རྟ་ནག་སྐལ་བཟང་ལུང་རིགས།
དྲ་གྲོགས་རྣམ་པ་དང་། གཞས་གྲོགས་རྣམ་པ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ། ཐེངས་འདིར་ཡང་ཡུན་རིང་བོར་ང་ཚོར་མཇལ་ཐུབ་མ་སོང་ཡང་། འདི་ལོའི་བདག་སེམས་ཀྱི་དམིགས་འདུན་ཡོད་ཚད་ལེགས་པར་གྲུབ། ཉི་མ་རེ་རེ་ནི་བོད་ཡིག་སྦྱོང་བརྡར་འཛིན་གྲྭའི་ལས་དོན་གྱི་བྲེལ་འཚུབ་ཁྲོད་ དུ་འདས་ཤིང་། ཧོའུ་ཀྲུའུ་བོད་རིགས་རང་སྐྱོང་རྫོང་བཙུགས་ནས་བགྲང་བྱ་དྲུག་ཅུ་འཁོར་བའི་མཛད་ སྒོར་འཁྲབ་སྟོན་ཐེངས་གཅིག་བྱས་པ་ལས་གཞན། གཞན་དུ་སྒྲ་ལེན་པ་དང་། འཁྲབ་སྟོན་བགྱི་བ་སོགས་ཀྱིས་ལས་རིགས་ལ་འཛུལ་ཞུགས་གཏན་ནས་བྱས་མེད། རྒྱུ་མཚན་ནི་བདག་གི་སེམས་ཁྲལ་བྱ་ཡུལ་ཉག་གཅིག་ནི་བོད་ཡིག་སྦྱོང་བརྡར་འཛིན་ གྲྭའི་ལས་དོན་འདི་ཡིན་པས། གལ་སྲིད་འཁྲབ་སྟོན་སོགས་ལས་རིགས་གཞན་ལ་གཡེངས་ཚེ་སྦྱོང་བརྡར་འཛིན་གྲྭ་འདིར་ ཉེ་ཞོ་ཅི་འབྱུང་ཡང་ཆ་མི་འཚལ། འདི་ལྟ་བུའི་སྦྱོང་བརྡར་འཛིན་གྲྭ་ཞིག་སྒྲུབ་པ་ནི་ལས་དོན་ཆེན་པོ་ཞིག་ཀྱང་མ་ རེད་ལ། ཕྲན་ཚེགས་ཤིག་ཀྱང་མ་ཡིན་པས་མི་སེམས་ལ་སེམས་ཁྲལ་ཅི་ནས་ཀྱང་ཆེ། ལྷག་པར་དུ་ལས་དོན་ཆུང་ངུ་ཞིག་ཏུ་བརྩིས་པའི་ཆོག་པའི་སྦྱོང་བརྡར་འཛིན་གྲྭ་ འདི་ཉིད་བདག་ལ་མཚོན་ན་ཇི་འདྲའི་བརྒལ་དཀའ་བ་ཞིག་དང་། སྒྲུབ་ཁག་པོ་ཞིག་རེད་ཨང་། རྒྱུ་མཚན་འདི་ལྟ་སྟེ། ཕྱོགས་གང་ས་ནས་བལྟས་ནའང་། ཆ་རྐྱེན་དང་སྟོབས་ཤུགས་ཀྱི་ཉག་ཤིན་ཏུ་ནས་ཕྲ་བས། དཀའ་བ་སྤྱོད་པ་དང་། བརྟུན་པ་སྐྱེད་ཅི་ཐུབ་བགྱིས་པ་ཡིན།
