ཉེ་དུས་ཨ་ནུ་རིང་ལུགས་ཞེས་པའི་བོད་ནང་གི་རོལ་གཞས་ཚོགས་པ་ཞིག་གིས། རྩེད་མོ་ཡིན་ཡ་ཞེས་པའི་གཞས་གསར་དཔེ་མེད་ཅིག་བཏོན་འདུག །གཞས་དེར་དམིགས་བསལ་གྱི་ཁྱད་ཆོས་མང་པོ་འདུག་སྟབས་གཤམ་དུ་གཞས་ཚིག་དང་བཅས་བཀོད་ཡོད། ཁོང་ཅག་གི་སྐད་བརྡ་ཁ་ཤས་ཡག་པོ་མི་གོ་བས། གཞས་ཚིག་ཡིག་ཕབ་བྱས་པར་ནོར་འཛོལ་ཡོད་སྲིད།
གཞས་ཚིག
ཨ་མའི་བུ་ལ་རྟགས་ཞིག་བརྒྱབ་ནས་གསེར་གྱི་ཁྲི་ལ་བཞག་གདའ།
ཨ་ཕ་ལགས་ཀྱིས་ཕྲེང་བ་བཟུང་ནས་ཚོང་ར་སྐོར་ལ་སོང་ཐལ།
ཨ་མ་ལགས་ཀྱིས་མ་ཎི་བགྲང་བཞིན་ཤ་ཉོས་ནས་སླེབས་སོང་།
ཨ་བོ་བཀྲ་ཤིས་ལ་རྒྱ་བཤད་ནས་ཆང་གིས་གཟི་སོང་གདའ།
ཨ་ཅེ་ལྷ་མོས་འཁོར་བ་སྤངས་ནས་ཁ་པར་མཉམ་དུ་བྲོས་ཐལ།
ཨ་ཁུ་ཁོང་གིས་ཆོ་ག་གསུང་ན་དམངས་སྒོར་ ༢༠༠ རེད་ཟེར།
རྩེད་མོ་ཡིན་ཡ།
བསང་ངན་སྤྱད་ནས་མ་ཎི་བགྲངས་པ་ལས།།
བསམ་བཟང་སྤྱད་ནས་གླུ་ཆུང་ལེན་པ་དགའ།།
ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་དཔའ་རེད།།
སེམས་པ་བཟང་ན་ས་དང་ལམ་ཡང་བཟང་།།
ད་རིང་གཅིག་ལྟོས་ཤོག་ཨ།་་་
ཁྱོད་ཀྱི་སྐེ་ལ་བཏག་པའི་ལྕགས་ཐག་གི་གསེར་མདོག་ཟད་སོང་གདའ།
ཨ་ཙི་་་རླངས་འཁོར་རྫིག་པོ་ལ་ལྟས་ན་རྒྱུ་ཡོད་སར་གདའོ།།
རྒྱུ་ཡོད་ན་ཨ་ཁུའི་ཚ་བོ།
རྒྱུ་མེད་ན་ཨ་ཁུའི་གཡོག་པོ།
རྒྱུ་ཡོད་ན་བུ་མོ་སྤུན་གཉིས།
རྒྱུ་མེད་ན་བུ་མོ་དཔོན་གཡོག།
རྒྱུ་ཡོད་ན་རྒྱུ་ཡི་གཡོག་པོ།
རྒྱུ་མེད་ན་མི་ཡི་གཡོག་པོ།
ཁ་མཁས་ན་དཔོན།
ལག་མཁས་ན་གཡོག
ཁ་མཁས་ན་ཁེ།
ལག་མཁས་ན་སྡུག་རེད།
ཆང་འཐུང་ན་བཟི་དགོས།
དུག་ཟོས་ན་ཤི་དགོས་
དེ་ནས་་དུག་ཟོ། དུག་འཐུང་།
ཨ་རག་འཐུང་ཚར་དུས་་ད་བཟི།
མཁུ་ཚུར་བསྡམས་་ཚར་དུས་་ད་རྒྱོབས།
གྲི་ཤབ་ཚར་དུས་་་ད་ཚུགས།
མི་བསད་ཚར་དུས་་ད་བྲོས།
ཁྱོད་ལ་གཟུགས་དང་རྒྱབ་རྩ་ཡོད་ན།
བཤད་ཚད་ཐམས་ཅད་བདེན་པ་རེད།
ཁྱོད་ལ་རྒྱུ་དང་རྒྱབ་ཤོག་ཡོད་ན།
གོ་གནས་དགོས་ལེ་དཔེ་རེད།
ཁྱོད་ལ་དངུལ་་ཡོད་ན།
བོད་ཀྱི་གླུ་བ་ཁྱོད་རེད།
ལྕགས་དང་རྡོ་རིགས་མགོ་ལ་བཏགས་ན།
སྲོལ་་རྒྱུན་བཟང་པོ་དེ་ཡིས་འཛིན།
ཞབས་ཞུ་ལས་ཀ་སུས་བྱས་ན།
རིག་གནས་ཡོན་ཏན་དེ་ལ་གདའ།
འཚོ་བ། ་་་་་་་་་་་་་་་་་་རྩེད་མོ་ཡིན་ཡ།
རྣམ་ཤེས་། ་་་་་་་་་་་་་་་་་་རྩེད་མོ་ཡིན་ཡ།
ཚེ་སྲོག་། ་་་་་་་་་་་་་་་་་་རྩེད་མོ་ཡིན་ཡ།
རྨི་ལམ་། རེ་བ། བརྩེ་དུང་། སང་ཉིན། ཁ་སང་། དུས་རབས།
ཡོད་ཚད། མེད་ཚད། བསམ་ཚད། དྲན་ཚད། བཤད་ཚད། བཟླས་ཚད། གོ་ཚད། རིག་ཚད། ཟོས་ཚད། འཐུང་ཚད།
་་་་་་་རྩེད་མོ་ཡིན་ཡ་་་་་་
དངུལ་ཡོད་ན་བརྩེ་དུང་།
དངུལ་མེད་ན་རྩེད་མོ།
དངུལ་ཡོད་ན་འཚོ་བ།
དངུལ་མེད་ན་འཚོ་གནས།
ཨ་མའི་བུ་ལ་རྟགས་ཞིག་རྒྱབ་ནས་གསེར་གྱི་ཁྲི་ལ་བཞག་གདའ།
ཨ་ཕ་ལགས་ཀྱིས་ཕྲེང་བ་བཟུང་ནས་ཚོང་ར་སྐོར་ལ་སོང་ཐལ།
ཨ་མ་ལགས་ཀྱིས་མ་ཎི་བགྲང་བཞིན་ཤ་ཉོས་ནས་སླེབས་སོང་།
ཨ་བོ་བཀྲ་ཤིས་ལ་རྒྱ་བཤད་ནས་ཆང་གིས་གཟི་སོང་གདའ།
ཨ་ཅེ་ལྷ་མོས་འཁོར་བ་སྤངས་ནས་ཁ་པར་མཉམ་དུ་བྲོས་ཐལ།
ཨ་ཁུ་ཁོང་གིས་ཆོ་ག་གསུང་ན་དམངས་སྒོར་ ༢༠༠ རེད་ཟེར།
རྩེད་མོ་ཡིན་ཡ།
ཙེ་མོ་ཟེར་བའི་གཞས་འདི་ཧ་ཅང་སྙན་པོ་འདུག་པས་རྒྱུད་སྐུལ་མང་ཙམ་བྱེད་པ་རེ་བ་༅ཆེ་