བོན་པོ།
བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱར་ཁྱབ་བསྒྲགས་སྤེལ་བ་འདི་ལྟར།
ཕ་མའི་དུས་ཆེན་སྲུང་བརྩི་དང་སྟབས་བསྟུན་བོད་ཡིག་སློབ་སྦྱོང་དྲ་ཚིགས་དབུ་འབྱེད་གནང་བ།
༼དེ་ནས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཤེས་རིག་ལས་ཁུངས་ནས་ཕ་མའི་དུས་ཆེན་དང་སྟབས་བསྟུན་རང་རིགས་གཞོན་སྐྱེས་རྣམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་གཞི་རིམ་སློབ་མའི་བོད་ཡིག་སློབ་སྦྱོང་དྲ་ཚིགས་ www.bodyiglobjong.com ཞེས་པ་དབུ་འབྱེད་གནང་བ་དང་འབྲེལ།༽ ཞེས་རིམ་པས་བཀོད་འདུག
སྤྱིར་སྟངས་དྲྭ་ཚིགས་འདི་ལྟ་བུ་དབུ་འབྱེད་གནང་བར་དགོས་པ་ཁྱད་པར་ཅན་ལོས་ཡོད། འོན་ཀྱང་སྔོན་ནས་ད་བར་ཆོས་ལུགས་ཅིག་ལ་དམིགས་ཀྱིས་བཀར་ནས་དམའ་འབེབ་དང་མཐོང་ཆུང་བརྩིས་མེད་རྡོག་རོལ་དུ་གཏོང་རྐྱང་བྱེད་པའི་ལུགས་ངན་དེ་ལ། དགོངས་པ་ཟབ་ནན་ཀྱིས་དེ་ལྟར་མི་འབྱུང་བའི་ཡ་རབ་བཟང་སྤྱོད་ཀྱི་ཁ་ཕྱོགས་སུ། དུས་རབས་ཉེར་གཅིག་པའི་རྒྱ་ཆེའི་བོད་འབངས་ཡོད་དོ་ལྕོགས་མཐུན་འབྲེལ་མཉམ་གནས་ཀྱི་བདེ་སྐྱིད་ལ་འགན་ཡོད་ཚོས་དགོངས་པ་རླབས་ཆེན་བཞེས་དགོས་པར་སེམས། །
གོང་གི་དྲྭ་ཚིགས་དེར་་་Tsanpo Vidoe་་་ཟེར་བ་ཞིག་དང་འབྲེལ་ནས་དེར་་་བོད་ཀྱི་བཙན་པོའི་རྒྱལ་རབས་མུ་འབྲེལ་དེབ་ཕྲེང་་་ཟེར་བ་ཞིག་རི་མོ་འདྲ་མིན་གང་བྱུང་དང་དག་སྐྱོན་སྣ་མང་གི་ལམ་ནས་སྡེ་ཚན་བདུན་དུ་ཕྱེས་ཏེ་གློག་བརྙན་དུ་ཕབས་ནས་བརྙན་ཐུང་བཟོས་པ་ཞིག་འདུག
སྡེ་ཚན་དང་པོ་གཉའ་ཁྲི་བཙན་པོའི་སྐོར་ནས་བལྟས་པ་ཡིན་ན། བོད་སྐད་ཁྱད་མཚར་པོ་ཞིག་གིས་བོན་པོ་མཐུ་ཆེན་ཅིག་ཅིག་མག་མག་ཟེར་ནས་དེ་སྐབས་ཀྱི་བོད་ཀྱི་བོན་པོ་ཚོ་ལ་དམའ་འབེབ་དང་མཐོང་ཆུང་ཞེ་བོ་བྱས་བཞག རང་བཟོ་དེ་རྣམས་དངོས་བདེན་ཡིན་དང་མིན་གྱི་སྐོར་ནས་ད་ལྟ་དངོས་སུ་བཞུགས་པའི་བོད་ཀྱི་བོན་པོའི་ཕྱི་ནང་གི་མཁས་དབང་ཚོ་དང་ལྷན་དུ་ཁྱེད་ཚོས་ཉིན་མ་གཅིག་ལ་ཞིབ་འཇུག་བྱས་ཡོད་དམ། ཡང་ན་རང་སྣང་གང་དྲན་གྱིས་དཔེ་འཆལ་ཞིག་གི་ནང་དུ་འདི་འདྲ་བྲིས་འདུག