དེ་ལྟ་ནའང་བདག་གིས་ཐབས་ཤེས་དང་དཀའ་སྤྱད་ཟུང་དུ་སྦྲེལ་ནས་རང་ཉིད་ཀྱི་དམིགས་ ཡུལ་ཇེ་བརྟན་དུ་བཏང་ཞིང་ལས་དོན་ལ་འབད་འབུངས་བྱས་པ་ཡིན། དཀའ་སྤྱད་དེ་ལས་ཐོབ་པའི་བདག་གི་ལྟ་ཚུལ་ནི་འདི་ལྟ་སྟེ། མི་ཞིག་གིས་རང་ཉིད་ཀྱི་དགའ་ཁ་ཁྱེར་ཕྱོགས་ཀྱི་ལས་དོན་ཞིག་སྒྲུབ་ཚེ་ཉམས་མྱོང་ དང་། སྟོབས་ཤུགས་ཀྱི་ཆ་རྐྱེན་ནམ་འཛོམས་ལ་བསྒུགས་ནས་བསྡད་པ་ཡིན་ན་མི་ཚེ་གཅིག་ལའང་ ཁྱེད་ཀྱི་དམིགས་ཡུལ་དེ་འགྲུབ་མི་སྲིད་པ་ཐག་གིས་བཅད་ཆོག གལ་སྲིད་ཡོད་ཚད་ལ་ངང་སྒུག་བགྱིས་ཏེ་ཡོད་ཚད་ཕུན་སུམ་ཚོགས་པ་ཞིག་བྱུང་དུས་ གཞི་ནས་ལས་དོན་ཞིག་བརྩམ་དགོས་ཚེ་སྐབས་དེར་དུས་ཚོད་ཀྱིས་ཁྱེད་རང་རྒྱང་ཕུད་ བཏང་ཚར་ཡོད་པས། སྐབས་དེར་བསླེབས་དུས་ཡོད་ཚད་འཕྱི་དྲགས་འདུག སྦྱོང་ བརྡར་འཛིན་གྲྭ་འདི་དངོས་སུ་ལག་ལེན་ལ་འདེབས་དུས་སླར་ཡང་རུ་སྡེ་སོ་སོའི་ནང་ དུ་དངོས་ཡོད་ཀྱི་གནས་སྟངས་ལ་ཞིབ་དཔྱོད་དུ་འགྲོ་དགོས་བྱུང་སོང་། ཞང་དང་གྲོང་བརྡལ། སྡེ་བའི་ཡུལ་མིའི་ཕན་ཚུན་མཐུན་ལམ་གྱི་གནད་དོན་དང་། སྡེ་བའི་ཁྱིམ་བདག་དག་དང་བསམ་ཚུལ་བརྗེ་རེས་བྱས་ཏེ་རང་ཉིད་ཀྱི་བུ་ཕྲུག་དག་ བོད་ཡིག་སྦྱོང་བརྡར་འཛིན་གྲྭར་འཇུག་པའི་འདོད་བློ་ཡོད་མེད་ཀྱི་སྐོར་ལ་བགྲོ་ གླེང་བྱས་པ་ཡིན། གཞན་ད་དུང་ཡུལ་སྡེ་རེ་རེའི་ནང་དུ་སློབ་ཁང་སོགས་བཙལ་བར་བྱ་བ་ནི་སྤྱིར་བཏང་ ཕྲན་ཚེགས་ལྟ་བུ་ཞིག་རེད་མོད། དོན་དངོས་སུ་དཀའ་བ་མ་སྤྱད་ན་མི་འགྲུབ་པའི་ལས་དོན་ཞིག་ཡིན་པ་གཞི་ནས་རྟོགས། ཡིན་ནའང་མཇུག་མཐར་དཀའ་བ་སྤྱད་པ་དང་བརྟུན་པ་བསྐྱེད་པའི་འབྲས་བུ་ལ་རེ་རེ་ བཞིན་ཐག་གིས་བཅད་ཐུབ་པ་བྱུང་། མིག་སྔའི་གནད་དོན་ནི་སློབ་ཁང་གི་དཀའ་ངལ་རེད། སྡེ་བ་ཁ་ཤས་ལ་མ་གཞི་ནས་སློབ་ཁང་རྙིང་བ་རེ་བདོག་ཀྱང་རྐུབ་སྟེགས་དང་ནག་པང་ གཞི་ནས་གྲ་སྒྲིག་བྱ་དགོས་འདུག ཡང་ཡུལ་སྡེ་ལ་ལར་སློབ་ཁང་ཕར་ཟད་ཁང་སྟོང་ཞིག་ཀྱང་རྙེད་དུ་མེད་པས། གནས་སྐབས་རིང་གུར་ཕུབ་སྟེ་སློབ་ཁང་གི་ཟོལ་དུ་བྱ་རྒྱུ་ལས་ཐབས་ཤེས་གང་ཡང་མི་ འདུག སློབ་ཁང་གི་སྐོར་སོགས་སྙོམ་སྒྲིག་བགྱིས་ཚར་དུས་གཞི་ནས་སློབ་དེབ་དང་། དགེ་རྒན་གྱི་ཐད་ལ་མནོ་བསམ་གཏང་དགོས་བྱུང་སོང་། སྤྱིར་བཏང་གི་སློབ་དེབ་ཅིག་བཙལ་རྒྱུ་ནི་དེ་འདྲའི་དཀའ་ངལ་ཞིག་མེད་ནའང་། བསམ་བློ་བཏང་ན་གུང་གསེང་བེད་སྤྱོད་ཀྱི་སྦྱོང་བརྡར་འཛིན་གྲྭ་འདི་ཉིད་དུས་ ཡུན་ཤིན་ཏུ་ནས་ཐུང་ལ། དུས་ཐུང་འདིའི་རིང་ལ་སློབ་བུ་ཚོར་བོད་ཡིག་གི་རྨང་གཞི་ཞིག་གཞག་རྒྱུ་ནི་བདག་ ལ་འཁྲི་བའི་འོས་འགན་ཡོད་ཚད་དེ་ཡིན་གཤིས། བགྲང་བྱ་སུམ་ཅུའི་ཡར་སྔོན་གྱི་བོད་ཡིག་རྨང་གཞིའི་སློབ་དེབ་རྙིང་བ་ཞིག་བཙལ་ ཏེ་སྒེར་ངོས་ནས་པར་དུ་བཏབ་རྗེས་སློབ་གྲྭ་རེ་རེར་བཀྲམ་པ་ཡིན།
ཧ་ཅང་བརྒལ་དཀའ་བའི་དཀའ་ཁག་ཆེ་ཤོས་ནི་སློབ་དེབ་དང་། དེ་དང་མཐུད་ནས་བོད་ཡིག་དགེ་རྒན་གྱི་ཐད་ནའང་དཀའ་ངལ་འདུག ཡུལ་སྡེ་རེ་རེའི་ནང་གི་བོད་ཡིག་སྦྱོང་བརྡར་འཛིན་གྲྭའི་མ་འདང་ས་ཕལ་ཆེར་ལེགས་ པར་གྲུབ་ཡོད། སྦྱོང་བརྡར་འཛིན་གྲྭར་ཞུགས་མཁན་གྱི་སློབ་བུ་ཕལ་ཆེ་བས་བོད་སྐད་བཤད་མི་ཤེས་ ཀྱང་གོ་ཐུབ་མོད། ཁོ་ཚོས་གོ་བ་དེའང་དཔའ་རིས་ས་གནས་ཀྱི་ཁ་སྐད་ཡིན་གཤིས། སློབ་ཁྲིད་སྐབས་སུ་དགེ་སློབ་ཀྱི་སྐད་བརྡ་གཅིག་གྱུར་མི་ཡོང་བའི་དཀའ་ངལ་བསལ་ བའི་སླད་དུ་དང་། སྦྱོང་བརྡར་འཛིན་གྲྭར་ཞུགས་པའི་སློབ་བུ་དག་གི་བོད་ཡིག་གི་རྨང་གཞི་འཕེལ་ རྒྱས་དང་། དགེ་རྒན་རང་ཉིད་ལ་ཐོབ་པའི་སློབ་ཁྲིད་སློབ་གསོ་ཇེ་ལེགས་སུ་གཏང་ཆེད། དེ་ལས་ཀྱང་ས་གནས་རང་གི་ཡུལ་སྐད་རིག་གནས་རྒྱུན་འཛིན་བྱ་བའི་ཕྱིར་དུ་བོད་ཡིག་ དགེ་རྒན་དཔའ་རིས་སུ་བཙལ་རྒྱུར་ཐག་གིས་བཅད་པ་ཡིན། དགེ་རྒན་འཚོལ་བསྡུའི་གསལ་བསྒྲགས་སུ་འདི་ལྟར་བཀོད་ཡོད་དེ། དཔའ་རིས་ཀྱི་ཡུལ་སྐད་ལ་ཐོགས་རྡུགས་མི་མངའ་བ། དམའ་གསུམ་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་ཐོན་པ་ཞིག་ངེས་ཅན་དུ་དགོས་པ། མི་རིགས་རང་ཉིད་ཀྱི་རིག་གནས་ཞིབ་འཇུག་གི་ཁ་ཕྱོགས་ཡོད་པ། འགན་འཁྲི་དང་དུ་ལེན་པ། ལོ་གསུམ་ལ་སློབ་ཁྲིད་བྱས་པའི་ཉམས་མྱོང་ལྡན་པ་བཅས་སོ།། གོང་གི་ཆ་རྐྱེན་དེ་དག་ཡོངས་སུ་ཚང་བ་ནི་བོད་ཀྱི་ས་ཁུལ་གཞན་དག་ན་ཤིན་ཏུ་ནས་ མང་བར་མ་ཟད། ཆ་རྐྱེན་དག་ཀྱང་ཆེས་སྤྱིར་བཏང་བ་ཞིག་ཡིན་མོད། དཔའ་རིས་ས་ཁུལ་ལ་ཆ་མཚོན་ནས་བཤད་ན་འདི་ལྟའི་ཆ་རྐྱེན་ལྡན་མཁན་ནི་ཅི་ནས་ཉུང་ སྟེ། རྒྱ་མཚོ་ལས་ཁབ་འཚོལ་བ་བཞིན་ཡིན་ནོ།།དགེ་རྒན་འཚོལ་བསྡུའི་ལས་དོན་དེས་དཀའ་ངལ་ གཏོས་ཆེ་བ་ཞིག་སྤྲད་པ་སྟེ། མཚོ་སྔོན་གྱི་ཡུལ་སྐད་ལྟར་བཤད་ན་བདག་གི་ཀླད་པའང་འགད་ལ་ཁད་བྱས་བྱུང་། དགེ་རྒན་བཙལ་ཚར་ནའང་ལས་སླ་བོ་ཁྱོན་ནས་མེད་དེ། སྡོད་གནས་བཀོད་སྒྲིག་ཐད་ལའང་ཚེགས་ཤིན་ཏུ་ལྕི། དགེ་རྒན་ཁ་ཤས་རང་གི་སྡེ་བ་དང་། ལ་ལ་སྦྲ་གུར། ཁ་ཤས་སྡེ་དམངས་ཏང་ཡོན་ལས་འགུལ་ཁང་སོགས་སུ་མི་སྡོད་ཐབས་མེད་བྱུང་། ལས་གཞི་འདི་དག་ཡོངས་སུ་མཇུག་གྲུབ་རྗེས་དབྱར་གནང་གི་དུས་ཚོད་ལ་བསླེབས་སོང་ བས། ང་ཚོས་ཚོགས་པ་རེ་བགོས་ཏེ་གཞི་ནས་སློབ་ཁྲིད་ཀྱི་འགོ་བརྩམས་ཤིང་། ཐེན་ཀྲོའུ་རྫོང་ཐེན་ཀྲོའུ་ཞང་ཀྲུའུ་ཁྲ་སྡེ་བ་དང་། ཐེན་ཀྲོའུ་རྫོང་ཐེན་ཐང་ཞང་ཡེ་ཐུའུ་འཁྱིལ་ཧྭ་ཅེས་སྡེ་བར་ཟླ་བདུན་པའི་ཚེས་ བཅུ་ནས་སློབ་མ་ཚོགས་ཤིང་། བཅོ་ལྔ་ནས་སློབ་ཁྲིད་ཀྱི་མགོ་བརྩམས་པ་ཡིན། མཚོ་སྔོན་གྱི་ཁུངས་སུ་གཏོགས་པའི་སྡེ་བ་དྲུག་གི་སློབ་མའི་སྦྱོང་བརྡར་འཛིན་ གྲྭ་དེ་ཉིན་བཅུ་གཉིས་ཀྱི་རྗེས་སུ་གཞི་ནས་མགོ་བཙུགས།
