གངས་དཀར་རྒྱལ་སྲས།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འདས་པའི་མི་ལོ་ལྔ་བཅུའི་རིང་ལ་ཕྱིར་མིག་ཅིག་བལྟས་ཚེ། གཞིས་ཆགས་ཁག་དང་ཕྱི་རྒྱལ་དོན་གཅོད་ཁང་ཁག ད་དུང་སློབ་གྲྭ་ཁག་སོགས་ནི་དགའ་སྤྲོ་སྐྱེ་འོས་པ་ཞིག་ཡོད་མོད། སྤྱི་ཚོགས་འདི་ལ་རྒྱུས་ལོན་དང་མཉམ་འཇོག་ཞིབ་ཏུ་བྱས་ཚེ། གཞུང་དང་དམངས་ལ་བར་ཐག་རིང་བའི་གནས་བབ་ཅིག་དང་། གཞུང་ཞབས་པ་མང་པོ་ཞིག་གིས་རྐང་བ་ཉིས་འཛུགས་བྱས་ཡོད་པའི་གནས་སྟངས་ཤིག ཆོལ་ཁ་ཆོས་ལུགས་བར་ལ་དགའ་ཁ་འཁྱེར་ཕྱོགས་ཀྱི་རིས་སུ་ཆད་པ། གསར་འབྱོར་དང་གཞིས་ཆགས་བར་ལ་ཕན་ཚུན་ཉམས་མྱོང་དང་ཤེས་ཚད་བརྗེ་རིས་མེད་པར་ལྟ་ཚུལ་འཛིན་པ་སོགས་མངོན་ལྐོག་ཅི་རིགས་ནས་མཐོང་རྒྱུ་ཡོད་སྟབས། འཕྲལ་ཕུགས་ཀྱི་གནད་དོན་མང་བོ་ཞིག་གི་ཆེད་དུ་འདི་ལྟར་མི་བཤད་ཐབས་མེད་རེད།
བོད་ཀྱི་རིག་གནས་ཚད་བཀག་ཅན་གྱི་བོད་ནང་དང་རང་དབང་ཅན་གྱི་བཙན་བྱོལ་སྤྱི་ཚོགས་གཉིས་བསྡུར་ན། ཕྱོགས་གང་ནས་ཀྱང་གོ་ལྡོག་ཏུ་མཐོང་བ་འདི་ལས་ང་ཚོས་ནམ་རྒྱུན་རྒྱ་ནག་གིས་བཀག་འགོག་དང་ཚོད་འཛིན་འོག་ན་བོད་ཀྱི་རིག་གནས་སྣ་ཚོགས་སྦྱང་བར་དཀའ་ངལ་ཆེ་རབས་བརྗོད་པ་ནི་སྐྱག་རྫུན་ཞིག་ཏུ་མཐོང་ཡོང་ངོ་།། འདི་ལས་ང་ཚོས་རང་གིས་མ་འཇོན་པ་ཡོད་ཚད་གཞན་ཁག་དཀྲི་རྒྱུར་དགའ་བའི་རང་གཤིས་ཤིག་མངོན་ཡོང་། རྒྱུ་མཚན་ནི་བོད་ནང་ནས་ཡོང་བའི་སློབ་ཆུང་གི་སློབ་མ་ཞིག་དང་འདི་ནས་འཚར་ལོངས་བྱུང་བའི་འཛིན་གྲྭ་བཅུ་གཉིས་པ་ཞིག་བསྡུར་ན་ད་དུང་བོད་ནང་གི་སློབ་སྦྱོང་སློབ་མ་བཟང་བ་དངོས་ཡོད་གནས་ཚུལ་ཡིན་པས་སོ།།
འདི་ནས་སྒེར་གཞུང་གང་ཞིག་ན་ལས་བྱེད་ཀྱི་ས་མིག་ཅིག་ཡོད་ན། ཕལ་ཆེ་བར་མ་མཐར་ཡང་འཛིན་གྲྭ་བཅུ་གཉིས་ཀྱི་ལག་འཁྱེར་དང་སྐྱབས་བཅོལ་ལག་དེབ། རང་བཙན་ལག་དེབ་སོགས་ལག་འཁྱེར་མང་བོ་ཞིག་དགོས་སྟབས། བོད་ནང་ནས་ཡོང་མཁན་ཚོར་ལག་འཁྱེར་དེ་དག་མི་ཚང་མཁན་དང་། ལག་འཁྱེར་ཡོད་ཀྱང་བོད་ནས་ལྷག་སོང་བ། ལག་འཁྱེར་བོར་བརླག་ཕྱིན་པ་སོགས་གནས་ཚུལ་སྣ་ཚོགས་འོག་གོ་སྐབས་དེ་དག་འཐོབ་མཁན་ཧ་ཅང་ཉུང་ཉུང་ཡིན། དྲང་མོར་བཤད་ན་ལས་ཀ་ཅི་ཞིག་ཡིན་རུང་དེའི་སྐོར་ལ་ཡིག་ཚད་བཏང་སྟེ་དྲང་འདེམས་བྱས་ན། ལག་འཁྱེར་ལ་འབྲེལ་བ་མེད་ལ་སུ་ཞིག་གིས་ཅི་ཞིག་སྒྲུབ་འདོད་པའི་ལས་ཀ་དེ་ལའང་འབྲས་བུ་ཡག་པོ་ཞིག་ཡོང་ངེས་ཡིན། ཆ་རྐྱེན་སྣ་ཚོགས་དང་དགའ་ཁ་འཁྱེར་ཕྱོགས་བྱས་ན་སྤྱི་ཚོགས་མདུན་སྐྱོད་ཀྱི་གེགས་སུ་འགྱུར་རྒྱུ་དང་། བདེན་འཚོལ་བ་མང་བོ་ཞིག་ལ་བློ་ཕམ་འབྱུང་ངེས་ཡིན།
དེ་ལྟར་བྱས་ན་གསར་འབྱོར་བ་མང་བོ་ཞིག་ལ་དཀའ་ངལ་འཕྲད་དེ་ཕྱིར་ཕ་ཡུལ་དུ་ལོག་པའམ་དངུལ་ཕོན་ཆེན་པོའི་བུ་ལོན་བླངས་ཏེ་ཕྱི་ལོག་ཅིག་ལ་འགྲོ་ཐབས་བྱེད་པ། ཡང་ན་ཟ་ཁང་ཚོང་ཁང་དང་། བཟོ་ཁང་འཚེམ་ཁང་སོགས་སུ་ཟླ་གཅིག་ལ་ཧིན་སྒོར་ཉིས་སྟོང་སུམ་སྟོང་གི་གཡོག་ལས་བྱེད་པ། ད་དུང་མང་པོ་ཞིག་ལས་མེད་དུ་ལྷག་སྟེ། དེ་རིང་ཟ་མ་རག་ཀྱང་སང་ཉིན་ལ་སེམས་ཁྲལ་ཆེ་བ། ཟླ་འདིའི་ཁང་གླ་སྤྲོད་ཐུབ་ཙམ་བྱུང་ཡང་ཟླ་རྗེས་མར་བསམ་བློ་གཏོང་དགོས་མཁན་གཅིག་གཉིས་ཙམ་མིན། ངྷ་ས་མེག་གྷན་གྱི་ངའི་གྲོགས་པོ་ཞིག་གི་ནང་ལ་ནམ་གུང་གསར་འབྱོར་བ་ཞིག་ཡོང་སྟེ། “ཉིན་གཉིས་ལ་ཟ་མ་ཁམ་གང་ཡང་མ་རག བཟའ་རྒྱུ་ཞིག་ཡོད་དམ། དྲིན་ཆེན་པོ” ཞེས་བཤད་ཀྱི་ཡོད་པའི་སྐད་ཆ་ཐོས། ལོ་འགའི་གོང་ལ་ངའི་གྲོགས་པོ་ཞིག་གིས་བོད་འབྱོར་ཕོ་གསར་ཞིག་ཟ་ཁང་དུ་ཁྲིད་ནས་འཐེན་ཐུག་ཕོར་བ་གང་ཉོས་པར་ཁོས། “ དྲིན་ཆེན་པོ། ངོ་མ་ཐུགས་རྗེ་ཆེ། མ་འོངས་པར་ངས་ཅིག་འཇོན་པ་ཡིན་ན་ཁྱོད་བརྗེད་མི་སྲིད” ཅེས་བཤད་འདུག དངོས་གནས་བྱས་ན་འཐེན་ཐུག་ཕོར་བ་གང་ལ་དེ་འདྲ་ཟེར་རིན་འདུག་གམ། སྤྱི་ཚོགས་ནང་གི་གནས་ཚུལ་འདི་རིགས་འུ་ཅག་གཞུང་གི་ལས་ཀྱི་སྣེ་མོ་བ་དེ་ཚོས་མཁྱེན་གྱི་ཡོད་དམ།
གཞུང་ངོས་ནས་གསར་འབྱོར་བ་དེ་ཚོར་དམིགས་བསལ་ཞིག་ཡོད་པ་ནི་སློབ་ཡོན་མེད་པར་སློབ་གྲྭ་ལ་འགྲོ་རྒྱུ་དེ་རེད། སློབ་མཐར་ཕྱིན་རྗེས་གང་ཞིག་ནས་འདུག་དགོས་པའམ་གང་ཞིག་ལ་འགྲོ་དགོས་པ་ཕལ་ཆེར་གཏན་ཁེལ་མེད་པ་ལྟ་བུ་རེད། དཔེར་ན། རྒྱ་ནག་གི་བཙོན་དུ་ལྷུང་ཡོད་པའི་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་བཙན་བྱོལ་སྤྱི་ཚོགས་ནང་གྲོངས་ཟིན་པ་ཀླུ་ཚང་བློ་བཟང་ཡེ་ཤེས། ད་ལྟ་ངྷ་རམ་ས་ལའི་ཟ་ཁང་དུ་ལས་ཀ་བྱེད་བཞིན་པ་ཚེ་བརྟན་རྒྱལ་སོགས་ནི་བཙན་བྱོལ་གཞུང་གིས་ལས་ཀ་གོ་སྒྲིག་བྱེད་མ་ཐུབ་པའི་དཔེ་མཚོན་ཙམ་རེད། འདི་ནི་གཞུང་དང་དམངས་ཀྱི་བར་ཐག་ཅིག་རེད། འདི་ནི་གསར་འབྱོར་བ་ཚོ་བཙན་བྱོལ་ནས་སྡོད་དཀའ་བའི་གནད་དོན་གྱི་རྩ་བ་རེད། འདི་ནི་བོད་མི་ཤེས་ཡོན་ཅན་བེད་སྤྱོད་མ་ཐུབ་པའི་གཞུང་གི་འཐུས་ཤོར་དང་སྒེར་གྱི་བློ་ཕམ་ཞིག་རེད། ད་དུང་འདི་དང་འདི་ལྟ་བུ་མང་བོ་ཡོད། གལ་ཏེ་ལས་ཀ་ཞིག་གོ་སྒྲིག་བྱས་ཟིན་པའི་དབང་དུ་བྱས་ཀྱང་ཁོས་ལས་ཀ་དེ་ལ་ཤི་འཐམ་རོ་འཐམ་བྱས་ཏེ། ནམ་ཞིག་ལ་ལོ་ན་རྒས་ཤིང་འགུལ་སྐྱོད་དཀའ་བའི་སྐབས་སུ་ཁོའི་ཁྱིམ་ཚང་གི་གནས་བབ་ལ་བློ་གཏད་ཆོག་པའི་ལམ་ཁ་ཞིག་མེད་སྟབས། མང་བོ་ཞིག་གིས་ལས་ཀ་རག་ཀྱང་དེ་ནི་ཞོར་ལས་སུ་རྩི་བ་ནི་ལས་བྱེད་མང་བོ་ཞིག་ལ་གོམས་ལོབ་ཏུ་སོང་འདུག
ངའི་གྲོགས་པོ་གསར་འབྱོར་བ་ཞིག་གིས་འདི་ལྟར་བཤད་མྱོང་། ཉིན་ཞིག་༧གོང་ས་མཆོག་གི་གསུང་ཆོས་ལྟ་བུའི་མི་མང་འདུ་འཛོམས་ཤིག་ལ་བརྟེན་ཏེ་གསར་འབྱོར་བ་ཚང་མས་བོད་གཞུང་ལ་ངོ་རྒོལ་སྐད་འབོད་ཅིག་བྱས་པ་ཡིན་ན། གཞུང་ངོས་ནས་ང་ཚོ་ལ་བདག་པོ་ཞིག་རྒྱག་རྒྱུ་རེད་བསམ་གྱི་འདུག་ཟེར། ལས་ཀ་དེ་འདྲ་སེམས་ལ་དྲན་མཁན་ཡང་ཡོད་ཚོད་འདུག གོ་ཐོས་སུ་བོད་མི་མང་བོ་ཞིག་ཨ་རིར་གཏོང་རྒྱུ་རེད་ཟེར། ཡིན་ནའང་དེའི་ནང་ལ་གསར་འབྱོར་བ་གཅིག་ཀྱང་ཚུལ་གྱི་མེད་རབས་གོ འདི་བདེན་པ་ཡིན་ན་གནས་ཚུལ་ཚབས་ཆེན་རེད། དཀའ་ངལ་ཡོད་མེད་ཐོག་ནས་གཏོང་གི་ཡོད་པ་རེད་ཟེར་ན། མགོ་ན་ཁང་པ་དང་སྒོ་ཁར་ས་ཞིང་མེད། ཕ་མ་དང་གཉེན་ཉེ་ཐག་རིང་དུ་བཞག་ཡོད་པའི་གསར་འབྱོར་བ་ཚོ་ལས་ལྷག་གི་དཀའ་ངལ་ཅན་ཞིག་སུ་ཡོད། གཞིས་ཆགས་གང་ཞིག་གི་མི་སུ་ཞིག་ཡིན་ཡང་། མ་མཐར་ཡང་རང་ཉིད་འདུག་སའི་ཁང་པ་ཞིག་ཡོད་པ་རེད། མ་གཞི་གསར་འབྱོར་བ་ཚོ་ནི་བོད་གཞིས་བཞུགས་མི་མང་གི་ངོ་གདོང་ངོ་མ་བརྒྱུད་སྤྲོད་བྱེད་མཁན་དེ་རེད། གསར་འབྱོར་བ་གཅིག་ཀྱང་ཡོང་རྒྱུ་མེད་ན་བྱེས་བཞུགས་སྤུན་ཟླ་དག་གིས་བོད་ནང་གི་གནས་སྟངས་ནི་སྒྲུང་ལྟ་བུ་ཞིག་དང་། སྣུམ་མཚོན་རི་མོ་ལྟ་བུ་ཞིག་ལས་མཐོང་དཀའ་ཚོད་རེད།
སྤྱིར་བཏང་བཤད་ན་གཞུང་ངོས་ནས་ཕྱི་རྒྱལ་ཚོགས་པ་ཁག་ལ་འབྲེལ་བ་བྱས་ཏེ་བོད་མི་ཤེས་ཡོན་ཅན་དེ་དག་ལ་བདག་པོ་བརྒྱབ་ན། དེ་ཧ་ཅང་གི་དཀའ་མོ་ཞིག་ཡིན་རྒྱུ་མ་རེད་སྙམ། ངས་འདི་ལྟར་ཀྱང་དྲན་མྱོང་ཡོད་དེ། བོད་ཀྱི་ཤི་གསོན་མང་བོ་ཞིག་འདི་ཕྱོགས་ཀྱི་ཚོགས་པ་དག་དང་སྒེར་སེམས་ཅན་དག་གི་ཞལ་འདེབས་སློང་ཡིག་ཏུ་གྱུར་འདུག བོད་ནས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་ནའང་འདི་ཕྱོགས་ནས་སྐད་འབོད་ལྟ་བུ་དང་མར་མེ་ཁྲོམ་སྐོར་ལྟ་བུ་རེ་བྱེད་པ་ལས་ཁྱད་དུ་འཕགས་པའི་ལས་ཀ་ཞིག་མཐོང་མ་མྱོང་མོད། དོན་དག་འདི་དག་ལ་ཁ་གཡར་ནས་རང་ཁ་གསོ་བཞིན་པ་གང་མང་ཡོད་རབས་ཐོས་རྒྱུ་འདུག དངོས་ཡོད་གནས་ཚུལ་འདི་ལྟར་ཡིན་ཚེ། བོད་དོན་དུ་གཤེགས་ཟིན་པ་དེ་དག་གི་ཚེ་སྲོག་ལ་རིན་ཐང་གང་ཡང་མ་ཡོད་པ་རེད་དམ།
ཡང་གཅིག་བཤད་ན། གཞིས་ཆགས་ཁག་གི་ཁྱིམ་ཚང་ཕལ་ཆེ་བར་ཕྱི་རྒྱལ་དུ་ནང་མི་གཉེན་ཉེ་ཡོད་ལ། འདིར་ལྷོད་ལྷོད་དུ་བཞུགས་ཏེ་ལས་ཀ་བྱེད་བཞིན་པའི་བོད་གཞུང་གི་ལས་བྱེད་མང་པོ་ཞིག་གིས་ཕྱི་ལ་འཐོན་ཆོག་ཆོག་གི་ལམ་ཁ་བཟོས་ཡོད་རབས་འདུག གཞུང་གི་ལས་བྱེད་ཚོས་ཀྱང་རྐང་པ་ཉིས་འཛུགས་བྱས་ཡོད་པ་དེས་ཅི་ཞིག་མཚོན་ཡོད་ཟེར་ན། བློ་གཅིག་སེམས་གཅིག་གིས་གཞུང་ལ་ནུས་པ་འདོན་ཐུབ་ཀྱི་མེད་པར་ལས་ཀ་མང་པོ་ཞིག་ཉམ་ཆུང་དང་ཟུངས་ཟད་དུ་འགྱུར་གྱི་ཡོད་པ་དེ་རེད།
དེ་ལས་ཀྱང་སེམས་སྡུག་པའམ་བློ་ཕམ་པ་ཞིག་ལ། རྒྱ་གར་ལྷོ་ཕྱོགས་གྷོའ་(Goa)ནས་གཞིས་ཆགས་ཚོང་གཉེར་བ་ཞིག་གིས་གསར་འབྱོར་ཚོང་གཉེར་བ་ཞིག་ལ་སེམས་གཏམ་བཤད་པ་ལྟར་ན། ངའི་ཆེས་སེམས་ཁྲལ་བྱེད་ས་ནི་བོད་རང་བཙན་ནམ་ཚད་མཐོའི་རང་སྐྱོང་སོགས་རག་ཨེ་འགྲོ་བསམ་པ་དེ་ཡིན་ཟེར། རྒྱུ་མཚན་ནི་ཁྱེད་ཚོ་གསར་འབྱོར་བ་ཚོ་ལ་སེམས་ཁྲལ་གང་ཡང་ཡོད་པ་མ་རེད། ཕྱིར་འགྲོ་ཆོག་ཆོག་དང་སོང་ན་འདུག་ཆོག་ཆོག་གི་ཡུལ་མི་ཉེ་འབྲེལ་ཡོད་པ་རེད། ང་ཚོ་གང་ཞིག་ལ་འགྲོ་དགོས་པ་རེད། གང་ཞིག་ནས་འདུག་དགོས་པ་རེད། དངོས་གནས་དཀའ་ལས་ཁག་པོ་ཡོད་པ་རེད་ཅེས་བཤད་མྱོང་འདུག འདི་ནི་གཞུང་གིས་མང་ཚོགས་ལ་སློབ་གསོ་དང་མ་འོངས་སྔོན་དཔག་གི་འཆར་ཟིན་ངོ་མ་སྤྲད་པས་རེད། ལ་དྭགས་ནས་ཀྱང་གཞིས་ཆགས་བོད་མི་ཞིག་གིས་དེ་འདྲ་ཞིག་བཤད་འདུག་སྟབས། འདི་དང་འདི་ལྟ་བུའི་ལྟ་བ་དང་བསམ་ཚུལ་ཅན་ཧ་ཅང་མང་བ་འདྲ། དོན་ངོ་མ་བཤད་ན་དེ་འདྲ་ཞིག་གང་ནས་ཡིན། བསམ་ཚུལ་འདི་དག་ནི་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་འཇིགས་སུ་རུང་བ་ཞིག་མ་རེད་དམ།
ཡུལ་གྱར་སྤྱི་ཚོགས་ནང་བློ་ཕམ་མི་དགོས་ས་ཞིག་ཡོད་པ་ནི་དགོན་སྡེ་ཁག་ཡིན་མོད། ཕྱོགས་གཞན་ཞིག་གནས་བལྟས་ན་དགོན་སྡེ་ཁག་ཏུའང་བློ་ཕམ་སྐྱེ་གཞི་ཡོད། འདི་དག་གི་ཕྱིའི་ལྷ་བརྟེན་གཙུག་ལག་ཁང་དང་བཅས་པའི་འཛུགས་སྐྲུན་ཧ་ཅང་རྔམ་བརྗིད་ལྡན་པ་ཞིག་ཡིན་ཞིང་། མཐོང་བ་ཙམ་གྱིས་ཁོང་ཚོ་མི་རབས་ནས་མི་རབས་སུ་ས་འདིར་འདུག་འཆར་ལས་ཕྱིར་ཕ་ས་ཕ་ཡུལ་ཞིག་ཡོད་པ་བརྗེད་སོང་བ་མིན་ནམ་སྙམ་པའི་ཚོར་བ་འགོག་མེད་དུ་སྟེར། ད་དུང་སེམས་སུ་འདི་དག་གིས་དངུལ་སྒོར་ས་ཡ་བྱེ་བ་ཕྱིའི་ཕྱིའི་འཛུགས་སྐྲུན་ཐོག་གཏོང་བ་ལས་ནང་གི་བསླབ་པ་སློབ་གཉེར་ཐོག་གཏོང་ཐུབ་ན་ཅི་མ་རུང་སྙམ་པའི་ཕངས་སེམས་ཤིག་ཀྱང་ལྷན་གཅིག་སྦྱིན་ཡོང་གི་འདུག དྲང་མོར་བཤད་ན་ཤེས་ཡོན་པ་ཡོད་ཚད་བློ་དྲང་ལྷག་དཀར་རྐྱང་རྐྱང་ཡིན་དཀའ་བ་བཞིན་གསར་འབྱོར་བ་ཚོ་ཡང་ཁ་ལེན་ཚིག་བརྩི་བྱེད་མཁན་རྐྱང་དཀའ་མོད། བདག་པོ་བརྒྱབ་ན་རྒྱག་སར་མི་འགྲོ་བ་རྐྱང་དང་བདག་པོ་རྒྱག་པའི་དུས་ཚོད་མ་རན་པ་ཞིག་རྩ་བ་ནས་མ་རེད་སྙམ་མོ།།
དཔེ་ཡག་པོ་གསུང་འདུག་ རྒྱབ་སྐྱོར་རྒྱ་ཆ་རྒྱ་ཐམ་ཡོད་དོ།
ཡ་ད་ཚང་མས་གསར་འབྱོར་རྙིང་འབྱོར་གཉིས་ཀའི་ལྟོ་རྒྱབ་ཁང་གསུམ་གྱི་ཆེད་དུ་མ་ཎི་ཐོན། རྒན་གཞོན་མེད་པར་མ་ཎི་ཐོན། ཨོཾ་མ་ཎི་པདྨེ་ཧྰུཾ། ཨོཾ་མ་ཎི་པདྨེ་ཧྰུཾ། ཨོཾ་མ་ཎི་པདྨེ་ཧྰུཾ།