དེ་ལྟར་ང་ཚོས་ཕོ་ཤེད་ཀྱིས་ཚོད་ཚོད་ལ་བྲིས་བཞག་པ་ཡིན་ཟེར་ན། དབུས་བོད་མིས་བྱེད་སྟངས་དེ་འདྲ་རེད་བས། བོད་རང་གི་གདོད་མིའི་ཆོས་ལུགས་ཀྱི་སྐོར་ལ་ཉག་ཉོག་འབར་འབུར་ལུང་པ་གང་བྲིས་ནས། བོད་ཀྱི་གཞོན་སྐྱེས་བློ་གསར་བྱིས་པའི་ཚོགས་ལ་ལོག་པའི་ལམ་སྟོན་བྱེད་པ་དང་བསམ་ཚུལ་ཁྱད་མཚར་པོ་བཟོ་བ་ནི་སྡིག་ལས་དེ་ལས་ཚབས་ཆེ་ཞིག་གང་ན་ཡོད། བོད་མི་རིགས་ཀྱི་སེམས་པ་འདི་ཆུང་བྱིས་པའི་དུས་ནས་ག་ཚད་ཀྱིས་དྭངས་ཤིང་གཙང་བར་གནས་ཐུབ་ན་དེ་བས་ཡག་བ་དང་ལེགས་པ་ཞིག་མེད། ཀུན་ལ་མཁོ་བའི་རིན་ཆེན་གྱི་ནོར་བུ་ཟེར་དེ་དེ་ཡིན། གཞན་ཕན་ཚུན་གཅིག་གིས་གཅིག་ལ་ཀླད་པ་རྙིང་པའི་བསམ་ཚུལ་རྐྱང་རྐྱང་བཟོ་རྒྱུ་འདི་ཡག་པོ་ཞིག་རྩ་བ་ཉིད་ནས་མ་རེད་དོ། ཕན་ལས་གནོད་ཆེ།
ད་དུང་རང་རིགས་གཞོན་སྐྱེས་རྣམས་ལ་་་ལེགས་སྐྱེས་་་ཀྱི་ཚུལ་དུ་ཡིན་ཟེར་ནས་གསུངས་འདུག་བ། དེ་འདྲའི་ལེགས་སྐྱེས་དེ་བོད་ཀྱི་བོན་པོའི་གཞོན་སྐྱེས་ཚོས་ཇི་ལྟར་ལེན་དགོས་པ་ཡིན་ནམ། ཡང་མིན་ན་ཁོང་ཚོ་བརྩིས་མེད་རྡོག་རོལ་དུ་གཏོང་རྐྱང་ཡིན། འདི་ལྟར་མི་གནང་བའི་དགོངས་པ་རྒྱ་ཆེ་ས་ནས་བཞེས་རོགས་གནོངས་ཅེས་བོད་མི་བུ་བློ་ཆུང་ཁོང་དགེ་ཞིག་གི་ཞུ་བ་ཡིན་ནོ།། ཐུགས་རྗེས་གཟིགས་པར་འཚལ།
ངས་ཀྱང་བོད་བཙན་པོའི་རྒྱལ་ཁབ་ཀྱི་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་ཏོག་ཙམ་བྱས་མྱོང་། ཡིན་ནའང་རྣམ་པས་ཚོས་བཟོས་པའི་བརྙན་ཐུང་དེ་ཚོ་ནི་སེམས་ཤུགས་མར་གཅོག་བྱེད་འདྲ་པོ་མི་འདུག་གམ།
ད་དུང་ཟམ་གདོང་བླ་རྒན་སྐབས་ཡིན་ན་དེ་ལས་སྡུག་ཅིག་བྲིས་ཡོད་ངེས་རེད། འཇིག་རྟེན་འདི་ན་དྲང་བདེན་གནང་མཁན་གཅིག་ཀྱང་མེད་པ་འདྲ།
