རྨིག་སྒྲ།
རྒྱ་དམར་གདོན་འདྲེས་བཙན་ཤེད་དང་། གདུག་རྩུབ་ཆེན་པོས་ཐ་ན་དྲང་གཏམ་ཚིག་གཅིག་ཀྱང་ཤོད་ས་མེད་པའི་ཆེས་བཙན་གནོན་གྱི་ཁོར་ཡུག་ནང་དུ་གཞིས་བཞུགས་བོད་མི་སྟོང་ཕྲག་མང་པོས་སྤྱི་ལོ་ ༢༠༠༨ ལོར་ལྷག་བསམ་དང་ལ་རྒྱའི་གོ་ཁྲབ་བཙན་པོས་བོད་མིའི་ངེས་དོན་གྱི་མགོན་སྐྱབས་༸གོང་ས་མཆོག་རང་ཡུལ་བོད་ལ་ཆིབས་སྒྱུར་དང་། བཀའ་དྲིན་མཚུངས་མེད་ཀྱི་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་གདུག་རྩུབ་ཀྱི་ལོ་འདབ་བརྟས་པའི་བཙོན་ཁང་གི་སྦུ་གུའི་ནང་ནས་མྱུར་དུ་གློད་གྲོལ་དགོས་པ་དང་། བོད་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་ཀྱི་བདེན་པའི་འབོད་སྒྲས་གནམ་ས་རལ་བར་བྱས་པས་རྒྱ་དམར་སྲིན་བུའི་དམག་མིས་སྤྱང་ཀིས་ལུག་མཐོང་བ་ལྟར་རང་རིགས་སྤུན་ཟླ་མང་པོར་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་གདུག་རྩུབ་ཆེན་པོས་དེང་དུས་ཀྱི་མཚོན་ཆ་འདྲ་མིན་བེད་སྤྱད་དེ་ཉེས་མེད་རང་རིགས་རྣམས་ཀྱི་སྲོག་དབང་གཏོར་ཏེ་ཕྱི་མའི་ལམ་དུ་བརྫངས། ད་དུང་ཉེས་མེད་མི་མང་སྟོང་ཕྲག་མང་པོ་བཙན་ཤེད་ཁོ་ནས་དབྱུག་པས་བྲན་དུ་བཀོལ་ཏེ་དྲང་བདེན་གྱི་ཉི་ཟེར་བྲལ་པའི་མུན་པའི་བཙོན་དུ་བཅུག་པ་སོགས་བསམ་ན་འཇིགས་སྣང་སྐྱེས་ལ་མཐོང་ན་ཡ་ང་བའི་གནས་སྟངས་ཤིག་ཆགས་ཡོད། བཙན་བྱོལ་ཡུལ་དུ་བཙན་གནོན་དང་གདུག་རྩུབ་ཡོངས་སུ་བྲལ་ཏེ་རང་དབང་དང་མང་གཙོའི་ཟས་ཀྱིས་འཚོ་བཞིན་པའི་ངེད་ཚོའི་མགོ་ཁྲིད་ཀྱི་མིང་འཛིན་པ་སྤྱི་འཐུས་ཚོས་བོད་མི་རིགས་ཀྱི་བདེ་སྐྱིད་དང་རང་དབང་སླར་གསོའི་ཆེད་དུ་རྙེད་པར་དཀའ་བའི་མི་ལུས་རིན་ཆེན་བློས་བཏང་བའི་རླབས་ཆེན་གྱི་དཔའ་བོ་དང་དཔའ་མོ་དེ་དག་གི་ཟུངས་ཁྲག་དང་ཚེ་སྲོག་ལ་ཞིབ་འདང་མ་བརྒྱབ་པར་མི་སྒེར་གྱི་ལམ་གྲོན་ཞིག་གིས་རྐྱེན་བྱས་ཏེ་སྤྱི་འཐུས་མགོ་རུལ་བ་ཚོ་སྔར་གྱི་འཁོན་འཛིན་གྱི་ནད་རྙིང་ལ་ཟུག་ཟེར་ལངས་ནས་ཕན་ཚུན་དགྲ་ཡ་ཁ་གཏད་ཀྱི་ཁྱོད་ཤི་ང་གསོན་གྱི་རྩོད་གླེང་བྱས་ཏེ་གྲོས་ཚོགས་ཚུགས་མི་ཐུབ་པར་སྒོ་