འདུས་བྱུང་ཕུན་ཚོགས་ཚེ་རིང་།
རྗར་མེ་ནི་བོད་ཀྱི་ཁང་པའི་རྒྱུན་བསྲིང་སློབ་ཁྲིད་ཁོངས་ཀྱི”ཆོས་ལས་འདས་པའི་བཟང་སྤྱོད་སྤེལ་ཐབས།” ཞེས་པའི་་ལོ་གཉིས་རིང་གི་སློབ་ཁྲིད་བྱེད་པ་དེར་ད་ཆ་འདི་ག་མངའ་སྡེའི་སློབ་གསོའི་ལས་ཁུངས་ཀྱིས་སློབ་གསོའི་ཁྱབས་ཁོངས་ལ་ངོས་འཛིན་བྱས་ཤིང་། ངོས་འཛིན་བྱས་པ་དེས་ད་ཆ་གཞུང་འབྲེལ་གྱིས་ངོས་འཛིན་ཡོད་པའི་སློབ་ཐོན་ལག་འཁྱེར་ཡང་སྤྲད་ཆོག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལྟར་ “secular ethic” སློབ་ཁྲིད་བྱེད་པ་དེ་ལ་རྗར་མེ་ནའིི་སློབ་གསོའམ་ཤེས་རིག་ལས་ཁུངས་ནས་གཞུང་འབྲེལ་སློབ་གསོའི་ཁྱབས་ཁོངས་ལ་ངོས་འཛིན་བྱས་པ་ཐོག་མ་དེ་ཆགས་བཞིན་ཡོད།
སློབ་ཁྲིད་ཀྱི་བརྗོད་གཞི་ཁག་དགུ་རུ་ཕྱེས་ཤིང་བརྗོད་བྱ་ཁག་གཙོ་བོ་༧ གོང་ས༧སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ཕྱག་དེབ་ “མིའི་བཟང་སྤྱོད་སྤེལ་ཐབས།“ ཞེས་པ་ལ་གཞི་བཅོལ་ཡོད།
རྗར་མེ་ནི་བོད་ཀྱི་ཁང་པ་དེ་ནི་༧སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་ནས་མགོན་སྐྱབས་ཀྱི་མཚན་འཛིན་དབུ་ ཁྲིད་གནང་བ་དང་། བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུ་བཙུགས་ཐོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཡང་གནང་མུས་རེད། བོད་ཀྱི་ཤེས་རིག་གི་བསྟི་གནས་འདིས་་ལོ་གཅིག་ལ་བྱེད་སྒོ་ཆེ་ཆུང་བསྡོམས་པས་གསུམ་བརྒྱ་ལྷག་སྤེལ་གྱིན་ཡོད་པ་ལས་བྱེད་སྒོ་ཁག་ཅིག་གཙུག་ལག་སློབ་གྲྭ་ཆེ་ཁག་དང་། འགྲེམས་སྟོན་ཁང་དུ་མ། དེ་བཞིན་ཚོགས་པ་གཞན་དང་མཉམ་འབྲེལ་གྱིས་སྤེལ་མུས་ཡིན།