འོད་ཟེར་པོད་ཁུག་ལས་བསྒྱུར། ནགས་ཤོད་སད་མི།
དགེ་སློབ་ཡོངས་ལ་ཞུ་རྒྱུར།
ས་ཁུལ་སློབ་གསོ་ཅུས་བཀའ་མངགས་ལྟར། ཁ་བྲལ་བའི་འཐབ་རྩོད་ཀྱི་རྙོག་འཛིང་རང་བཞིན་དང་ཟུང་དུ་འབྲེལ་བའི་གཤམ་འཁོད་གླུ་གཞས་འདི་རྣམས་བདེ་ཐང་གི་རྣམ་པ་མེད་པས། སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་གླུ་གཞས་འདི་དག་གཏོང་ཉན་བྱ་རྒྱུ་མེད། དེ་དག་ནི ༼ བདེ་སྐྱིེད་ཀྱི་ཤམ་བྷ་ལ ༽ དང༌། ༼ རེ་སྒུག ༽ ༼ རེ་སྒུག—བླ་སློབ་ཆེད་སྒྲིག ༽ ༼ གངས་ཕྲུག་གི་རེ་སྨོན ༽ ༼ བཀའ་དྲིན ༽ ( བོད་གཞས་སྤྱིན་ཤོག ) ༼ ཚོན་མདངས་སྣ་ལྔའི་ཀླུང་རྟ ༽ ( བོད་གཞས་སྤྱིན་ཤོག ) ༼ གངས་རིའི་བུ ༽ ( བོད་གཞས་སྤྱིན་ཤོག ) ༼ མེ་ཏོག་པད་མའི་བརྩེ་བ ༽ ( བོད་གཞས་སྤྱིན་ཤོག ) ༼ ཕྱེ་ལེབ་ཀྱི་གཤོག་པ ༽ ༼ ཞི་བདེའི་མཚམས་སྤྲིན ༽ ༼ བུ་མོ–ང་ཁྱོད་ལ་དགའ ༽༼ བུ་མོ–རེ་སྒུག ༽ ༼ བཙན་པོའི་ཕོ་ཉ ༽ ༼ འབྱོར་ཕྱུག་གི་གནམ་མཚོ་ཕྱུག་མོ ༽ ༼ རེ་བ ༽ ༼ རྒྱང་རིང་གི་གཅེན་པོ ༽ ༼ ངོ་མཚར་གྱི་གངས་ལྗོངས ༽ ༼ དགའ་རོགས ༽ ༼ རེ་སྒུག་གི་སྨོན་པ ༽ ༼ དུས་འཁོར་དབྱངས་ཅན ༽ ༼ ཞི་བདེའི་ཉི་ཟེར ༽ ༼ སྒྲ་དབྱངས་ལྷང་ལྷང ༽ ༼ མི་ཚེའི་མདུན་ལམ ༽ སོགས་ཀྱི་འཁོར་ལེབ་འདི་ཚོ་རེད། དེ་དང་མཉམ་དུ་དགེ་སློབ་ཡོངས་ནས་ལག་ཐོགས་ཁ་པར་ནང་དུའང་གླུ་གཞས་འདི་དག་ཡོད་མི་ཆོག ཅི་སྟེ་ལག་འཁྱེར་ཁ་པར་ནང་གླུ་གཞས་འདི་ཚོ་ཡོད་ཚེ། རང་འགུལ་ངང་སོ་སོ་ནས་གསུབ་དགོས་ལ་ཁྲིམས་འགལ་གྱི་སྤྱིན་ཤོག་དང་འཁོར་ཐག་ཡོད་ན་རང་འགུལ་ངང་མེད་པར་བཟོ་དགོས།
སློབ་གྲྭའི་ཨུ་ལྷན་ཁང་དང་སློབ་སྟོན་ཁྲུའུ། ཐང་ཀྲི་པུའུ་རྩ་་འཛུགས་སྡེ་ཁག་སོགས་ཀྱིས་གཙང་བཤེར་བྱས་ཏེ་གོང་བརྗོད་ཀྱི་ཁྲིམས་འགལ་གླུ་གཞས་གཏོང་ཉན་བྱ་མཁན་ཚོ་ཁྲིམས་ཆད་ནན་པོ་གཅོད་རྒྱུ། གལ་ཏེ་སློབ་ཕྲུག་ཚོས་གོང་གི་གླུ་གཞས་འདི་དག་བཏང་བ་ཡིན་ཚེ་འཛིན་གྲྭའི་འགན་འཛིན་གྱིས་འགན་འཁུར་གྱི་འོས་འགན་ལ་རྩད་གཅོད་བྱ་རྒྱུ།
