གོ་ཚུལ་ཡིན་ན། རྨ་ཆུའི་ལྷོ་རྒྱུད་ཀྱི་སོག་པོ་མདའ་ཚན་ཐུ་མེད་ནས་ཡིན་པའི་གཞས་པ་བཀྲིས་དོན་གྲུབ་ཀྱིས་ཉེ་ཆར་ཡང་གཞས་གསར་བའི་འོད་སྡེར་ཞིག་བཏོན་ཡོད་འདུག འོད་སྡེར་གསར་བ་དེའི་ནང་གི་གཞས་ཚང་མ་བོད་དོན་དང་འབྲེལ་བ་ཡོད་པ་རྐྱང་རྐྱང་ཡིན་འདུག་པས་དལྟ་སྤྱི་བདེ་ལས་ཁུངས་ནས་གཞས་དེ་ཕྱིར་བསྡུ་བྱེད་བཞིན་པའི་སྒང་རེད་ཟེར། ཁོང་ནས་བརྗོད་ཚུལ་ལྟར་ན། ད་ནས་བཟུང་ངས་རང་དབང་ཁོ་ནའི་ཆེད་དུ་གཞས་གཏོང་གི་ཡིན་ཟེར་ནས་དམ་བཅས་པ་རེད་ཟེར། གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་མུ་མཐུད་བརྗོད་དོན། སྤྱི་བདེ་མི་སྣས་བརྗོད་གསལ་ལྟར་ན། ད་ཐེངས་ཁོང་ལ་ཁྲིམས་ཆད་ཀྱང་གཅོད་གི་རེད་ཅེས་དང་། གཞས་པ་ད་རུང་སྤྱི་བདེ་མི་སྣའི་ལག་ཏུ་ཚུད་མེད་པར་གནས་ག་ཤེད་ཅིག་ཏུ་ཡིབ་བསྡད་ཡོད་པ་རེད་ཟེར།
གཞས་པ་བཀྲ་ཤིས་དོན་འགྲུབ་ལགས་ནི་་དེ་སྔོན་ ་་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུའི་ལོ་་ ཞེས་པའི་བོད་ཕྱི་ནང་ཀུན་ཏུ་དར་ཤུགས་ཆེན་པོ་བྱུང་བའི་གཞས་དེ་གཏོང་མཁན་ཡང་རེད་འདུག སྔོན་མ་ཁོངབཀག་ཉར་གྱིས་འདྲི་གཅོད་བྱས་རྗེས་བཏང་ཡོད་འདུག དེ་སྔོན་ གོང་གི་གཞས་འདི་གཏོང་མཁན་བཀྲ་ཤིས་དོན་འགྲུབ་ཡིན་པ་ལས་སོག་ཕྲུག་ཤེས་རབ་མིན་པ་ཡང་ཞོར་འཕྲོས་ཀྱི་གསལ་བཤད་ཙམ་ཡིན།
ཁ་འགུལ་ན་ཁྲིམས་ལ་ཐོག གླུ་བླངས་ན་ཁྲིམས་ལ་ཐོག ལས་ཀ་ཞིག་བྱས་ན་ཁྲིམས་ལ་འགལ། མི་འགོར་བར་བོད་ཡིན་ཟེར་ན་ཁྲིམས་ལ་འགལ་དུས་ཤིག་སླེབས་ས་རེད།
གཞས་པ་ཁོང་གི་མཚན་ན་སོག་ཕྲུག་བཀྲ་ཤིས་དོན་གྲུབ་ཟེར།
སོག་ཕྲུག་འདི་འགོ་ལ་སྦྱར་ན་གཟི་བརྗིད་ཆེ། ཧི་ནན་ཞན་ཐོག་གི་གཞས་པ་ཚོའི་ནང་ནས་སྐད་གྲགས་ཆེ་ཤོས་གཅིག་ཁོང་ཡིན་ནི་རེད་ཟེར།
རེད་ངོ་མ་རེད། རྡུང་ལེན་འོད་སྡེར་དེ་ཟླ་འདོའི་ཚེས་༤་ཉིན་ཕྱིར་གཏོང་བྱས་བ་རེད། དེ་ཨེ་རླུང་ཚང་ནས་གླུ་དང་བཅས་བ་བཏང་སོང་། ཁོང་གི་གླུ་ཚིག་ནི་འདི་ལྟར་རེད།
མི་ལ་ལས་བུ་ང་ངན་གི་ཟེར།
མི་ལ་ལས་བུ་ང་བཟང་གི་ཟེར།
ང་བཟང་ན་ཆོག་ར་ངན་ན་ཆོག