སོ་སོའི་སྒང་དེར་བབས་དུས་ཚོར་བ་རྣོ་ཐག་ཆོད་རེད། མ་གཞི་བོན་པོ་ཚོར་ཡང་འཚམས་དང་ཚོད་གཅིག་མི་འདུག གང་ཡིན་ཟེར་ན་ནང་པའི་བཀའ་བསྟན་ཡོངས་རྫོགས་འདྲ་བཤུས་བྱེད་ཀྱི་འདུག་གཱ། དངོས་གནས་ཚད་ཐུབ་ལོ་རྒྱུས་ཀྱི་དཔང་རྟགས་ཅང་མེད་པར་བོན་པོའི་རྒྱན་དྲུག་མཆོག་གཉིས་དང་། བོན་པོའི་མང་དག་ཤོད་ཀྱི་འདུག་གཱ། སུ་ཡིན་ཀྱང་སོ་སོའི་མེས་པོ་བློ་གྲོས་ལས་བྱུང་བའི་རིག་གཞུང་ལ་དགའ་མོས་དང་གུས་བརྩི་ཞུ་འདོད་ཡོད་ཀྱང་ཁྱེད་རང་འདྲ་ོོས་འགྲིག་མ་སོང་དང་བྱུང་མ་སོང་མདོག་མདགོག་རྐྱང་བྱེད་ཀྱི་འདུག ད་དུང་ནམ་ཞིག་ཁྱེད་ལྟ་བུས་བོན་པོའི་པཎ་གྲུབ་བཅུ་བདུན་ཡང་ཤོད་མདོག་ཁ་པོ་རེད། སོ་སོ་སོ་སོའི་འགྲམ་ནས་ཡག་པོ་གཅིག་བཞུགས་ཤེས་ཀྱི་མི་འདུག་གཱ།
སོ་སོའི་སྒང་དེར་བབས་དུས་ཚོར་བ་རྣོ་ཐག་ཆོད་རེད། མ་གཞི་བོན་པོ་ཚོར་ཡང་འཚམས་དང་ཚོད་གཅིག་མི་འདུག གང་ཡིན་ཟེར་ན་ནང་པའི་བཀའ་བསྟན་ཡོངས་རྫོགས་འདྲ་བཤུས་བྱེད་ཀྱི་འདུག་གཱ། དངོས་གནས་ཚད་ཐུབ་ལོ་རྒྱུས་ཀྱི་དཔང་རྟགས་ཅང་མེད་པར་བོན་པོའི་རྒྱན་དྲུག་མཆོག་གཉིས་དང་། བོན་པོའི་མང་དག་ཤོད་ཀྱི་འདུག་གཱ། སུ་ཡིན་ཀྱང་སོ་སོའི་མེས་པོ་བློ་གྲོས་ལས་བྱུང་བའི་རིག་གཞུང་ལ་དགའ་མོས་དང་གུས་བརྩི་ཞུ་འདོད་ཡོད་ཀྱང་འགྲིག་མ་སོང་དང་བྱུང་མ་སོང་མདོག་མདོག་རྐྱང་བྱེད་ཀྱི་འདུག ད་དུང་ནམ་ཞིག་ཁྱེད་ལྟ་བུས་བོན་པོའི་པཎ་གྲུབ་བཅུ་བདུན་ཡང་ཤོད་མདོག་ཁ་པོ་རེད། སོ་སོ་སོ་སོའི་འགྲམ་ནས་ཡག་པོ་གཅིག་བཞུགས་ཤེས་ཀྱི་མི་འདུག ཚད་མ་རྣམ་འགྲེལ་ལྟ་བུའི་གཞུང་ལུགས་ནང་ཆོས་ཅན་དང་བོན་ཅན་ལ་མ་གཏོགས་གཞན་ལ་ཁྱད་པར་མེད་ལུགས་དེ་འདྲ་རང་ནི་ཨེ་ཡིན། མ་གཞི་དྲང་པོར་ཞུས་ན་ངས་བོན་པོའི་གཞུང་མཇལ་ཡོང་མེད། འོན་ཀྱང་མི་ཚོས་བོན་གཞུང་དང་ནང་གཞུང་ཕལ་ཆེར་ཚིག་རིས་ཁ་ཤས་མ་གཏོགས་འདྲ་པོ་འདུག་ཟེར་བ་གོ་ཐོས་བྱུང་། དེ་སུས་སུའི་དེ་ལ་དཔེ་ཤུས་བལྟས་ནས་བྱུང་བ་རེད་དམ།
རྒན་འཇམ་རྡོར་ལགས།