བརྒྱབ་དགོས་བྱུང་བ་དེ་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་རེད་ཨང་། སྤྱི་གཏང་ཁྲིམས་བཟོ་ལྷན་ཁང་ངམ་སྤྱི་འཐུས་གྲོས་ཚོགས་ནི། རྒྱལ་ཁབ་གང་དེའི་ཆབ་སྲིད་དང་དཔལ་འབྱོར་འཛུགས་སྐྲུན་ཡར་རྒྱས་གཏང་རྒྱུའི་སྐོར་ལ་ཕན་ཚུན་བགྲོ་གླེང་བྱས་ནས་མ་འོངས་པར་རྒྱལ་ཁབ་མདུན་བསྐྱོད་གང་འདྲ་བྱེད་དགོས་མིན་གྱི་ཐད་ལ་ཐག་གཅོད་བྱེད་མཁན་སྒྲིག་འཛུགས་གལ་ཆེན་ཞིག་ཡིན། ངེད་ཚོ་བཙན་བྱོལ་གཞུང་གི་ཁྲིམས་བཟོ་ལྷན་ཁང་ངམ་སྤྱི་འཐུས་གྲོས་ཚོགས་ལ་ྐླད་རྙིང་བག་ཁུམས་ཀྱི་གླེན་པ་མང་དྲགས་ཏེ་བོད་མིའི་བདེ་སྡུག་སེལ་རྒྱུའི་སྐོར་ལ་ཕུགས་བསམ་ལྡན་པའི་བསམ་བློ་སྣེ་གཅིག་མེད་པར་དེ་ལས་ལྡོག་སྟེ་གྲོས་ཚོགས་དེ་ཁོང་ཚོ་སྒེར་གྱི་ནད་རྙིང་རྩོད་གླེང་དང་ཁྱོད་ཤི་ང་གསོན་གྱི་གཡུལ་ས་ལྟ་བུ་ཞིག་ཏུ་གྱུར་བ་ནི། དགྲ་དགའ་གཉེན་སྡུག་ཅེས་པའི་དཔེ་བཞིན་རང་གི་མི་རིགས་ལ་གདུང་ཞེན་ཟབ་པའི་སྤུན་ཟླ་རྣམས་ཞེ་མེར། ཤན་པ་ལག་དམར་བ་རྣམས་དགའ་བར་གྱུར་བ་ནི་སྐབས་བཅུ་བཞི་བའི་སྤྱི་འཐུས་ཚོའི་གཟི་བརྗིད་ཉག་ཅིག་ཡིན། སྐབས་བཅུ་བཞི་པའི་སྤྱི་འཐུས་ཁྱོད་ཚོ་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ལ་ནག་ཐིག་འབྲི་མཁན་གྱི་འགོ་པའང་ཡིན། ཁོང་ཚོ་ཕན་ཚུན་གླེང་ཕྱོགས་ལ་གཞིགས་ན། ༸གོང་ས་མཆོག་དང་སྲུང་མ་དམར་ནག་གཉིས་ཀྱི་སྐུ་ཐང་གི་མདུན་དུ་་ཐོག་མའི་ཁས་བླངས་པའི་དམ་བཅའ་ལས་ཡོངས་སུ་བརྒལ་ཏེ། སྤྲང་པོ་ཟས་ལ་མི་འཆམ་ཞེས་པ་ལྟར་ཕྱོགས་ལྷུང་གི་ལྟ་བ་གཙོ་བོར་འཛིན་ཏེ་སྤྱི་དོན་ཡལ་བར་དོར། ཟས་ངན་ཞིག་གིས་ལུས་ཀྱི་སྟོད་སྨད་དཀྲུག། མི་ངན་ཞིག་གིས་ལུང་པའི་ཕུ་མདའ་དཀྲུག། ཅེས་པ་ལྟར་སྐབས་དེ་དུས་ཤེས་དམན་ྐླད་ཆུང་གི་རྣམ་པ་དམར་རྗེན་དུ་མངོན་ཏེ་སྤྱི་འཐུས་རེ་འགས་ཐོག་མར་གྲོས་ཆར་དེ་ལ་བེད་སྤྱོད་གཏོང་མི་དགོས་པའི་ཚིག་རྙོག་འགའ་བཤད་ནས་རྙོག་འཛིང་དེ་མགོ་ཚུགས། ཡང་རེ་འགས་བོད་མིའི་གྲོས་ཚོགས་ཁང་དུ་ལག་ལྡབ་རྐང་ལྡབ་ཀྱིས་ཚོགས་མི་གཞན་རྣམས་རང་གི་གཉེན་ཉེ་བསད་མཁན་