རྡ་སའི་ལས་བྱེད་གང་མང་གི་བྱེད་སྟངས་ལ་བལྟས་ན་ཁོ་ཚོ་ནི་བོད་མི་མིན་པ་འདྲ་ཞིག་བྱེད། གསར་འབྱོར་ཚོའི་འགྲོ་འཆག་འདུག་སྟངས་ཚང་མར་འདི་ཚོའི་འཕྱ་དམོད་དང་མཐོང་ཆུང་བྱེད། ཕྱི་ལུགས་ཀྱི་ལད་ཟློས་འདི་ཚོས་བྱེད་ཅིང་། ར་མ་ལུག་གི་སྦྲགས་སྐད་དེ་འདི་ཚོས་ཤུགས་ཆེར་རྒྱག འདི་ཚོར་ཤེས་ཡོན་གྱི་གཞི་རྐང་མེད་ཅིང་། རྨོངས་དད་ཀྱི་ལྕགས་ཀྱུ་ནི་གསར་འབྱོར་ཚོ་ལས་རྣོ་བོ་ཡོད། དེ་ཕྱིར་འདི་ཚོར་བོད་ལ་ལར་ཞེན་མེད་ལ། རང་གི་རིག་གཞུང་ལ་རྒྱུས་མངའ་མེད།
གསར་འབྱོར་ཚོ་བོད་དུ་ཕྱིར་ལོག་བྱེད་དགོས་པ་ལས། ཁོང་ཚོ་བོད་དུ་ཕྱིར་ལོག་བྱེད་མི་དགོས་པར་བསམ་བསྡད་ཡོད། གསར་འབྱོར་ཚོའི་བཀའ་དྲིན་ལས་བཙན་བྱོལ་བོད་མིར་སྐྱོབ་གསོ་གང་འཚམས་རེག་བསྡད་ཡོད་པ་ཙམ་ཡང་འདི་ཚོས་མི་ཤེས། གཞན་ཡུལ་ནས་བོད་ཡིག་དེ་ཙམ་ཤེས་མ་ཐུབ་ཀྱང་། ཨིན་ཡིག་དེ་རང་རྐྱ་འཕེར་བ་ཞིག་གི་ངང་ནས་བོད་དོན་རྩོད་དགོས་ངེས་ཤིག་ཡོད་མོད། དེ་ཡང་འདི་ཚོར་བྱུང་མེད།
འདི་ཚོས་བྱེད་མི་ཐུབ་པ་ཞིག་ནི་གསར་འབྱོར་ཚོའི་བོད་སྐད་ཡིག་གི་ཤེས་ཚད་ཀྱི་ཕྱོགས་ནས་ཡིན། དེ་ནི་གསར་འབྱོར་ཚོའི་རྒྱལ་ཁ་དང་གཟི་བརྗིད་ཡིན། བོད་མི་རིགས་ཀྱི་ངོ་བོ་དང་སྲོག་རྩ་སྲུང་སྐྱོབ་བྱེད་ན་རང་གི་སྐད་ཡིག་ནི་གཞན་ལ་ལྟོས་མེད་ཀྱི་ཤེས་རྟོགས་གང་འཚམས་ཤིག་ཡོད་དགོས་པ་ཡིན། གསར་འབྱོར་ཚོར་གོང་གསལ་ལྟར་གྱི་དཀའ་ངལ་ཡོད་པ་ཅིས་ཀྱང་བདེན་མོད། དེ་ནི་གནས་སྐབས་ཤིག་གི་རིང་ལ་ཡིན་ངེས་པས། གསར་འབྱོར་ཚོ་སེམས་ཤུགས་མ་ཆག
ག་ཚོད་སྐད་བརྒྱབ་ཀྱང་བདེན་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ཚོད་མ་རེད། རྒྱུ་དང་དབང་གཉིས་ཆ་མེད་པའི་རིགས་དེས་ས་ཆ་གང་ན་ཡིན་ཡང་སྡུག་པོ་མྱོང་བཞིན་པ་རེད། དེང་སང་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་ཡོད་པའི་གནས་སྟངས་དེ་རྒྱ་གཞུང་གིས་དམ་དྲགས་གཅིག་པོས་ཡིན་མི་སྲིད། གལ་སྲིད་བོད་ནས་ཡོང་མཁན་མེད་པའི་གནས་སྟངས་དེ་འགྱུར་བ་མ་སོང་བའི་དབང་དུ་བཏང་ན། ད་ནས་བརྩིས་པའི་ལོ་ང་བཅུ་ཙམ་ཡང་འགོར་མི་དགོས་པར་ལུང་པ་གང་སར་ཡོད་པའི་མི་རིགས་དེའི་ག་ལེར་ཐིམ་འགྲོ་ངེས་རེད།
གཞུང་གི་འཐུས་ཤོར་དང་གསར་འབྱོར་ཚོའི་དཀའ་ངལ་་
བསམ་ཚོར་བརྗོད་པ་འཚམས་ཞུ་ཡིན།
ཀླུ་སྨྱོན་ཡ་ཀླུ་སྨྱོན་་་་་ངས་དངོས་དོན་བཤད་པ་ལས་ལྟ་བ་ཞིག་གཏན་ནས་འཁུར་གྱིན་མེད་ན་ཁྱེད་ཀྱིས་ཀྱང་དོན་དངོས་བཤད་པ་ལས་ཀུ་རེ་མ་བཤད་རོགས། ཀུ་རེ་ནི་ཀུ་བཤད་ས་ནས་བཤད་ན་འགྲིག་པ་ལས་དོན་དངོས་ལ་ཀུ་རེ་མི་འགྲོ་བ་མཁྱེན་པ་གནང་རོགས།
གཞུང་གི་འཐུར་ཤོར་དང་གསར་འབྱོར་ཚོའི་དཀའ་ངལ།
བསམ་ཚུར་བརྗོད་པ་འཚམས་དྲི་ཞུ་དང་རང་གི་བསམ་ཚུར་ཞིག་ཞུས་ན་གོང་དེ་ནས་གྲོགས་པོ་ཞིག་གིས་ང་ཚོས་ནམ་རྒྱུན་རྒྱ་ནག་གིས་བཀག་འགོག་དང་ཚོད་འཛིན་འོག་ན་བོད་ཀྱི་རིག་གནས་སྣ་ཚོགས་སྦྱང་བར་དཀའ་ངལ་ཆེ་རབས་བརྗོད་པ་ནི་སྐྱག་རྫུན་ཞིག་ཏུ་མཐོང་ཡོང་ངོ་།། འདི་ལས་ང་ཚོས་རང་གིས་མ་འཇོན་པ་ཡོད་ཚད་གཞན་ཁག་དཀྲི་རྒྱུར་དགའ་བའི་རང་གཤིས་ཤིག་མངོན་ཡོང་། དེ་འདྲི་ཡིན་ན་སོས་སོ་མར་རྒྱ་ནག་ཏུ་ལོག་ན་འགྲིག་གི་རེད།་བོད་མི་བརྒྱ་རི་ཉི་ཤུ་སྐུ་ལུས་མེད་སྲིས་བཏང་བ་དེ་རྣམ་གང་གི་ཆད་དུ་བཏང་པ་རེད་དམ།་སྤྱིར་བོད་ནས་ཡོང་བའི་བོད་པ་རྣམས་བོད་ཡིག་ཡག་གི་རེད་འོན་ཀྱང་ཁོང་ཚོ་ལ་རྒྱ་ནག་གིས་མཐུན་སྤྱིན་སྒྲིག་བཞག་པ་ཞིག་མ་རེད་དེ་སོ་སུས་ཐབས་ཤིས་མཛད་པ་རེད།་་་་་་གསར་འབྱོར་དང་གཞི་ཆག་བར་དུ་མ་བཀྲུག་ན་ཡག་གི།་དང་པོ་སོ་སུས་བོད་སྤྱི་པའི་དོན་དུ་ལས་ཀ་གང་བྱེད་ཀྱིས་བསམ་བློ་ཞིག་ཐོང་དང།་གཞུང་དུ་མི་འགའ་ཤས་ཞིག་རྟག་པར་དུ་ཁ་རུ་བཏོང་ནས་སོ་སུས་གང་གཅིག་མི་ལས་སྡད་ཡོད་རེད།་ཕྱི་རྒྱལ་དུ་བོད་པ་བཏང་གི་རེད་ཟེེར་་ནས་གོ་མ་ཐག་ཏུ་སོ་སུས་འགྲོ་ངར་ལངས་ནས་བསྡད་ཡོད་པ་འདྲ།
རྩོམ་འདིའི་བརྗོད་གཞི་ཡག་གི ངེད་ཀྱི་རེ་བར། རྩོམ་པ་པོས་གསར་འབྱོར་བ་ཚོ་དང་འབྲེལ་བའི་བརྗོད་བྱ་བྱེ་བྲག་པ་རེ་གཉིས་ཞིབ་ཕྲ་རུ་བཏང་ནས་བྲིས་ཡོད་ན་བསམ། ལྷག་པར་དུ། རྡ་ལམ་ས་ལའི་གསར་འབྱོར་བ་མི་སྒེར་བ་དེ་འདྲའི་དཀའ་ངལ་འབྲི་ཐུབ་ན་ལྷག་ཏུ་ཡག བསམ་ཚུལ་ཙམ་མོ།
བཀའ་དྲིན་ཆེ།
གསར་འབྱོར་བ་ཚོའི་ནང་ན་རྫུན་མ་ཁྲམ་པ་སྐྱག་པ་ལས་འབེལ་པ་ཡོད་པ་རེད་ཐལ། ཡིད་མ་ཆེ་ན། ཆབ་སྲིད་བཙོན་མ་ཡིན་ཟེར་མཁན་ཚོ་འགའ་ཞིག་ལ་ལྟོས་དང་བོད་བསྟན་པ་ཆབ་སྲིད་ལ་ལུས་འབུལ་སྲོག་འབུལ་བྱས་པའི་རྒྱལ་གཅེས་དཔའ་བོ་ཚོའི་སྐང་རྗེས་ལ་ནག་སུབ་བྱེད་ཞོར་མ་བྱས་བ་བྱས་མདོག་གིས་རྫུན་གཏེ་ག་ཚོད་ཅིག་འཁྲབ་གྱིན་ཡོད་པ་ཤེས་ཡོང་། བོད་དོན་མིན་པའི་བཙོན་མ་རྫུན་མ། དེ་ལ་རྒྱབ་རྩ་བྱེད་པའི་བོད་ཕོངས་རྫུན་མ།
བདེན་པ་རང་གསུངས་འདུག་་་རྒྱབ་སྐྱོར་ཡོད།
ད་སྐབས་གསར་འབྱོར་བ་ཉུང་ཉུང་ཆགས་འདུག་ཅེས་གྲོགས་པོས་བཤད་མྱོང་། ངས་ག་རེ་མ་འགྲིག་པས་གསར་འབྱོར་བ་ཉུང་ཉུང་ཆགས་སོང་བ་རེད་དམ་ཞེས་གྲོགས་པོར་དྲིས་པ་ཡིན། ཁོང་གིས་བཤད་ན་ད་སྐབས་ཕ་ཡུལ་ལ་འགྲོ་འདོད་ན་འགྲོ་བདེ་བོ་འདུག་ལ་་་་ལམ་གྱི་འགྲོ་སོང་ཡང་རྒྱ་གགཞུང་གིས་གཏོང་གི་འདུག་ཟེར། ད་རུང་ཁོང་གིས་བོད་གཞུང་གིས་གསར་འབྱོར་བར་ལས་ཀ་དང་ལྟ་སྟངས་ཡག་པོར་མ་བྱས་ན་གསར་འབྱར་བ་ཚང་མ་རེ་རེ་བཞིན་ཕྱི་རྒྱ་ཁག་ལ་འགྲོ་ཐུབ་ན་འགྲོ་རྐྱང་དང་། དེ་མིན་ཕ་ཡུལ་དུ་ལོག་ཁོ་ཁག་ཐག་ཡིན་ནི་རེད་ཟེར། ད་བྱས་དུས་རྩོམ་ཡིག་འདིའི་ཁ་ཕྱོགས་ཀྱང་ངའི་གྲོགས་པོའི་བསམ་ཚུལ་དང་ཕྱོགས་མཚུངས་སུ་མཐོང་བྱུང་།
་་་་་་་་ གཞུང་ངོས་ནས་གསར་འབྱོར་བ་དེ་ཚོར་དམིགས་བསལ་ཞིག་ཡོད་པ་ནི་སློབ་ཡོན་མེད་པར་སློབ་གྲྭ་ལ་འགྲོ་རྒྱུ་དེ་རེད། སློབ་མཐར་ཕྱིན་རྗེས་གང་ཞིག་ནས་འདུག་དགོས་པའམ་གང་ཞིག་ལ་འགྲོ་དགོས་པ་ཕལ་ཆེར་གཏན་ཁེལ་མེད་པ་ལྟ་བུ་རེད། དཔེར་ན། རྒྱ་ནག་གི་བཙོན་དུ་ལྷུང་ཡོད་པའི་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་བཙན་བྱོལ་སྤྱི་ཚོགས་ནང་གྲོངས་ཟིན་པ་ཀླུ་ཚང་བློ་བཟང་ཡེ་ཤེས། ད་ལྟ་ངྷ་རམ་ས་ལའི་ཟ་ཁང་དུ་ལས་ཀ་བྱེད་བཞིན་པ་ཚེ་བརྟན་རྒྱལ་སོགས་ནི་བཙན་བྱོལ་གཞུང་གིས་ལས་ཀ་གོ་སྒྲིག་བྱེད་མ་ཐུབ་པའི་དཔེ་མཚོན་ཙམ་རེད། འདི་ནི་གཞུང་དང་དམངས་ཀྱི་བར་ཐག་ཅིག་རེད། འདི་ནི་གསར་འབྱོར་བ་ཚོ་བཙན་བྱོལ་ནས་སྡོད་དཀའ་བའི་གནད་དོན་གྱི་རྩ་བ་རེད། འདི་ནི་བོད་མི་ཤེས་ཡོན་ཅན་བེད་སྤྱོད་མ་ཐུབ་པའི་གཞུང་གི་འཐུས་ཤོར་དང་སྒེར་གྱི་བློ་ཕམ་ཞིག་རེད། ད་དུང་འདི་དང་འདི་ལྟ་བུ་མང་བོ་ཡོད། གལ་ཏེ་ལས་ཀ་ཞིག་གོ་སྒྲིག་བྱས་ཟིན་པའི་དབང་དུ་བྱས་ཀྱང་ཁོས་ལས་ཀ་དེ་ལ་ཤི་འཐམ་རོ་འཐམ་བྱས་ཏེ། ནམ་ཞིག་ལ་ལོ་ན་རྒས་ཤིང་འགུལ་སྐྱོད་དཀའ་བའི་སྐབས་སུ་ཁོའི་ཁྱིམ་ཚང་གི་གནས་བབ་ལ་བློ་གཏད་ཆོག་པའི་ལམ་ཁ་ཞིག་མེད་སྟབས། མང་བོ་ཞིག་གིས་ལས་ཀ་རག་ཀྱང་དེ་ནི་ཞོར་ལས་སུ་རྩི་བ་ནི་ལས་བྱེད་མང་བོ་ཞིག་ལ་གོམས་ལོབ་ཏུ་སོང་འདུག ་་་་་་་
་་་་་་ བོད་ཀྱི་རིག་གནས་ཚད་བཀག་ཅན་གྱི་བོད་ནང་དང་རང་དབང་ཅན་གྱི་བཙན་བྱོལ་སྤྱི་ཚོགས་གཉིས་བསྡུར་ན། ཕྱོགས་གང་ནས་ཀྱང་གོ་ལྡོག་ཏུ་མཐོང་བ་འདི་ལས་ང་ཚོས་ནམ་རྒྱུན་རྒྱ་ནག་གིས་བཀག་འགོག་དང་ཚོད་འཛིན་འོག་ན་བོད་ཀྱི་རིག་གནས་སྣ་ཚོགས་སྦྱང་བར་དཀའ་ངལ་ཆེ་རབས་བརྗོད་པ་ནི་སྐྱག་རྫུན་ཞིག་ཏུ་མཐོང་ཡོང་ངོ་།། ་་་་་་་
་་་་་་ འདི་ལས་ང་ཚོས་རང་གིས་མ་འཇོན་པ་ཡོད་ཚད་གཞན་ཁག་དཀྲི་རྒྱུར་དགའ་བའི་རང་གཤིས་ཤིག་མངོན་ཡོང་། རྒྱུ་མཚན་ནི་བོད་ནང་ནས་ཡོང་བའི་སློབ་ཆུང་གི་སློབ་མ་ཞིག་དང་འདི་ནས་འཚར་ལོངས་བྱུང་བའི་འཛིན་གྲྭ་བཅུ་གཉིས་པ་ཞིག་བསྡུར་ན་ད་དུང་བོད་ནང་གི་སློབ་སྦྱོང་སློབ་མ་བཟང་བ་དངོས་ཡོད་གནས་ཚུལ་ཡིན་པས་སོ།། ་་་་་་་་་་་ཟེར།
རྒྱང་མིག་ལགས་ཀྱིས་གསར་འབྱོར་བ་དང་དྷ་སའི་ལས་བྱེད་ལས་འཕྲོས་ཏེ་ཧ་ལམ་གསར་འབྱོར་བ་དང་གཞིས་ཆགས་བར་གྱི་འཁོན་འཛིན་གང་ཞིག་ཤུགས་དྲག་པོས་ཕྱིར་ཕྱུང་བཞག དོན་དངོས་དེ་ལྟར་ཡིན་དུ་ཆུག་ནའང་གལ་སྲིད་ང་ཚོ་གསར་འབྱོར་བ་ཚོས་ཀྱང་འདི་ལྟར་འཁོན་འཛིན་བརྩད་ནས་བསྡད་ན་ནི། བོད་མི་རིགས་ཀྱི་བླ་སྲོག་མེད་པར་བསྙད་པའི་གཞིས་ཆགས་པ་ཚོ་དང་ཡོད་པར་སྒྲོག་པའི་གསར་འབྱོར་བ་ཚོའི་བར་ལ་ཁྱད་པར་འཇོག་བྱེད་ཅིག་རྙེད་ས་ཡོད་དམ། དྲང་པོར་ཞུས་ན་ན་ཚ་གང་དེ་གསར་འབྱོར་བ་ཚོ་ལ་ཡང་གཅིག་མཚུངས་སུ་ཡོད་པ་ནི་ཁོ་ཚོས་ཀྱང་གཞིས་ཆགས་པ་ཚོ་ལ་འཁོན་འཛིན་བརྩད་ནས་སྡོད་ཀྱིན་པ་དེས་གསལ་བཤད་བྱས་འདུག ང་ཚོའི་འཐབ་རྩོད་བྱེད་ས་ནི་རྒྱ་ནག་ཡིན་པ་ལས་དྷ་སའི་ལས་བྱེད་དང་གཞིས་ཆགས་ཀྱི་མི་དེ་ཚོ་མ་རེད། ཡོད་ཚད་ནི་ང་ཚོའི་མི་རིགས་རིན་ཐང་ལྟ་ཚུལ་དང་མཛེས་དཔྱོད་ལྟ་ཚུལ། མི་ཚེའི་ལྟ་ཚུལ་འཇིག་རྟེན་ལྟ་ཚུལ་སོགས་གཞིར་བྱས་པའི་སློབ་གསོ་ལྟ་བ་དེས་མ་འགྲིགས་ནས་ཡོད་པ་ཤེས་དགོས་པ་ལས་མི་བྱེ་བྲག་པར་མཛུབ་མོ་འཛུགས་ས་མེད། སྤྱི་ཚོགས་ཐུན་མོང་བ་ཞིག་ལ་འདུ་ཤེས་ལྟ་ཚུལ་ཐུན་མོང་བ་སྐྱེད་བྱེད་ནི་སློབ་གསོ་ལས་གཞན་དུ་འགྲོ་ས་མེད་ལ། དེ་ཡང་ཕུགས་གཏུགས་ན་རིག་གནས་བག་ཆགས་ལས་འགྲོ་ས་མེད། ང་ཚོའི་མི་བསམ་ཡོད་ཅན་ཚོས་སྲོལ་རྒྱུན་གྱི་རིག་གནས་ལ་དོགས་སློང་བྱེད་པའང་འདི་འདྲའི་ཉེན་ཁ་མངོན་དཔོག་ཐུབ་པས་ཡིན་པ་ལས། མཁས་རློམ་འགའ་ཞིག་གིས་དམའ་འབེབས་བྱས་པ་ལྟར་ཞི་བདེ་དང་མཐུན་སྒྲིལ་གཏོར་བཤིག་གཏོང་ཆེད་དུ་བྱས་པ་ག་ལ་ཡིན།
ལོ་རྒྱུས་ནང་ནས་ཟམ་གདང་བཀའ་བློན་དུས་སྐབས་སུ་གསར་འབྱོར་མང་ཤོས་རེད་།ཡིན་ན་བདག་པོ་རྒྱག་ཡོད་མ་རེད་།གཞིས་ཆག་ཚོའི་༧གོང་ས་མཆོག་ལ་དད་གུས་ཡོད་རེད་ཡིན་ན་།མི་རིགས་འདིའི་རིགས་གཞུང་དང་་ལྷག་པ་དུ་སྐད་ཡིག་ལ་སེམས་ཁུར་སྤུ་ཙམ་ཡང་ཡོད་མ་རེད་།
ཨ་རོ། སྐྱོན་ཅན་གཉིས་ཀ་ནང་ཡོད། ཤེས་ཡོན་ཅན་གཉིས་ཀར་ཡོད། ཕན་མེད་གཉིས་ཀར་ཡོད། སེམས་ཤུགས་ཅན་གཉིས་ཀའི་ནང་ཡོད། མ་འགྲིག་པ་ཕྱོགས་གཉིར་ཀར་ཡོད། ངོ་ཚ་རྒྱུ་མེད་པའང་གཉིས་ཀར་ཡོད། ཁྲལ་མེད་པའང་དེ་བཞིན་ཡོད། གསར་འབྱོར་རྙིང་འབྱོར། བོད་འབྱོར་ཕྱི་སྐྱེ་དེ་འདྲ་ངས་མི་ཤེས།
གཏན་གཏན་གཞུང་གིས་གསར་འབྱོར་ཚོར་བལྟ་རྟོགས་མ་གནང་བ་རེད་པས། ཐུགས་རྗེ་གཟིགས་ལབ་ལབ་མ་མང་།
ཐབ་ཚ་བོ་མེད་ན་ཇ་འཁོལ་ལེ་མ་རེད། ཇ་ཁོལ་ནས་འཐུངས་མཁན་མེད་པ་མ་རེད། མི་རེ་གཉིས་གནས་ཚུལ་མི་རེ་གཉིས་ཐོག་བཞག་ཐུབ་ན་དགེ་ཕན་ཆེ། ད་དུང་སྐད་ཆ་རྫོགས་རྒྱུ་མེད་པའ།
