གཞིས་སྒར་ཁག་ལྔ་མཉམ་འབྲེལ་གྱིས་རྔམ་སྟོན། Posted on 2012-02-10 By ཁ་བརྡ་ 5 Comments on གཞིས་སྒར་ཁག་ལྔ་མཉམ་འབྲེལ་གྱིས་རྔམ་སྟོན། གསར་འགྱུར་གཏོང་མཁན་། ཨ་མདོ་གཡང་འཛོམས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱིས་གསལ་བསྒྲགས་བསྐྱངས་པ་བཞིན། ཁ་སང་ཕྱི་ཚེས་ ༨ རེས་གཟའ་ལྷག་པའི་ཉིན་རྒྱ་ གར་བྱང་ཤར་ཁུལ་གྱི་ར་ཝང་ལ་བོད་མིའི་གཞིས་སྒར་དང་། སྒང་ཏོག་བོད་མིའི་གཞིས་ སྒར། ཀ་སྦུག་བོད་མིའི་གཞིས་སྒར། རྡོར་གླིང་བོད་མི་གཞིས་སྒར། བསོད་ནམས་དར་ བོད་མི་གཞིས་སྒར་ཁག་ལྔའི་ས་གནས་གཞིས་མགོ་བདེ་དོན་རྣམས་ཀྱིས་སྣེ་ཁྲིད་འོག་ བོད་མི་ཉིས་སྟོང་ལྷག་ནུབ་བྷང་གྷལ་ཁོངས་ཀྱི་ཤི་རི་ཀོ་རིའི་རྡོར་གླིང་དཀྱོག་ནས་ གྲོང་ཁྱེར་ཁྲིམས་ཁང་བར་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་ ཁྲོད་བོད་ནང་རང་ལུས་མེར་སྲེག་ཟིན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་གཤིན་པོའི་ དུར་སྒམ་ལ་རྒྱལ་དར་གཡོག་ཅིང་ཁ་རས་ནག་པོ་བརྒྱབ་སྟེ་ཁྲོམ་སྐོར་དང་ཆབས་ ཅིག བོད་ནང་གི་ཛ་དྲག་གནས་བབ་དབྱིན་བལ་ཧིན་གསུམ་གྱི་སྐད་རིགས་གསུམ་ཐོག་ བསྒྱུར་ནས་ཡུལ་མིར་འགྲེམས་སྤེལ། བདེན་ཚིག་སྨོན་ལམ་དང་བྱང་ཆུབ་སེམས་མཆོག་ སྐྱོར་བཞིན་རྡོར་གླིང་དཀྱོག་ནས་ཤི་རི་ཀོ་རིའི་ཁྲིམས་ཁང་དང་དེ་ནས་བྷག་ཀར་འཇན་ དཱའི་གླིང་གའི་ནང་སྐྱོད་དེ་རང་ལུས་མེར་སྲེག་ཕུལ་བའི་དཔའ་བོ་དཔའ་མོ་ཚོར་མར་ མེའི་མཆོད་འབུལ་དང་བསྔོ་སྨོན་བྱས་པ་མ་ཟད།ལས་འགུལ་དེ་ནང་མཉམ་ཞུགས་མ་ཐུབ་པའི་ རྒན་འཁོགས་རྣམས་ཀྱིས་ས་གནས་སོ་སོའི་མི་དམངས་ཚོགས་ཁང་ནས་བསྔོ་སྨོན་མཆོད་ འབུལ་དང་དགོང་མོ་མར་མེ་ཁྲོམ་སྐོར་སོགས་བྱས་ཡོད་པ་རེད། ཉིན་དེའི་ལས་འགུལ་ནང་ བོད་མི་དམངས་སྤྱི་འཐུས་ཀིརྟིའི་སྒྲོལ་དཀར་ལྷ་མོ་ལགས་དང་། སྤྱི་འཐུས་ཤར་གླིང་བསྟན་ འཛིན་ཟླ་སྒྲོན་ལགས་རྣམ་གཉིས་ཀྱང་མཉམ་ཞུགས་ཀྱིས་མི་དམངས་ལ་གཏམ་བཤད་དང་གསར་ འགོད་གསལ་བསྒྲགས་གནང་། གཞན་ཡང་ལས་འགུལ་འདིའི་ནང་ཀ་སྦུག་ཧིན་བོད་མཛའ་འབྲེལ་ ཚོགས་པའི་ཚོགས་གཙོ་དང་ཧི་མཱ་ལ་ཡ་ནང་བའི་སློབ་གྲྭའི་དགེ་ལས་སློབ་ ཕྲུག རྡོར་གླིང་ཤར་པའི་ལྷན་ཚོགས་སོགས་ཀྱང་མཉམ་ཞུགས་ཀྱིས་གཏམ་སོགས་གནང་ ཡོད། དེ་རིང་ནུབ་བྷང་གྷལ་ཁོངས་ཀྱི་སྐད་གྲགས་ཆེ་བའི་གསར་ལམ་ཁག་ཕལ་ཆེ་བར་ལས་ འགུལ་འདིའི་སྐོར་གྱི་གསར་གནས་ཐོན་ཡོད་པ་རེད། གསར་འགྱུར།