ང་བོ་སྙམ་པའི་ང་བོ་རི་འདྲ་པོ་དེ་ཏོག་ཙམ་ཆུང་དུ་བཏང་ན་ཡག་བ་མ་རེད་བས། བཀའ་བསྟན་ཡོངས་རྫོགས་འདྲ་བཤུས་བྱས་ཟེར་བ་དང་ཚད་ཐུབ་ཀྱི་ལོ་རྒྱུས་མེད་ཟེར་བ་ནི་ངས་དུས་གཏན་དུཁས་ལེན་མི་ཐུབ། བཀའ་བསྟན་བོད་ལ་བསྒྱུར་དུས་བོད་གདོད་མའི་ཕ་སྐད་ཀྱི་ནང་ལ་ཡོད་པའི་དཔལ་དང་ཡོན་ཏན་ཡོངས་རྫོགས་དེ་དུས་དེ་ག་རང་དུ་གསར་བཟོ་བྱས་རབས་དང་གཞན་ནས་དྲངས་འོངས་རབས་ཤོད་ཀྱི་འདུག་བ། དེ་ཚོ་དངོས་གནས་དྲང་པོ་དང་བདེན་པ་ཡིན་ནམ། བོད་གངས་རིའི་ལྗོངས་སུ་སླེབས་མ་ཐག་དེ་འདྲའི་ཤ་ལོག་སྤུ་ལོག་ཏུ་ཆགས་དགོས་པའི་རྒྱུ་མཚན་དངོས་གནས་དེ་གང་ལ་ཐུག་ཡོད་དྲང་པོ་བྱས་ནས་ཤོད། དཔེར་ན་བོད་པ་ཕྱི་རྒྱལ་ལ་འགྲོ་མཁན་དེ་ཚོ་དུས་ཡུན་ཐུང་ངུའི་ནང་དུ་ཕྱི་ཡི་དཔལ་འབྱོར་དང་ནང་ཀུན་སྤྱོད་གང་ཅིའི་ཐད་ཤ་ལོག་སྤུ་ལོག་ཆགས་འགྲོ་གི་ཡོད་རེད། དེ་ཕྱི་ཡི་རྒྱལ་ཁབ་དེ་ཚོ་རང་ངོས་ནས་ཡག་པོ་ཡོད་པའི་རྒྱུ་མཚན་རེད་མ་གཏོགས། བོད་པ་རང་གཅིག་པུའི་ངོས་ནས་འཇོན་རང་དྲགས་སོང་བ་ཨ་ཡིན་ན། ཁྱེད་ཚོས་འདོད་པ་ལྟར་བྱས་ན་ཕྱི་ཡི་རྒྱལ་ཁབ་ཀྱི་དཔལ་ཡོན་ཡོད་ཚད་དེ་བོད་པ་སླེབས་པ་མ་ཐག་གསར་དུ་བཟོས་བཞག་པ་ཡིན་ལབ་ཉན་ཆེ། །
དཔལ་ལྡན་ཁ་བརྡ་ཚང་ལགས་ལ་ཐུགས་རྗེ་ཆེ་ཞུ། །
སྦྲང་ཆར་སིལ་མ་འཇའ་ཚོན་དང་ལྷན་དུ་མེ་ཏོག་གི་གླིང་ལ་བབ་པར་སྐྱེ་མ་ཧོ།
ངས་འགྲིག་མ་སོང་དང་བྱུང་མ་སོང་མདོག་མདོག་རྐྱང་བྱས་བཞག་པ་མེད་བསམ་སོང་། ཡིན་ནའང་གང་ཞིག་ཡག་པོ་ཡིན་པའི་སྒྲུབ་བྱེད་དུ། གང་ཞིག་ལ་ཟ་དང་ཟུར་ནས་དུས་རྒྱུན་པར་དམའ་འབེབ་བྱེད་བཞིན་པ་དེ། མཚམས་འཇོག་རོགས་གནོངས་ཟེར་ནས་ཞུས་པ་ཡིན། དེས་ཁྱེད་འདྲ་པོ་ལ་དེ་འདྲ་ཕོག་དགོས་པ་གང་ཡིན་ནམ་ལགས། །
http://www.bodyiglobjong.com
འབྲེལ་ཐག་འདིའི་ནང་ལ་ཡིག་ནོར་བ་མང་པོ་འདུག དཔེར་ན།
བཙན་འཛུལ་ལ། བཙུན་འཛུལ།
སྟོང་སྡེ་བཅོ་བརྒྱད་ལ། སྟོང་སྟེ་བཅོ་བརྒྱད།
ནང་འཁྲུག་མང་པོ་བྱུང་སྟེ་ལ། ་་་་་བྱུང་རྟེ་་་་་
ད་དུང་ཅི་ལ་ཅེ་བྲིས་པ་སོགས་ཡིག་ནོར་མང་བས། ཀུན་གྱིས་དཔྱད་པར་མཛོད་ཅིག