ད་གསར་འབྱོར་ལ་གཞུང་གིས་ལྟ་རྟོག་ཚད་དུ་ལོང་གི་མི་འདུག་ཟེར་བའི་རྩོམ་ཡིག་སྤེལ་ན་འགྲིགས་ཀྱང་། གསར་འབྱོར་དང་གཞིས་ཆགས་བར་བཤིག་བསྡུར་གྱིས་དཀྲོག་གཏམ་རིགས་བཤད་མི་ཉན། ད་ལྟ་བོད་ཀྱི་རྩ་དོན་མ་ཤི་བར་ཅུང་ཟད་ལྷག་ཡོད་པ་འདིའང་གཞིས་དང་བྱེས་གཉིས་ཀས་ནུས་པ་མཉམ་སྤུངས་བྱས་པ་ཞིག་ལས་གཞིས་གཅིག་པོས་འཇོན་པ་དང་། བྱེས་གཅིག་པོས་འཇོན་བཞག་པ་ལ་ངོས་ལེན་མེད། དེ་བཞིན་གཞུང་དང་མང་ཚོགས་ཀྱང་ངོ་། ད་ལྟའི་ཆར་བཙན་འབྱོར་གཞུང་ངོས་ནས་བོད་མི་རྒན་གཞོན་སུ་འདྲ་ཞིག་བལ་ཡུལ་ས་མཚམས་སླེབས་མཚམས་སུ་བལ་ཡུལ་སྣེ་ལེན་ཁང་ལ་ཁ་པར་བཏང་ནས་ང་ལེན་ཁ་ཤོག་ཟེར་ན་ཡོང་རྐྱང་བྱེད་ཀྱི་ཡོད་རེད་ལ། བལ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་སོང་ན་དངུལ་ག་ཚོད་དགོས་ནའང་ཚུར་བསླུ་ཡི་ཡོད་རེད། ཉིན་དེ་ནས་བཟུང་གསར་འབྱོར་བ་བུ་སོ་སོ་ལ་འཇོན་ཐང་ཡོད་ན་སྒོར་རྡོག་གཅིག་མེད་ནའང་སློབ་གྲྭ་དམའ་རིམ་ནས་མཐོ་རིམ། མཐོ་རིམ་ནས་ཨ་རིའི་གཙུག་ལག་སློབ་གྲྭ་བར་ལམ་ཁ་ཤར་སེ་ཡོད་རེད། དེ་བཞིན་གཞུང་གི་ལས་བྱེད་ངོས་ནས་བསམ་ནའང་བུ་རང་ལ་འཇོན་ན་སྲིད་སྐྱོང་གི་འོས་ལང་ཡ་ལའང་ཐོབ་ཐང་ཆ་ཚང་ཡོད་རེད་ལ། ད་སྐབས་སྤྱི་འཐུས་མང་ཆེ་བ་གསར་འབྱོར་ཆགས་ཡོད་རེད། དེས་ན་ལས་བྱེད་ཀྱི་གོ་སྐབས་ཀྱང་ཆ་ཚང་ཡོད། དེ་ལས་གཞན་བུ་ཡིན་ན་གོས་ཐུང་རྐུབ་ནས་མར་ཀློད་ཅིང་བུ་མོ་ཡིན་ན་གོས་ཐུང་རླ་ནས་ཡར་བརྫེས་ཤིང་མགོ་སེར་པོ་དང་དཀར་པོ་སོགས་བྱུག་ནས་ང་གསར་འབྱོར་ཡིན། ང་ཅིག་ཅིག་ཡིན། ང་གཉིས་གཉིས་ཡིན་ཟེར་བསྡད་པས་ཅི་ཕན། ཁྱོད་རང་གིས་བཤད་པའི་འཐེན་ཐུག་བཏུང་མཁན་སོགས་རྡ་སའི་མི་ག་གེ་མོ་དེ་ཚོ་ལ་དྲིས་དང་བོད་གཞུང་གི་ལྟོ་གོས་མ་མང་ན་མི་ཉུང་པ་ཞིག་ཟས་ཚར་མཁན་དག་དག་ཡིན་པར་ཐེ་ཚོམ་མེད། བུ་སོ་སོ་ལ་རྩ་བ་ནས་མེད་ན་གཞུང་སུས་ཀྱང་བདག་པོ་བརྒྱབ་ཐུབ་ཀྱི་མ་རེད། འཛམ་གླིང་གི་རྒྱལ་ཁབ་ནང་ནས་ཡང་རྩེར་སོན་པ་ཨ་རི་ལ་ཆ་མཚོན་ནའང་དེ་འདྲ་ཉིན་རེའི་འཚོ་བ་སློང་མཁན་ཝ་ཤིན་ཊོན་ལའང་གང་ཚར་རེད། དེ་ལ་གཞུང་གི་བདག་པོ་རྒྱབ་ཀྱི་མི་འདུག་གཞུང་སྡུག་ཅག་རེད་ཟེར་ན་ཁག་པོ་རེད། ང་རང་གསར་འབྱོར་བ་ཞིག་ཡིན་ཀྱང་དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་ཁ་ཁོག་མེད་པར་ཞུས་པ་ཡིན།
འུ་ཚང་གི་སྲིད་སྐྱོང་སེང་གེ་ལགས་ཀྱིས་གནས་སྟངས་འདི་ཇི་ལྟར་ལག་བསྟེར་བྱེད་རྒྱུ་ཡིན་ནམ། ངྷ་སའི་ལམ་འགྲམ་ན་ཡོད་པའི་བོད་མི་ཚོ་དང་ལས་རིགས་གང་གི་ཆ་མི་གཏོགས་པའི་ན་གཞོན་ཚོ་འདི་ལྟར་འཇོག་དགོས་དོན་གང་ཡིན་ནམ། གོ་སྐབས་རེག་མཁན་ཚོ་སྔོན་ནས་འགྲོ་ཚར་བ་རེད། གལ་སྲིད་ཨ་རིའི་གྲོས་ཚོགས་འོག་མའི་ བོད་རིགས་བསྐྱལ་བཅོལ་རོགས་སྐྱོར་ལས་གཞི་་འདིར་བརྒྱབ་སྐྱོར་ཐོབ་ན་སེང་གེ་སྲིད་སྐྱོང་ལགས་ཀྱིས་་་་་་་་་
གསར་འབྱོར་ཡིན་ན་ཡག་རྒྱུ་དང་། གཞི་ཆགས་ཡིན་ན་སྡུག་རྒྱུ་ཅང་མེད་དོ། གཉིས་ཆར་ཡག་སྡུག་འདྲ་མིན་སྣ་ཚོགས་འདུག ཡིན་ན་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེ་བཀའ་ཤག་གི་ཕྱག་ལས་གནང་སྐབས་སུ་གསར་འབྱོར་རྣམས་ལ་དཀའ་ངལ་དམིགས་བསལ་བ་ཞིག་ཕྲད། དེ་ནི་R.C བཟོ་རྒྱུ་དེ་རེད། ད་དུང་ཡང་མི་མང་པོ་ཞིག་དཀའ་ངལ་དེ་ལས་གྲོལ་ཐུབ་མེད། དཀའ་ངལ་སུ་ལ་ཞུ་དགོས་སམ།
བཀྲ་ཤིས་དོན་འགྲུབ་ལགས། བསམ་ཚུལ་བཏོན་པར་དགའ་བསུ་ཡོད། ངས་ནི་གནས་ལུགས་ཤིག་བརྗོད་པ་ཡིན་པ་ལས་འཐབ་རྩོད་བྱེད་ཀྱི་མེད། ང་ལ་ཡང་སྔོན་ཆད་ནས་གསར་འབྱོར་ཚོ་ལ་འཕྲད་པའི་དཀའ་ངལ་དེ་དངོས་སུ་འཕྲད་མྱོང་ཡོད། ངས་བརྗོད་ས་གཙོ་བོ་ནི་ནམ་རྒྱུན་རང་ལ་བོད་ཞེན་ཡོད་མདོག་གིས་རྡ་སའི་གོ་སྐབས་དང་གོ་གནས་བཟུང་ཡོད་པའི་ལས་སྣེ་སྟོང་སྐད་ཅན་ཚོར་བརྗོད་ཀྱི་ཡོད། རྒྱ་གར་དུ་གཞིས་ཆགས་པ་ཚང་མ་ལ་དེ་འདྲ་གཏན་ནས་བརྗོད་ཀྱི་མེད་པས། འཁོན་འཛིན་དེ་བས་ཡོང་དོན་མེད། འདི་ནི་ཁྱེད་རང་གིས་ཁ་སྣོན་བྱས་པའི་ཕྱོགས་གཅིག་རེད། ངས་དང་པོ་རང་ནས་”རྡ་སའི་ལས་བྱེད་གང་མང་གིས་”ཞེས་བྲིས་ཡོད་པ་དེས་ཀྱང་འཐུས།
ཅི་ཡང་མི་འཇོན་པའི་ལས་བྱེད་སྟོང་སྐད་ཅན་དེ་ཚོས་རང་གི་ཁེ་ཕན་གཅིག་བུ་ལ་མ་གཏོགས་མ་བལྟས་པས་ཡིན། རྒྱལ་བ་རིན་པོ་ཆེར་དད་པ་ཡོད་མདོག་གིས་རྒྱལ་བའི་དགོངས་གཞི་ངོ་མ་དེ་དེ་ཚོས་མ་བསྒྲུབས། ལས་རྒྱུ་འབྲས་ཡོད་མདོག་གིས་དྲང་པོ་ནི་དེ་ཚོས་མ་བྱས། རང་གི་ཁེ་ཕན་དང་གོ་སྐབས་ལ་ཐུག་དུས་གསར་འབྱོར་ཚོ་མི་གྲལ་དུ་ཡང་མ་བཞག་པ་རེད། སྤྱིར་བཏང་ལས་བྱེད་པ་ཟེར་དུས་མི་མང་ལས་ལྷག་པའི་སྙིང་སྟོབས་དང་སྤྱོད་ཚུལ་བཟང་བོ་ཞིག་ངེས་པར་དུ་དགོས་ཚོད་ཡིན་ཡང་། དེ་ཚོས་ལས་བྱེད་པ་ཟེར་བ་ནི་མི་དམངས་ཀྱི་དཔོན་པོ་དང་། སྐྱིད་པོ་གཏོང་མཁན་ཞིག་ཏུ་བསམ་ནས་བསྡད་པ་རེད།
འོན་ཀྱང་ངས་ནི་གསར་འབྱོར་ཚོ་ལ་སྐྱོན་མི་འདུག་ཅེས་ནམ་ཡང་བརྗོད་ཀྱི་མེད། སྐྱོན་ནི་ཚང་མ་ལ་ངེས་པར་དུ་ཡོད་པ་ཞིག་རེད། གང་ལྟར་བོད་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་ལ་སྦྱངས་བརྩོན་བརྒྱུད་དེ་རང་ཉིད་གང་ནས་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ཤེས་ཡོན་རྣམས་གསར་འབྱོར་ཚོར་ཤེས་རྟོགས་མཐོ་བ་ཡོད་ཀྱང་། དེ་དག་ལ་ཤེས་བཞིན་དུ་ལས་བྱེད་ཚོས་བདག་པོ་མ་བརྒྱབ་པ་རེད་ཅེས་ཞུས་པ་ཡིན།
དེར་ཡང་གནས་ལུགས་མི་འདུག་ཅེས་བཤད་ས་མི་འདུག་པས། ཁྱེད་ཀྱི་སྐད་ཆར་རེ་ཞིག་མོས་མཐུན་བྱེད་དགོས་པ་འདྲ།
ཟམ་གདོང་བླ་མ་མཁས་དབང་ཨེ་ཡིན་མི་ཤེས་།རིག་ཅིག་རྐང་འཛིན་དེ་དུས་ཉམས་སོང་རེད་།གསོག་སྒར་སློབ་གྲ་ལོ་རེ་ཡར་མར་བོད་ཡིག་སློབ་ཁྲིད་བྱེད་མཁན་མེད་ནས་ལུས་སོང་རེད་།རྡ་ས་ནས་གསར་འབྱོར་ལམ་ཁྲོམས་བརྟོན་མཁན་ཁ་ཤས་དཀའ་ངལ་ག་ཚད་ཡོད་།གཞིག་ཆག་ཚོའི་ཆོས་འཇིག་བརྟེན་གཉིས་ཀྱི་ཐད་ནས་གང་ཡང་ཡོད་མ་རེད་།
ཟམ་གདོང་བླ་མའི་སྲིད་ཇུས་བདེན་པའི་ཨུ་ཚུགས་དེང་སང་གོ་རྒྱུ་ཅང་མི་འདུག་
རྩོམ་ཡིག་འདི་བཀླགས་རྗེས་ང་ལ་སྤྲད་པའི་ཐོག་མའི་བག་ཆགས་ནི་རྩོམ་པ་པོ་རང་ཉིད་འགོ་མཐོན་འཚོ་སྐྱོང་མི་ཐུབ་མཁན་ཞིག་ཡིན་པ་དེ་རེད། དེ་མིན་ཞིབ་འཇུག་དང་གཏན་ཚིགས་མེད་པའི་སྐད་ངན་འདི་ལྟར་སྒྲོགས་མི་སྲིད། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་གསར་འབྱོར་བ་ཚོ་རྒྱ་གར་དུ་འབྱོར་མ་ཐག་སྡོད་གནས་སོགས་ལ་སེམས་ཁྲལ་བྱེད་མི་དགོས་པ་མ་ཟད་སློབ་སྦྱོང་གི་གོ་སྐབས་ཀྱང་རག་གི་ཡོད་པ་རེད། མ་གཞི་ནས་ང་ཚོ་གསར་འབྱོར་བ་མི་ཉུང་བ་ཞིག་གིས་རང་ཉིད་སྐྱབས་བཅོལ་བ་ཡོང་དགོས་པའི་རྒྱུ་མཚན་ལ་བསམ་གཞིགས་མ་བྱས་པར་ཧེ་མ་ལཡ་བརྒལ་རྗེས་བོད་གཞུང་ནས་ཐོབ་ཐང་བརྩོད་རྒྱུ་དེ་ཐོག་མ་རེད། དོན་དངོས་ཐོག་ང་ཚོའི་སེམས་ཁམས་སུ་མ་མཐར་ཡང་ང་སྐྱབས་བཅོལ་ལ་ཡོང་ནས་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་། རང་ཉིད་ཀྱིས་བོད་ནང་བྱེད་མ་ཐུབ་པའི་སྤྱི་པའི་ལས་དོན་ཅི་ཞིག་འགྲུབ་ཐུབ་མིན་དེར་བསམ་གཞིགས་བྱེད་དགོས་པ་དེ་རེད། འོན་ཀྱང་། གངས་དཀར་རྒྱལ་སྲས་ལྟ་བུ་མི་སྣ་རེ་ཟུང་གིས་རང་ཉིད་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས་ལོང་གཏམ་སྨྲ་མཁན་མི་ཉུང་བ་ཞིག་ཡོད། ང་ལྟ་བུར་མཚོན་ན། ལོ་རབས་དགུ་བཅུ་པའི་ནང་སྐྱབས་བཅོལ་ལ་ཡོང་བ་ཡིན། ༧གོང་ས་མཆོག་དང་བོད་གཞུང་གིས་བཀའ་དྲིན་ལ་བརྟེན་ནས་ཕྱོགས་ཡོངས་ནས་མི་འགྲིག་པ་གང་ཡང་མ་བྱུང་། གཙོ་བོ་དེ་རང་ཉིད་ཀྱི་འཇོན་ཐང་ལ་རག་ལུས་ཡོད། དེ་གཅིག་ཡིན། གཉིས་ནས། གངས་དཀར་གྱིས་གཞིས་ཆགས་ཚོར་མ་མཐར་རང་ཉིད་ལ་སྡོད་སའི་གནས་ཁང་ཞིག་ཡོད་ལུགས་བརྗོད་པ་ནི་ངོ་མ་ཕྲུག་གུའི་སྐད་ཆ་རང་རེད། གལ་སྲིད་ཁྱེད་རང་གིས་གཞིས་ཆགས་ཁག་གི་ཁང་པ་དེ་དག་ཇི་ལྟར་འཛུགས་བསྐྲུན་བྱས་མིན་ཐད་བསམ་གཞིགས་དང་རྟོགས་གཞིབ་བྱས་ན་ཁྱོད་ཀྱིས་སྐད་ཆ་དེ་འདྲ་ཞིག་བརྗོད་མི་སྲིད། གང་ཡིན་ཟེར་ན། གཞིས་ཆགས་དེ་དག་འཛུགས་བསྐྲུན་བྱས་པར་བོད་རིགས་རྒན་རབས་པ་ཚོས་དཀའ་ལས་ཚད་མེད་རྒྱབ་པ་ནི་དོན་དངོས་རེད། གལ་ཏེ་ཁྱོད་རང་ལ་ས་ཁང་ཞིག་བོད་གཞུང་གིས་གནང་སྟེ་ཁང་པ་རྒྱག་ཏུ་བཅུགས་ཚེ་ཧ་ལམ་ཁྱེད་རང་གིས་བོད་གཞུང་གིས་བྲན་གཡོག་བསྐུལ་ལུགས་བརྗོད་ངེས་ཡིན། གཉིས་པ། ཁྱེད་རང་གིས་མི་སྣ་རེ་ཟུང་དཔེ་མཚཽན་དུ་དྲངས་ནས་བོད་གཞུང་གིས་གསར་འབྱོར་ཤེས་ཡོན་པ་བདག་པོ་རྒྱག་གི་མེད་ལུགས་བརྗོད་པ་ནི་སླར་ཡང་ལོང་གཏམ་རང་རེད། ལྷག་པར་དུ་ཀླུ་ཚང་ལྟ་བུར་མཚོན་ན། ནོར་གླིང་ཞིབ་འཇུག་ཁང་དུ་གོ་སྐབས་རག་པ་རེད། འོན་ཀྱང་བསྡད་ཡོད་དམ། ཁྱོད་རང་གིས་ཞིབ་འདུག་གྱིས། དེ་གཅིག་ཡིན། གཉིས་ནས་པྱི་རྒྱལ་ལ་འགྲོ་མཁན་གྱི་གསར་འབྱོར་ཤེས་ཡོན་པ་རྣམས་བཙན་བྱོལ་ནང་གོ་སྐབས་མེད་པར་ཕྱི་རྒྱལ་དུ་ཕྱིན་པ་རེད་དམ་ཡང་ན་བཙན་བྱོལ་ནང་གི་གོ་སྐབས་དེ་སྤྱད་དེ་ཕྱི་རྒྱལ་ལ་ཕུར་སོང་བ་རེད། དེ་ཡང་ཞིབ་འཇུག་གི་གནས་རེད། གང་ཡིན་ན། བཙན་བྱོལ་ནང་གི་ཚོགས་པའི་མིང་ཁྱེར་ནས་ཕྱི་རྒྱལ་དུ་བྲོས་བྱོལ་འགྲོ་མཁན་ཉུང་ཉུང་གང་ཡང་མ་རེད། དེར་བརྟེན། གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ཉིད་བལྟ་ན་མེ་ལོང་དགོས་་གསུངས་པ་ལྟར་ཐོག་མར་ཁྱོད་རང་གིས་བོད་གཞུང་ནས་ཐོབ་ཐང་བརྩོད་རྒྱུ་དེ་བཞག་ནས་བོད་གཞུང་ལ་མི་རིགས་འདིར་ཕན་པའི་ལས་ཀ་ཅི་ཞིག་ཁྱོད་རང་གིས་བསྒྲུབས་ཡོད་མིན་བསམ་གཞིགས་བྱོས། ཞོར་ཁྲོས་སུ། དཔྱད་གླེང་འབྲི་སྐབས་ངེས་པར་དུ་ཞིབ་འཇུག་དང་ཁུངས་དགོས་པ་རེད། དེ་མིན་སྲང་ལམ་གི་ལོང་གཏམ་ཆགས་འགྲོ་ངེས་ཡིན།
རྩོམ་འཆལ་འདི་ལ་ངོས་ལེན་མེད་དོ། །ལར་ནས་གསར་འབྱོར་བས་བཙན་བྱོལ་སྤྱི་ཚོགས་ནང་བརྡབ་གསིག་དང་ཡུལ་མིའི་བར་ལ་མི་མཐུན་པའི་ལས་ཇི་ལྟར་བརྩམ་ཡོད་མིན་བགྲང་དགོས་ན་བགྲང་ཚད་མེད། ཐོབ་ཐང་རྐྱང་རྐྱང་རྩོད་ནས་མ་འདུག །གཞུང་གིས་ད་བར་གསར་འབྱོར་བའི་ཐོག་ལྟ་རྟོག་ཇི་ལྟར་བྱེད་ན་ཡང་ད་དུང་ཁྲེལ་མེད་འགའ་ཡིས་དུས་རྒྱུན་དུ་རྩོམ་འདི་ལྟར་སྤེལ་བ་མ་ཟད། ད་དུང་ཉེ་ཆར་གསར་འབྱོར་སྐྱིད་སྡུག་ཚོགས་པ་ཟེར་ནས་བཙུགས་ནས་མ་འོངས་པར་ལས་གཞི་གང་འདྲ་སྤེལ་གྱི་ཡོད་མེད་དྭོགས་པ་ཡོད། གསར་འབྱོར་བ་གང་ན་མང་བའི་ས་ཁུལ་དེར་ཆོལ་ཁ་ཕྱོགས་རིས་དང་མི་རིགས་དང་ལུང་ཚན་གྱི་ཕྱོགས་རིས་རྙོག་དྲ་མང་བའི་རྒྱུ་མཚན་གང་རེད་དམ། འདིས་རྟགས་མཚན་གང་བསྟན་བཞིན་ཡོད་དམ།
བཙན་བྱོལ་བ་ལགས། གསར་འབྱོར་ཚང་མ་རྡུག་པ་ལེབ་བརྡུང་གཏོང་རྒྱུ་ཨ་ཡོད། མིའི་སྤྱི་ཚོགས་ནང་སྙོག་ཁྲ་ཡོད་པ་ཆོས་ཉིད་རེད། སྙོག་ཁྲ་བཟོན་མཁན་སྤྱི་ཚོགས་ཧྲིལ་པོ་མ་རེད།་དེའི་ཆ་ཤས་ཅིག་རེད། དེ་བཞིན་དུ་གསར་འབྱོརབ་་གང་དུ་ཡོད་ཀྱང་དེ་བརྡབ་གསིག་བཟོ་མཁན་རེ་ཟུང་རེད་མ་གཏོགས་ཚང་མ་རེད། དེར་བརྟེན་གནས་ལུགས་ཡོད་པའི་བཀའ་མོལ་གསུངས་ན་ཡག་གི་རེད།