གྱི་དགྲ་བོ་ལྟ་བུར་ངོས་འཛིན་བྱས་ཏེ་གཏམ་འཆལ་འགའ་སྤེལ། དེ་ནས་ཡང་རེ་འགས་ཁྱེད་ཚོའི་སེམས་ནང་ལ་གཞིས་བཞུགས་བོད་རྒྱ་ཆེའི་མི་མང་མི་འདུག་ཅེས་རང་ཉིད་གཞིས་བཞུགས་བོད་རྒྱ་ཆེའི་མི་མང་ལ་ཤ་ཞེན་ཡོད་མདོག་གྱི་རྫུན་གཏམ་དང་། སྒེར་སོ་སོའི་ཁེ་ཕན་གྱི་ཆེད་དུ་ཆབ་སྲིད་བཙོན་ཟུར་ཚོར་ཞེས་བཙོན་ཟུར་ཚོ་ཐབ་ཕྱིས་ལྟར་བེད་སྤྱོད་བཏང་སྟེ་ཁུངས་དང་རྒྱུ་མཚན་གྱི་དབེན་པའི་བསམ་ཚུལ་འགའ་བརྗོད། ངོ་མ་ཁྱོད་ཚོར་ཆབ་སྲིད་ཀྱི་བཙོན་ཟུར་ཚོར་རོགས་རམ་བྱེད་རྒྱུའི་འདུན་པ་རྣལ་མ་ཞིག་ཡོད་ན་རྒྱ་མིའི་གདུག་རྩུབ་ཀྱི་བཙོན་རྭའི་ནང་འགའ་རེ་ལོ་ལྡ་དྲུག་དང་། འགའ་རེས་ལོ་བཅུ་གྲངས་བསྡད་མྱོང་བ། ད་ལྟ་དགུ་བཅུ་གསུམ་ཉེ་འགྲམ་དུ་རང་ལུས་གཅོང་ཅན་དུ་གྱུར་ནས་ལས་ཀ་སོགས་གང་ཡང་མེད་པར་དཀའ་སྡུག་མྱོང་བཞིན་པ་དེ་ཚོ་ཁྱེད་ཚོས་མི་མཐོང་བ་ཅི་ཡིན་ནམ། ཡང་འགའ་རེས་རང་གི་བསླབ་ཁྲིམས་ཀྱི་ཉེས་སྤྱོད་ལ་མི་འཛེམས་པར་རྔ་རྡུང་སྟངས་ལ་གཞིགས་ནས་འཆམ་འཁྲབ་ཀྱི་ཡིན་ཞེས་བྱ་ངན་གཟི་བརྗིད་དུ་རློམ་ནས་བརྗོད། རྒྱ་དམར་ྐླ་ྐློས་ཕྱི་ལོ་ ༡༩༤༩ ནས་ཕྱི་ལོ་ ༢༠༠༩ བར་དྲིན་ཅན་ཕ་མའི་སྐུ་སྲོག་འཇིགས་རུང་མེ་མདའ་དང་དབྱུག་པས་དམྱལ་བའི་མེ་དོང་རྭ་བར་བརྫངས། བུ་མོའི་ལང་ཚོ་བཙན་གཡེམ་ཕྲ་མས་འཕྲོག རིག་གཞུང་གི་ལྟེ་གནས་དགོན་སྡེ་སྟོང་ཕྲག་མང་པོ་དྲག་པོའི་འབར་རྫས་ཀྱིས་གཏོར་བ་སོགས་ཀྱི་རྔ་རྡུང་ན་ཡང་ཁྱོད་ཀྱིས་འཆམ་མི་འཁྲབ་པ་ཅི་ཡིན་ནམ། ཡང་གྲོས་གཞི་དེར་རྒྱབ་སྐྱོར་དང་དགག་བྱ་བྱེད་མཁན་གཉིས་ཀའི་ནང་ནས་ནམ་རྒྱུན་ང་གྲོས་ཚོགས་ནང་སྐད་ཆ་བཤད་རྒྱུར་དགའ་པོ་མེད་ད་རེས་མི་བཤད་ཀ་མེད་ཆགས་སོང་ཞེས་བོད་མི་མང་གི་བདེ་སྡུག་ཐག་གཅོད་སའི་ནང་ལ་འབྲེལ་མེད་ཀྱི་གཏམ། རང་གི་ཁྱིམ་གཞིས་སྐོར་དང་ཆོལ་ཁའི་འཐེན་འཁྱེར་ཚིག་ངན་འགའ་ཞིག་བརྗོད། དགོས་ས་དེར་ ཆད། མི་དགོས་ས་དེར་འཐོལ་ཞེས་པའི་དཔེ་ལྟར་བོད་ཀྱི་གནད་དོན་གྱི་སྐོར་ལ་གླེང་སློང་བྱེད་དུས་ཁྱོད་ཚོའི་ཁ་སྐྱག་པས་བཀག་པ་ལྟར་དགོས་ངེས་ཀྱི་སྐད་ཆ་ཅི་ཡང་མི་ཐོན། དགོས་མེད་ཆོལ་ཁ་དང་ལུང་ཚན་སྐོར་ལ་གླེང་སློང་སྐབས་ཁ་ནས་མེ་རི་འབར་བ་ལྟར་བདེན་པའི་རླན་བཤེར་གྱི་ནུས་པས་གསོད་མི་ཐུབ་པར་གྱུར། དེ་ཡང་ལེགས་བཤད་ལས། ཧ་ཅང་གཡོ་སྒྱུ་ཆེ་དྲགས་ན། རེ་ཞིག་སྒྲུབ་ཀྱང་མཐའ་མར་བརླགས།། གཟིག་ལྤགས་བཀབ་པའི་བོང་བུ་ཡིས།། ལོ་ཏོག་བཟས་མཐར་གཞན་གྱིས་བསད།། ཅེས་གསུངས་པ་ལྟར། དུས་རྒྱུན་ནས་སྤྱི་དོན་ཁ་ལ་འཁྱེར་ནས་རང་དོན་གཉེར་ཏེ་ཕན་ཚུན་གྲོས་ཚོགས་ནང་སྐྱོན་ཆ་སྦས་རེས་རྩེད་ནས་མི་མང་བསླུ་བྲིད་ལ་བྱང་ཆུབ་པའི་སྤྱི་འཐུས་ཚོས་ཁོང་རང་ཚོ་སྒེར་གྱི་འཁོན་འཛིན་དེ་ཆོལ་ཁའི་གནད་དོན་ཞིག་ཡིན་ཁུལ་གྱི་གླེང་སློང་ཆེ་རུ་གཏོང་ཐབས་བྱེད་མཁན་གཟིག་ལྤགས་གྱོན་པའི་བོང་བུ་དེ་ཚོའི་གདོང་རིས་ངོ་མ་མངོན་སོང་། ཁ་ཆག་སྣ་རལ་གྱི་གནད་དོན་དེ་སྒེར་གྱི་ཡིན་པ་ལས་ཆོལ་ཁའི་གནད་དོན་རྩ་བ་ནས་མིན། ང་ཚོར་སྐྱག་པ་གཏོང་སའི་ས་ཆ་སྦར་མཐིལ་ཙམ་ཡང་མེད་པར་ཆོལ་ཁ་ཕན་ཚུན་རྩོད་དགོས་པའི་གནད་དོན་གང་ཡང་མེད། ད་རེས་ཀྱི་སྣང་ཚུལ་སྐྱུར་མོ་དེས་རྒྱ་ཆེའི་མི་མང་ལ་དྲན་སྐུལ་ཞིག་བཏང་ཡོད། ང་ཚོས་གཡོ་སྒྱུ་ལ་བྱང་ཆུབ་པའི་བྱེད་གཏེ་རང་དོན་ཁོང་དུ་སྦས། སྤྱི་དོན་ཁ་ལ་འཁྱེར་མཁན་དེ་ཚོའི་བསླུ་བྲིད་ཀྱི་དྲ་བ་ལས་གྲོལ་ཏེ་འབྱུང་འགྱུར་སྤྱི་འཐུས་དེ་ཚོ་བོད་རྒྱ་ཆེའི་མི་མང་ལ་དངོས་ཡོད་ཀྱི་ཤ་ཞེན་དང་ཁ་ཡོད་ལག་ཡོད་ཀྱི་ལས་དོན་སྒྲུབ་ཐུབ་མཁན་ཞིག་བདམས་དགོས་པ་ལས། སྔར་ལྟར་ཤེས་ཡོན་གྱིས་དབུལ་པའི་ྐླད་རྙིང་མཁྲེགས་བཟུང་ཁྲོམ་པའི་ནང་གི་སྦལ་བ་ལྟ་བུ་དེ་ཚོ་ཡང་བསྐྱར་མུ་མཐུད་ནས་བདམས་པ་ཡིན་ན་ང་ཚོ་འགྱེལ་ས་དེ་ནས་ནམ་ཡང་ལངས་མི་ཐུབ་པ་མ་ཟད་མུ་གེའི་སྒང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་༸གོང་ས་མཆོག་དང་མི་རབས་རྒན་པ་དག་གིས་ངལ་བ་དུ་མ་ཁྱད་དུ་བསད་དེ་གསར་སྐྲུན་གནང་བའི་བཙན་བྱོལ་གྱི་སྒྲིག་འཛུགས་དེ་ཡང་ཉམས་དམས་སུ་འགྲོ་རྒྱུར་ངེས། བཙན་བྱོལ་རྒྱ་ཆེའི་མི་མང་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་ཉི་ཟེར་འོག