ངས་བླ་མ་དྲན་པའི་སྡུག་བསྔལ་འདི།
ངའི་གངས་ཅན་བོད་ལ་སྒྲོག་རྒྱུ་ཡིན།
བསད་བཏང་རུང་འགྱོད་པ་ང་མེད་གི
མི་ལ་ལས་བུ་ང་ངན་གི་ཟེར།
མི་ལ་ལས་བུ་ང་བཟང་གི་ཟེར།
ང་བཟང་ན་ཆོག་ར་ངན་ན་ཆོག
ངས་བོད་གྱི་དཔའ་པོའི་མཛད་རྗེས་འདི།
ངའི་གངས་ཅན་བོད་ལ་སྒྲོག་རྒྱུ་ཡིན།
བསད་བཏང་རུང་འགྱོད་པ་ང་མེད་གི
མི་ལ་ལས་བུ་ང་ངན་གི་ཟེར།
མི་ལ་ལས་བུ་ང་བཟང་གི་ཟེར།
ང་བཟང་ན་ཆོག་ར་ངན་ན་ཆོག
བོད་དབང་མེད་རེད་ཟེར་གླུ་བླངས་ནས།
གླུ་བླངས་ནས་མི་ཚེས་གཏོང་རྒྱུ་ཡིན།
བསད་བཏང་རུང་འགྱོད་པ་ང་མེད་གི
ད་དུང་རྡུང་ལེན་གཞན་མང་པོ་འདུག་ཡིན་ཡང་འདི་ལས་བཀོད་ཁོམ་མ་བྱུང་།
རྡུང་ལེན་སྒྲ་དང་བཅས་བ་དགོ་མཁན་ཡོད་ན་འབྲེལ་བ་བྱོས་དང་ངས་བསྐུར་ཆོག་་་་་་་་་་་་
ཨ་རོ། གསར་འགོད་པ། ངེད་ལ་གཅིག་དགོ་གི བསྐུར་ཐུབ་ན། བསྐུར་གླ་དང་འོད་སྡེར་གྱི་རིན་གོང་ལབ་དང་བསྐུར་ཆོག
དེ་ནས། ཁྱེད་ལ་རེ་བ་གཞན་ཞིག་ཡོད། ཁ་སང་ཁ་བརྡའི་སྒང་དུ་ཆུ་ཚོད་གཅིག་གི་རྗེས་སུ་སྐུ་ཚེའི་འཕེན་པ་རྫོགས་པའི་བོད་མི་མང་སྤྱི་འཐུས་སྐབས་བརྒྱད་པའི་སྐོར་གྱི་བརྙན་འཕྲིན་འབྲེལ་ཐག་དེ་ངེད་ལ་ཅིག་གཏོང་རོགས་། བཀའ་དྲིན་ཆེ།
དངོས་ནས་དཀའ་ལས་ཁེགས་པོ་ཞེ་དྲག་རེད་ཡ། ཡིན་ན་ཡང་ཚེ་སྲོག་ལ་སྐྱོན་མེད་པར་ཤོག
སྐྱིད་ན་ཇ་ཆང་མཚར་གླུ་ལེན། སྡུག་ན་རང་སེམས་གསོ་གླུ་ལེན་ཟེར་བའི་བོད་མའི་གཏམ་འདིར་འགྲེལ་རྒྱག་མཁན་གྱི་ཨ་མའི་བུ་འདི་འདྲ་ཁ་ཤས་ཀྱིས་བཙན་གྱིས་ངག་བསྡམས་པའི་གཞིས་པ་ཚོར་སྨྲ་བརྗོད་སྤྲོད་ཀྱི་ཡོད། ཁོག་ལ་བཟུང་ན་དུག ཁ་ནས་ཕུལ་ན་སྨན་ཞེས་པ་ལྟར་རང་ཉིད་དང་མི་རིགས་ཀྱི་སྐྱོ་གར་གླུ་རུ་བླངས་ནས་སྤྱི་དགེར་གཉིས་ཀྱི་སེམས་གསོས་པའི་མ་ཚད། ད་ལྟའི་བོད་ཀྱི་གནས་སྟངས་ཕྱི་ནང་གཉིས་ལ་ཁྱབ་བསྒྲགས་དང་ལས་དོན་ཅི་ཡིན་ཡང་རང་ཉིད་ནས་བཤད་དང་སྒྲུབ་མ་ཐུབ་ན་འབྲས་བུ་སྤུ་ཙམ་མེད་པའང་ཤོར་དུ་བསྟན་འདུག
ཀླུ་ལ་ཞུ་རྒྱུར།