བཙན་པོའི་བུ་ལགས། ངས་ཀྱང་གསར་འབྱོར་བ་ཚོ་སློབ་སྦྱོང་གི་གོ་སྐབས་ཡག་པོ་འདུག་ཅེས་བཤད་ཡོད། རྒྱ་གར་ལ་འབྱོར་བ་ནས་བཟུང་སློབ་སྦྱོང་བྱས་ཆོག་ཆོག་རེད་ཅེས་བཤད་ཡོད། འདི་ལ་ཞིབ་འཇུག་མ་བྱས་པ་ཅང་མེད་དེ། ཞིབ་འཇུག་ངོ་མ་དེ་ཁྱོད་རང་གིས་བྱེད་དགོས་པ་འདྲ། རྒྱུ་མཚན་ནི། ཀླུ་ཚང་བློ་བཟང་ཡེ་ཤེས་ནི་ནོར་ཉམས་ཞིབ་ཁང་དུ་བསྡད་པ་བདེན་མོད། ནོར་གླིང་ཉམས་ཞྀབ་ཁང་སྒེར་གྱི་ཚོགཔ་ཞིག་གི་རེད། དེ་བོད་གཞུང་གི་མ་རེད། ངས་ཟེར་ན་བོད་གཞུང་གིས་ཅེས་བྲིས་ཡོད། གཉིས། ཁྱོད་ཀྱིས་གངས་དཀར་རྒྱལ་སྲས་ཀྱིས་རང་གི་ཁེ་ཕན་གཙོ་བོར་བཟུང་ནས་ཅེས་ཟེར། ངས་བྲིས་པའི་རྩོམ་ཡིག་འདི་ང་རང་ལ་འབྲེལ་བ་ཅི་ཡང་མེད། ངས་བཤད་པའི་དོན་དག་དེ་དག་ལ་ང་ལ་འབྲེལ་བ་མེད། ་་་་་་གཉིས་ནས་པྱི་རྒྱལ་ལ་འགྲོ་མཁན་གྱི་གསར་འབྱོར་ཤེས་ཡོན་པ་རྣམས་བཙན་བྱོལ་ནང་གོ་སྐབས་མེད་པར་ཕྱི་རྒྱལ་དུ་ཕྱིན་པ་རེད་དམ་ཡང་ན་བཙན་བྱོལ་ནང་གི་གོ་སྐབས་དེ་སྤྱད་དེ་ཕྱི་རྒྱལ་ལ་ཕུར་སོང་བ་རེད།་་་ཅེས་ཟེར། བཙན་བྱོལ་སྤྱི་ཚོགས་ན་མཐའ་མཇུག་གི་ལམ་ཞིག་མེད་པ་གསལ་བོར་ཡིན་དུས་རང་རང་གི་གནས་མལ་ཞིག་ཅིས་ཀྱང་འདེམས་དགོས་ག གཞིས་ཚོར་ས་ཞིང་དང་ཁང་ས་ཡོད་བཞིན་དུ་ཕྱི་རྒྱལ་ལ་ག་ཚོད་འགྲོ་གི་འདུག གསར་འབྱོར་བ་ཚོ་འགྲོ་དང་འགྲོ་ གང་ལའང་སེམས་འཐོགས་ས་མེད་པས རང་རང་གི་དམིགས་ཡུལ་ཁུར་ནས་འགྲོ་རྒྱུ་རང་རེད། གསུམ། གཞིས་ཆགས་ཚོས་ཁང་བ་དེ་ཇི་ལྟར་དཀའ་ལས་བརྒྱབ་ནས་བརྩིགས་ཚུལ་ལ་བསམ་བློ་ཐོངས་ཟེར། དེ་ལ་བསམ་བློ་གཏོང་མི་དགོས་ཏེ་ང་ཚོ་ལ་དཀའ་ལས་རྒྱག་སའི་ས་མིག་ཁོ་རང་མེད་པ་མ་གཏོགས་དཀའ་ལས་བརྒྱབ་ནས་ཁང་བ་དེ་དག་ལས་རྫིག་པོ་དང་སྐྱིད་པོ་བརྩིགས་མཁན་ཡོད་རྒྱུ་རེད་། ཡིན་ནའང་ང་ཚོ་ལ་ས་ལག་མཐིལ་ཙམ་ཞིག་མེད་པར་འགྲུལ་བ་ལྟ་བུ་ཞིག་བྱས་ནས་བསྡད་ཡོད་པ་མིན་ནམ།
རྡ་ས་ན་ཡོད་དུས་དཀའ་ཐལ་། གཞུང་གི་མི་མང་ལ་ལག་ཤེས་སོགས་བྱ་བ་འདྲ་མིན་ལ་སྦྱོང་བསྡར་ཀྱི་གོ་སྐབས་སྤྲད་སྐབས་ཀྱང་ལག་འཁྱེར་འདྲ་མིན་དགོས་བས་། རྡ་སའི་འཁྱམ་པོ་ཚོར་དེ་དག་གི་གོ་སྐབས་ཧ་ཅང་དབེན་་། ད་དུང་གཞུང་གི་ལས་བྱེད་མང་ཆེ་བ་དང་རྡ་སའི་རྒན་རྒོན་ཚོས་རྡ་སའི་གསར་འབྱོར་བ་ཚོ་ནི་རང་གི་དགྲ་ནང་བཞིན་འཕྱ་སྨོད་དང་ངན་སྨོད་བྱ་ས་ཡིན་ཐལ་།
གངས་དཀར་རྒྱལ་སྲས་ཀྱིས་བཤད་པ་བདེན་པ་རེད་། རྡ་ས་ནས་ལོ་ལྟར་RC ཐོ་འགོད་ལ་འགྲོ་དགོས་ཤིང་། ཐོ་འགོད་པ་ལའང་རྒྱ་གར་ཀྱི་ལས་ཁུང་གི་མདུན་ཉིན་ཤད་དམ་ཉིན་གང་བོ་སྒུགས་ནས་འདུག་དགོས་བས་། ང་ཉིན་ཞིག་ཐང་ཆད་ནས་ལས་ཁུང་གི་སྒོ་ནས་བསྡད་ཡོད་ལ་བོད་པ་གང་མང་ཞིག་གྱང་ང་ལྟར་བསྡད་འདུག་ཅིང་སྐད་ཆ་འདྲ་མིན་གླེང་གིན་འདུག་། དེ་དག་ལས་རྡ་སའི་གཞི་ཆགས་ནག་མོ་ལོ་ན་བཞི་ཅུ་ཡར་ཡིན་མིན་ཞིག་གིས་བོད་ལ་རང་བཙན་ཐོབ་པ་ཡིན་ན་བོད་ནང་ན་ང་ཚོར་ཁང་པ་མེད་རབས་དང་རྡ་ས་མ་ང་ཚོ་ལ་ཁང་པ་དང་ཚོང་ཁང་སོགས་ཡོད་རབས་མང་པོ་ཞིག་བཤད་པ་ངས་དངོས་སུ་ཐོ་བ་མ་ཟད་ངས་མོ་ལ་ཨ་རིར་སོང་དང་ཨ་རི་ན་ཁྱེད་ལ་ཁང་པ་ཡོད་ན་ཐང་ཞེས་ཟུར་ཟའང་བྱས་པ་ཡིན་།
སེམས་བསམ་པའི་རྒྱབ་སྐྱོར་ཡོད།
གང་དཀར་ལགས། གནད་དོན་མང་པོ་ཞིག་ལ་ཁྱེད་རང་གིས་སྣང་ཆུང་དང་ཞིབ་ཚགས་མེད་པར་བསྡོམས་ཚིག་བཀོད་པ་དེ་ནོར་སོང་བ་རེད། ནོར་གླིང་དེ་གཞུང་དང་སྒེར་ཅི་ཡིན་དེ་གནད་འགག་མ་རེད། མ་གཞི་ནས་ནོར་གླིང་དེ་ཆོས་རིག་ལྷན་ཁང་གིས་ ༡༩༨༨ ལོར་གསར་འཛུགས་གནང་པ་རེད། http://www.tibet.org/norling/ ཕྱིས་སུ་སྐུ་ངོ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་མཚན་ཐོག་འཛིན་སྐྱོང་གནང་གི་ཡོད་པ་རེད། དེ་ཙམ་དུ་མ་ཟད་ནོར་གླིང་འགན་འཛིན་ལྷན་ཚོགས་ནང་༧གོང་ས་མཆོག་ཀྱང་ཡོད་པ་རེད། ཚོགས་པ་དེའི་ནང་གསར་འབྱོར་བ་ག་ཚོད་ཡོད་མིན་རྟོགས་ཞིབ་བྱོས་དང་གསལ་པོར་ཤེས་ངེས་ཡིན། དེས་ན་ནོར་གླིང་ཚོགས་པ་བོད་གཞུང་གི་མ་རེད། ང་ཚོར་གཞུང་སའི་ནང་གོ་སྐབས་དགོས་ལུགས་བརྗོད་པ་ནི་གནས་ལུགས་མེད་པའི་སྐད་ཆ་རེད། ནོར་གླིང་ཉམས་ཞིབ་ཁང་ལ་མཚོན་ན། གླ་ཕོག་ནི་བོད་གཞུང་གི་ལས་བྱེད་ལས་ཆེ་བ་ཡོད། བདེན་མིན་རྟོགས་ཞིབ་བྱོས། དེ་ལྟ་བུའི་ཁོར་ཡུག་གཅིག་གི་ནང་དུ་འགྲིག་གི་མེད་ན་ཅི་ཞིག་དགོས་པ་རེད། དེ་བཞིན་དུ་བླ་བྲང་སྐལ་བཟང་གཞུང་ཞབས་རེད། འོན་ཀྱང་། གཞུང་ཞབས་ནས་མཐོན་ནས་ནོར་གླིང་དུ་བསླེབས་པ་རེད། འོ་ན། དེ་གོ་སྐབས་མེད་པ་རེད་དམ་ཡོད་པ་དེ་གཅེས་འཛིན་མ་བྱས་པ་རེད། གཉིས་པ། ་་་བཙན་བྱོལ་སྤྱི་ཚོགས་ན་མཐའ་མཇུག་གི་ལམ་ཞིག་མེད་པ་གསལ་བོར་ཡིན་དུས་རང་རང་གི་གནས་མལ་ཞིག་ཅིས་ཀྱང་འདེམས་དགོས་་་་ཅེས་པ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་མ་རེད་དམ། ཁྱེད་རང་གིས་བཙན་བྱོལ་སྤྱི་ཚོགས་ནང་མཐའ་མཇུག་གི་ལམ་ཟེར་དུས་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། ཁྱོད་རང་གི་མཐའ་མཇུག་གི་ལམ་དེ་རང་ཉིད་ཀྱི་ལྟ་ཕོར་རྐྱངས་ཡུལ་བརྟན་པོ་ཞིག་ལ་ཟེར་གྱི་ཡོད་དམ། གྲོགས་པོ། ང་ཚོའི་མཐའ་མཇུག་གི་ལམ་དེ་བཙན་བྱོལ་ནང་སྡོད་རྒྱུ་དེ་མ་རེད། ང་ཚོའི་མཐའ་མཇུག་གི་ལམ་བུ་དེ་སླར་ཡང་བོད་དུ་ལོག་རྒྱུ་དེ་རེད། དེ་མཁྱེན་པར་མཛོད། གསུམ་པ། ཐུག་པ་ཕོར་པ་གང་གི་ཆེད་དུ་སེམས་ཁུར་ཚད་མེད་ཐེབས་ལུགས་ཀྱི་སྐད་བཤད་པ་དེ་ཡང་མོས་མཐུན་རྩ་བ་ནས་མེད། དེའི་རྒྱུ་མཚན་ནི། གསར་འབྱོར་བ་ཕལ་མོ་ཆེར་སློབ་སྦྱོང་གི་གོ་སྐབས་ཡོད་ཡོད་པ་རེད། དེ་ལྟ་བུའི་ཁོར་ཡུག་ནང་ཁ་ལག་རྒྱག་ཚད་ཡོད་པ་རེད། དཔེ་མཚོན་ཞིག་བཀོད་ན། ཤེས་རབ་དགའ་ཚལ་གླིང་དུ་བོད་ནས་ཡོང་བའི་གཞོན་སྐྱེས་མང་པོ་ཞིག་ལ་སློབ་སྦྱོང་གི་གོ་སྐབས་ཡོད་ཡོད་པ་རེད། འོན་ཀྱང་། མི་ཉུང་བ་ཞིག་གམ་ལ་ལ་ཞིག་དེར་མ་བསྡད་པར་རྡ་སར་བསྡད་དེ་དབྱིན་མོ་འཚཽལ་ཐབས་བྱེད་ཀྱི་ཡོད་པ་རེད། དེ་ཡང་དངོས་ཡོད་རེད། འོ་ན། དེ་བོད་གཞུང་གི་ནོར་སོང་བ་རེད་དམ་ཡང་ན་དོ་དག་རང་ངོས་ནས་ནོར་བ་རེད། གྲོགས་པོ་བསམ་བློ་ཡག་པོ་ཐོངས། ཞིབ་འཇུག་ཡག་པ་བྱོས་དང་གཞི་ནས་༧གོང་ས་མཆོག་དང་རང་གཞུང་གི་བཀའ་དྲིན་དེ་རིམ་བཞིན་ཚོར་ཡོང་གི་རེད།
ད་དུང་ཡང་ཁ་གསལ་ཙམ་བཤད་ན། ད་ལྟའི་བོད་འདི་ཆག་འཇིག་གི་གནས་སུ་ལྷུང་བའི་སྐབས་རེད། དེ་ཡིན་དུས་ང་ཚོས་རང་ཉིད་ཀྱི་ཁེ་ཕན་དང་ཐོབ་ཐང་བརྩོད་པའི་དུས་ཚོད་ཤིག་མ་རེད། དེ་བས་མི་རིགས་འདིའི་ཆེད་དུ་བློས་གཏོང་དང་་ལེགས་སྐྱེས་འབུལ་དགོས་པའི་དུས་ཚོད་རེད། ཅི་ཅིའི་མིག་ཁྱེར་ནས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་ལས་མ་མཐོང་ཚེ་ང་ཚོ་བོད་མི་རིགས་འདི་ཚར་སོང་བ་རེད།
བདེན་ནམ་ལགས
ཡ་ཡ། གསར་རྙིང་གི་སྐད་ཆ་མང་པོ་འདུག གཞིས་ཆགས་པ་ཡག་སྡུག་གཉིས་ཆ་ཡོད། དེ་བཞིན་དུ་གསར་འབྱོར་བ་ཡག་སྡུག་གཉིས་ཀ་ཡོད། ཡིན་ནའང་སྡུག་བཅག་བརྒྱ་ཆ་མང་བ་ཡོད། དངོས་ཡོད་གནས་ཚུལ་རེད། དཔེར་ན། ཨ་རིར་མི་རིགས་དཀར་པོ་ནག་པོ་གཉིས་ལ་མི་ཡག་སྡུག་གཉིས་ཆར་ཡོད་རེད། ཡིན་ནའང་སྡུག་བཅག་བྱེད་མཁན་བརྒྱ་ཆ་མང་བ་དེ་ནག་པོ་རེད། དེ་དངོས་ཡོད་གནས་ཚུལ་རེད། དེ་ནི་སྲིད་འཛིན་ཨོ་བྷ་མ་ལ་དྲིས་ན་ཁོ་རང་གི་ཁས་ལེན་གྱི་རེད། དེས་ན་ཡག་སྡུག་དང་ཤེས་ཡོན་མང་ཉུང་། དཔར་འབྱོར་དབུལ་ཕྱུག དེ་དག་ཚང་མ་ཡག་སྡུག་བརྒྱ་ཆ་མང་ཉུང་ལ་བལྟ་ནས་བཤད་དགོས་རེད།
ཡིན་ནའང་བཙན་འབྱོལ་གཞུང་ནས་གསར་འབྱོར་བ་ཚོར་ཤེས་ཡོན་དང་། འཚོ་བརྟེན། RC ལག་འཁྱེར་སོགས་ལ་རོགས་རམ་སྔོན་མ་ནས་གནང་ཡོད་ཀྱང་ད་དུང་དེའི་ཐོག་ལ་ཤུགས་ངེས་པར་དུ་རྒྱབ་དགོས། ཁོང་ཚོ་བོད་རང་ནས་ཡོང་མཁན་སྐྱབས་བཅོལ་གསར་པ་རེད། དཀའ་ངལ་མང་པོ་འཕྲད་བཞིན་པ་དངོས་ཡོད་རེད། གཞིས་ཆགས་སུ་སྐྱེ་མཁན་ཚོར་རྒྱ་བལ་ཁུལ་དུ་མི་ཐོག་གཉིས་གསུམ་འགྲོ་ཚར་རེད། དེར་བརྟེན་གསར་འབྱོར་བ་ནང་བཞིན་དཀའ་ངལ་ཡོད་མ་རེད།
ཁ་ན་ཊ་ལ་འགྲོ་མཁན་གྱི་ནང་དུ་གསར་འབྱོར་བ་གཅིག་ཀྱང་ཡོད་ཀྱི་མ་རེད་འདོད། ཨ་རུ་ཅ་ན་མངའ་སྡེའི་ནང་དུ་ཡོད་པའི་གཞི་ཆགས་བ་ཚོ་ཁ་ན་ཊ་ལ་འགྲོ་གི་ཡོད་རེད། མ་འོངས་པ་ཨ་རིའི་གཞུང་གིས་བོད་མི་ལྔ་སྟོང་ལེན་གྱི་གཏན་ཁེལ་ཆགས་སོང་ན་དེའི་ནང་དུ་ཕྱེད་ཀ་གསར་འབྱོར་གཏོང་ན་ཡག་པོ་འདུག གསར་འབྱོར་བ་ཡག་པོ་ཡིན་ནའང་འདྲ། སྡུག་སྐྱ་ཡིན་ནའང་འདྲ། བོད་མི་ངོ་མ་རེད། དཀའ་ངལ་ཡོད་བདེན་པ་རེད། ཐོབ་ཐང་ཡོད་བདེན་པ་རེད་འདོད་དོ།།
བཙན་བྱོལ་སྤྱི་ཚོགས་ནང་གི་མཐའ་མཇུག་གི་ལམ་ངོ་མ་དེ་ནི་དཔོན་གནས་ཡོད་པ། ཁང་པ་ཆེན་པོ་ཡོད་པ། ཚོང་ཁང་དང་མགྲོན་ཁང་ཡོད་པ། མོ་ཊ་གོང་ཆེན་ཡོད་པ། སྤྱིའི་རྒྱུ་ལྐོག་ཟ་བྱེད་ཀྱི་འཇོན་སྟངས་ཡོད་པ་བཅས་ཚང་སོང་ན་བཙན་བྱོལ་བའི་མི་གྲལ་དུ་ཚུད་པ་རེད། མདུན་ལམ་ཅན་གྱི་མི་རེད། རིན་མཐོང་ཅན་གྱི་མི་རེད། རྐུ་ངོ་ལགས་རེད།
གངས་སྲས་ལགས་དེ་སྔ་ང་ཚོས་མཐུན་ཚོགས་ཀྱི་དྲུང་ཆེར་བཞག་པ་ཡིན། སྐབས་དེར་ཡརརྒྱས་བཏང་བཞག་པ་སྤུ་ཙམ་ཡང་མ་མཐོང། དེས་ན་དང་པོ་རང་གི་ལག་ཏུ་བབས་པ་ནས་གཞན་ལ་བལྟས་ན་ཡག་པོ་མེད་འགྲོ སྐྱོན་འདོན་མཁན་ཚང་མ་མ་གཞི་ནས་གནའ་དེང་གཉིས་ཀར་འཇོན་པོ་རྐྱང་རྐྱང་ཡིན་པ་དེ་མ་བརྗེད་རོགས།།
ད་ཡང་སྐུ་ངོ་ཅོ་རི་ཡིས་ཅ་ཅོ་སྨྲ་གི་འདུག་ག སྐུ་ངོ་ལགས། བགྲོ་གླེང་གི་སྒོ་མོ་ཕྱེད་དུས་རྒྱ་སྒོ་དེ་བརྒྱུད་ནས་ཕེབས་ན་ཡག་པ་མེད་འགྲོ། དེ་མིན་ཟུར་ཁ་ཞིག་ནས་གནས་ལུགས་མེད་པའི་གསུང་མང་ན་ཆོ་དེ་ཙམ་ཨ་ཡོད།
ཨོ་་་བཙན་པོའི་བུ་ལགས། སྐུ་ངོ་ཟེར་བའི་མིང་ཚིག་སྐྱུག་མེར་ལངས་ཡ་དེ་ང་ཅོ་རིའི་ཐོག་ཏུ་བེད་སྤྱོད་མ་གཏོང་རོགས་བྱོས། ང་ནི་དོན་ངོ་མའི་ཐོག་གི་གསར་འབྱོར་བ་ཞིག་ཡིན་ལ་སྐྱིད་སྡུག་འདྲེས་མའི་ས་མཐའི་མི་ཚེ་བསྐྱེལ་ནས་བསླེབས་པའི་ཉམས་མྱོང་ཡོད།
རྩོད་པ་རྒྱག་འདོད་མེད། གསར་འབྱོར་དང་གཞི་ཆགས་ཀྱི་བར་དུ་རྩོད་པ་རྩ་བ་ནས་རྒྱབ་འདོད་མེད། ཡིན་ཀྱང་གསར་འབྱོར་བའི་ཐོང་ཐང་འདི་ནི་རྩོད་དགོས་ངེས་ཤིག་ཡིན་པས་མི་རྩོད་དཀའ་མེད་རེད། རྒྱ་བལ་འབྲུག་གསུམ་གྱི་ནང་དུ་གསར་འབྱོར་བ་གང་མང་ཞིག་ལ་ལྟོ་གོས་ཀྱི་དཀའ་ངལ་ཧང་ཅང་ཆེན་པོ་རེད། རང་གི་མིག་གིས་མཐོང་མྱངས་ཡོད་དོ།། སྐྱིད་གཏམ་རྒྱག་གཏམ་བཤད་མ་འོང་རོགས་བྱོས།
གནད་ལུགས་མེད་པའི་སྐད་ཆ་ངོ་མ་བཙན་བྱོལ་སྤྱི་ཚོགས་ནང་དུ་གསར་འབྱོར་བ་ལ་དཀའ་ངལ་མེད་ཟེར་བ་དང་། ཐོབ་ཐང་ཡོད་ཅེས་པའི་སྐད་ཆ་རྣམས་ཡིན། གསར་འབྱོར་བ་ག་པ་ཡོད་ན་རྙོག་དྲག་ཡོད་ཟེར་བའི་སྐད་ཆ་འདི་ཚོ་སྣང་བ་འགྲོ་བའི་སྐད་ཆ་མིན་ནོ།།།།