རྩོམ་ཡིག་འདི་ལ་བདེན་པའི་ཆ་ཞིག་འདུག གཉའ་ཁྲི་བཙན་པོའི་དུས་ལ་བོད་ཀྱི་གདོད་མའི་ཆོས་ལུགས་ཤིག་ནི་ལོས་ཡོད། དམར་མཆོད་གཏོང་བ་སོགས་ལ་བརྟེན་ནས་བཅའ་བ་རིམ་གྲོ་བསྒྲུབ་པ། ཉི་ཟླ་སྐར་གསུམ་སོགས་ལ་བཀུར་བ། ལྷ་འདྲེ་གདོན་བགེགས་ལ་ཡིད་ཆེས་བྱེདཔ་སོགས་ཡོད་མོད། བོན་དང་བོན་པོ་ཟེར་བ་དེང་སང་ང་ཚོའི་སྤྱི་ཚོགས་ནང་ལ་ཡོད་པ་དེ་ནི་དུས་རབས་བཅུ་པ་ཚུན་གྱི་ཐོན་རྫས་ཤིག་ཡིན་པར་ངེས། གང་གིས་ཕྱིར་ཞེ་ན། དངོས་པོའི་དཔང་རྟགས་དང་། ཡིག་ཆའི་ཁུངས། ཆེད་ལས་མཁས་པའི་དཔྱད་འབྲས། འཛམ་གླིང་ལོ་རྒྱུས་ཀྱི་འཕོ་འགྱུར་བཅས་ཀྱི་ཤེས་ནུས་པ་ཞིག་རེད། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་དང་བརྙན་རིས་སོགས་བཟོ་དུས་ཚད་རིག་དང་མཐུན་པ། དངོས་དངོས་པོའི་དཔང་རྟགས་དང་མཐུན་པ། ཆེད་ལས་མཁས་པའི་དཔྱད་འབྲས་དང་མཐུན་པ་མ་གཏོགས་གཤེན་སྒྲུང་ཞང་སྒྲུང་སོགས་ཆོས་ལུགས་དད་མོས་ཉི་ཚེ་བའི་ཞེ་འདོད་སྒྲུབ་བྱེད་ཀྱི་སྒྲུང་དང་གླེང་ཕྱོགས་ལ་གཞི་བཅོལ་ན་བོད་ཀྱི་ལོ་རྒྱུས་དངོས་མ་ཞིག་མི་ཤོད་པ་གསལ་པོ་གསལ་རྐྱང་རེད།
འོ་ཡ། གཞི་རིམ་སློབ་མའི་བོད་ཡིག་སློབ་སྦྱོང་གི་ཆེད་དུ་་་བཙན་པོ་གླང་དར་མའི་་་སྐོར་གྱི་བརྙན་ཐུང་དེ་ཡང་ག་དུས་ཐོན་ཡོང་བསམ་ནས་སྒུག་བསྡད་ཡོད། དེ་ཡང་ཚན་རིག་དང་མཐུན་པ། དངོས་པོའི་དཔང་རྟགས་དང་མཐུན་པ། ཆེད་ལས་མཁས་པའི་དཔྱད་འབྲས་དང་མཐུན་པ་ཞིག་ཐོན་ཡོང་བར་ཤོག མངོན་སྤྱོད་དྲག་པོས་འཕྲིན་ལས་ཀྱི་དམར་མཆོད་རྒྱས་པ་དེ་དངོས་གནས་དེ་དུས་ཡོད་ས་ཡོད། དེ་མཐོང་བ་དང་ཡང་མི་ཁ་ཤས་རྙིང་རླུང་ལངས་ནས་ཤི་གྲབ་ཤི་གྲབ་བྱེད་ཀྱི་རེད། །
ད་དུང་གུ་ཤྲི་དུས་སྐབས་སུ་བྱུང་བའི་གནས་ཚུལ་གྱི་བརྙན་ཐུང་དེ་ཡང་ཚན་རིག་དང་མཐུན་པ། དངོས་པོའི་དཔང་རྟགས་དང་མཐུན་པ། ཆེད་ལས་མཁས་པའི་དཔྱད་འབྲས་དང་མཐུན་པ་ཞིག་ཐོན་ཡོང་བར་ཤོག དེ་དུས་དཀར་དམར་གྱི་མཆོད་པ་རྒྱས་པའི་རྒྱས་པ་ཞིག་ཡོད་བསམ་སོང་། མ་རེད་བས་ལགས། །