དེ་ནི་མཚོ་སྔོན་གྱི་དབྱར་གནང་དུས་ཚོད་ནི་ཀན་སུའུ་ལས་ཉིན་བཅུ་གཉིས་ཀྱི་འཕྱི་ བ་ཡོད་པས་ཡིན། དེ་བས་བདུན་པའི་ཉེར་ལྔ་ལ་ཡར་ཚོགས་དང་། ཉེར་དྲུག་ནས་སློབ་ཁྲིད་ཀྱི་མགོ་བརྩམས། ཕལ་ཆེར་ཉིས་སྟོང་བཅུ་ལོའི་དབྱིན་བོད་སྦྱོང་བརྡར་འཛིན་གྲྭ་དེ་སྤྱི་ཟླ་བརྒྱད་ པའི་ཚེས་བཅུ་དྲུག་ལ་ཡོངས་སུ་མཇུག་བསྒྲིལ་རྩིས་ཡོད། ཐེངས་འདིའི་ཡུམ་ སྐད་སྦྱོང་བརྡར་འཛིན་གྲྭ་ཆེས་ཐོག་མར་བསྒྲུབས་པའི་བོད་དབྱིན་སྦྱོང་བརྡར་བྱ་ འགུལ་གྱི་རྣམས་གྲངས་ཤིག་ཡིན། འཛིན་གྲྭ་འདི་སྒྲུབ་པའི་རྒྱུད་རིམ་ཁྲོད་དུ་སྡེ་མི་དང་ཁྱིམ་བདག་ཀུན་གྱི་ རྒྱབ་སྐྱོར་བླ་ན་མེད་པ་ཐོབ་ཅིང་། ཐེངས་འདིའི་སྦྱོང་བརྡར་བྱ་འགུལ་ཁྲོད་དུ་བདག་གིས་ཡུལ་མི་སྤུན་མཆེད་ཀུན་གྱི་ སེམས་གཏིང་གི་སྒྲ་དབྱངས་གཤའ་མ་དེ་ཐོས་འོང་། ཁོ་ཚོས་ཐེངས་འདིའི་དབྱིན་བོད་སྦྱོང་བརྡར་འཛིན་གྲྭའི་གོ་སྐབས་འདི་ཉིད་ཤིན་ ཏུ་ནས་རིན་ཐང་ཆེན་པོར་བརྩིས་ཏེ། ལན་གཅིག་མ་ཡིན་པར་བདག་ལ་ཐུགས་རྗེ་ཆེ་ཞེས་ཡང་ཡང་གླེང་གིན་འདུག བོད་ཡིག་སྦྱོང་བརྡར་བྱ་བའི་གོ་སྐབས་དང་ཁོར་ཡུག་གི་མཐུན་རྐྱེན་སྤྲད་པར་བདག་ གིས་ཀྱང་ཁོང་ཚོ་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན། ཁོ་ཚོས་བདག་གི་ལག་པར་དམ་པོར་འཇུས་ཏེ་འདི་ལྟར་བཤད། “བྱིས་པ་དག་ལ་བོད་ཡིག་བསླབ་ཏུ་གཞུག་རྒྱུ་ནི་ང་ཚོ་དཔའ་རིས་པ་དག་གིས་མི་རབས་ མང་བོའི་རིང་ལ་རྨིས་པའི་རྨི་ལམ་ཁོ་ན་དེ་ཡིན།” ཞེས་དང་། ད་དུང་ཁྱིམ་བདག་དང་སྡེ་བའི་བགྲེས་སོང་དག་གིས་ཀྱང་སྨྲ་བསམ་བརྗོད་བྲལ་གྱི་ ཚོར་ཤུགས་ཆེན་པོས་འདི་ལྟར་བསྙད། “ རིག་འཛིན་སྒྲོལ་མ། ཁྱེད་ནི་དཔའ་རིས་པ་དག་གི་གཟི་བརྗིད་དང་སྤོབས་པ་རེད། ཁྱེད་ནི་ལས་འཛིན་པ་བཟང་པོ་ཞིག་དང་ཕ་མར་སྲི་ཞུ་ཆེ་བའི་བུ་མོ་ཚུལ་ལྡན་ཞིག་ རེད། ཁྱེད་ནི་དཔའ་རིས་པ་དག་གི་མགོན་སྐྱབས་རེད། ཁྱེད་ནི་དངོས་གནས་རླབས་ཆེན་གྱི་སྤྲུལ་བའི་སྐུ་ཞིག་དང་མཚུངས། ཁྱེད་ཀྱི་ལས་དོན་མཐའ་དག་དབྱར་གྱི་ཆུ་བོ་བཞིན་གོང་དུ་འཕེལ་ཞིང་། ཁྱེད་ཀྱི་ཚེ་ཐག་ནམ་མཁའི་མཐའ་བཞིན་བརྟན་ཅིང་བརླིང་། ཁྱེད་ཀྱི་བསམ་དོན་ཡོད་ཚད་ལ་ཉེ་ཞོ་ཅི་ཡང་མེད་པར་ལེགས་པར་འགྲུབ།” འདི་ལྟའི་ཚོར་གཏམ་དང་སྨོན་འདུན་དག་གིས་ཡུན་རིང་བོར་ང་རང་བསམ་གཞིགས་ཀྱི་གནས་སུ་བསྐྱལ་སོང་།
གཞུང་དྲང་བབ་བརླིང་གི་ཚོར་བའི་སྐད་ཆ་དེ་དག་གིས་བདག་གི་སེམས་པ་རབ་ཏུ་འགུལ་ ཏེ་ངོ་གདོང་ཧྲིལ་བོ་མཆི་མས་བརླན་པར་བྱས། ལྷག་པར། “བྱིས་པ་དག་ལ་བོད་ཡིག་བསླབ་ཏུ་གཞུག་རྒྱུ་ནི་ང་ཚོ་དཔའ་རིས་པ་དག་གིས་མི་རབས་མང་བོའི་རིང་ལ་རྨིས་པའི་རྨི་ལམ་ཁོ་ན་དེ་ཡིན།”ཞེས་པའི་སྐད་ཆ་འདིས་བདག་སེམས་ སུ་ནམ་ཡང་གཞོམ་དུ་མེད་པའི་རེ་ཁཱ་ཟབ་མོ་ཞིག་བརྐོས་སོང་། བདག་སེམས་ལ་ཡིད་འགུལ་དྲག་པོ་ཞིག་ཐེབས་པ་དང་སྦྲགས་བདག་ལ་བརྩོན་སེམས་དང་སེམས་གསོ་ཞིག་ཀྱང་བསླེབས་ཡོང་སྟེ། ཐེངས་འདིར་སྦྱོང་བརྡར་འཛིན་གྲྭར་ཞུགས་པའི་སློབ་མའི་གྲངས་འབོར་ནི་བདག་གི་འཆར་གཞི་ལས་ལྡབ་འགྱུར་གྱིས་མང་དུ་སོང་བ་དེའོ།།
འདི་ལྟའི་དོན་དངོས་ཀྱི་བྱ་གཞག་ལེགས་པོ་ཞིག་འཁྱོངས་པ་ནི་བདག་ཁོ་ནའི་ནུས་པ་ ཅི་ལ་ཡིན་ཏེ། ཡུལ་མི་སྤུན་མཆེད་དག་གི་རླབས་ཆེ་སྡོངས་གྲོགས་དང་སྐུལ་མ་བགྱིས་པའི་ཉེར་ལེན་ ལས། བོད་དབྱིན་སྦྱོང་བརྡར་འཛིན་གྲྭ་རྒྱུ་བསྲིངས་ནས་བསྒྲུབ་ཐུབ་པའི་རེ་སྨོན་ཅི་ནས་ཀྱང་ཆེ། བདག་གིས་རང་ཉིད་ཀྱི་ནུས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ནས་ཡུལ་མི་སྤུན་མཆེད་ དག་ལ་རོགས་རམ་དེའུ་རེ་བགྱི་ཐུབ་སོང་ན་བདག་སེམས་དེ་ཁོ་ནས་ཚིམས་སོང་བ་ཡིན།