ཅོ་རི་ལགས། ཁྱེད་རང་གིས་གངས་ཕྲུག་གི་རྩོམ་གྱི་བརྗོད་ལ་འདོད་མོས་ཡོད་དམ་མེད། ཡོད་ན་རྒྱུ་ན་ཅི་མིན་ན་ཅི། དེ་གཅིག་ཡིན། ཁྱེད་རང་གིས་གསར་འབྱོར་བའི་ཐོབ་ཐང་ཟེར་དུས་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད། འབྲུག་ནང་དུ་གསར་འབྱོར་བ་ཡོད་དམ། རྒྱ་གར་ནང་གི་གསར་འབྱོར་བའི་ལྟོ་གོས་ཀྱི་དཀའ་ངལ་གང་ལ་ཐུག་འདུག ལོ་ཆོད་ཀྱི་ཆ་ནས་བཤད་ན། དཀའ་ངལ་འཕྲད་མཁན་དེ་དག་ལོ་ཆོད་ཅི་ཙམ་རེད་དམ། ཕྱོགས་ཡོངས་ལ་གཟིགས་དགོས་པ་རེད་ཏ།
ངོ་ནས་རང་ཡིན། ཅོ་རང་གིས་ཡག་པོ་བྲིས་འདུག དེ་ལྷག་པའི་དཀའ་ངལ་ད་དུང་མང་ཡོད་རེད། ང་ཚོ་གསར་འབྱོར་ལ་བོད་གཞུང་གི་རོགས་སྐྱོར་གང་ཡོད་མ་རེད། ཁ་ནང་ལོག་བོད་ན་ཡོད་པའི་བོད་མི་དེ་ཚོ། བོད་ཀྱི་བདག་ངོ་ནེ་དེ་ཡིན་ཟེར་པ་ལས། དོན་ངོ་མ་ཅི་གང་ཡོད་པ་མ་རེད།
བློ་བཟང་སེང་གེ་ཟེར་པ་ཁོ་རང་གི་དགའ་པོ་དང་གྲོགས་པོ་དེ་ཚོ་འགོ་ཁྲིད་ལ་བཞག་་་་་་་་
དེ་བོད་དེ་ཕལ་ཆེར་ཉེན་ཁ་སླེབས་ཡོད་ས་རེད། དེ་ལས་རྒྱ་མི་ལ་འཆམ་པོ་བྱས་ནས། སོ་སོའི་ས་ཆ་ལ་སོང་ན་ཡག་པོ་མིན་འགྲོ་དྲན་སོང་།
བཙན་བུ་ལགས་ཀྱི་སྐད་ཆར་ཕར་བལྟས་ན་ཤུགས་ཆེ་མདོག་ཅིག་ལས་ནང་དོན་གྱི་ཐད་ནས་ཅང་མི་འདུག ཁྱོས་གངས་དཀར་གྱི་སྐད་ཆའི་ནང་དོན་བསྐྱུར་ནས་ཞར་གྱི་ཙག་ཙིག་ཅིག་ལ་ཤི་འབྱར་རོ་འབྱར་བྱེད་ཀྱིན་པར་མཐོང་། གངས་དཀར་གྱིས་ཅི་ཞིག་ཟེར་གྱིན་འདུག་ངས་ཁྱོད་ལ་ལབ་ཆོག གངས་དཀར་གྱིས་སྔ་ཕྱིའི་དུས་ཚོད་མང་པོ་ཞིག་གི་ནང་ལ་ས་ཆ་འདིའི་གསར་འབྱོར་བའི་གྲས་སུ་གཏོགས་པའི་བོད་སྤུན་དུ་མ་ཞིག་གི་འཚོ་བ་དངོས་ཀྱི་སྐྱོ་གར་གླེང་གིན་འདུག གསར་འབྱོར་བ་གཅིག་ལའང་གཞུང་དང་དེ་མིན་སྒེར་ཚོགས་ཆེན་པོའི་ལས་བྱ་རག་མ་མྱོང་བ་དང་རག་གིན་མེད་རབས་ཟེར་གྱིན་མི་འདུག གཞུང་དང་སྒེར་ཚོགས་ཀྱི་ལས་བྱ་ཕར་ཞོག རང་མགོ་མི་འཐོན་མཁན་གྱི་གསར་འབྱོར་བ་གང་མང་ཞིག་དང་། ཤེས་ཡོན་སོགས་ཀྱི་ཕྱོགས་གང་ནས་བལྟས་ཀྱང་གཞུང་ལས་རེ་སྤྲད་ན་སྒྲུབ་ཐུབ་མཁན་གྱི་གསར་འབྱོར་བ་གང་ཙམ་ཞིག་གི་སྡེ་ཚན་གཉིས་ཀྱི་ཐོག་ནས། གངས་དཀར་ཀྱིས་རང་ཉིད་སུ་ཞིག་གི་མགྲིན་ཚབ་པ་ཐེབས་ཆག་ཅིག་ཆེད་དུ་བཟོས་ནས་དངོས་ཡོད་སྐད་ཆ་འཆད་ཀྱིན་འདུག གལ་ཏེ་ཁྱོས་ད་རུང་བདེན་པར་འཛིན་མི་ཐུབ་ན་རྒྱལ་རི་སྒྲོལ་མ་ལགས་ལ་སྐད་ཆ་དྲིས། རྒྱལ་རི་སྒྲོལ་མ་ལགས་ཀྱིས་གངས་དཀར་གྱི་སྐད་ཆ་འདིའི་བྲོ་བ་དངོས་མ་བོ་སྔར་ཞིག་ནས་མྱངས་ཡོད་རབས་ངས་གོ་མྱོང་། ངར་ཡང་གངས་དཀར་གྱི་སྐད་ཆ་འདིས་ཡིད་ཚིམ་པ་ཞིག་བྱུང་མེད་ཀྱང་བརྗོད་གཞིའི་ངོས་ཐད་ནས་ངས་ལགས་སོ་ཟེར་ཐུབ།
ཐད་གར་བཞག་དུས་གླེན་པ་མཁས། ལག་ལ་བཞག་དུས་གཅིག་མི་ཐོན་ཟེར་བ་ལྟར་རེད། ང་ཚོ་ལྟ་མཁན་དང་། ཁོང་ཚོ་ཕྱག་ལས་གནང་མཁན་གཉིས་ཀྱི་བསམ་བློ་དང་། གནོན་ཤུགས། ནུས་པ་མི་འདྲ་བ་རེད། རེད་དེ་བོད་པའི་སྐུ་ངོ་རྣམ་པས་བོད་ཀྱི་རིག་གནས་མི་ཤེས་པ་ལ་ལོ་རེ་ནས་ལོ་རེར་རྡུག་ཏུ་འགྲོ་བཞིན་པའི་རྣམ་པ་འདུག དེ་ནི་བོད་པའི་རང་ཚུགས་ཤོར་བའི་སྔ་བལྟས་རེད།
ཨཱ་་་་སྐུ་ཞབས་བཙན་བུ་ལགས། ཁྱོས་གསར་འབྱོར་བའི་ཐོབ་ཐང་ཟེར་ནས། སྐད་ཆ་ཁག་པོ་འཇིགས་པོ་དེ་འདྲ་བཟོ་མ་འཇོག་རོགས་ཧཧཧ་་་ང་གཉིད་ཀྱང་ཡོང་ས་མ་རེད། ངོ་མ་ཡིན།
ཨ་གནས་ལགས། ངས་བཤད་པ་ཚང་མ་གནས་ལུགས་དང་དོན་དངོས་མདུན་དུ་སྤུངས་ནས་བརྗོད་པ་མ་གཏོགས་འུར་བཤད་པ་གཅིག་ཀྱང་མེེད། དེ་གཅིག་ཡིན། གཉིས་ནས། གསར་འབྱོར་ཟེར་དུས་རྒྱ་ཆེན་པོ་རེད། ང་ཡང་གསར་འབྱོར་བ་ཡིན་ལ་གསར་འབྱོར་བའི་འཚོ་བ་ངས་ཀྱང་བརྒྱུད་མྱོངས། གསུམ་པ། གསར་འབྱོར་བའི་ཁྲོད་ལོ་ན་རྒན་དར་གཞོན་གསུམ་ཡོད་པ་རེད་ལ་ཤེས་ཡོན་ཡོད་མིན་གཉིས་ཀ་ཡོད་པ་རེད། བོད་ནས་ཡོང་མཁན་གྱི་གསར་འབྱོར་བའི་ཁྲོད་ནས་བརྒྱ་ཆ་ ༩༩ ཙམ་ཞིག་ལ་བཙན་བྱོལ་ནང་འགྲོ་ཁུངས་ངེས་ཅན་ཡོད་པ་རེད། འགྲོ་ཁུངས་དེ་དག་གི་ཁྲོད་ནས་བཤད་ན། སློབ་གྲ། གྲ་བ་གཉིས་གཙོ་བོ་རེད། དེ་མིན་བརྒྱ་ཆ་གཅིག་ཙམ་གཅིག་ལ་དཀའ་ངལ་འཕྲད་སྲིད་པ་རེད། དཀའ་ངལ་འཕྲད་མཁན་དེ་ཡང་སློབ་ལོ་འགལ་བ་འགའ་ཡིན་སྲིད། དེ་ཞིབ་འཇུག་གི་གནས་རེད། བཞི་པ། བཙན་བྱོལ་ནང་དཀའ་ངལ་འཕྲད་མཁན་གྱི་གསར་འབྱོར་བའི་ལོ་ཚད་ཅི་འདྲ་ཞིག་རེད་དམ། དེ་སྔོན་ང་ལ་ངོ་ཤེས་ཅིག་ཕྲད་མྱོངས། ཁོ་པས་ང་ལ་ཁྱོད་རང་གིས་ཟླ་རེར་སྐོར་སྟོང་ཚོ་གསུམ་ཙམ་ཆེད་དཀའ་ལས་བརྒྱབ་ནས་བསྡད་པ་ལས་རྡ་སར་རེ་ཞིག་འཁྱམས་ཚེ་གནས་སྐབས་དཀའ་ངལ་འཕྲད་ཀྱང་ཕྱིས་སུ་ཕྱི་གླིང་ཞིག་ཏུ་ཕུར་ཐུབ་ལུགས་བཤད་སོང་། དེ་ཡང་ཁོ་རང་དཔེ་མཚོན་དུ་བཞག་ནས་བརྗོད་མྱོང་། ངས་དེ་དཔེ་མཚོན་རང་བཞིན་དུ་བཞག་ནས་བརྗོད་ཀྱི་ཡོད་མ་གཏོགས་ཚང་མ་དེ་ལྟར་ཡིན་ལུགས་བརྗོད་ཀྱི་མེད། འཚོ་བའི་དཀའ་ངལ་ཟེར་བ་དེ་རང་བཞིན་གྱིས་བྱུང་བ་ཞིག་མ་རེད། དཀའ་ངལ་འཕྲད་པར་རྒྱུ་མཚན་མང་པོ་ཡོད་པ་རེད། དང་པོ་དེ་དབང་པོ་སྐྱོན་ཅན་ཡིན་ཙང་དཀའ་ངལ་འཕྲད་པ། ཡང་ན་ལས་ཀ་གཅིག་ཀྱང་རག་གི་མེད་ཙང་དཀའ་ངལ་འཔྲད་པ། ཡང་ན། སྐད་ཡིག་གི་འགོག་རྐྱེན་འོག་ལས་ཀ་མི་རག་པ་སོགས་གནད་དོན་མང་པོ་ཡོད་པ་རེད། གཟུགས་པོ་ཤ་དར་རུས་དར་ཡིན་ཀྱང་ལས་ཀ་མ་འཚལ་བར་གཞན་བརྟེན་གྱི་འཚོ་བར་རོལ་ནས་དབུལ་པོ་ཆགས་ན་དེའི་སྐྱོན་དེ་སུ་ཡི་རེད། ལེགས་སོམས། སྤྱི་ཚོགས་ཀྱི་གནད་དོན་དེ་དེ་མུར་སྟབས་བདེ་པོ་ཞིག་གི་ཐོག་ནས་ཤེས་རྟོགས་ཐུབ་ཀྱི་མ་རེད།
གོང་གི་་་ཁྱི་ཡི་མིང་ཅན་ལགས། དེ་འདྲ་མ་གསུང་ཁྱེད་ཀྱི་བཤད་ཕྱོགས་དེ་སྔོན་ཟམ་གདོང་བཀའ་བློན་གྱི་བཤད་གཏང་འདྲ་བོ་རེད་འདུག། གསར་བྱོར་བ་ཚོ་རྒྱ་གར་ལ་ཡོང་ཡ་
ཙོ་བོ་བོད་མི་རིག་དང་རྒྱལ་བ་རིན་པོ་ཆེ་བསམ་ནས་ཡོང་བ་རེད་མ་གཏོགས། ཟ་ཡ་མ་རག་ཐུང་ཡ་མ་རག་ནས་ཡོང་བ་མ་རེད། སྔོན་ཟམ་དགོང་བཀའ་བློན་གྱི་སོག་གར་སློབ་གྲ་
ནང་གཏམ་བཤད་བྱས་དུས། གསར་འབྱོར་བ་ཚོ་རྒྱ་གར་ལ་ཡོང་ཡ་དམིག་ཡུལ་གཙོ་བོ་སྐྱིད་པོ་དགའ་མོ་གོ་གནས་མཐོ་པོ་ལེན་བསམ་ནས་ཡོང་བ་རེད། དེ་མ་རག་དུས་བོད་དོན་
ཐོག་སེམས་ཤུག་ཉམས་འགྲོ་ཡི་འདུག་ལབ་པ་རེད། ཁྱོད་ཀྱི་བཤད་ན་གསར་འབྱོར་བ་ཚོ་བར་ཡུལ་ནས་འཛིན་བཟུང་བྱ་པ་དག་སྣེ་ལེན་ཁང་གི་བར་གཞུང་ལ་དངུལ་སྤྲད་ནས་
རོག་བྱེད་པ་སོགས་བཤད་འདུག། རོག་བྱེད་པ་བདེན་འགྲོ་སོན་དངུལ་ཚང་མ་རྒྱལ་གཅེས་སྐྱབས་བཅོལ་མཐུན་ཚོགས་ནས་མཁོ་སྤྲོད་བྱེད་ཀྱི་ཡོད་རེད་མ་གཏོགས་བོད་གཞུང་གི་
སྤྲད་ཀྱི་ཡོད་མ་རེད། སློབ་ཡོན་མེད་པ་གསར་འབྱོར་བ་ཚོ་བོད་གཞུང་གི་རོག་བྱེད་ཀྱི་ཡོད་རེད་ལབ་འདུག། སློབ་ཡོན་མི་དགོས་པ་བདེན་ཡིན་ཡང་ང་ཚོའི་སློབ་གྲ་ལ་USA
གཞུང་འབྲེལ་གྲོས་ཚོགས་གོང་མས་ཐད་ཀར་ཉིན་རེ་སློབ་ཕྲུག་རེད་ལ་་་ཨར་སྒོར་༢༠་རེ་སྤྲོད་ཀྱི་ཡོད། དེ་རྒྱ་གར་སྒོར་མོ་ལ་བསྒྱུར་ན་༡༠༠༠་རེད། ཡིན་ཡང་བོད་གཞུང་ནས་ང་ཚོ་
སློབ་ཕྲུག་རེ་ལ་ཉིན་རེ་རྒྱ་གར་སྒོར་མོ་༢༠་རེ་འགྲོ་སོང་གཏོང་གི་ཡོད། དེ་འཕྲོ་༩༨༠་གཞུང་གི་དགེར་བདག་བྱེད་འགྲོ་ཡི་ཡོད་རེད། སློབ་ཕྲུག་རྣམས་ཟ་མ་སྐྱོ་ནས་གློ་ནད་དང་
གཟུགས་ཁམས་ཞན་པས་ངོ་གདོང་ཡང་ནག་པོ་ཆག་ཡོད། ངས་ལྟས་ན་གསར་འབྱོར་བས་བཀའ་དྲིན་གྱི་གཞིས་བཞུག་བ་ཕྱུགས་པོ་ཆགས་འདུག་བསམ། ད་གསར་འབྱོར་བ་ཚོ་མི་
གི་མཐོང་མི་འདོད་པའི་སྐུ་ངོ་དང་སྐུ་གྲགས་དེ་ཚོ་སྐྱིད་པོ་བྱེད་ནས་འདུག་ཆོག་ས་རེད། བོད་ནས་ཡོང་ནཁན་ཡང་ཡོད་ས་མ་རེད། ཧཧཧཧཧ
ཉེ་ཆར་རྒྱལ་བ་རིན་པོ་ཆེས་ཤི་ལི་རྒི་རིའི་གསུངས་བཤད་སྐབས་ལ་ཡང་བོད་མི་རྒྱ་གར་ལ་ཡོང་མཁན་ཚོ་དངུལ་ལ་དགའ་བོ་རེད། དངུལ་ཡོད་ས་རེ་ལ་འགྲོ་ས་རག་དུས་འཕུར་རྐྱང་རེད། དངུལ་རྒྱ་མི་ལ་ཡོད་པས་ང་ཚོ་རྒྱ་མིའི་འོག་ཏུ་བསྡད་ན་ཡག་ཤོས་རེད་གསུངས་པ་དེ་ཐོས་དུས་ང་ཚིག་པ་ཟ་སོང་།
གསར་འབྱོར་བ་ལ་དཀའ་ངལ་ཡོད་རེད་ཟེར་ན་སུས་ཀྱང་ཡིད་ཆེད་དཀའ།
གློག་ཀླད་དང་ཁ་པར་ཐོན་གསར་བྱུང་མ་ཐག གསར་འབྱོར་བ་ཚོ་ལ་ཉོ་རྒྱུ་འདུག
ཟ་མ་གོང་ཆེ་དང་ཟ་ཁང་རྒྱས་སྤྲོས་ཁང་ནང་ལ་འགྲོ་རྒྱུའི་དངུལ་འབེལ་ལྷུག
འདས་པའི་ལོ་བཅུ་ལྷག་ནང་གསར་འབྱོར་བ་རྣམས་དངུལ་འབུམ་མང་པོ་སྤྲད་ནས་ཡུ་རོབ་ལ་ཆུ་རྒྱུག་རྒྱུག
བོད་གཞུང་གིས་གྲ་བ་གསར་འབྱོར་བར་ཟུར་དུ་སློབ་ཡོན་ཟེར་བ་ཞིག་སྔ་མོ་ནས་སྤྲོད་བཞིན་ཡོད།
ད་དུང་དེའི་ཐོག་ཏུ་ཟུར་དུ་ཐོབ་ཐང་དགོས་ཟེར།
ཧཧཧཧཧ་་ད་གསར་འབྱོར་བ་གསར་འབྱོར་བ་ལབ་མ་འདུག་གསར་འབྱོར་ཡོང་མཁན་ཡོད་ས་མ་རེད་ལ་། གསར་འབྱོར་ལ་ཁ་དབྱར་ནས་ཕྱི་རྒྱལ་གྱི་དངུལ་ལེན་ཡ་དེ་ཡང་
རིམ་བཞིན་འགའ་འགྲོ་ཡི་ཡོད་ས་རེད་དེ་ཡིན་དུས་ད་ལས་རྒྱུ་འབྲས་འཁོར་ཡོང་གི་འདུག་ད། སྔོན་ཡང་དེ་འདྲ་པོ་ཀྱང་ཀྱང་བྱས་ནས་བོད་རང་བཙན་མེད་པ་
བཟོས་བ་རེད། ད་ལྟ་ཡང་སྐུ་དྲག་རིང་ལུགས་ཀྱི་འགོས་ནད་ཅན་དེ་ཚོའི་གཞི་བྱེས་གཉིས་བར་རྒྱ་ཆ་རྒྱ་ནས་བདུན་བཅུ་ཐམ་པ་ཁ་བྲལ་གཏོང་ཚར་འདུག་ད། ད་སྐབས་བོད་ལ་
ཁ་དཔར་གཏོང་ན་གཞིས་བཞུགས་མདོ་དབུས་ཁམས་གསུམ་གང་ནས་ཡིན་ཡང་རྒྱ་གར་ལ་བསྡད་ན་ག་རེ་ཕན་པ་ཡོད་རེད། དེར་བོད་གཞུང་གི་གསར་འབྱོར་ལ་ལྟ་སྐྱངས་རོག་རམ་
ཡོད་མ་རེད་ལབ་ཀྱི་འདུག་བ། དེ་ལས་ཚུལ་ཤོག་དེ་ལ་འཆག་ལྟོགས་ཀྱི་སྡུག་བསྔལ་ཉོན་བསྡད་ན་ཅི་ཕན། དངུལ་དགོས་ན་དེང་སང་བོད་ལས་ལྷག་ཕ་ཞིག་འཛམ་གླིང་གང་ལ་ཡང་
ཡོད་ཚོད་མི་འདུག། ལབ་ཀྱི་འདུག་ཟེར་མཁན་ཀྱང་ཀྱང་རེད། གསར་འབྱོར་བ་མིག་གི་མཐོང་ཉན་མ་འདོད་ན་ཡང་ཕྱིན་སུ་ཡོང་མཁན་ཡང་ཕལ་ཆེར་ཁག་པོ་ཆགས་འགྲོ་ས་རེད་ལོ།
བཙན་པོའི་བུ་ལགས། ཁྱེད་ཀར་ཨ་གནས་ཀྱིས་ལན་ཞིག་ཨེ་སྦྱིན་མི་ཤེས་མོད། ང་ཨ་ཡིས་ཁྱེད་ལ་ཡ་ལན་ཞིག་ཕུལ་ཆོག་པ་བྱོས། ཧཧཧ་ངོ་མ་བཤད་ན་ཁྱེད་ཀྱིས་ཁ་ངན་ཚིག་རྩུབ་མི་བྱེད་སྟངས་ལ་ང་དད་པ་སྐྱེས་སོང་། བུ་རྒོད་པོ། ཁ་དྲོ་ཚེ་རིང་། འདི་འདྲ་ཞིག་ནས་ཁ་བརྡ་རེ་བྱེད་ས་རག་དུས་ང་ངོ་མ་སྐྱིད་འགྲོ དེ་ནས་དྲང་མོ་བཤད་ན་ངར་སྤྱི་ཚོགས་ཉམས་མྱོང་མེད་ལགས། ཡིན་ན་ཡང་ངའི་ཕ་ཡུལ་གཅིག་པའི་མི་རེ་ཟུང་དང་། དེ་མིན་བོད་སྤུན་གཞན་རེ་ཡི་དངོས་ཡོད་དཀའ་ངལ་དེ། ངས་དངོས་སུ་མཐོང་མྱོང་ལ་དེ་ཚོའི་སྐད་ཆར་གཞིགས་ནས་བསམ་བློ་རེ་བཏང་ཡོང་དུས། ཁོང་ཚོ་དང་ཁོང་ཚོ་ནང་བཞིན་གྱི་རིགས་སྤུན་མང་པོ་ཞིག་ཡོད་ཚོད་འདུག ངོ་མ་ཁྱེད་ཀྱི་བཤད་པ་བཞིན་རེད། རང་རེ་ཚོའི་ས་ཆ་འདིར་དེ་འདྲ་མང་པོ་ཞིག་ཡོད་ན། གྲངས་ཅིག་བརྩིས། དཔར་ཞིག་བརྒྱབ། རིལ་རིལ་ཞིག་བཟོས་ཏེ། ད་གཟོད་དབུས་གཞུང་ལ་སྙན་ཞུ་ཡིན་ན་འདྲ། དེ་མིན་སྟབས་གང་ལེགས་ཅིག་ནས་དངོས་འབྲེལ་བྱ་ཐུབ་ཚེ། ཏག་ཏག་དོན་སྙིང་ཡོད་པའི་ཕན་ཐོགས་ཤིག་ལོས་འོང་འདོད་ཀྱིན་ཡོད། གཞན་ནམ་ཞིག་ལ་སྐད་འདྲ་པོ་རེ་བརྒྱབ་འོང་དུས། དེ་ནི་འུ་ཚོའི་ཆེ་མ་ཆུང་ཚང་མར་ཐོབ་པའི་ཞབས་འདྲེན་ཟེར་བ་དེ་རེད། འོ་རེད། ཉམས་མྱོང་མེད་པའི་མི་ཚོས་སྐད་ཆ་མང་པོར་བཤད་ན་ཡག་པོ་མེད། ངའི་ཁ་བཙུམ་ཆོག