འདིར་གཞིས་ཚིག་བཀོད་པར་ཁྱོ་ཁ་དྲོ། ཐུབ་ན་ད་དུང་མུ་མཐུད་འགོད་རོགས། དེ་མིན་གཞས་པ་བཀྲིས་དོན་གྲུབ་ལ་ཡིག་ཐོག་ནས་དགོངས་པ་ཞུས་ནས་གཞས་ཚང་མ་སྒྲའི་འབྲེལ་ཐག་དང་བཅས་དྲ་རྒྱར་ཕུལ་ཐུབ་ན་ཡག་པོ་གདའ།
ང་ལ་ཡང་འོད་སྡེར་དེ་མཁོ་བས་ཉིད་ལ་འབྲེལ་བ་ཅི་ལྟར་འཛིན་དགོས།
ཨ་རིའི་སྲིད་འཛིན་ཨ་གྷབྷབྷ་མ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་སྐོར་ཡོངས་ཁྱབ་རང་བཞིན་ཅན་དུ་བཤད་སོང་བས་དགའ་སྤྲོ་སྐྱེས
དགོངས་དག། འོད་སྡེར་མེད་ང་ལ་དྲ་ཐོག་ནས་རྡུང་ལེན་ཁག་འབྱོར་ཡོད། དེ་དག་གློག་འཕྲིན་ཁ་བྱང་བསྐུར་དང་ངས་བསྐུར་ཆོག་ལ་དུས་ཁོམ་བྱུང་ན་དྲ་ཐོག་ལ་འཇོག་ཨི་ཐུབ་བལྟ། རིག་འབྱུང་ལགས་ཁ་སང་ཁ་བརྡའི་སྒང་དུ་ཆུ་ཚོད་གཅིག་གི་རྗེས་སུ་སྐུ་ཚེའི་འཕེན་པ་རྫོགས་པའི་བོད་མི་མང་སྤྱི་འཐུས་སྐབས་བརྒྱད་པའི་སྐོར་གྱི་བརྙན་འཕྲིན་འབྲེལ་ཐག་དེ་ངས་ཁ་བརྡ་ལ་ཡག་པོ་འཇོག་མ་ཐུབ་ཙང་རེད་དེ་ནས་ངའི་youtubeབཞག་ཡོད་དེ་ལ་བལྟ་རོགས་་ http://www.youtube.com/results?search_query=lhuboom&search_type=&aq=f
ཀླུ་ལགས། ཁ་དྲོ།གཞིས་པ་བཀྲ་ཤིས་དོན་གྲུབ་ཀྱི་གཞིས་དེ་དག་དྲ་ལམ་དུ་གཏོང་ཐུབ་ན་ཐུགས་རྗེ་ཆེ་ཞུ།
ྐླུ་འབུམ་ལགས།
བཀའ་དྲིན་ཆེ། སྤྱི་འཐུས་གྲོས་ཚོགས་ཀྱི་སྐོར་དེ་རེ་རེ་བཞིན་བལྟ་གིན་ཡོད།
དེ་ཚོ་དྲ་ངོས་སུ་རེ་རེ་བཞིན་འཇོག་ཐུབ་ན་ཡག་གི། ངེད་ཀྱིས་སྒེར་ངོས་ནས་ཁྱེད་ལ་འཕྲིན་ཡིག་ཅིག་བསྐུར་ཡོད།
བཀྲ་ཤིས་དོན་འགྲུབ་ཀྱི་གཞས་ཉན་ན་འདི་ན་ཡོད།
http://www.youtube.com/Tashi Dondup-Tibetan song
http://www.youtube.com/Tashi Dondup&Gonpotso-t…
http://www.youtube.com/06112009001 འདི་ལ་ཁ་བྱང་གཅིག་པ་མང་པོ་ཞིག་འདུག ཞབས་ན་gangchenpa བྲིས་ཡོད་པ་དེར་ནོན། མདུན་ངོས་སུ་ཁྲོམ་ར་ལྟ་བུ་སྦག་སྦག་ཁ་ཤས་ཀྱང་འདུག
བཀྲ་ཤིས་དོན་འགྲུབ་ཀྱི་གཞས་ཉན་ན་འདི་ན་ཡོད།
http://www.youtube.com/Tashi Dondup-Tibetan song
http://www.youtube.com/Tashi Dondup&Gonpotso-t…
