(ཁ་བྱང་འོད་དཀར་དྲ་ཚིགས་ཀྱི་དེ་རིང་གི་བརྗོད་གཞི་ནས་གཡར་བ་ཡིན)
བོད ལྷ་ཀླུ་གཉན་གསུམ།
བགྲོ་གླེང་དུ་འཛོམས་པའི་མི་སྣ་དེ་དག་ནི་བྱེས་སུ་སྐད་གྲགས་ཡོད་པའི་དེང་དུས་ཀྱི་རྡ་སའི་རི་སྒང་འདི་ན་མིང་གྲགས་ཅུང་མི་ཆུང་བ་ཡོད་མཁན་ཤ་སྟག་སླེབས་འདུག་པ་དང་། དེ་དག་གི་བསམ་ཚུལ་ཡང་མང་ཤོས་ཟེར་ནས་ངས་གཏན་ནས་བཤད་ཁག་ན་ཡང་། རེ་ཟུང་རང་ཉིད་དེ་ནས་བསྡད་ཡུན་རིང་གི་སྐད་ཆར་ཉན་དུས། ཚང་མ་ཤེས་མཁན་རྐྱང་ལས་མི་ཤེས་མཁན་མེད་ཚོད་དུ་འདུག་པ་དེ་རེད།
སྐབས་དེར་བདག་གིས་བསམ་ཚུལ་ཐུང་ངུ་འདི་ཞུས་པ་ཡིན། ངས་དེ་རིང་གི་བརྗོད་གཞི་བོད་གཞིས་བྱེས་གཉིས་ཀྱི་བར་ཐག་ཟེར་བ་འདི་ལ་སྐད་ཆ་ཐུང་ཐུང་ཞིག་ཞུ་འདོད་བྱུང་།
ང་ཚོས་བོད་ནང་གི་བོད་མི་དེ་དག་ལ་སྙིང་སྟོབས་ཆེ་བའི་རྒྱུ་མཚན་ཆེན་པོ་ཞིག་ནམ་རྒྱུན་དུ་མཐོང་གི་ཡོད་པ་དེ་ནི། བོད་ནང་དུ་བཞུགས་མཁན་བོད་མི་སུ་ཞིག་ཡིན་ཡང་། སྐད་དང་ཡི་གེ་སྒང་ནས་ཐུན་མོང་མ་ཡིན་པའི་སྙིང་སྟོབས་ཤིག་སླེབས་ཀྱི་ཡོད་པར་འདོད་ཀྱི་ཡོད། གལ་སྲིད། ཡི་གེ་མི་ཤེས་མཁན་ཞིག་ཡིན་ཡང་། བོད་སྐད་ཤེས་ཀྱི་ཡོད་དུས་རང་ཉིད་བོད་ཅིག་ཡིན་བསམ་པའི་བསམ་བློ་དེ་ཡོད་བསྡད་པ་ཡིན་དུས། བོད་ནང་གི་བོད་མི་དག་གི་སྙིང་སྟོབས་དེ་ནས་བྱུང་གི་ཡོད་པར་ངེས་འཛིན་བྱེད་ ཀྱི་ཡོད།
བྱེས་སུ་ང་རང་ལོ་ངོ་བཅུ་ཕྲག་གཅིག་ལྷག་གི་རིང་དུ་བསྡད་པའི་ཉམས་མྱོང་ནས་བལྟས་པ་ཡིན་ ན། དང་པོ་བྱེས་སུ་འབྱོར་མ་ཐག་ནས་བཟུང་དེ་ང་ཚོ་བྱེས་སུ་བསྡོད་མཁན་དག་གི་ཐོག་མའི་བསླབ་བྱ་རྒྱག་སྟངས་དེ་ནོར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་གང་ཡིན་ཟེར་ན། ཁོང་ཚོས་ཁྱེད་རང་ད་ནི་རང་དབང་གི་ཡུལ་དུ་འབྱོར་བ་རེད། ད་ནས་བཟུང་མི་རིགས་ཀྱི་ཆེད་དུ་སློབ་སྤྱོང་བྱས་པ་དང་མི་རིགས་ཀྱི་སྐད་ཡིག་ཐར་ ཕྱིན་པ་ཞིག་སྤྱངས་དེ་རང་མི་རིགས་ཀྱི་ཆེད་དུ་བོད་ཡིག་ཡག་པོ་ཞིག་སྤྱངས་དགོས་པ་རེད་ཟེར་མཁན་མེད་པར། ད་ནི་ཁྱེད་རང་གིས་དབྱིན་ཡིག་ཡག་པོ་ཞིག་སྤྱངས་དགོས་པ་རེད། དེ་ལྟར་བྱས་པ་ཡིན་ན་རང་གི་ལྟོ་གོས་དང་ཕྱི་རྒྱལ་གང་རུང་དུ་བསྡོད་ཐུབ་ཀྱི་ རེད་ཟེར་བ་སོགས་བཤད་ཀྱི་ཡོད་པ་རེད། ད་དུང་། ཁྱེད་རང་ལུང་པ་གང་ནས་ཡིན་ཟེར་བ་སོགས་གླེང་བ་ལས་ང་ཚོ་བོད་མི་ཞིག་ཡིན་དུས་ བོད་མི་རིགས་ཀྱི་ལས་ཀ་ལ་འགན་ཡོད་པ་ཞིག་ཆགས་དགོས་པ་ཟེར་ནས་གསུངས་མཁན་ཉུང་བ་ ནས་ཉན་ན་མི་འདོད་པའི་སྐད་ཆ་དེ་ཡི་རིགས་བཤད་མཁན་བོད་ནས་ཡུལ་དུ་འབྱོར་བ་ནས་ བཟུང་དེ་འགོ་འཛུགས་ཀྱི་ཡོད་པ་རེད། དེ་ནི་ང་རང་སྒེར་ངོས་ནས་ཡག་པོ་ཞིག་གཏན་ནས་མཐོང་གི་མེད།
དེ་ མིན་སྐད་ཆ་མང་བོ་ཞིག་གོང་ནས་ཤེས་ལྡན་མི་སྣ་དག་གིས་གསུངས་ཚར་སོང་། དེ་ཡིན་དུས་ངས་བསྐྱར་དུ་མང་བོ་ཞིག་ཞུ་འདོད་མ་བྱུང་། ད་ལྟའི་བར་དུ་བཤད་བཤད་ནས་བསྡད་པ་རེད། ད་ནི་བཤད་མཁན་མང་ནས་ཉན་འདོད་མཁན་ཡང་ཉུང་དུ་འགྲོ་བཞིན་པའི་དུས་ཤིག་རེད་ཟེར་ནས་བཤད་ཆོག་གི་ཡོད་པ་རེད།
དེ་རིང་ང་རང་ཟུར་ཉན་དུ་དུས་ཚོད་ཀྱི་ཁོམ་ཞིག་རང་ཉིད་ནས་ལས་བྲེལ་གྱི་བར་གསེང་ནས་བཙལ་དེ་སོང་བ་ཡིན། དེ་རུ་འཛོམ་པའི་མི་སྣ་དེ་དག་ནི་གཅིག་ལས་གཅིག་བྱེས་སུ་མིང་གྲགས་གང་ཙམ་ཡོད་མཁན་རེད་ཟེར་ན་མ་ཆོག་པ་མི་འདུག དམིགས་བསལ་གྱི་གོ་སྐབས་འདི་བརྒྱུད་དེ། འོད་དཀར་དྲ་ཚིགས་ཀྱི་ལས་མི་ཡོངས་ལ་ཡང་དང་བསྐྱར་དུ་འདི་འདྲའི་གོ་སྐབས་མང་བོ་ཞིག་བསྐྲུན་ཐུབ་པར་རེ་སྐུལ་དང་། དམིགས་བསལ་གྱིས་བོད་མི་གཞིས་སྡོད་ས་གནས་ཁག་དུ་བྱེས་ཀྱི་གཞོན་སྐྱེས་མི་ཉུང་བ་ཞིག་གི་བསམ་ཚུལ་བསྡུ་ལེན་དང་ལག་ལེན་ངེས་ལ་གང་ཞིག་སྤྱོར་ཐུབ་མིན་གྱི་ཐབས་ཤེས་ཡོད་མཁན་རེ་ཟུང་ཞིག་རྙེད་པ་དེ་དག་ལ་དངོས་ཤུགས་བརྒྱུད་གསུམ་ནས་རོགས་སྐུལ་བྱེད་རྒྱུར་རེ་བ་ཡོད་ལགས།
བྱེས་ཀྱི་བོད་མིའི་སྙིང་སྟོབས་ནི། ལྷོད་དྲགས་པ་འདྲ་བོ་དང་། གཞིས་བོད་མིའི་སྙིང་སྟོབས་ནི། མྱུར་དྲགས་པ་འདྲ་བོའི་ཁྱད་པར་ཙམ་ལས་གཞིས་བྱེ་གཉིས་ཀའི་སྙིང་སྟོབས་ནི་འགྱུར་མེད་འདྲ་མཉམ་དེ་གཉིས་བར་ལ་བར་ཐག་ཀྱང་མེད་པར་འདོད།
སྙིང་སྟོབས་ཤིག་མེད་དུས་ཀྱི་མི་རབས་ནི་ངས་གཏན་ནས་རེ་བ་མེད་པར་མཐོང་བཞིན་ཡོད། གང་ལྟར། ཡོད་ས་ནས་མེ་རི་བཞིན་མཆེད་དེ་འོང་དུས། མེད་མཁན་དེ་དག་གི་གམ་ནས་ཡིན་ཡང་དུ་བ་ཞིག་ཡོད་ན་ཅིས་མ་ཆོག་པར་འདོད་ཀྱི་ཡོད།