ཧཧཧགོང་གི་་་བཙན་བྱོལ་བ་་་་ངོ་ཚ་མེད་པ་དེ་འདྲ་མ་ལབ་ལོ་རྒྱ་གར་ནང་བུ་མེད་བཙན་གཡེམ་བྱེད་མཁན་དང་ ཁེ་ན་ཏྲ་་་སོགས་པྱི་རྒྱལ་ཡུལ་གྲུ་ཁག་ནང་འཛིན་བྱང་རྐུ་འཁྱེར་བྱེད་མཁན་དེ་
ཚོ་གསར་འབྱོར་བ་རེད་བས་ཨ། ཀྲི་སི་བིས་དང་་་་སྒོལ་པ་པུར་་སློབ་ཕྲུག་བུ་མོ་བཙན་གཡེམ་བྱེད་མཁན་གྱི་དགེ་རྒན་དེ་ཚོ་ཚང་མ་གཞིས་ཆགས་མ་རེད་བས། བོད་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནང་དངུལ་འབུམ་དང་འབུམ་ལྐོག་ཟ་བྱེད་ནས་ཕྱི་རྒྱལ་ལ་འབྲོས་འགྲོ་མཁན་མཐོ་བཀའ་
བློན་ཁྲི་པ་མན་ཆད་དང་དམའ་ལས་བྱེད་དྲུང་ཆེ་ཡན་ཆེད་ཚང་མ་གཞིས་ཆགས་ཀྱང་ཀྱང་མ་རེད་བས། དུ་འགྲོ་ལས་སྡུག་པའི་ངོ་ཚ་མེད་མཁན་དེ་འདྲ་བཤད་མི་ཉན་ཡ་།
བཙན་བུ་བ་་་བོད་ཡིག་སྐྱོ་ལུགས་ལ་ལྟས་ན་ཕལ་ཆེར་གཞིས་ཆགས་ཡིན་ས་རེད་བ་ཧཧཧཧཧཧ
ཨོ་རྒྱན་རིག་འཛིན་ལགས། གསར་འབྱོར་ཚོས་ཟ་ཡ་དང་བཏུང་ཡ་ཚང་མ་བོད་གཞུང་གི་དངུལ་མ་རེད་ཕྱིའི་རོགས་སྐྱོར་རག་པ་རེད་སེར། སྐད་ཆ་ཅོལ་ཆུང་དེ་འདྲ་མ་ཤོད། བོད་གཞུང་གི་དངུལ་ཟེར་ན་ག་འདྲ་ཞིག་དགོས་རེད། གཞུང་གི་ལས་བྱེད་དེ་ཚོས་པར་བརྒྱབས་བཞག་པ་དེ་འདྲ་ཞིག་དགོས་རེད་པས། ངོ་ཚ་ཡ་མེད་པའི་སྐད་ཆ། གསར་འབྱོར་སླེབས་པ་ཙམ་གྱིས་ཕྱི་དངུལ་རོགས་སྐྱོར་ལེན་ཆོག་ཆོག་འདུག་ན་ཁྱོད་རང་གི་གཅིག་ལེན་ཤོག་དང་། ཁྱོད་ལའང་དངུལ་དགོས་རྒྱུ་རེད། གསར་འབྱོར་ཡོང་ཡ་དེ་ཧ་ལམ་བོད་གཞུང་གི་ཆེད་ཡོང་ཡིན་པ་འདྲ་པོ་ཞིག་བཤད་ཀྱི་འདུག སྐད་ཆ་དེ་ལ་གོ་ཡ་རྐྱང་མི་འདུག་བུ། བོད་ལ་སོ་སོར་ཤེས་ཡོན་དང་མདུན་ལམ་སོགས་གང་ཐད་ནས་འདེང་ངེས་ཤིག་མེད་ཙང་འདིར་ཡོང་པ་རེད་མ་གཏོགས་སུ་གཅིག་གི་ཁྱོད་འདི་ལ་ཤོག་དང་ང་ཚོ་ལ་ཞེ་པོ་ཞིག་བྱེད་ཡ་ཡོད་ལབ་ཡོད་མ་རེད་ལ། མགྲོན་ཤོག་དེ་ལས་རྐྱང་བཏང་ཡོད་མ་རེད། གསར་འབྱོར་མེད་ན་བོད་ཀྱི་སྒྲིག་འཛུགས་དུས་ནམ་ཡང་འཐུས་ཤོར་འགྲོ་ཡ་ཡོད་མ་རེད། ད་ལྟའི་ཆར་མང་གཙོའི་ཀ་བ་གསུམ་གྱི་དབུ་ཁྲིད་རྣམ་པ་བཙན་བྱོལ་སྤྱི་ཚོགས་ནས་མི་དང་མཉམ་དུ་གོམ་པ་མཉམ་དུ་སྤོས་ནས་སློབ་སྦྱོང་བྱས་མཐར་མི་རབས་རྒན་པ་ཚོའི་ཕ་རྗེས་བུས་འཛིན་བྱེད་ཀྱི་ཡོད་རེད་མ་གཏོགས་གསར་འབྱོར་སྐད་བཏང་དགོས་ཡ་ཡོད་མ་རེད། དེ་བཞིན་སྒྲིག་འཛུགས་འདི་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེས་ངོས་ལེན་དང་རྒྱབ་སྐྱོར་ཡོད་བཞག་པ་ཞིག་རེད་མ་གཏོགས་གསར་འབྱོར་ཡོད་མེད་ལ་ལྟོས་དགོས་པ་ཞིག་མ་རེད། མིག་ཡོད་ན་ལྟོས་དང་ཁེ་ན་ཌས་མི་ཆིག་སྟོང་སྐྱབས་བཅོལ་ལེན་པ་དེ་ལ་གསར་འབྱོར་རབས་བཤད་འདུག་པས། དེ་བཞིན་གསར་འབྱོར་ཚོས་རྙོག་དྲ་བཟོ་ཡི་འདུག་ཟེར་བ་དེའང་དངོས་ཡོད་གནས་ཚུལ་རེད། ང་ཚོ་ཚང་མ་དང་པོ་སླེབས་དུས་སྐྲོ་ཐུང་ཐུང་འཛིང་ཆོག་ཆོག་ཡོད་རེད། རིམ་པས་རིམ་པས་མི་དང་མཉམ་དུ་བཤིབས། འགྲོ་ལུགས་འདུག་སྟངས་ཤེས་ཡོང་དུས་ལོ་རེ་ནས་ལོ་རེ་ཁོང་ཁྲོ་ཡིན་ནའང་ཟ་ཆོག་ཆོག་མ་ཡིན་པ་དང་། ཁ་རྩོད་འདྲ་ཤོར་ནའང་ལམ་སེང་ལག་པ་འཆང་ཆོག་ཆོག་མིན་པ་ཞིག་ཡོང་བ་མྱོང་བས་གྲུབ་པ་ཞིག་རེད་པ། གསར་འབྱོར་ཚོ་ལ་གཞུང་ངོས་ནས་ཐོབ་ཐང་ཆ་ཚང་སྤྲད་ནས་ཅི་དྲགས་གང་བདེན་བྱེད་བསྡད་དུས་ད་ཡིན་ཞེ་པོ་ཡིན་ས་རེད་དྲན་ནས་མང་པོ་ཞིག་བཤད་ཡ་ཡོད་མ་རེད། དེའི་མིང་ལ་འབོག་བཅུག་དུས་བརྐྱལ་ཟེར་བའི་དཔེ་ལྟར་ཆགས་པ་རེད། ད་ནས་བཟུང་གསར་འབྱོར་ལ་མེད་རབས་མུག་རབས་མང་པོ་དྲ་ཐོག་བཀོད་མ་ཡོང་ཡོང་། ང་གསར་འབྱོར་ཞིག་ཡིན་པའི་ཆ་ནས་ངོ་ཚ་ཡི་འདུག བུ་སོ་སོས་སློབ་སྦྱོང་དང་ལས་རིགས་ལ་ཤུག་རྒྱབ་ན་ནི་སྤྱི་ཚོགས་འདི་བྱེད་རྒྱུ་ཡོད་རེད། སོ་སོས་ཅི་ཡང་མ་བྱེད་གཞུང་རང་ལ་ཁ་གདང་བསྡད་པ་ཡིན་ནི་་་་་་་་་་་་་་་་ཨ་རིའི་གཞུང་ཡིན་ནའང་ཁག་པོ་རེད།
ཁྱིས་མི་སྐད་རྒྱབ་སོང་། དེ་རང་རེད། ཨ་བུ།
དུད་འགྲོའི་མིང་ཅན་ལགས་་་ང་ལ་ཡང་སྦྱིན་བདག་གསུམ་ཙམ་ཡོད་བོད་གཞུང་གི་རོག་བྱས་བཞག་པ་ཅི་ཡང་མིན། ད་ལྟ་སྡ་ས་དང་བར་ཡུལ་སོགས་གསར་འབྱོར་བ་དང་དགོན་སྡེ་ཁག་སོགས་
སྦྱིན་བདག་བྱེད་མཁན་མི་ཉུང་བ་ཞིག་ཡོད་རེད། དེ་དག་རང་རང་གི་ཚོལ་བསྡད་པ་ལས་སུ་གང་གི་རོག་བྱས་ཡོང་བ་ཞིག་མ་རེད། གཞིས་ཆགས་ཁང་པ་ཐོག་བརྩིག་གསུམ་བཞི་ཡོད་
པ་དེ་ཚོ་ལ་ཡང་བོད་གཞུང་གི་ཉམ་ཐག་རོག་དངུལ་སྤྲད་ནས་སྐྱིད་ཉལ་བྱེད་ཀྱི་ཡོད་པ་ཚང་མས་ཤེས་གསལ་རེད། གསར་འབྱོར་ལས་མེད་ཉམ་ཐག་ཕར་ཕུད་དབང་པོ་སྐྱོན་ཅན་ལ་ཡང་
ཉམ་ཐག་རོག་དངུལ་བདེ་དོན་ནས་རག་གི་ཡོད་མ་རེད། གཞིས་ཆགས་ལ་ཐ་ན་ཁྲུ་རྫས་དང་མ་ནི་རིལ་བུ་ཚུལ་ཆད་ལོ་རེ་བཞིན་ཆད་མེད་རོག་རམ་བྱེད་ཀྱི་ཡོད་རེད། རེད་ཁེ་ན་ཏྲ་
ལ་བོད་མི་ཆིག་སྟོང་ལེན་གྱི་ཡོད་རེད་། གསར་བྱོར་བ་མི་གཅིག་འདུག་བས། གསར་འབྱོར་བ་ཚོ་མགྲོན་ཤོག་གཏོང་ནས་ཤོག་ལབ་ཡོད་མ་རེད་ཟེར། གཞིས་ཆགས་དེ་ཚོ་ལ་རེ་རེ་བཞིན་
མགྲོན་ཤོག་གཏོང་ནས་མགྲོན་བསུ་བྱས་ཡོད་ས་རེད་བ། ངས་དེ་རིང་མ་གཏོགས་གོ་མ་མྱོང་ཡ། མ་རབ་ཐ་ཤས་བྱེད་མཁན་ཚང་མ་གསར་འབྱོར་བ་རེད་ཟེར། དུད་འགྲོའི་མིང་ཅན་ནི་
ངོ་ཚ་མེད་པའི་སྐད་ཆ་དུད་འགྲོ་ལས་སྡུག་བ་ཞིག་བཤད་འདུག། མི་ངན་འདི་དག་གསར་འབྱོར་བ་ཀྱང་ཀྱང་ཨེ་རེད། ཁྲིམས་འགལ་ནག་ཉེས་ཅན་གྱི་ཟླ་བ་ཚེ་རིང་ལ་རྒྱུ་དང་དཔལ་འབྱོར་ཡོད་པར་བརྟེན་ད་དུང་མུ་མཐུད་སྤྱི་ཚོགས་ནང་ཐེར་འདོན་བྱེད་མི་ཐུབ་པ་དང་། ལྟག་སྒོ་དང་རྒྱབ་རྩ་ཡོད་པས་བོད་རྒྱ་གཉིས་ཀྱི་ཁྲིམས་ཐོག་བཅད་ཁྲ་བཏང་བར་བརྩི་བཀུར་མི་བྱས་པར་མཁྲེགས་བཟུང་བྱས་པ་འདིས། ཁ་ནས་མང་གཙོ་མ་ཎི་ལྟར་བགྲངས་པའི་བཙན་བྱོལ་བོད་མིའི་གནས་བབས་ནས་བཤད་ན་ཧ་ལས་ཧོན་འཐོར་དགོས་པའི་སྐྱོ་གནས་ཤིག་རེད།
༡ ད་བར་དྷ་སར་ཡོད་པའི་གཞུང་ཀོ་ཀོ་ནོར་གསོལ་མགྲོན་ཁང་སྒོར་འབུམ་༧ ལ་བཙོང་བསྒྱུར་བྱས་པའི་ལྐོག་ཟ་དང་། ༢ བུད་མེད་ཚོགས་པའི་སྤྱི་དངུལ་སྒོར་འབུམ་གཉིས་ལྐོག་ཟ། ༣ འབུམ་སྡེ་ལ་དང་བསྟན་འཛིན་སྒང་བཅས་ནས་སྤྱི་དངུལ་སྒོར་འབུམ་གཉིས་དང་ཕྱེད་ཙམ་ལྐོག་ཟ། ༤ བལ་ཡུལ་འཇོ་ལ་ཁ་ནས་བལ་སྒོར་འབུམ་༨༨ ལྐོག་ཟ། དྷ་སྟེང་བོད་ཁྱིམ་སློབ་གྲྭ་ནས་ཧིན་སྒོར་འབུམ་༥ ལྷག་ཙམ་ལྐོག་བྱས་པའི་གནས་ཚུལ་རིམ་བཞིན་བྱུང་ཡོད། ད་བར་ལྐོག་ཟ་རུལ་སུངས་བྱེད་མཁན་ཚང་མ། སྤྱི་མཐུས་དང་། ས་འཐུས། གཞིས་འགོ མཉམ་དྲུང་བཅས་གནད་ཡོད་མི་སྣ་རྐྱང་རྐྱང་ཡིན་ཞིང་། ཧཧཧཧཧཧཧཧ
བསམ་ཚུལ་བརྗོད་མཁན་འོད་ལགས་ལ་ཞུ་རྒྱུར། ང་སྔོན་ཆད་རྩོམ་པ་པོ་མཐུན་ཚོགས་ཀྱི་དྲུང་ཆེར་བཞག་པ་བདེན། ངས་དང་པོ་ཧིན་སྒོར་༨༥༠ཡི་རྩིས་སྤྲོད་ཨ་འཇིགས་ཀྱི་ལག་ནས་བླངས་ཏེ་བཟང་ན་ངན་ན་ལོ་གསུམ་གྱི་རིང་མེད་པ་ཆད་མཐུད་ཀྱིས་ཧིན་སྒོརས་ཡ་གཅིག་ལྷག་བཙལ་ནས་ལས་ཁུངས་སྐྱོང་ཐབས་བྱས་པ་ཡིན། ཐ་ན་རང་ཉིད་ལའང་ཕོག་ཆད་ཀྱིན་ཆད་ཀྱིན་ཨུ་ཚུགས་ཀྱིས་གཞུང་ལས་བྱས་པ་ཡིན། ད་དུང་བསྟན་འཛིན་ཆོས་དབྱིངས་དང་སྤྱན་ཆབ་གཉིས་ལའང་ཕོག་ཆད་ཀྱིན་ཆད་ཀྱིན་ལྷག་བསམ་གྱིས་གཞུང་དོན་སྒྲུབ་ཡོང་བ་རེད། ལས་ཁུངས་ཀྱི་ཁང་གླ་ནས་དེབ་དཔར་སྐྲུན་དང་ཚགས་པར་དཔར་གླ་འགྲོ་སོང་ཚང་མ་ལོ་གསུམ་གྱི་རིང་ལ་ཧིན་སྒོར་ས་ཡ་གཅིག་ལྷག་སོང་འདུག་ནའང་ངས་ཚོགས་ཐོག་ཏུ་ད་དུང་ངས་མ་འཇོན་ལུགས་བརྗོད་པ་ལས་ངས་འཇོན་ལུགས་ཤིག་བརྗོད་མེད། ཚོགས་ཐོག་ཏུ་ཚོགས་མི་རེ་ཟུང་གིས་མ་དངུལ་ཧིན་སྒོར་༨༥༠ནས་ས་ཡ་གཅིག་བཙལ་འདུག་པ་འདི་ཧང་སང་ཡ་ཞིག་རེད། འདི་ལ་བལྟས་ན་གལ་ཏེ་དང་པོ་ཁྱོད་ལ་མ་དངུལ་ཕོན་ཆེན་ཞིག་རྩིས་སྤྲོད་རྒྱུ་ཡོད་པ་ཡིན་ན་ཁྱོད་ཀྱིས་འདིའི་ལྷག་ཅིག་འཇོན་པ་ཐག་ཆོད་རེད་ཟེར། ད་དེ་གང་ཡིན་ཡིན་མོད། ཁྱོད་ཀྱིས་འདང་མ་བརྒྱབ་པའི་སྐད་ཆ་འདི་འདྲ་གསུང་ན་ངས་ཀྱང་འདི་ལྟར་གསལ་བཤད་ཐུང་ཐུང་ཞིག་མི་བྱེད་ཐབས་མེད་རེད།རང་གིས་འཇོན་ན་དེང་སྐབས་རྩོམ་པ་པོ་མཐུན་ཚོགས་ལ་ལས་ཀ་བྱེད་ནི་དགོས་རབས་འདུག་པས་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པ་ལས་མ་འདས་པས་རང་གིས་ཀྱང་ཚོད་ལྟ་ཞིག་བྱས་ནས་ཕོག་མེད་པའི་ལས་ཀའི་བྲོ་བ་དང་དཀའ་ངལ་ཅི་འདྲཞིག་ཅིག་ཡིན་མིན་བལྟས་ཆོག་ཆོག་ཡིན་པ་འདྲ།
་་་་་་ ༡ ད་བར་དྷ་སར་ཡོད་པའི་གཞུང་ཀོ་ཀོ་ནོར་གསོལ་མགྲོན་ཁང་སྒོར་འབུམ་༧ ལ་བཙོང་བསྒྱུར་བྱས་པའི་ལྐོག་ཟ་དང་། ༢ བུད་མེད་ཚོགས་པའི་སྤྱི་དངུལ་སྒོར་འབུམ་གཉིས་ལྐོག་ཟ། ༣ འབུམ་སྡེ་ལ་དང་བསྟན་འཛིན་སྒང་བཅས་ནས་སྤྱི་དངུལ་སྒོར་འབུམ་གཉིས་དང་ཕྱེད་ཙམ་ལྐོག་ཟ། ༤ བལ་ཡུལ་འཇོ་ལ་ཁ་ནས་བལ་སྒོར་འབུམ་༨༨ ལྐོག་ཟ། དྷ་སྟེང་བོད་ཁྱིམ་སློབ་གྲྭ་ནས་ཧིན་སྒོར་འབུམ་༥ ལྷག་ཙམ་ལྐོག་བྱས་པའི་གནས་ཚུལ་རིམ་བཞིན་བྱུང་ཡོད། ད་བར་ལྐོག་ཟ་རུལ་སུངས་བྱེད་མཁན་ཚང་མ། སྤྱི་མཐུས་དང་། ས་འཐུས། གཞིས་འགོ མཉམ་དྲུང་བཅས་གནད་ཡོད་མི་སྣ་རྐྱང་རྐྱང་ཡིན་ཞིང་། ཧཧཧཧཧཧཧཧ ་་་་་་་་་ཟེར།
་་་་ གཞིས་ཆགས་ཁང་པ་ཐོག་བརྩིག་གསུམ་བཞི་ཡོད་པ་དེ་ཚོ་ལ་ཡང་བོད་གཞུང་གི་ཉམ་ཐག་རོག་དངུལ་སྤྲད་ནས་སྐྱིད་ཉལ་བྱེད་ཀྱི་ཡོད་པ་ཚང་མས་ཤེས་གསལ་རེད། གསར་འབྱོར་ལས་མེད་ཉམ་ཐག་ཕར་ཕུད་དབང་པོ་སྐྱོན་ཅན་ལ་ཡང་
ཉམ་ཐག་རོག་དངུལ་བདེ་དོན་ནས་རག་གི་ཡོད་མ་རེད། གཞིས་ཆགས་ལ་ཐ་ན་ཁྲུ་རྫས་དང་མ་ནི་རིལ་བུ་ཚུལ་ཆད་ལོ་རེ་བཞིན་ཆད་མེད་རོག་རམ་བྱེད་ཀྱི་ཡོད་རེད། རེད་ཁེ་ན་ཏྲ་
ལ་བོད་མི་ཆིག་སྟོང་ལེན་གྱི་ཡོད་རེད་། གསར་བྱོར་བ་མི་གཅིག་འདུག་བས། ་་་་་་
སྤོབས་པ་མཐའ་ཡས་ད་ངོ་མ་སྤོབས་པ་མཐའ་ཡས་རང་རེད། དེ་ལྟར་བསམ་མཁན་མང་ན་ཐང་མོད་ཟེར་མཁན་དཀོན་་་དེ་ནི་ཞན་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད ཁྱོད་ངོ་མ་སྤོབས་པ་མཐའ་ཡས་ཟེར་བ་རེད་
བསམ་ཚུལ་བརྗོད་མཁན་ཨོ་རྒྱན་རིག་འཛིན་ལགས་ཀྱིས་རྣག་ཐོག་གཙགས་བུ་ཡིས་དོན་དངོས་གཅིག་གཅིག་གཉྀས་གཉིས་བྱས་ནས་ར་སྤྲོད་བྱས་ཡོང་དུས་ཁྱེད་ཚོས་ཞོར་རྒྱུགས་བྱེད་མཁན་ཚོ་དང་འོལ་ཚོད་སྨྲ་བ་ཚོ་རེ་ཞིག་ངལ་གསོ་རུ་བཅུག་ཡོད་ངེས་པས་རྗེས་མ་ནས་བསམ་ཚུལ་བརྗོད་ན་འདི་ལྟར་བརྗོད་པའི་རེ་བ་ཡོད།
༤༦༽ སྤོབས་པ་མཐའ་ཡས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༤ གི་ཆུ་ཚོད་ ༡༧ སྐར་མ་ ༠༨
ཉེ་ཆར་རྒྱལ་བ་རིན་པོ་ཆེས་ཤི་ལི་རྒི་རིའི་གསུངས་བཤད་སྐབས་ལ་ཡང་བོད་མི་རྒྱ་གར་ལ་ཡོང་མཁན་ཚོ་དངུལ་ལ་དགའ་བོ་རེད། དངུལ་ཡོད་ས་རེ་ལ་འགྲོ་ས་རག་དུས་འཕུར་རྐྱང་རེད། དངུལ་རྒྱ་མི་ལ་ཡོད་པས་ང་ཚོ་རྒྱ་མིའི་འོག་ཏུ་བསྡད་ན་ཡག་ཤོས་རེད་གསུངས་པ་དེ་ཐོས་དུས་ང་ཚིག་པ་ཟ་སོང་། ་་་་་་ཟེར།