ཐེངས་འདིའི་དབྱར་གནང་སྐབས་ཀྱི་ཡུམ་སྐད་སྦྱོང་བརྡར་འཛིན་གྲྭ་རིངས་པར་མཇུག་ སྒྲིལ་ལ་ཉེ། ཐེངས་འདིའི་བྱ་འགུལ་ལ་སྤྱི་སྡོམ་ཞིག་བླངས་ན། ཉམས་མྱོང་གིས་མ་འདང་བའི་ཞན་ཆ་ཅུང་ཟད་ཡོད་པ་ལས་གཞན། ཐེངས་འདིའི་ལས་དོན་ཡོད་ཚད་གཟབ་ནན་དང་ཞིབ་ཚགས་ཀྱིས་གྲུབ་ཡོད། ཐེངས་སྔོན་མའི་བདག་གི་འབོལ་རྩོམ་ལ་བསམ་ཚུལ་སྤེལ་འདུག་པ་དག་དོ་ནན་གྱིས་བཀླགས་ཚར་བ་ཡིན།
ཐེངས་འདིར་ཡང་བདག་ལ་རྒྱབ་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུ། བདག་གི་བོད་དབྱིན་སྦྱོང་བརྡར་འཛིན་གྲྭ་རྒྱུན་བསྲིངས་ནས་བགྲོད་ཐུབ་པའི་སླད་ དུ་ཚང་མས་བདག་ལ་གྲོགས་དན་མཛད་རྒྱུ་ནི་བདག་གི་རེ་སྨོན་ཡིན། ཐེངས་རྗེས་མའི་སྦྱོང་བརྡར་འཛིན་གྲྭའི་སྐབས་སུ་གང་ལྟར་ཡང་སློབ་ཁྲིད་བྱེད་ ཐབས་གཙོས་ཕྱོགས་གཞན་ནས་ཀྱང་མདུན་སྐྱོད་བྱ་རྒྱུའི་དམིགས་ཡུལ་བརྟན་པོ་ཡོད།
༼རིག་འཛིན་སྒྲོལ་མའི་སྒེར་གཉེར་དྲ་ཚིགས་ལས་བཏུས་ཏེ་བསྒྱུརད།༽
སྐུ་གཟིགས་མཛེས་བ་ནམ་མཁའི་ལྷ་མོར་འགྲན།
ཐུགས་སེམས་བཟང་བོར་མེས་པོས་ཀུན་སྤྱོད་ལྡན།
གསུང་དབྱངས་སྙན་མོའི་ཀུན་གྱིས་ཡིད་དབང་འཕྲོག།
ཁྱེད་ནི་གངས་རིའི་བུ་མོས་རྒྱན་ཆ་ཉིད།
གླུ་མ་རིག་འཛིན་སྒྲོལ་མས་ལས་དོན་ལེགས་འགྲུབ་བྱུང་བར་
སྙིང་ནས་དགའ་བསུ་ཞི།།
མཛེས་སྡུག་སྐུ་ཡི་གར་གྱི་ཉམས་འགྱུར་དང་།།
འགྲོགས་པའི་སྙན་འཇེབ་གསུང་གི་འགྱུར་ཁུག་གིས།།
སྐྱེ་དགུའི་ཡིད་དབང་འགུག་པ་ཙམ་མིན་པར།།
གཞན་ཕན་བློ་དཀྱིལ་ཆེ་བ་འདིས་ཀྱང་ངོ་།།