་ལ་ཆོལ་ཁ་དང་ཆོས་ལུགས་ཕན་ཚུན་བར་རང་རྒྱལ་གཞན་ཕམ་གྱི་རྩོད་གླེང་གཏན་ནས་མེད་པར་འཚོ་བཞིན་པ་འདི་ལ་སུ་ཞིག་གིས་ཀྱང་རྨ་ཁ་བཟོ་མི་ཐུབ་པར་གནས་པ་ནི་གཟི་བརྗིད་ཆེ། ད་རེས་ངས་སེམས་ཚོར་དྲག་པོས་བླ་མ་དང་། དགེ་བཤེས། མཁན་པོ་སོགས་ལ་དམིགས་བཀར་ཞུ་རྒྱུར། བོད་གཞུང་ཆོས་དོན་ལྷན་ཁང་ཡོད་བཞིན་དུ་དམིགས་བསལ་ཆོས་ལུགས་ཀྱི་སྤྱི་འཐུས་ཤིག་ཟུར་དུ་དགོས་གལ་ཅི་ཡང་མི་འདུག་སྙམ། གལ་ཏེ་ཆོས་ལུགས་ཀྱི་སྤྱི་འཐུས་ཤིག་ཡོད་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ནས་ཡུན་རིང་དུ་གནས་ཐུབ་པ་དང་། དེ་མེད་ན་དེ་ལྟར་མི་ཐུབ་པ་ཨེ་ཡིན། ཡང་ན་ཆོས་དོན་ལྷན་ཁང་ནས་ཚང་མར་སྟངས་འཛིན་བྱེད་མི་ཐུབ་པ་རེད་དམ། ཆོས་འདྲིས་ཆོས་ཀྱི་མ་ཐུལ། མར་ལྐོག་མར་གྱི་མ་ཐུལ་ཞེས་པའི་དཔེ་ལྟར་ཆོས་ལུགས་ཀྱི་ཞབས་སྟེགས་སྟེང་ལ་བཞུགས་པའི་ཆོས་རྒྱུད་ཁག་གི་སྤྱི་འཐུས་རྣམ་པས་ངུར་སྨྲིག་གོས་བཟང་གི་འོག་ནས་ཉོན་མོངས་དུག་གསུམ་གྱི་ཀུན་ནས་བསླངས་ཏེ་ཆགས་སྡང་རགས་པའི་གཞན་དབང་དུ་སོང་ནས་སྒོ་གསུམ་གྱི་སྤྱོད་པ་ཁྱིམ་པ་ལས་ཀྱང་ཆེས་ཞན་པ་སྟོན་མཁན་གྱི་སྤྱི་འཐུས་ དེ་ཚོས་ཆོས་ལུགས་ལ་རྨ་འབྱིན་པ་མ་ཟད་གྲྭ་མང་གི་མཚན་སྙན་ལའང་སྤྱི་ཚོགས་སྟེང་མཐོང་སྣང་ངན་པ་ཞིག་བཟོ་ཡི་ཡོད་པས་དེ་ཚོ་ཡོད་པ་ལས་མེད་ན་དགའ་སྙམ། མདོ་དོན། ན་ཟུག་སྐྱུར་མོ་འདི་དག་གིས་བསླངས་པའི་ཟུག་གཟེར་ནི་ངེད་གངས་ཅན་པ་ཡོངས་ཀྱི་གློ་སྙིང་བྲང་གསུམ་དུ་རྒྱག་གིན་འདུག་ན། སླད་ཕྱིན་རང་རིགས་ཡོངས་ཀྱིས་ཚད་ལྡན་སྤྱི་འཐུས་ཤིག་ཡོང་བར་ད་ཆ་ནས་བརྟག་དཔྱད་ཞིབ་ཕྲ་གནང་རོགས་ཞེས་རེ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད།།
སྤྱི་འཐུས་མ་ནོར་ཞིག་འདེམས་རྒྱུད་དེ་དངོས་གནས་གལ་ཆེན་པོ་རེད།
གྲོས་ཚོགས་ཀྱིས་ཚོགས་འགོ་མ་འཁྱོངས་པ་འདི་དེང་གི་ཚོགས་གཙོ་སྤེན་པ་ཚེ་རིང་གི་བྱས་རྗེས་ཡིན་ཞིང་། ལོ་རྒྱུས་ཀྱིས་ཤོག་ལྷེ་འདི་བོད་ཀྱི་ཨང་དང་པོའི་གྲས་སུ་བཀོད་ཡོད། ཚོགས་གཙོ་འདིས་གོང་ས་མཆོག་གི་མདུན་དུ་དམ་བཅའ་བཞག་ཡོད་བཞིན་དུ་རང་ཉིད་ཀྱང་ཚོགས་འདུར་མ་ཞུགས་པའི་ཡིད་སྐྱོ་ཞིང་དགོད་བྲོ་བའི་ཟློས་གར་འཁྲབ་ཡོད་པས། ཐེངས་འདིར་མི་འདི་ལྟ་བུ་གདམ་ཡ་ནི་དངོས་གནས་དྲང་ནས་ཉེན་ཁ་ཞིག་ཏུ་གྱུར་ཡོད།