གསར་བྱོར་བ་ཡོང་ཡ་བོད་གཞུང་གི་དོན་རེད་བས་ཟེར། ངས་ཁྱོད་ལ་འདྲི་མ་རེད་བས། ངས་ལྟས་ན་གསར་འབྱོར་རྒྱ་གར་ལ་ཡོང་མཁན་མང་ཤོས་གཙོ་བོ་བོད་མི་རིགས་ཀྱི་ཆད་དུ་རེད།
ཐ་ན་ཕྲུག་གུ་ཆུང་ངུ་ཚུན་ཆད་རྒྱ་གར་ལ་གཏོང་ནས་བོད་དོན་བདེན་མཐའ་གསལ་ཆད་ཆབ་སྲིད་ཀྱི་གོ་རྟོགས་སླེབ་ཡ་ཆད་དུ་རེད། ཁྱོད་ཀྱི་གསར་འབྱོར་བ་རྣམ་ཟ་ཡ་མ་རག་ཐུང་ཡ་
ཐུང་ཡ་མ་རག་རྒྱ་གར་ལ་ཡོང་ཡོད་ཚུལ་བཤད་འདུག། དེ་ནི་ཁྱོད་ཀྱི་རྣམ་དཔྱོད་ཁྲོན་པའི་ནང་གི་སྦལ་པ་ལྟར་ཆགས་སོང་བ་རེད། དཔལ་འབྱོར་མཁོ་སྒྲུབ་གཅིག་པུ་བསམ་ན་དེངས་སང་
བོད་ལས་ལྷག་པ་ཞིག་རྒྱལ་ཁབ་སུ་གང་ལ་ཡོད་ས་མ་རེད། ཁྱོད་ཀྱི་བཤད་ཕྱོགས་ལ་ལྟས་ན་དེང་སང་གསར་འབྱོར་ཡོང་མཁན་མི་འདུག། སྣེ་ལེན་ཁང་སྟོང་པ་ཆགས་འདུག་ད་གཞིས་བསྡོད་
བོད་མི་དེ་ཚོ་ལ་མདུན་ལམ་ཡག་པོ་རག་བསྡད་ཡོད་ས་རེད་བ། བོད་གཞུང་གི་དངུལ་ཟེར་ན་ག་འདྲ་ཞིག་དགོས་རེད། གཞུང་གི་ལས་བྱེད་དེ་ཚོས་པར་བརྒྱབས་བཞག་པ་དེ་འདྲ་ཞིག་
དགོས་རེད་བས་ཟེར། ངས་ཟེར་ན་གཞིས་ཆགས་དང་གསར་འབྱོར་གཉིས་དབྱེར་བ་མེད་པའི་ཐོག། ས་ཞིང་ཁང་གསུམ་ཉམ་ཐག་རོག་རམ། ཚོང་ལས་ལྟ་སྐྱོངས། ཕྱི་རྒྱལ་ལ་གཏོང་ཡ་
སོགས་གཞིས་ཆགས་ལ་གང་ཡོད་པ་དེ་གསར་འབྱོར་ལ་དེ་དགོས་ཟེར་ཀྱི་ཡོད་མ་གཏོགས་དངུལ་དཔར་བརྒྱབས་ནས་ཁུར་ཤོག་ཟེར་གྱི་མེད།
སུ་རང་མགོ་ཐོན་གྱི་མི་འདུག་ན་དེ་སོ་སོས་མ་འཇོན་པ་རེད། ད་ནས་བཟུང་གསར་འབྱོར་བ་གཅིག་གཅིག་གཉིས་གཉིས་ཟེར་ནས་སྐད་ཆ་བཤད་མ་ཡོང་་་་་་་ བལ་ཡུལ་དང་ལྡི་ལི་སོགས་རྒྱལ་བལ་གྱི་ས་མདོ་ཆེ་སར་ཁང་པ་རྫིག་ཤོས་དང་མོ་ཁྲ་རྫིག་ཤོས་གཏོང་མཁན་མང་ཆེ་བ་གསར་འབྱོར་བ་དེ་ཚོ་རེད། དེ་བཞིན་དུ་ཨ་རི་དང་། ཁེ་ན་ཌ། སུད་སི་སོགས་སུ་ཡང་འཇོན་ཤོས་དང་པད་ཤག་བསགས་ཐུབ་ཤོས་གསར་འབྱོར་བ་དེ་ཚོ་ཡིན་པ་ཡོངས་གྲགས་རེད། དེང་སང་བུ་མོ་དེ་ཚོས་ཆོ་ག་བཙལ་ན་གསར་འབྱོར་བ་དེ་འདྲ་བཙལ་ན་གང་ཅིའི་ཐད་འཇོན་པ་ཡོད་རེད་ཟེར་གྱི་ཡོད་རེད། ད་རྡ་ས་སོགས་སུ་ཐུག་པ་སློང་འདུག་མཁན་སུ་འདུག་ན་དེ་ཚོ་སོ་སོས་མི་འགྲོ་མི་འདུག་མ་བྱས་པའི་སྐྱོན་རེད། དེ་ཚོ་ལ་བོད་གཞུང་ཕར་གཡུག་ནོར་གྱི་ལྷ་མོ་དང་རྣམ་ཐོས་སྲས་དངོས་སུ་ཕེབས་ནའང་ཐབས་ཤེས་མེད་པ་རེད། འདི་ནས་འགྲིགས་ཀྱི་མི་འདུག་ན་སོ་སོའི་ནང་ལ་ལོག་ན་འགྲིགས་པ་རེད། སུས་འདི་བསྡད་རོགས་ཟེར་ཞུ་བ་འཐེན་གྱི་འདུག་་་་་་་
ཁྱོ་ག་་་་ བཅོས
གསར་འབྱོར་ལ་ས་ཞིང་ཁང་གསུམ་དགོས་ཟེར། ཧ་ཧ་ཧ་་་་་་་་་རྐུབ་ནས་གད་མོ་ཤོར་་་་་་་ དངོས་གནས་དྲང་མོ་བཤད་ན་༡༩༧༠ སྔོན་ཙམ་ཡོང་པ་མ་གཏོགས་རྒྱ་གར་གྱིས་སྐྱབས་བཅོལ་ལེན་གྱི་ཡོད་མ་རེད་ལ་ས་ཁང་གཞིས་གསུམ་སྤྲོད་ཀྱི་ཡོད་མ་རེད། དེ་ཙམ་མ་ཚད་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཞག་བྱས་ན་གསར་འབྱོར་བ་ལ་ RC ཡང་ཐོབ་ཐང་མེད་པ་རེད། རེད་དེ། རྒྱ་གར་གཞུང་གི་ཁོག་ཆེན་བྱས་ནས་གཟིགས་སྐྱོངས་དང་། བོད་གཞུང་གིས་བསྟུན་མཁས་བྱས་པ། ༧གོང་ས་མཆོག་གི་མཚན་སྙན་གྱི་ཐུགས་རྗེ་བཅས་ལ་བརྟེན་ནས་ད་དུང་ཡང་གསར་འབྱོར་བ་ལ་RC བཟོས་ནས་རྒྱ་གར་དུ་བསྡད་ཆོག་ཆོག་དང་། བུ་སོ་སོས་འཇོན་ན་ཆོས་དང་འཇིག་རྟེན་གང་བསྒྲུབ་ནའང་སྒྲུབ་ཆོག་ཆོག་ཆགས་བསྡད་ཡོད་རེད། ད་དུང་ཤེས་དགོས་པ་ཞིག་ལ་ཧི་མ་ལ་ཡའི་ས་ཁུལ་ཁག་ནས་དགོན་སྡེ་ཁག་ཏུ་གྲྭ་རྒྱུན་གཏོང་ཡ་དེ་ཆོས་དད་ཆེ་དྲགས་པའི་རྒྱུ་མཚན་ཡིན་པ་ལ་ཡིད་ཆེས་མེད་ལ། བོད་ནས་རྒྱ་གར་དུ་གསར་འབྱོར་སླེབས་པ་དེ་སྲིད་དད་ཆེ་དྲགས་པའི་རྒྱུ་མཚན་ཡིན་པ་དེ་ལས་ཀྱང་ངོས་ལེན་ཐུབ་ས་མ་རེད། དེ་ཚོ་རིགས་ཚིག་སྙན་པོ་བཤད་ནས་སྦོམ་པོ་བཞག་ན་ལེགས། ཞིབ་ཆ་བྱས་ན་་་་་་་་་་་་་་ཆི་ངན་ཆི་སྡུག་ལས་གང་ཡོད།
དྲང་པོར་བཤད་ན་རྒྱལ་བ་རིན་པོ་ཆེས་ས་ལི་རྒ་རུ་རུ་བོད་མི་ལ་མཐོང་ཆུང་གི་གསུང་བཤད་དེ་མ་འོས་པ་ཞིག་རེད། ཐོག་མར་བོད་ནས་ཡོང་མཁན་ད་ལྟ་གཞིས་ཆགས་སུ་བརྗོད་པ་དེ་ཚོ་ཡིན་ན་ཡང་རེད། ལྷག་པར་ང་རང་ཚོར་ཆ་རྒྱུས་ཡོད་པའི་གསར་འབྱོར་བ་བརྒྱ་ཆ་ཕོན་ཆེན་ཞིག་ནི་བོད་ནས་ཡོང་སྐབས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གིས་རྒྱ་གར་ན་བོད་དོན་དཀའ་རྙོགས་སེལ་ཐབས་ཀྱི་ལས་ཀ་རླབས་ཆེན་བྱེད་ཀྱིན་ཡོད་པས་དེར་མཉམ་ཞུགས་བྱེད་དུ་ཡོང་ཁུལ་བྱེད་མཁན་ཤ་སྟག་རེད། ཡིན་ན་ཡང་རྒྱ་གར་དུ་སླེབས་ཚར་རྗེས་སུ་འདི་ན་ཅི་ཡང་འཇོན་གི་མེད་པ་མཐོང་ནས་རང་མགོ་གར་ཐོན་མི་བྱེད་ཐབས་མེད་དུ་སོང་བ་རེད།
གངས་སྲས་་ཀྱིས་་་གསར་འབྱོར་ལ་སེམས་ཁུར་བྱེད་ཁུལ་གྱིས་་མཐོང་ཆུང་རི་འདྲ་བ་ཞིག་བཏང་འདུག་་གསར་འབྱོར་བ་དག་གིས་ཕུགས་བསམ་དང་འཚོལ་སྙེགས་ལྟོ་རྒྱབ་ཙམ་མིན།
གངས་སྲས་ཀྱིས་་་གསར་འབྱོར་བའི་བདེ་སྐོར་གླེང་ཁུལ་གྱིས་་་རྫུན་རི་འདྲ་བ་ཞིག་གླེང་འདུག གསར་འབྱོར་བའི་ཁྲོད་ལ་ཕྱི་ནང་གི་ཤེས་ཡོན་སྦྱོང་ཐུབ་མཁན་དང་་་འཛམ་གླིང་ཡུལ་གྲུ་གང་སར་འགྲིམ་ཐུབ་མཁན། གཞུང་དང་སྒེར་གྱི་ལས་དོན་རླབས་ཆེན་བསྒྲུབ་ཐུབ་མཁན་ཧ་ཅང་མང་། གསར་འབྱོར་བ་ཚང་མ་ལྟོ་རྒྱབ་ཀྱི་གནད་དོན་ཐག་གཅོད་མི་ཐུབ་མཁན་ལྟ་བུ་ཞིག་བཤད་པ་ལ་བློ་ཕམ་དང་ངོ་ཚ་བོ་ཞིག་་བྱུང་་་ང་གསར་འབྱོར་བ་ཞིག་ཡིན་པའི་ཆ་ནས།
མཐོང་ཆུང་ཉོ་སྤྱད་ཀྱི་སྐད་ཆ་རྐྱང་རྐྱང་བཤད་ནས་་་ད་མཐོང་ཆུང་་བྱེད་ཀྱི་འདུག་ལབ་་་དེ་་་བསམ་སྟངས་ཤིག་དང་བཤད་སྟངས་ཤིག་རེད་དམ།
སྤོབས་མཐའ་ལགས་ཀྱི་སྐད་ཆར་ངོས་ལེན་གཏན་ནས་མེད།༧གོང་ས་སྐྱབས་མགོན་ཆེན་པོས་སྤྱིར་བོད་མི་རྣམས་ཀྱང་མི་སྤྱི་མཚུངས་ལྟར་དངུལ་ལ་དགའ་བོ་ཡོད་རེད།དེའི་སྒྲུབ་བྱེད་བོད་མི་མང་པོ་ཅིག་ཕྱི་རྒྱལ་ལ་སྒྲོ་ལར་བཙལ་དུ་ཤོར་འགྲོ་བཞིན་འདུག་པས།བོད་ལ་དཔལ་འབྱོར་ཡར་རྒྱས་དགོས་ངེས་ཅན་རེད།ད་བོད་ལ་དཔལ་འབྱོར་ཡར་རྒྱས་ཀྱི་ལམ་ཁ་ཡག་ཤོས་རྒྱ་ནག་དང་མཉམ་དུ་རང་དབང་ཡོད་པའི་ངང་བསྡད་པ་ཡིན་ན།དེང་སང་རྒྱ་ནག་དཔལ་འབྱོར་ཡར་རྒྱས་ཆེན་པོ་རེད་ཅེས།གཙོ་བོ་དབུ་མའི་ལམ་འགྲེལ་བཤད་སྐབས་གསུངས་པ་ཅིག་མ་གཏོགས།དེ་ལ་གསར་འབྱོར་དང་གཞིས་ཆགས་ཀྱི་དབྱེ་བ་གང་ཡང་ཕྱེས་མ་སོང་།
དེ་འདྲར་སོང་སྤོབས་མཐའ་ཁྱེད་ནས་ཁོང་གི་བཀའ་ལོག་འགྲེལ་གྱིས་མི་མང་ལ་དད་ལོག་སྐྱེས་བཅུག་འདོད་ཡོད་པ་རེད།མ་གཞི་སྤོབས་མཐའ་འདི་ནམ་རྒྱུན་ནས་ཆོས་ལུགས་ཀྱི་ཞེན་ཁོག་ཆེན་པོ་དང་།༧གོང་ས་ཆེན་པོར་གཞི་མེད་སྐྱོན་འཛུགས་བྱས་བསྡད་མཁན་ཅིག་རེད་འདུག་པས་ཚང་མས་གཟབ་རོགས།
སྤོབས་པ་མཐའ་ཡས་ཞེས་པ་འདིས་ནམ་ཡིན་ཡང་རྒྱལ་བ་རིན་པོ་ཆེ་ལ་གཅིག་བཤད་རྒྱུ་མ་རྙེད་བས་སྡད་འདུག ངོ་མ་མི་འདི་རིགས་ལ་དོག་གཟབ་མ་བྱས་ན་ཉིན་མ་གཅིག་བོད་འདི་ཕུང་ལ་སྦྱོར་ངེས་རེད།
གསར་འབྱོར་གྱི་ཐོབ་ཐང་རྩོད་དགོས་དོན་མི་འདུག དེང་སྐབས་བོད་ནས་གསར་དུ་ཡོང་མཁན་མི་འདུག་ལ། རྒྱ་བལ་ན་ཡོད་པ་ཚོ་ཡང་ནུབ་ཕྱོགས་རྒྱལ་ཁབ་ལ་འགྲོ་བ་དང་། བོད་ལ་ལོག་འགྲོ་ཡི་འདུག་པས་མ་འོང་ལོ་ཤས་ནང་རྒྱ་བལ་གཉིས་ན་གསར་འབྱོར་བ་ལྷག་ཚོད་མ་རེད། གཞིས་ཆགས་ཚོ་སྐྱིད་པོ་བྱས་ནས་སྡད་ཆོག་ས་རེད།
ཁ་ཤས་ཀྱིས་གོང་ནས་བཤད་པ་བཞིན།གསར་འབྱོར་གཞིས་ཆགས་གཉིས་ཀར་སྐྱོན་ཡོན་གཉིས་ཀ་ཡོད་ཡོད་པ་རེད།དེའི་སྐོར་བགྲོ་གླེང་བྱེད་རྒྱུ་གལ་ཆེན་པོ་མ་རེད།ལྷག་བསམ་དག་མ་དག་དང་བྱས་རྗེས་ཆེ་ཆུང་བཤད་རྒྱུའང་གལ་ཆེན་པོ་མ་རེད།གཙོ་བོར་བཙན་བྱོལ་བོད་གཞུང་འདི་ཡང་དག་པའི་མང་གཙོ་དང་དྲང་བདེན།འཚེ་བ་མེད་པ།འདྲ་མཉམ་གཞིར་བཞག་གི་སྒྲིག་འཛུགས་ཤིག་ཡིན་ཞེས་འཛམ་གླིང་གང་སར་ངོམ་སོ་བྱེད་བཞིན་པ་རེད།དེ་འདྲར་བརྟེན།བཙན་བྱོལ་ནང་གི་བོད་མི་ཚོའང་གསར་འབྱོར་རྙིང་འབྱོར་གྱི་དབྱེ་བ་མེད་པར་ཐོབ་ཐང་འདྲ་མཉམ་དང་རོགས་སྐྱོར་འདྲ་མཉམ།ཉམ་ཆུང་ལ་སྐྱོབས་གསོ་འདྲ་མཉམ་དགོས་པ་རེད།འོན་ཀྱང་།དངོས་ཡོད་གནས་ཚུལ་སྟེང་དེ་ཡོད་པ་མ་རེད།ང་ཚོ་དང་གངས་སྲས་ཀྱིས་གླེང་འདོད་པ་དེ་རེད།མ་གཞི་ང་ཚོས་དྲ་ཐོག་ནས་གླེང་ཙམ་གྱིས་འགྱུར་བ་འགྲོ་རྒྱུ་དཀའ་མོ་རེད་སྙམ།ཡིན་ནའང་།དྲ་ཐོག་ལ་གཞུང་གི་སྤྱི་འཐུས་དང་བཀའ་བློན་ལྟ་བུ་གནད་ཡོད་མང་པོ་ཕེབས་ཀྱི་ཡོད་པ་ཤེས་ཀྱི་ཡོད་པས།ཁོང་རྣམ་པས་གསར་འབྱོར་ཚོའི་དཀའ་ངལ་མཁྱེན་རྟོགས་ཆེད་ལམ་ཙམ་ཞུས་ན།
དང་པོ།གོང་ནས་མང་པོ་ཅིག་གིས་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་གསར་འབྱོར་ཚོར་ཡོད་རབས་བཀོད་འདུག་མོད།དོན་དངོས་སྟེང་དེ་ཡང་དེ་ཙམ་མེད་པ་རེད།བོད་ནས་གསར་འབྱོར་མང་ཆེ་ཤོས་དར་མ་ཡིན་ལ།ཁོང་ཚོར་སློབ་སྦྱོང་བྱེད་ས་གཙོ་བོ་གསོག་སྒར་སློབ་གྲ་རེད།དེ་ལ་སྔ་མོ་ལོ་གཉིས་ཀྱི་དུས་ཡུན་དེ་གསར་འབྱོར་སློབ་ཕྲུག་ཁོ་རང་ཚོས་འགྱུར་བཅོས་གཏོང་དགོས་པར་འབོད་སྐུལ་རིམ་པར་བྱས་པར།ངོ་ལོག་བརྒྱབ་རྩིས་ཡོད་པ་དང་རྒྱ་མི་སོ་བ་སོགས་ཀྱི་མིང་བཏགས་ཏེ་དང་ལེན་རྩ་བ་ནས་མ་བྱས་པ་རེད།འོན་ཀྱང་།ཚེ་བརྟན་རྒྱལ་ནས་༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁའི་གོ་སྐབས་དང་བསྟུན།སྙན་ཞུ་ཕུལ་བར་བརྟེན།༧གོང་ས་མཆོག་གིས་དེ་ག་རང་ཐག་གཅོད་གནང་སྟེ་ལོ་ལྔ་ལ་བསྒྱུར་བ་རེད།འོན་ཀྱང་།སློབ་གྲའི་ནང་སློབ་སྤྱི་སོགས་སློབ་སྦྱོང་གང་མེད་པ་རྒྱ་གར་ཞབས་ཞེ་གཅིག་ཡིན་པས།སློབ་གྲ་དེ་དམག་སྒར་ཅིག་ལས་གཞན་ཅི་གང་མེད།ལྷག་པར་ཨིན་ཡིག་དགེ་རྒན་རྣམས་གཞིས་ཆགས་ཁག་ནང་སློབ་སྦྱོང་སྐྱོ་ཤོས་ལས་ཀ་མ་རག་པར་བསྡད་པ་ཚོའི་ས་མིག་རེད།གསོག་སྒར་སློབ་གྲའི་དགེ་རྒན་ཟེར་དུས་ཁོ་རང་ཚོའི་ནང་མཐོང་ཆུང་ཆེན་པོ་རེད།
གཉིས།གསར་འབྱོར་ཚོ་གསོག་སྒར་སློབ་གྲའི་ཕྱི་ལ་འཐོན་ཉིན་ནས་ན་ཚ་དང་འཚོ་བའི་དཀའ་ངལ་སོགས་གང་བྱུང་ན།དེ་ལ་བདག་པོ་བརྒྱབ་མཁན་དང་སྐྱོབས་གསོ་སོགས་ལས་རིམ་གང་ཡང་གཞུང་ལ་མེད་པ་དངོས་གནས་རེད།གལ་ཏེ་ཤེས་མཁན་འདྲ་ཡོད་ན་ཤོད་དང་།གསར་འབྱོར་གྱི་དམིགས་བསལ་ལས་ཁུངས་སྣེ་ལེན་ཁང་དང་གསོག་སྒར་སློབ་གྲ་རེད།ནང་སྲིད་ལས་ཁུངས་དང་དཔལ་འབྱོར་ལས་ཁང་སོགས་སུ་གསར་འབྱོར་དཀའ་ངལ་ལ་བལྟ་བརྟོག་གི་སྡེ་ཚན་གང་ན་ཡོད་རེད།
གསུམ།གདན་སའི་གྲ་བ་ཁག་ཕུད་གསར་འབྱོར་བསྡད་ས་གཙོ་བོ་བལ་ཡུལ་དང་རྡ་ས།ལྡི་ལི་བཅས་ནང་རེད།དེ་གར་ཁོང་ཚོས་ལམ་འགྲམ་ནས་ཁྲོམ་སྟོན་པ་དང་།ཟ་ཁང་དང་ཚོང་ཁང་ནང་ལས་ཀ་བྱེད་ཀི་ཡོད་རེད།བརྒྱ་ཆ་མང་ཤོས་ཟླ་རེའི་གླ་ཆ་ཧིན་སྒོར་སུམ་སྟོང་ནས་བཞི་སྟོང་རེད།དེས་ཁང་གླ་ཙམ་ཡང་སོད་ཀྱི་མེད།འོན་ཀྱང་།དེང་གསར་འབྱོར་མང་ཤོས་ཕ་ཡུལ་ནས་ནང་མིས་བསྐུར་བའི་དངུལ་ལ་བརྟེན་ཏེ་འཚོ་བཞིན་པ་དང་ཕྱི་རྒྱལ་དུ་འཕུར་གི་ཡོད་རེད།