ཆེད་དུ་སྤེལ་བའི་བརྡ་སྦྱོར།
གཏིང་སྐྱེས་རྫོང་སློབ་འབྲིང།
༢༠༡༠ ལོའི་ཟླ་བ ༤ པའི་ཚེས ༢༡ ལ།
(སྤྱིན་ཤོག་ཁ་ཤས་ཀྱི་མིང་སྒྱུར་ཏག་ཏག་བསྡད་ཡོད་མེད་མི་ཤེས་པས་ཀློག་པ་པོ་ཚོས་འོད་ཟེར་པོད་ཁུག་ལས་མ་ཡིག་རང་ལ་རྩ་འཛིན་བྱེད་རོགས། )
གོང་གི་གླུ་གཞས་རྣམས་བོད་ནས་བླངས་པ་རེད་དམ། ཡང་ན་བཙན་བྱོལ་སྤྱི་ཚོགས་ནས་བླངས་པ་རེད།
བོད་ནས་བླངས་པ་ཏག་ཏག་ཡིན་ནི་རེད། བོད་ཕྱི་ཕྱོགས་ནས་བླངས་པ་ཞིག་གི་མིང་ནས་འཛིན་རྒྱུར་རྒྱ་ནག་ཚང་དང་རྒྱ་ནག་ཚང་གི་རྐུབ་གཡོག་ཚོ་སྐྲག་ནི་རེད། བཙན་པོའི་ཕོ་ཉ་ལེན་མཁན་རྡུང་ལེན་པ་གྲགས་ཆེན་ཨ་མདོ་ནམ་མཁའ་རེད། གཤམ་དུ་ནམ་མཁའི་རྡུང་ལེན་གྲགས་ཆེན་ལྷ་བྱ་ལགས་ཞེས་པར་གསན་རོགས།
http://www.youtube.com/watch?v=D5sY9SPEdKA
ལགས་སོ། མགོ་རུལ་ལགས།
བཙན་པོའི་ཕོ་ཉའི་ནང་དུ་རྒྱལ་གཅེས་པ་གྲགས་ཅན་བློ་དར་ལགས་རྗེས་སུ་དྲན་པའི་གླུ་དབྱངས་ཨ་མདོའི་ཕོ་རྒོད་ཅེས་པ་དེ་ཡོད་པས་གཞས་ཚིག་དེ་རྩོམ་པ་པོ་འབའ་གངས་ཆར་དང་གཞས་པ་ནམ་མཁའ་གཉིས་རེ་ཞིག་རྒྱ་ནག་གི་བཙོན་ཁང་དུ་བཅུག་པ་རེད།
ལགས་སོ། ། གཞས་དང་གཞས་པའི་སྐོར་ལ་ཞིབ་ཚགས་ཀྱི་རྒྱུས་མངའ་མེད་ཀྱང་་་༡ ཤེར་བསྟན་གྱིས་་བླ་མ་ལགས། སྒུགས་ཚོད་མིན་འདུག ༢
ཚེ་སྐྱིད་ཀྱིས་ཤ་ཡུ་མོ་ཤེའུ། ༣ ཀུན་དགས་མེ་ཏོག་དཀར་པོ་རྣམས་ངའི་དགའ་ཤོས་རིགས་ཡིན།
རྒྱ་ནག་གིས་དམ་དྲག་ག་ཚོད་ཀྱི་འཇིགས་ན་བོད་མའི་སྙིང་སྟབས་དེ་ཚོད་ཀྱིས་རྒྱས་བཞིན་འདུག འདི་ནི་རང་ཉིད་ལ་དཀའ་ལས་གཏད་པ་མ་ཡིན་ནམ། འདི་ནི་རྒྱ་ནག་ལ་མི་འགའ་མཁོན་སེམས་ཇེ་མང་ལ་བཏང་མ་ཡིན་ནམ།
བཙན་པོའི་ཕོ་ཉའི་ནང་དུ་རྒྱལ་གཅེས་པ་གྲགས་ཅན་བློ་དར་ལགས་རྗེས་སུ་དྲན་པའི་གླུ་དབྱངས་ཨ་མདོའི་ཕོ་རྒོད་ཅེས་པ་དེ་ཡོད་པས་གཞས་ཚིག་དེ་རྩོམ་པ་པོ་འབའ་གངས་ཆར་དང་གཞས་པ་ནམ་མཁའ་གཉིས་རེ་ཞིག་རྒྱ་ནག་གི་བཙོན་ཁང་དུ་བཅུག་པ་རེད།
+1
བསམ་བློར་ཡར་རྒྱས་གཏོང་