གསུངས་པ་ལ་མངོན་པར་བསྟོད། སྐབས་བཅུ་གསུམ་པའི་སྤྱི་འཐུས་དེ་ཚོ་ཚད་ལྡན་དུ་མ་སྣང་མོད། ཚད་ལྡན་རེད་ཟེར་ཏེ་སྒྲུབ་བྱེད་ཀྱི་ཆུ་མཇོད་བསྐྱིལ་རུང་ངའི་སྐོམ་དེ་སེལ་མི་ཐུབ། བཀའ་ཁྲི་ལས་སྤྱི་འཐུས་དེ་གལ་ཆེ་ཆགས་འདུག་མོད། ཨ་གསར་ཅན་ཚོའི་བཀའ་ཁྲིའི་བགྲོ་གླེང་བྱེད་པ་ལས་སྤྱི་འཐུས་དེ་ཚོ་ལ་དོ་སྣང་ཡལ་འདུག་པས་བཙན་བྱོལ་སྤྱི་ཚོགས་འདི་འཐོར་ཞིག་གི་རྨང་གཞི་བརྩིག་བཞིན་པ་མ་འོངས་སྔོན་དཔག་གི་སྐད་ཆ་རང་ཡིན། སེར་མོ་བ་དེ་ཚོ་རབ་བྱུང་ན་མ་འདེམས་ན་ལེགས།
རེད་ཡ་སྤྱི་འཐུས་ནི་ཆེས་གལ་འགངས་ཆེ་བ་ཞིག་ཡིན་པས་ཚང་མས་སྤྱི་པའི་འཐུས་མི་མིང་དོན་མཚུངས་པ་ཞིག་འདེམས་རྒྱུ་དེ་གནད་འགག་རེད། དེ་སྔོན་བགྲོད་ཚོགས་སུ་བྱུང་བའི་དོན་རྐྱེན་སྐབས་ཀྱི་མི་སྣ་གཏེ་བོ་དེ་ཚོ་ངོས་བཟུང་ནས་ཕྱིན་ཆད་དེ་ཚོ་མེད་པ་བཟོ་རྒྱུ་ནི་སྐྱབས་བཅོལ་ན་ཡོད་པའི་བོད་མི་སྤྱི་བོ་གནམ་བསྟན་ཀུན་གྱི་སྐབས་འབབ་ཀྱི་ལས་འགན་ཞིག་རེད་སྙམས། སྤྱི་འཐུས་ལས་ཐོག་དྲག་གྲས་ཚོར་སླར་ཡང་གོ་སྐབས་སྤྲོད་པ་དང་དེ་མིན་གྱི་གད་སྙིགས་དེ་ཚོ་ཕྱིར་འདྲེན་བྱ་དགོས།
ལོ་རྒྱུད་ཀྱི་ཉམས་མྱོང་བྱས་ན་སྤྱི་མཐུས་ནང་ཆོས་ལུགས་ཁག་དང་ ལྷག་པར་དུ་ལྡན་ས་ཁག་གི་མཐུས་མི་མེད་ན་ལིགས།
ེདོན་དག་ཨོའོ་ཙམ་བྲིས་འདུག འོན་ཀྱང་ཡིག་ནོར་མང་པོ་འདུག ཡིག་འབྲིའི་རྩལ་ཅུང་ཞན། ཆོས་དྲེད་ཆོས་ཀྱིས་མ་ཐུལ། མར་སྐོགས་མར་གྱིས་མ་དུལ་ཞེས་པའི་དཔེ་ཡོད་པ་བདེན། འོན་ཀྱང་དེ་དང་ཆོས་བརྒྱུད་སྤྱི་འཐུས་རྣམས་འབྲེལ་བ་རྩ་བ་ནས་མེད། ཁོ་ཚོ་ཆོས་དྲེད་སོང་ཡས་ཀྱི་རྐྱེན་མེད། ཁོ་ཚོ་ཚང་མ་ཆོས་མི་ཤེས་མཁན་གྱི་སེར་གཟུགས་ཤ་སྟག་རེད། འདི་ཆོས་པ་ཡོངས་ཀྱི་ཞབས་འདྲེན་ཡིན་པ་བདེན། མ་ཟད་ཁོ་ཚོས་མི་དམངས་སྐྱུག་མེར་ལངས་དགོས་བཟོས་པའང་ཆེས་བདེན། སྔོ་ལོའི་གྲོས་