གངས་ཅན་བོད་ཀྱི་ཕུལ་བྱུང་གི་བུད་མེད་གླུ་མ་རིག་འཛིན་སྒྲོལ་མ་ལགས། ཁྱེད་ཀྱི་སྙིང་སྟོབས་དང་། ལ་རྒྱའི་གླུ་དབྱངས། ལྷག་བསམ་གྱི་མཛད་རྗེས། ཉམས་འགྱུར་ལྡན་པའི་སྟངས་སྟབས། ཆས་གོས་བཞེས་པ་ཚུན་ཆད་ཀྱིས་བདག་གི་ཡིད་སེམས་དབང་མེད་དུ་འཕྲོག་པར་མ་ཟད། ཡིད་སྨོན་ཡང་འཆོར་སོང་། སླད་མའི་ཆར་ཁྱེད་ཀྱི་ཐུགས་བཞེད་མཐའ་དག་གེགས་མེད་ཡིད་བཞིན་འགྲུབ་པའི་སྨོན་ལམ་གྲངས་མེད་ཞུ་རྒྱུ་ཡིན།
ཡིད་འོང་བཞིན་གྱི་ཟླ་བ་རབ་ཏུ་དཀར།།
སྙན་འཇེབས་ཡན་ལག་དྲུག་བཅུ་གསུང་དབྱངས་སྙན།།
ཕུལ་བྱུང་ལྷག་བསམ་འོ་མའི་རྒྱ་མཚོ་བཞིན།།
གངས་ཅན་བོད་ཀྱི་རིགས་འཛིན་སྒྲོལ་མ་ལགས།།
བྱང་སེམས་རིགས་ལས་འཁྲུངས་པའི་མེ་ཏོག་དང་།།
ལ་རྒྱ་འཛིན་པའི་ཤེས་རབ་སྒྲོན་མེ་སྟེ།།
འགྲོ་ཀུན་སྒྲོལ་ལ་དཔའ་བའི་སེམས་མ་ཁྱོད།།
ཁྱོད་ཉིད་མ་འོངས་བདེ་ལེགས་འབྱུང་བར་སྨོན།།
སྔོན་ཚེ་སྨོན་ལམ་བཟང་པོས་ཐུགས་བསྐྱེད་མཐུས།།
ད་ལྟའི་དུས་འདིར་ཀུན་གྱིས་བསྔགས་བརྗོད་ཞུས།།
མ་འོངས་གངས་ཅན་ལྗོངས་ཀྱི་གཟི་བརྗིད་དང་།།
ཡ་རབ་བཟང་པོའི་དཔེ་ལ་འཇོག་པ་ངེས།།
གླུ་མ་རིག་འཛིན་སྒྲོལ་མ་ལ། ངའི་བཙན་བྱོལ་བ་ཡོངས་ཀྱི་འཚབ་ཞུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་།
མ་འོངས་པ་ཡང་ཁྱེད་ཀྱི་བྱ་བ་མཐའ་དག་ལ་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་དང་། ང་རང་སྒེར་གྱི་ངོས་ནས་བཤད་ནས་ཁྱེད་ཀྱི་གླུ་སྐད་སྙན་མོ་དེ་དག་ཉན་པའི་སྐབས་ངས་སེམས་ལ་ཚོར་བ་མང་པོ་ཞིག་སླེབས་མྱུང་། གང་ལྟར་ངའི་བཤད་འདོད་པ་ནི་ང་ནི་ཁྱེད་ཀྱི་གླུ་དབྱངས་ལ་དགའ་ཞིང་བརྩེ། ང་རྗེས་མ་བོད་ལ་སླེབས་དུས་ང་ཁྱེད་ཀྱི་གམ་དུ་སླེབས་ངེས།
ཁ་རྟག་ཞིག་གི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་གཞས་དེ་་་་་་་
གླུ་མ་རི་འཛིན་སྒྲོལ་མ་ནི་མཐོ་སྒང་གི་སྐར་མ་འོད་ཆེན་ཞིག་རེད
ང་ནི་རྒྱུན་དུ་མོའི་སྙན་འཇེབས་ཀྱི་དབྱངས་རྟ་དང
བབ་ཆགས་པའི་མི་གཤིས་ལ་དུང