ལས་འགུལ་གྲ་རྒྱས་པོ་དང་གྲ་སྒྲིག་ལྡན་པ་གནང་འདུག གཞིས་སྒར་ཁག་ལྔ་དང་དེ་ལས་ཀྱང་བཀོད་སྒྲིག་པ་རྣམས་ལ་ཐུགས་རྗེ་ཆེ།
དུས་སྐབས་དང་མཐུན་པའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞེ་དྲག་སྤེལ་འདུག་རྗེས་སུ་ཡིད་རང་ཡོད། བོད་རྒྱལ་ལོ། རང་དབང་དང་གི་རྒྱལ་རྒྱུར་ཅིག བདེན་པ་དེ་རྒྱལ་གྱུར་ཅིག བོད་མི་རྣམས་སེམས་ཤུགས་ནམས་ཡང་མ་ཆག་མི་རེ་ངོ་རེ་ནས་ལས་འགན་རེ་ཁུར་དང་ཉིན་གཅིག་འབྲས་བུ་སྨིན་ངེས་རེད་བོད་རྒྱལ་ལོ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱིས་གསལ་བསྒྲགས་བསྐྱངས་ཏེ་སླར་ཡང་བོད་མི་གཉིས་ཀྱིས་སྐུ་ལུས་མཆོད་མེ་ཕུལ་སོང་། མང་པོ་ཞིག་མེ་མདའི་སོ་ཁ་ན་རྒྱུགས་སོང་། བཤད་ལ་དགའ་བའི་བཀའ་སྤྱི་གཉིས་ནི་མི་དམངས་མདུན་སྐད་ཅ་བཤད་སའི་ལྡིང་ཆ་ཞིག་རྙེད་སོང་། གཟིགས་བརྗིད་ངོམས་སའི་ལྡིང་ཆ་ཞིག་རྙེད་སོང་། བཤད་བཤད་རེ་མ་གཏོགས་གང་ཡང་མི་འདུག ད་ཡིན་ན་གང་དྲག ཡང་ཅི་ཞིག་གོ་གྲབས་ན། དཀོན་མཆོག་མཁྱེན།
བོད་མིའི་སྐྱིད་སྡུག་ཉམ་མྱོང་ཟེར་བ་འདི་ལྟར་རེད། འཛམ་གླིང་གི་འགྲོ་སྟངས་དང་མཐུན་པའི་ལས་འགུལ་ཧ་ཅང་གི་ཡག་པོ་སྤེལ་འདུག གཞིས་སྒར་ཁག་ལྔའི་མི་མང་དང་ལྷག་པར་དུ་ལས་འགུལ་བཀོད་བསྒྲིགས་གནང་མཁན་རྣམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྣམ་དཔྱོད་དང་ལྡན་པས་ལས་འགུལ་འདི་འདྲ་མུ་མཐུད་ནས་སྤེལ་རོགས།
ལས་འགུལ་གྲ་རྒྱས་པོ་དང་གྲ་སྒྲིག་ལྡན་པ་གནང་འདུག གཞིས་སྒར་ཁག་ལྔ་དང་དེ་ལས་ཀྱང་བཀོད་སྒྲིག་པ་རྣམས་ལ་ཐུགས་རྗེ་ཆེ།
དུས་སྐབས་དང་མཐུན་པའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞེ་དྲག་སྤེལ་འདུག་རྗེས་སུ་ཡིད་རང་ཡོད།
བོད་རྒྱལ་ལོ། རང་དབང་དང་གི་རྒྱལ་རྒྱུར་ཅིག བདེན་པ་དེ་རྒྱལ་གྱུར་ཅིག
བོད་མི་རྣམས་སེམས་ཤུགས་ནམས་ཡང་མ་ཆག་མི་རེ་ངོ་རེ་ནས་ལས་འགན་རེ་ཁུར་དང་ཉིན་གཅིག་འབྲས་བུ་སྨིན་ངེས་རེད་བོད་རྒྱལ་ལོ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱིས་གསལ་བསྒྲགས་བསྐྱངས་ཏེ་སླར་ཡང་བོད་མི་གཉིས་ཀྱིས་སྐུ་ལུས་མཆོད་མེ་ཕུལ་སོང་། མང་པོ་ཞིག་མེ་མདའི་སོ་ཁ་ན་རྒྱུགས་སོང་། བཤད་ལ་དགའ་བའི་བཀའ་སྤྱི་གཉིས་ནི་མི་དམངས་མདུན་སྐད་ཅ་བཤད་སའི་ལྡིང་ཆ་ཞིག་རྙེད་སོང་། གཟིགས་བརྗིད་ངོམས་སའི་ལྡིང་ཆ་ཞིག་རྙེད་སོང་། བཤད་བཤད་རེ་མ་གཏོགས་གང་ཡང་མི་འདུག ད་ཡིན་ན་གང་དྲག ཡང་ཅི་ཞིག་གོ་གྲབས་ན། དཀོན་མཆོག་མཁྱེན།
ལས་འགུལ་ཧ་ལས་པའི་ཡག་པོ་སྤེལ་འདུག་རྗེས་སུ་ཡི་རངས་ཡོད། བཀའ་དྲིན་ཆེ་ཞུ།