ཚོགས་ཀྱི་འཐབ་འཛིངས་ཁྲོད་ནས་ནག་ཉེས་ཆེ་ཤོས་ནི་ཀརྨ་ཆོས་འཕེལ་ཞེས་པའི་མི་ངན་དེ་ཡིན་པ་སྨོས་མེད་ཁར། ད་དུང་མགོ་རིལ་སྨོན་ལམ་མཐར་ཕྱིན་ཞེས་པ་དང་། གཡང་དྲུང་རྒྱལ་མཚན་ཞེས་པ། ཐུབ་བསྟན་འཕེལ་རྒྱས་ཞེས་པ། བེ་རི་འཇིགས་མེད་ཞེས་པ། ཟླ་བ་ཚེ་རིང་ཞེས་པ། འཇུ་ཆེན་དཀོན་ཆོག་ཞེས་པ་སོགས་གང་ལྟར་བོད་ཀྱི་ལོ་རྒྱུས་ཐོག་ནག་ཐིག་འགོད་མཁན་ཁྱུ་གཅིག་ཡོད་པ་མི་དམངས་ཀྱིས་ངེས་དགོས། འདིས་༸གོང་ས་མཆོག་ལའང་ཐུག་ཕམ་ཆེན་པོ་བཟོས་ཡོད། འདི་ཚོའི་རིགས་སྤྱི་འཐུས་སུ་རྩ་བ་ནས་མ་སླེབས་པ་བྱེད་དགོས། བོ་ལམ་དང་། བཀའ་ལམ་ལ་བརྟེན་ནས་མི་ངན་གཏེ་པོ་འགའ་ཤས་སྤྱི་འཐུས་ཀྱི་ར་བའི་ནང་ཐར་ཐབས་བྱེད་བཞིན་ཡོད། འདི་རྣམས་ཀྱང་མི་ངན་ཆབ་སྲིད་རྒན་པོ་འགའ་ཞིག་གི་རྒྱབ་སྐྱོར་གཡོ་བྱུས་ལས་བྱུང་བར་འདོད། གང་ལྟར་ད་མི་དམངས་གཉིས་སད་རན་འདུག་མ་ཚད། ཕྱིས་ཀྱང་དྲག་འདུག་གོ །༊༊༊a࿊a༺༻༺
ེརྨིག་སྒྲའི་བསམ་འཆར་གྱི་དོན་དག་ཨོའོ་ཙམ་བྲིས་འདུག འོན་ཀྱང་ཡིག་ནོར་མང་པོ་འདུག ཡིག་འབྲིའི་རྩལ་ཅུང་ཞན། ཆོས་དྲེད་ཆོས་ཀྱིས་མ་ཐུལ། མར་སྐོགས་མར་གྱིས་མ་དུལ་ཞེས་པའི་དཔེ་ཡོད་པ་བདེན། འོན་ཀྱང་དེ་དང་ཆོས་བརྒྱུད་སྤྱི་འཐུས་རྣམས་འབྲེལ་བ་རྩ་བ་ནས་མེད། ཁོ་ཚོ་ཆོས་དྲེད་སོང་ཡས་ཀྱི་རྐྱེན་མེད། ཁོ་ཚོ་ཚང་མ་ཆོས་མི་ཤེས་མཁན་གྱི་སེར་གཟུགས་ཤ་སྟག་རེད། འདི་ཆོས་པ་ཡོངས་ཀྱི་ཞབས་འདྲེན་ཡིན་པ་བདེན། མ་ཟད་ཁོ་ཚོས་མི་དམངས་སྐྱུག་མེར་ལངས་དགོས་བཟོས་པའང་ཆེས་བདེན། སྔོ་ལོའི་གྲོས་ཚོགས་ཀྱི་འཐབ་འཛིངས་ཁྲོད་ནས་ནག་ཉེས་ཆེ་ཤོས་ནི་ཀརྨ་ཆོས་འཕེལ་ཞེས་པའི་མི་ངན་དེ་ཡིན་པ་སྨོས་མེད་ཁར། ད་དུང་མགོ་རིལ་སྨོན་ལམ་མཐར་ཕྱིན་ཞེས་པ་དང་། གཡང་དྲུང་རྒྱལ་མཚན་ཞེས་པ། ཐུབ་བསྟན་འཕེལ་རྒྱས་ཞེས་པ། བེ་རི་འཇིགས་མེད་ཞེས་པ། ཟླ་བ་ཚེ་རིང་ཞེས་པ། འཇུ་ཆེན་དཀོན་ཆོག་ཞེས་པ་སོགས་གང་ལྟར་བོད་ཀྱི་ལོ་རྒྱུས་ཐོག་ནག་ཐིག་འགོད་མཁན་ཁྱུ་གཅིག་ཡོད་པ་མི་དམངས་ཀྱིས་ངེས་དགོས། འདིས་༸གོང་ས་མཆོག་ལའང་ཐུག་ཕམ་ཆེན་པོ་བཟོས་ཡོད། འདི་