http://www.youtube.com/06112009001 འདི་ལ་ཁ་བྱང་གཅིག་པ་མང་པོ་ཞིག་འདུག ཞབས་ན་gangchenpa བྲིས་ཡོད་པ་དེར་ནོན། མདུན་ངོས་སུ་ཁྲོམ་ར་ལྟ་བུ་སྦག་སྦག་ཁ་ཤས་ཀྱང་འདུག
མདའ་ཚན་པ་ལགས། རྩེད་མོ་ཡིན་ངོ་མ་ཡིན། དེ་ན་བཀྲ་ཤིས་དོན་གྲུབ་དང་འབྲེལ་བ་ཡོད་པ་གང་ཡང་མི་འདུག།
ངོ་མ་ཡིན། དེ་ན་བཀྲ་ཤིས་དོན་གྲུབ་ཀྱི་གཞས་ཁ་ཤས་ཡོད། ད་བསུབས་འདུག་ག ཨ་རོ་རབ་གསལ་ག་རེ་བྱས་ནས་བསུབས་པ་ཡིན།
ཀླུ། ངོ་མ་ཡིན། དེ་ན་བཀྲ་ཤིས་དོན་འགྲུབ་ཀྱིས་བཏང་བའི་གཞས་དང་ཁོང་དང་མགོན་པོ་མཚོ། ཁོང་དང་བསོད་ནམས་སྟོབས་རྒྱས་ཀྱིས་བཏང་བའི་གཞས། གཞན་པ་ཁ་བྱང་ཨང་གྲངས་བཀོད་པ་དེ་འདྲ་ཁ་བྱང་གཅིག་པ་གཞས་མི་གཅིག་པ་བཅུ་གྲངས་ཤིག་འདུག དེའི་ནང་མདུན་གྱི་པར་ཁྲོམ་ར་ཞིག་ན་བྱ་ཕུག་རོན་ཁ་ཤས་བབས་ཡོད་པ། སྦག་སྦག་གཉིས་ཀྱི་མདུན་མཐོང་བ་དེ་མནན་ན་ཁོང་གི ་་བསད་དང་རུང་འགྱོད་པ་ང་མེད་གི་་ ཟེར་བའི་གཞས་དེ་གོ་ཐུབ། མི་མཐོང་མི་ཐུབ།
ཨ་རོ་སུས་བསུབས་རེད། ཕ་རོ་མ་རོ། ཁ་སང་གི་གཞས་བྱང་དེ་སུ་ཞིག་གིས་བསུབས་འདུག་ག
དེས་ན་ཡུག་ཁྲུའུ་པུ་ནང་ལ་ཕྱིན། དེ་ནས་ tashi dondup ཀྱི་མིང་ཐོག་ནས་ཚོལ་དང་ཁྱེད་ལ་རྙེད་གི་རེད།
ཨ་རོ་རྩེད་མོ་མིན། ངོ་མ་ཡིན། དེས་ན་བཀྲ་ཤིས་དོན་གྲུབ་ཀྱི་མིང་ཐོག་ནས་ཚོལ་དང་།
བོད་ཀྱི་རོལ་དབྱངས། Tashi dondup ཟེར་ནས་ཕྲིས་དང་ཁོའི་གཞས་ཁ་ཤས་ཤིག་འདུག དེ་མིན་ན་ tibetan song by tashi dondup ཟེར་ནས་བྲིས་ནའང་ཁོའི་གཞས་རྙེད།
ཨང་གྲངས་06112009001འདིའི་འོག བསད་དང་རུང་འགྱོད་པ་ང་མེད་གི་ཟེར་བའི་གཞས་དེ་འདུག ཨང་གྲངས་ཀྱི་ཁ་བྱང་འདི་གཅིག་པོའི་འོག་གཞས་མི་གཅིག་པ་བཅུ་གྲངས་ཤིག་འདུག ཁ་བྱང་གཅིག་པ་གཅིག་རྐྱང་རེད། དེའི་ནང་ནས་མདུན་པར་ཁྲོམ་ར་ཞིག་ནང་བྱ་ཕུག་རོན་ཁ་ཤས་ས་ལ་བབས་ཡོད་པ། མི་ཁ་ཤས་རེ་དང་། སྦག་སྦག་གཉིས་ཀྱི་མདུན་མཐོང་བ་དེ་བཀྲ་ཤིས་དོན་གྲུབ་ཀྱི་གཞས་རེད། ཁང་པ་གང་ཞིག་ནས་གཞས་དེ་གྲགས་ཡོང་བ་མ་གཏོགས་གཞས་པ་མི་མཐོང་གི ད་གཅིག་རྒྱུགས་ར། ད་ཐེངས་ད་ཁྱོད་ལ་རྙེད་རྒྱུ་རེད་གོ