ཆོས་ལུགས་དད་མོས་ཉི་ཚེ་བ་ཟེར་བ་དེ། ཤིང་ནགས་གསེང་ནས་སྦྱངས་འོངས་བ་དེ་ལ་གོ་བ་རེད་བས། མི་རབས་ནས་མི་རབས་སུ་བརྒྱུད་པའི་བོད་མིའི་དད་མོས་ནི་བོད་མི་རིགས་ཀྱི་སེམས་ཁམས་སུ་སྲིད་པའི་གངས་རི་དཀར་པོ་ལྷན་དུ་གདོད་མ་ནས་གྲུབ་པ་ཞིག་ཡིན། བོད་ཡུལ་ཆུ་ཡིས་གང་ནས་མི་རྡོག་གཅིག་ཀྱང་མེད་རབས་ཀྱི་རོང་རྫུན་ཚན་པོ་ཆེ་དེ་ཚོ་བོད་ཀྱི་ཁུངས་ལྡན་ལོ་རྒྱུས་སུ་འདོད་དགོས་ན་ད་དངོས་གནས་ལས་ཀྱི་ཐ་མ་དེ་ཡིན་འགྲོ། །
ནང་གི་སེམས་དང་ཕྱིའི་སྣང་བའི་དབར་ལ་དངོས་པོ་ལ་ཤགས་བརྒྱབ་ནས་གཏན་པ་ཕབས་པའི་གཤེན་རབ་ཀྱི་བོན་ལ། ལྷ་གསོལ་བ་དང་། འདྲེ་བཀར་བ་དང་། ཡུག་ཕུད་པ་ཞེས་བརྗོད་སྲོལ་འདུག་མ་གཏོགས། རྒྱལ་འགོང་བསྟེན་མཁན་དང་གདོན་འདྲེ་སྲོལ་མཆོད་བྱེད་མཁན་ཞིག་གཤེན་རབ་ཀྱི་ལུགས་ལ་ཡོད་པར་ཡེ་ནས་མ་གསལ། །
༡༩༩༥་དང་་༡༩༩༦་་ཡས་མས་གཅིག་ལ་རྡ་ས་ནོར་བུ་གླིང་ཁར་ཆོས་ལུགས་ཚོགས་ཆེན་ཞིག་འཚོགས་པ་རེད། དེར་༧གོང་ས་མ་ཆོག་གིས་འདི་འདྲ་གསུངས་སོང་བསམ། མང་ཚོགས་ལ་ཆོས་ཁྲིད་བྱེད་དུས་ཆོས་ལུགས་གཞན་མུ་སྟེགས་པ་ལ་སོགས་ལ་དགག་རྒྱག་གི་རིགས་དེ་ཚོ་མ་ལབ་ན་ལེགས་པའི་སྐོར་གྱི་བཀའ་སློབ་ཅིག་ཕེབས་སོང་བསམ། དེ་དུས་དགེ་བཤེས་ཡེ་ཤེས་ཐབས་མཁས་ཞུ་བ་ཞིག་གིས་དེའི་སྐོར་ལ་ཁོང་རང་གི་ཉམས་མྱོང་དང་འབྲེལ་ནས་མུ་སྟེགས་ལ་དགག་པའི་རིགས་དེ་དག་མང་ཚོགས་སར་གང་བྱུང་ལབ་ན་ཡག་པོ་མེད་རབས་ཅིག་བཤད་སོང་བསམ། དེ་དུས་༧་གོང་ས་མཆོག་གིས་ཡེ་ཤེས་ཐབས་མཁས་ལ་ཡེ་ཤེས་ཀྱི་སྤྱན་འདུག་ཟེར་ནས་ཆེ་བསྟོད་ཀྱང་གནང་སོང་། ཡིན་ནའང་ངས་ཚིག་འཁྲི་ཇི་མ་ཇི་བཞིན་ནི་མི་དྲན་གསུངས་ནི་ཏན་ཏན་གསུངས་སོང་། ཡིད་མ་ཆེས་ན་ཤེས་བྱ་དུས་དེབ་དང་སྒྲ་ཐག་འཁོར་ལོ་དེ་ཚོའི་ནང་ལ་ཡོད་འགྲོ་ཞིབ་འཇུག་བྱོས། །
དིང་སང་མུ་སྟེགས་དགག་གཞག་གི་ཚབ་ཏུ། ཚན་རྩལ་སྦྱར་བསྡུར་བྱ་ཡ་བགྱི་དུས་ཚོད་ལ་བསླེབས་ཚར་བ་རེད་དོ།།