ཚོའི་རིགས་སྤྱི་འཐུས་སུ་རྩ་བ་ནས་མ་སླེབས་པ་བྱེད་དགོས། བོན་ལམ་དང་། བཀའ་ལམ་ལ་བརྟེན་ནས་མི་ངན་གཏེ་པོ་འགའ་ཤས་སྤྱི་འཐུས་ཀྱི་ར་བའི་ནང་ཐར་ཐབས་བྱེད་བཞིན་ཡོད། འདི་རྣམས་ཀྱང་མི་ངན་ཆབ་སྲིད་རྒན་པོ་འགའ་ཞིག་གི་རྒྱབ་སྐྱོར་གཡོ་བྱུས་ལས་བྱུང་བར་འདོད། གང་ལྟར་ད་མི་དམངས་གཉིད་སད་རན་འདུག་པས་མ་ཚད། ཕྱིས་ཀྱང་དྲག་འདུག་གོ །
རྨིག་སྒྲ་ལགས། འདི་ཁྱེད་རང་བོད་སྤྱི་དོན་ལ་ན་ནས་བྲིས་པ་མཐོང་གི་འདུག ཡིན་ནའང། སྦོམ་བཤད་དམ་རབ་རིབ་ཀྱིས་འཇོག་རྒྱུ་འདིས་གླེང་སྙོག་ཆེ་རུ་བཏང་གི་རེད། དེ་བས། གྲོས་ཚོགས་ནང་ཕྱོགས་ལྷུང་གི་གཟིར་པའི་རུ་ཁག་ག་ཚོད་ཡོད་མེད། དེ་དག་ཕྱིར་ལ་མངོན་སྟངས། སྐད་ཆ་བཤད་སྟངས། སུ་ལའང་ལྟོས་མེད་བྱེད་སྟངས། མི་མང་གི་རྒྱབ་སྐྱོར་བསྡུ་སྟངས་སོགས་རྒྱུ་མཚན་ཡོད་པ་འདྲ་བཤད་ན། ང་ཚོ་མི་ཤེས་མཁན་རྣམས་ཀྱིས་དབྱེ་ཞིབ་བྱེད་རྒྱུར་རྒྱག་གཅིག་འཆོང་གཅིག་ཡིན།
ཨོ། ཀེ་ཏ་ཀས་རང་གིས་ཁ་བརྡ་དྲ་བར་བཀོད་པའི་མཆན་ཡོད་དོ་ཅོག་ལ་བསྐྱར་ཞིབ་ཅིག་གནང་ན། ད་གཟོད་སྐུ་ཉིད་ཀྱི་འགན་ཁུར་ཁྱེར་སྟངས་ར་འཕྲོད་ངེས་རེད་བསམ་གི
གོང་འཕྲོས། དེང་སང་སྙིང་རྗེ་ཡི་འདུག་ལབ་ན་སུ་གཅིག་སྣང་བ་འགྲོ་མདོག་ཁ་བོ་མ་རེད་བཱ།
ལྷག་བསམ་ལགས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།
ལོ་ངོ་ཉི་ཤུ་སུམ་ཅུ་ལྷག་དཔེ་ཆ་བལྟ་མྱོང་མཁན་ཚོ། ཆོས་དང་མ་འདྲིས་ན་སུ་ཆོས་དང་འདྲིས་ཀྱི་ཡོད་དམ།
ཆོས་དང་འདྲིས་མ་འདྲིས་ཀྱི་སྐད་ཆ་མ་རེད། ཆོས་དྲེད་ཞེས་པ་ཆོས་ཤེས་ཀྱང་ཉམས་ལེན་མེད་པར་སེམས་རྒྱུད་སྔར་ལས་གྱོང་དུ་ཕྱི་པའི་དོན་ཡིན། ཆོས་དྲོད་ལ་སོང་བའི་མི་རྣམས་ཀྱི་སེམས་ཆོས་མི་ཤེས་མཁན་ལས་འདུལ་ཁག་པ་ཡོད་པ་ལ་ཟེར།
བྱས་ན་སྐབས་བཅུ་བཞི་པའི་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དེ་ལྟར་མ་རེད་པས།
ཆོས་དྲེད་དུ་སོང་བར་ཆོས་ཡག་པོ་ཤེས་དགོས་ཀྱི་རེད། སྐབས་བཅུ་བཞི་པའི་ཆོས་བརྒྱུད་སྤྱི་འཐུས་དེ་ཚོས་ཆོས་ངོ་མ་དེ་ཤེས་ཀྱི་ཡོད་པ་མ་རེད། ད་ཧ་གོ་སོང་ངམ།