕ་མ་དང་གཉེན་ཉེ། བཟའ་ཟླ་བུ་ཕྲུག་ཕྱོགས་ནས་ཀྱང་བྲལ་གདུང་གི་སྐྱོ་བ་ཇི་འདྲའི་ལྕི་ནའང་མདོར་དེད་ན་འཚོ་འདོད་ཀྱང་ཚེ་སྲོག་གི་མ་འདང་བ་ཞིག་ལ་ཅི་ཡང་མིན། དེ་ལས་ལངས་ཚོའི་ན་བབ་ཕྲ་ཞིང་ནད་དུག་གི་དྲི་ཙམ་མེད་པར་་གློ་བུར་ཐོལ་རྒྱག་ལ་གངས་ཅན་བོད་མིའི་བདེ་སྡུག་གི་ཆེད་དུ་ཚེ་སྲོག་གསོན་པོ་བུད་ཤིང་བཞིན་སྤར་ཏེ་ཐལ་བར་གཏོང་དུས་ཁོང་ཚོའི་ནང་མི་དང་བཟའ་ཟླ་བུ་ཕྲུག་ཚོར་ཇི་འདྲའི་གནོན་དཀའ་བའི་སེམས་སྡུག་དང་སྐྱོ་གདུང་དྲག་པོ་ཇི་འདྲའི་མ
མཇུག་ཏུ། ཇི་འདྲའི་མོད་པོ་ཞིག
ལྷན་རྒྱས་ཐུགས་རྗེ་ཆེ།
བཅོས་མེད་ལས་དབང་གི་བཀའ་རྒྱས།། མི་རྟག་འཆི་བ་རེ་བྱུང་དུས།།
འཆི་བདག་ཤིན་རྗེ་དེ་དྲན་ནས།། སེམས་པ་དབེན་རི་ལ་ཤོར་སོང༌།།
དབེན་གནས་པད་ཚལ་གྱི་གཞི་ལ།། ཆོས་གྲོགས་སྦྲང་ཆུང་གི་འཁོར་ཚོགས།།
ཏིང་ཤག་ཆོས་སྒྲ་ལ་རོལ་དུས།། སེམས་པ་དབེན་རི་ལ་ཤོར་སོང༌།།
མི་འདོད་རྐྱེན་ལ་བསམ་ནས།། བྱང་སྟོད་ཟུག་ཟེར་རེ་ལངས་དུས།།
ཕན་པའི་སྨན་མཆོག་གི་རྒྱལ་པོ།། དམ་པའི་ལྷ་ཆོས་ལས་མི་འདུག།
ཕུག་པའི་ཁང་བཟང་ལ་ཞུགས་ནས།། ཏིང་འཛིན་ཟས་མཆོག་ལ་རོལ་བའི།།
ཐོས་ཕྱུག་སྒོམ་ཆེན་དེ་མཇལ་དུས།། སེམས་པ་དབེན་རི་ལ་ཤོར་སོང༌།།
མཇལ་འཛོམས་སྐལ་བཟང་ལ་རེ་བའི།།
མཁྱེན་ཡངས་གཤིས་བཟང་གི་དྲ་གྲོགས།།
མ་མཇལ་མ་མཐོང་གི་སྔོན་ལ།།
ཕྱི་མར་གཤེགས་པ་དེ་གོ་སོང།།
སྔོན་ཆད་མཐོང་མྱོང་ནི་མེད་ཀྱང་།།
ད་ལྟ་མིག་ཆུ་ཡི་ནང་དུ།།
ཉིད་ཀྱི་འཛུམ་ཞལ་དང་ལྷན་དུ།།
གསུངས་བཤད་ཚིག་འབྲི་རྣམས་ཤར་བྱུང་།།
ཁ་བརྡ་དྲ་རྒྱ་ཡི་ཀློང་ནས།།
ཁ་རྒྱགས་ཚིག་རྒྱགས་རེ་བཤད་ནས།།
ཁ་ཁོག་འོ་ཆུ་བཞིན་འདྲེས་པའི།།
ཁ་བ་ཅན་པ་ཁྱོད་དྲན་སོང་།།
ཆུ་སྐྱེས་སྒྲོལ་མས་བྲིས་པ་བཞིན་དུ། རང་གི་གཉེན་འབྲེལ་གཅེས་པ་ཞིག་ཚེ་ལས་འདས་དུས་སེམས་སྡུག་ཆེན་པོ་སྐྱེ། སྤྱི་ལོ་༡༩༦༩ལ་བདག་གི་སྤུན་མཆེད་ངག་དབང་འཛིན། རང་བཞིན་དྲང་བ། རྒྱ་གར་དམག་མི་ལས་གཡོལ་པ་གློ་བུར་དུ་གྲོངས་པའི་གནས་ཚུལ་ཝཱ་ཎ་ལེགས་སྦྱར་སློབ་གྲྭར་ཡོད་དུས་ཐོས་པས། ཟླ་བ་ཁ་ཤས་མྱ་ངན་གྱིས་གནོན་པ་བྱུང་། རང་རེས་འདི་དང་འདི་སྐུ་གཤེགས་པའི་གནས་ཚུལ་ཐོས་པ་ན། སྣང་རྟགས་མི་གཏོང་ཡང་། ནང་མི་དང་གཉེན་ཉེ་འབྲེལ་རྣམས་ལ་ཇི་ཙམ་མྱ་ངན་ཡོད་པ་རྗེས་སུ་དཔག སུ་དང་སུ་ལ་མྱ་ངན་ཡོད་པ་ལ་གདུང་སེམས་མཉམ་བསྐྱེད་ཞུ་འོས་སུ་མཆིས།
་
ཀྱེ་མ་འདུས་བྱས་རྣམས་མི་རྟག
སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན།
སྐྱེས་ནས་འཇིག་པར་འགྱུར་བ་སྟེ།
དེ་དག་ཉེ་བར་ཞི་བ་བདེ།། ༣ །།
་
ཆེད་དུ་བརྗོད་པའི་ཚོམས། ལེ་ ༡
་
ཚིགས་བཅད་འདི་དུད་ཁྲོད་དུ་ཕུང་པོའི་མདུན་དུ་གནས་བརྟན་སྡེ་པའི་དགེ་སློང་རྣམས་ཀྱིས་པཱ་ལི་སྐད་དུ་འདོན་པ་ཝཱ་རཱ་ཎ་སཱིའི་ཆུ་བོ་གངྒཱའི་འགྲམ་དུ་ཐོས་སོ།།
དུད་ཁྲོད་ཅེས་པ་དུར་ཁྲོད་ཅེས་བཅོས་སོ།