བོད་ཀྱི་དུས་བབ་ལས་དྲངས།
ཉེ་ཆར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཨ་རིའི་ནང་གི་བོད་མི་གནས་ཡུལ་ཁག་ཏུ་སྐོར་སྐྱོད་དང་། དེའི་སྔོན་ལ་ཚོགས་གཙོ་མཆོག་གི་སྣེ་ཁྲིད་འོག་སྤྱི་འཐུས་༥ ཡུ་རོབ་ཀྱི་རྒྱལ་ཁབ་ལྔའི་ནང་བོད་དོན་ཞུ་གཏུག་ཏུ་བསྐྱོད་པ་བཅས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ཉེ་སྔོན་ཨ་རིའི་ནང་ཕྱོགས་སྐྱོད་གནང་བའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། ཐེངས་འདིར་ཉིན་གྲངས་༡༠ རིང་ཨ་རིའི་མི་ནི་སོ་ཊ་ནས་མགྲོན་འབོད་གནང་བ་ལྟར། ཞིབ་འཕྲོས་འདིར་གཟིགས་http://www.tibettimes.net/news.php?showfooter=1&id=8433
སློབ་གྲྭའི་བུ་གུ་ཨ་བ་དེ་ཚོ་ཆུ་ཉོག་མའི་ནང་གི་ཉ་ཆགས་ནས་རུལ་སོང་དུས། ད་གཟོད་གཞི་ནས་ཅིག་བྱེད་འདོད་འདི་ལ་རེ་བ་ཞིག་ཡོད་པ་མཐོང་མ་སོང་། སྟོད་པ་བ་ཀླ་ཀློའི་ཁ་ཤས་གིས་ལག་ཏུ་བོད་ཀྱི་ཤེས་ཡོན་བཞག་ནས་རྒྱ་མི་གུང་ཁྲན་ལས་སྡུག་ཡ་ཁོ་ཚོས་བློས་གཏོང་ཚར་རེད། བོད་ཁྱིམ་འགན་འཛིན་ཚེ་དབང་རིག་འཛིན་དང་ཁོའི་སྐྱེས་དམན་སྦི་ཚེ་རིང་ཏཱ་ལའི་བླ་མ་མཐོ་སློབ་དབུ་འཛིན་བསྡད་ནས་བཙན་བྱོལ་ནང་བཀས་བཀོད་རྒྱུད་འཛིན་བསྐྱར་གསོ་བྱེད་ཀི་ཡོད་རེད། བཙན་བྱོལ་གྱི་ཤེས་རིག་བཤད་ཡོང་དུས་ཐང་ཆད་ཡོང་གི་ཡ།
བསོད་ནམ་ལགས་དེའི་སྐོར་མང་ཙམ་གསུངས་རོག་། བཀའ་བཀོད་རྒྱུན་འཛིན་བྱེད་ཀྱི་ཡོད་ན་ངོ་རྒོལ་བྱེད་དགོས། བཀའ་བཀོད་རྒྱུན་འཛིན་གྱི་ལམ་ལུགས་བོད་ལ་མེད་བསམ་བྱུང་། ད་ཡང་ཚུར་ལོག་ཡོང་ན་ཡག་པོ་མ་རེད་ གསལ་པོ་དང་གོ་བརྡ་ཕྲོ་པོ་ཞིག་བྲི་རོག་གནང།
ཧ་ཧ། དངོས་གནས་ཡ་མཚན་རེད། བསོད་ནམས་ལགས་ཞེས་པ་དེས་རང་ཉིད་རང་ལ་ལགས་ཞེས་ཞེ་ས་རྒྱག་མཁན་དེ་ལ་བོད་མི་ནང་ཁུལ་གྱི་ཆིག་སྒྲིལ་དང་། འཆམ་མཐུན་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་ཡོད་པ་འདྲ། སྦི་ཚེ་རིང་གཏན་ཞལ་གཉིས་པོས་བཀས་བཀོད་རིང་ལུགས་ལག་བསྟར་བྱེད་ཀྱི་ཡོད་རེད་ཅེ་ན་བོད་ཁྱིམ་ནང་གི་ལས་བྱེད་ཚོས་དངོས་གནས་ཁོག་པའི་གཏིང་ནས་དགོད་ཤོར་གྱི་རེད། གནས་ཚུལ་ཆ་ཚང་མ་ཤེས་པར་གང་བྱུང་བཤད་མཁན་ཞིག་ཡིན་པའི་རྟགས་སུ་སྦི་ཚེ་རིང་གི་ཁྱོ་གའི་མིང་ཆ་ཚང་ཤེས་ཀྱི་མེད་པ་དེ་རེད། དེ་ཐོག་ཏུ་བཀས་བཀོད་རིང་ལུགས་ཀྱི་དོན་དེ་ཡང་གསལ་པོ་ཤེས་མཁན་ཞིག་རེད་མི་འདུག མདོར་ན། ཁོང་གཉིས་པོའི་འཇོན་ཐང་ལ་ཕྲག་དོག་དང་། ཡང་སྒོས་སྟོད་པའི་རིགས་ལ་རྩ་བ་ནས་མི་དགའ་མཁན་ཞིག་ཡིན་པ་གསལ་པོ་འདུག གལ་ཏེ་བཀས་བཀོད་རིང་ལུགས་དང་། དེ་བཞིན་བོད་མི་རིགས་ལ་གནོད་ངོ་མ་སྐྱེལ་མཁན་ལ་སྐྱོན་བརྗོད་བྱེད་བྲིས་འདོད་ཡོད་ན་དེ་ཚོ་ངོ་ཤེས་པ་དང་ཁུངས་སྐྱེལ་ར་འཁྲོད་ཀྱི་གནས་ཚུལ་གསལ་པོ་ཤེས་པ་ཞིག་དགོས། དེ་འདྲ་བྱུང་ན་ཁྱོད་ཕ་བཟང་བུ་ངོ་མ་དེ་རིད། གཞན་སྡོག་པ་མ་བསགས་ན་དགའ་བ་ཡིན་ནོ།
ནོར་བཅོས། སྡོག་པ་མ་བསགས་ན་ ཞེས་པའི་ཚབ་ཏུ་ སྡིག་པ་མ་བསགས་ན། ཞེས་པའི་དོན་ཡིན།
དེ་རིང་ཨ་ཁུ་ཨོ་རྡོ་ཅུང་ཙམ་ཁྲོས་འདུག་་་་ཀེ་རེམ་རྩེ་གིར་ཤོག་ཡ