བཞི།ད་ཆ་གོང་ནས་གཞིས་ཆགས་གསར་འབྱོར་ཞེས་སྐད་ལོག་མང་པོ་བརྒྱབ་བསྡད་པ་མང་པོ་ཅིག་དང་ལྷག་པར་རྩོམ་བྲིས་མཁན་གངས་སྲས་ཁོ་རང་ནས་ཀྱང་དོན་དངོས་མང་པོ་སྤྱི་བཤད་ཙམ་ལས་རྒྱུས་ལོན་གཏིང་ཟབ་བྱེད་ཐུབ་མི་འདུག་པར་བློ་ཕམ་ཡོད།གལ་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ལ་དོ་སྣང་བྱེད་མཁན་ཅིག་ཡིན་ན།དེའི་ནང་བགྲོ་གླེང་བརྗོད་གཞི་བརྒྱ་ལྔ་བཅུ་ཐམ་པ་གཞིས་ཆགས་ཁག་ལ་ལོ་རེར་སྒོར་མོ་རོགས་སྐྱོར་གང་ཙམ་གཏོང་དགོས་པ་ཁོ་ན་རེད།གཞིས་ཆགས་ཁག་ལ་ས་ཆ་དང་ཁང་པ་གཞུང་གིས་སྤྲད་ཡོད་པ་ཙམ་མ་རེད།ལོ་རེའི་གློག་རིན་དང་ཆུ་འཐེན་རྒྱུ།ཕྲུ་གུ་སློབ་གྲར་བསྐྱལ་རྒྱུ།ཞིང་ཁ་འདེབས་ལས་ཀྱི་རྫས་ལུད།ཚོང་ལས་རྒྱ་བསྐྱེད་དང་ལམ་ཁ་བཟོ་རྒྱུ།ཐ་ན་གླང་ཆེན་འགོག་ཆེད་ཁོ་ནར་ཀྱང་ཧིན་སྒོར་བྱེ་བ་མང་པོ་བཏང་དང་གཏོང་བཞིན་པ་རེད།
ལྔ།འཕྲོད་བསྟེན་གྱི་ཆ་ནས་གསར་འབྱོར་ཆབ་སྲིད་བཙོན་པ་ཚོར་གཞུང་གིས་ལྟ་སྐྱོང་གང་འཚམ་ཡོད་པ་རེད།འུ་ཐུག་དུས་ཆོལ་ཁ་དང་སྐུ་སྒེར་ཡིག་ཚང་ངོས་ནས་བདག་པོ་བརྒྱབ་པ་མཐོང་སོང་བ་ལས།གཞུང་གི་གཟིགས་སྐྱོང་གསར་འབྱོར་དཀྱུས་མ་སུ་ལའང་མེད་པ་རེད།གཞིས་ཆགས་ཁག་ལ་རྒས་ཁོག་དང་གཞོན་སྐྱེས།ཕྲུ་གུ་བཅས་ལ་བོད་གཞུང་གི་འཕྲོད་བསྟེན་བལྟ་སྐྱོང་ནང་སྲིད་ནས་སྡེ་ཚན་ཁོ་རང་དབྱེ་ཕྱེས་ཏེ་ཡོད་པ་རེད།ཐ་ན་གཞིས་ཆགས་ཁག་ནང་གཞོན་སྐྱེས་མང་ཤོས་ཤིག་ཐ་མ་ནག་པོ་འཐེན་ནས་འཕྲོ་བརླག་དང་འགྲོ་བཞིན་པར།འཕྲོད་བསྟེན་ལས་ཁུངས་ནས་དམིགས་བསལ་བལྟ་སྐྱོང་ལས་གཞི།མྱོས་རྫས་སྔོན་འགོག་དང་ངན་གོམས་ཀྱི་ལས་གཞི་ཟེར་བར།་ད་ལོ་སྤྱི་འཐུས་ནས་སྒོར་ས་ཡ་མང་པོ་བཀའ་འཁྲོལ་གནང་ཡོད་པ་རེད།
དྲུག གཞིས་ཆགས་ཁག་ནང་བཟའ་ཆས་ཀྱི་རོགས་རམ་ཙམ་ལས་ཞིང་ཁ་འདེབས་རྒྱུ་དང་བ་ཕྱུག་གསོ་རྒྱུ་ཚུན་ལ་གཞུང་གིས་ལོ་རེ་རེ་བཞིན་རོགས་མགོན་ཐོབ་ཀྱི་ཡོད།དཔེར།ལྷོ་གཞིས་ཁག་ཅིག་ནང་སྐྱེ་ལྡན་ཞིང་ལས་ཡོང་བར་བོད་གཞུང་གིས་དངུལ་འབོར་ཆེན་བཏང་ཡོད་མོད།ཁོང་ཚོས་འབྲུ་ཚོང་སའི་རྒྱ་གར་སྦྱིན་བདག་ལ་ཚོང་རྡིབ་ཏེ་དངུལ་སྤྲད་རྒྱུ་མ་རག་པར་བརྟེན།གཞིས་ཆགས་དེ་ལ་བོད་གཞུང་གིས་ཧིན་སྒོར་འབུམ་སུམ་བརྒྱ་ཙམ་ནས་ཀྱིས་རོགས་སྐྱོར་གནང་བ་སྐབས་དེའི་ནང་སྲིད་དྲུང་ཆེས་གསུངས་ཡོད་རེད།གཞིས་ཆགས་མི་མང་ལ་ཚོང་བརྡིབ་སོང་ནའང་བོད་གཞུང་གིས་རོགས་རམ་གནང་གི་ཡོད་རེད།
བདུན།ད་ལོ་གཞིས་འགོ་ཁག་འཚོགས་འདུའི་སྐབས་ནང་སྲིད་དྲུང་ཆེ་ནས་དངོས་སུ་གསུང་དོན།སྔ་མོ་གཞིས་ཆགས་ཁག་ནང་ཚོང་ལས་གཉེར་འདོད་ཡོད་ཀྱང་མ་དངུལ་མེད་པ་ཚོར་རོགས་སྐྱོར་ཆེད།བོད་གཞུང་ལ་འབུམ་བདུན་བརྒྱ་བརྒྱད་རྒྱ་ལས་མེད་དུས་གཞུང་དངུལ་ཞུས་མཁན་མང་པོ་ཡོད་རེད།ད་ཆ་ལས་རིམ་དེར་གཞུང་དངུལ་འབུམ་ཆིག་སྟོང་བདུན་བརྒྱ་བརྒྱད་རྒྱ་ཡོད་རེད་མོད།དེ་ལེན་མཁན་སྔོན་མ་ལས་ཉུང་ཉུང་ཡིན་པས་ལེན་མཁན་མང་ཙམ་ཡོང་བར་སྐུལ་མ་གཏོང་དགོས་པ་སོགས་གསུང་སོང་།དེ་ཚོའི་ནང་གསར་འབྱོར་རྐང་གཅིག་ཀྱང་ཚུད་ཀྱི་མེད་པ་རེད།
བརྒྱད།གཞིས་ཆགས་ཁག་ནང་དཀའ་ངལ་ཆེ་ཤོས་ནི་གཞིས་མི་གཞོན་སྐྱེས་ཚོར་གཞིས་ཆགས་གྲོང་གསེབ་ནས་སྡོད་རྒྱུའི་སྤྲོ་བ་མེད་པར་ཕྱི་རྒྱལ་དང་གྲོང་ཁྱེར་ནང་སྤོས་ཏེ།ད་ཆ་གཞིས་ཆགས་ཁག་ནང་རྒན་གསོ་ལྟ་བུ་ཆགས་ནས།ཞིང་ཁ་དང་ས་ཆ་མང་ཆེ་ཤོས་རྒྱ་གར་ཡུལ་མི་ལ་བོག་མར་བཏང་རྐྱེན།རིམ་པས་རྒྱ་གར་ཡུལ་མིས་བདག་ཐོབ་ཀྱིས་ས་ཆ་ཨེ་གར་སྟོང་ཚོ་མང་པོ་འཕྲོག་འགྲོ་གི་ཡོད།དཀའ་ངལ་དེ་རིགས་བདེན་པ་ཡིན་མིན་ནང་སྲིད་ཀྱི་ས་འགོའི་ཚོགས་ཆེན་སྐབས་ཀྱི་བརྙན་ཕབ་ལ་གཟིགས་དང་དེའི་སྐོར་སྙན་ཞུ་ཧ་ཅང་མང་པོ་རེད།
དགུ།།བར་ལམ་བྷེལ་ཀོབ་ནས་གསར་འབྱོར་མི་གྲངས་ཉིས་བརྒྱ་ཙམ་གྱིས་རྒྱ་རི་སྒྲོལ་མར་སྙན་ཞུ་ཅིག་ཕུལ་ཏེ།གཞིས་ཆགས་ཡུལ་མི་མང་པོ་ཕྱི་རྒྱལ་ཁག་ཏུ་ནང་མི་ཟླ་སྒྲིལ་གྱིས་ཁང་པ་མང་པོ་ཅིག་རང་བཞིན་བདག་མེད་སྟོང་པར་ལུས་ཡོད་པས།གསར་འབྱོར་ཚོ་ལ་ས་ཆ་དང་ཁང་པ་ལག་མཐིལ་ཙམ་ཡང་མེད་པས་གཞུང་གིས་གཟིགས་སྐྱོང་གི་འབོད་སྐུལ་ཞུས་པར།རྒྱ་གར་གཞུང་ནས་ཆོག་མཆན་མེད་པ་གསུངས་ཡོད་པ་རེད།སྤྱི་འཐུས་གྲོས་ཚོགས་ནང་མདོ་སྟོད་སྨད་གཉིས་ལ་གསར་འབྱོར་མང་པོ་ཡོད་བདེན་པ་རེད།འོན་ཀྱང་།དབུས་གཙང་ལ་གསར་འབྱོར་སྤྱི་འཐུས་གཅིག་ཀྱང་མེད།བཙན་བྱོལ་ནང་མི་གྲངས་མང་ཤོས་དབུས་གཙང་རེད།འཛིན་སྐྱོང་ནང་རང་བཞིན་གྱིས་གསར་འབྱོར་ལ་ལྟ་སྐྱོང་གི་ཁྲིམས་སྒྲིག་ཅུང་ཙམ་ལས་བཟོས་མེད་དུས།དང་པོ་གསར་འབྱོར་ཆེད་ལྟ་སྐྱོང་གི་ལམ་ཁ་བཟོ་མ་ཐུབ་པར་འགག་བསྡད་ཡོད་རེད།
བཅུ།གནས་ཚུལ་དེ་ཚོ་ཚང་མར་ཕྱོགས་བསྡོམས་བྱས་ན་གསར་འབྱོར་གཞིས་ཆགས་གཉིས་བར་ཐོབ་ཐང་འདྲ་མཉམ་མེད་པ་དང་།རོགས་སྐྱོར་འདྲ་མཉམ་རག་གི་མེད་པ།ལྟ་སྟངས་འདྲ་མཉམ་ཡོང་གི་མེད་པ་དངོས་ཡོད་གནས་ཚུལ་རེད།དེ་སྲིད་སྐྱོང་བློ་བཟང་སེང་གེས་ཀྱང་ཁས་བླངས་སོང་།བར་ལམ་ནང་སྲིད་ཀྱི་ས་འགོ་འཚོགས་ཆེན་སྐབས་བློ་བཟང་སེང་གེ་ལགས་ནས།གཞིས་ཆགས་ཁག་གིས་ད་ལྟ་བར་མི་ལོ་ལྔ་བཅུའི་རིང་ནས་བོད་གཞུང་ནས་སྐྱོབས་གསོ་བླངས་རྒྱུ་ངན་གོམས་སུ་སོང་དབང་གིས།གཞན་བརྟེན་གྱི་བསམ་བློ་དོར་མ་ཐུབ་པར་བཀའ་ཤག་གི་སྲིད་ཇུས་རང་ཁ་རང་གསོ་ལག་བསྟར་བྱེད་རྒྱུ་ཧ་ཅང་དཀའ་མོ་རེད།ཁོང་གཞིས་ཆགས་གང་ལ་བསྐོར་བསྐྱོད་སྐབས་རྒན་གཞོན་ཚང་མས་ང་ཚོ་སྐྱོ་བོ་ཡིན།ང་ཚོ་ལ་གཞུང་གིས་རོགས་སྐྱོར་གནང་རོགས་ཞེས་ངུས་བསྡད་མཁན་རྐྱང་མ་གཏོགས།ངས་རང་ཁ་གསོ་ཐུབ་ཀྱི་ཡོད་ཟེར་མཁན་གཅིག་ཀྱང་མ་བྱུང་།གསར་འབྱོར་ཚོ་ལ་ལྟོས་དང་།སྣེ་ལེན་ཁང་དང་གསོག་སྒར་ནས་འཐོན་ཉིན་ནས་སྐྱོབས་གསོ་གང་མེད་རུང་རང་འགོ་འཐོན་འགྲོ་གི་འདུག།སློབ་གྲ་ཁག་ནང་སློབ་སྦྱོང་ཡག་ཤོས་ཁོང་ཚོའི་ཕྲུ་གུ་རེད་ཅེས་བཤད་སོང་།མདོ་རྩ་འདྲ་མཉམ་མེད་པ་འདི་ཚོས་བདེན་དཔང་བྱས་ཡོད་པས།འདྲ་མཉམ་ཡོང་རྒྱུ་གལ་ཆེན་རེད་མ་གཏོགས།སྐྱིད་སྡུག་ཅུང་ཡར་ཞུ་བྱས་དུས་ནས་ངོ་ལོག་བརྒྱབ་ཀྱི་འདུག་དང་རྒྱ་མིའི་སོ་བ་རེད།དགྲ་བོའི་མངོན་འདོད་སྒྲུབ་ཀྱི་འདུག།རྙོག་བྲ་ཚ་བོ་འདུག་སོགས་གླེང་ཕྱོགས་འདྲ་མིན་བཟོས་ཏེ་ཁ་འགོག་ཐབས་བྱེད་པ་དེས།ཡུན་རིང་ཁུངས་འཁྱོལ་རྒྱུའི་ཚབ་ལ་ཆག་སྒོ་ཆེན་པོ་ཉོ་རྒྱུའི་ཉེན་ཁ་ཡོད་རེད་སྙམ།
ད་དུང་RC དང་རྙོག་བྲ་སོགས་ཀྱི་སྟེང་བཤད་རྒྱུ་མང་པོ་ཡོད་མོད་གནས་སྐབས་དེ་ཙམ་བྱོས།
སུ་རང་མགོ་ཐོན་གྱི་མི་འདུག་ན་དེ་སོ་སོས་མ་འཇོན་པ་རེད།ཅེས་པའི་སྐད་ཆ་འདི་ལས་ཐབས་སྡུག་བ་ཞིག་ཡོད་མ་རེད། དམ་པའི་ལྷ་ཆོས་ཀྱི་ངོས་ནས་བཤད་ན་རང་མགོ་མི་ཐོན་པའི་སེམས་ཅན་སྐྱོབ་ཆེད་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་གཉེར་བྱེད་ཀྱི་རེད། འཇིག་རྟེན་མི་ཆོས་ཀྱི་ཕྱོགས་ནས་བཤད་ན་རང་མགོ་མི་ཐོན་པའི་ཉམ་ཐག་སྐྱོབ་དགོས་པ་ལས་ཕྱུག་པོ་དང་འཇོན་པོ་ཚོ་ལ་ཤ་ཐོག་ཚིལ་ནན་བྱེད་ཀྱི་དེ་མ་རེད།
ང་ཚོས་བཙན་བྱོལ་གཞུང་ཞིག་བཙུགས་པ་འདི་ཡང་བོད་མི་ཉམ་ཐག་རང་མགོ་མི་ཐོན་མཁན་རྣམས་ལ་ཕན་ཐོགས་ཡོང་ཆེད་དུ་ཡིན་དགོས་པ་ལས་མྱི་དྲག་བླ་དྲག་ལྐོག་ས་རུངས་རྒྱུ་ཆེན་འཇོན་པོ་དེ་ཚོའི་ཁེ་ཕན་སྒྲུབ་ཆེད་དུ་ཡིན་ན་དགོད་མཁོ་མེད།
ཉམ་ཆུང་སེམས་ལ་མེད་པའི་མི་རྣམས་ནི་མི་ལུས་ལེན་ཀྱང་་གཅན་གཟན་དང་ཁྱད་པ་ཅང་མེད། ཐེག་པ་ཆེན་པོ་ཆོས་ལུགས་པའི་དྲི་མ་ཙམ་ཡང་མེད་ལ་འཇིག་རྟེན་མིའི་ཡ་རབས་བཟང་སྤྱོད་ཙམ་ཚང་མེད་པའི་མི་ཡིན།།
དྲང་པོ་བཤད་ན་ཆབ་སྲིད་བཙོན་པ་ཚོར་གཞུང་གིས་ལྟ་སྐྱོང་གང་འཚམ་ཡོད་པ་རེད་ཡིན་ནའང་ཁོ་ཚོ་བོད་ནང་ལ་ལོག་རྒྱུ་མེད་པ་ནི་དོན་དངོས་རེད་བྱས་གཙང་ཁོ་ཚོར་R.c དེ་ཡག་པོ་བཟོ་རོག་བྱེད་དགོས་རེད་་ཆབ་སྲིད་བཙོན་པ་ཁ་བཤད་བོད་ནང་ལ་ལོ་མང་པོ་བཙོན་ཁང་དུ་བཅུག་ནས་བཙན་བྱོལ་དུ་སླེབས་པ་མང་པོ་R.c་མེད་པར་གསུང་སྐད་ཤོར་ནས་སྡས་ནས་སྡས་འདུག་དེ་དོན་དངོས་ཡིད་མ་ཆེད་ན་ཁོ་ཚོའི་སྐེ་ཆ་དྲེས་ན་ཧ་གོ་གི་རེད་ཁོ་ཚོ་ཚང་མ་ལོ་མང་པོ་བཙོན་སྡས་པ་ཤ་ཏག་རེད་འདུག
ཅོ་རི་ཉིི་མ་ལགས། སྐད་ཆ་ཆ་ཚང་མ་བཤད་པར་ཚིག་དུམ་ཞིག་ཁྱེར་ཡོང་ནས་བཀའ་བཀྱོན་མ་བཏང་རོགས། ངས་བཤད་པ་དེ་གསར་འབྱོར་བ་དེ་དག་ལ་བལ་ཡུལ་ཐོག་མར་སླེབས་པ་ནས་བཟུང་བོད་གཞུང་གི་ངོས་ནས་ཅི་དྲག་གང་བདེན་བྱས་ཡོད་རེད། མ་བྱས་པ་དང་བདག་པོ་མ་བརྒྱབ་པ་དེ་འདྲ་རྩ་བ་ནས་མ་རེད། ཡིན་ནའང་སོ་སོའི་ངོས་ནས་རྩ་བ་ནས་མི་འགྲོ་མི་འདུག་མ་བྱས་པར་ཅི་ཡོང་གང་ཤར་བྱས་བསྡད་པ་ཡིན་ན་མི་ཚེ་གང་པོར་གཞུང་ངོས་ནས་ཁག་པོ་རེད། དེ་འདྲའི་མི་དེ་འདྲ་ཡོད་ན་བྱེད་ཡ་ཅང་མེད་པ་རེད་ཅེས་བཤད་པ་ཡིན། རྡ་སར་ཐུག་པ་སློང་བ་སོགས་དཔེར་མཚོན་དེ་དག་དེ་འདྲ་རེད་དྲན་གྱི་ཡོད། དེ་ཙམ་མ་ཚད་གསར་འབྱོར་ཡོང་། གསོག་སྒར་སློབ་གྲྭར་བསྡད་དེ་ཚར་རྗེས་ཡང་བོད་ལ་ལོག་གི་ཡིན་ཟེར་ནས་གཞུང་ནས་དངུལ་ལེན། ཡང་བལ་ཡུལ་ནས་ཚུར་གསར་འབྱོར་གྱི་ཐོ་བརྒྱབ། དེ་འདྲ་བྱེད་བསྡད་མཁན་ཡང་ཡོད་རེད་བ། སོ་སོའི་ཕ་མའི་ངོས་ནས་ཀྱང་ཆུང་དུས་རང་མགོ་མ་ཕེར་དུས་སྙོལ་སྐྱོང་བྱེད་པ་ལས། མི་ཚེ་གང་པོར་གཅིག་བྱེད་དགོས་ན་ཁག་པོ་རེད།
ངས་རྩོམ་ཡིག་འདི་ལས་འཕྲོས་ནས་གནད་དོན་མི་ཉུང་བ་ཞིག་ཕན་ཚུན་བགྲོ་གླེང་གི་ངོ་བོའི་ཐོག་ནས་གོ་རྟོགས་སྤེལ་ཐུབ་རེ་བྱས་པ་ཡིན། དེའི་ཆེད་དུ་རང་ཉིད་ཀྱི་བསམ་ཚུལ་དང་དོན་དངོས་ཟུང་འབྲེལ་གྱི་བསམ་འཆར་ཡང་མི་ཉུང་བ་ཞིག་རྣམ་པ་ཚོར་ཞུས་པ་ཡིན། འོན་ཀྱང་། བགྲོ་གླེང་དེ་གོམ་བགྲོད་བྱེད་བཞིན་བྱེད་བཞིན་རིམ་པས་ལམ་ཀྱོག་ལ་འགྲོ་གི་འདུག གནས་ལུགས་མེད་པའི་སྐད་ཆ་མི་ཉུང་བ་ཞིག་མཐོན་ཡོང་གི་འདུག བྱས་ཙང་། མི་ཉན་པ་ལ་ཁ་བརྡ་བྱེད་པ་དེ། སྐོ་བ་སྐམ་པོ་ལག་པས་བརྙེས་པ་འདྲ་གསུངས་པ་ལྟར་འདིར་ཡོང་ནས་དོན་སྙིང་དེ་ཙམ་མཐོང་མ་སོང་། ད་དགོངས་པ་ཞུ་གི་ཡིན། ང་ཚོའི་བགྲོ་གླེང་འཛོབ་ཏོ་དེས་ཕན་ལས་གནོད་ཆེ་བའི་མཚམས་སུ་སྐྱེལ་ས་རེད། དེས་ན་བླུན་པོ་སྨྲ་བ་ཉུང་ན་མཛེས་གསུངས་པ་བཞིན་མི་སྨྲ་བའི་བརྟུལ་ཤུགས་འཛིན་ནས་སྡོད་ཀྱི་ཡིན་ནོ། རྣམ་པ་ཚོར་དུས་ཚོད་ཡོད་ན་མུ་མཐུད་ཡིན་ཏ། ང་ལ་ནི་སྐད་ཆ་ཆོ་མེད་ཤོད་པའི་དུས་ཚོད་ད་མེད་ཏོ།
ཁྱི་རྒན་རིན་པོ་ཆེན་ལགས། དཔེར་ན། ནུབ་ཕྱོགས་སུད་སི་རྒྱལ་ཁབ་ཀྱི་ནང་དུ་སྐྱབས་བཅོལ་བ་བསླེབས་དུས་གཞུང་གི་ཁ་ལ་ཟས་དང་རྒྱབ་ལ་གོས། མཐའ་ན་སོ་ཁྲུས་སོ་སྨན་དང་ཕོར་པ་ཡན་ཆད་སྐྱོབ་གསོ་སྤྲོད་ཀྱི་རེད། ན་བ་ཚ་གསུམ་བྱུང་ན་སྨན་རིན། ཟླ་བ་རེ་ལ་ལྟོ་དོད་དང་ལག་དངུལ་སྤྲོད་ཀྱི་རེད། སློབ་གྲྭ་ལ་གཏོང་གི་རེད། ཁྱད་ལས་སློབ་སྦྱོང་བྱེད་ཐུབ་ནའང་སློབ་ཡོན་རོགས་རམ་རོགས་བྱེད་ཀྱི་རེད།
བཙན་བྱོལ་བོད་གཞུང་སོ་སོའི་གཞུང་རེད། རང་མི་ཉམ་ཐག་རྣམས་བདག་པོ་མ་བརྒྱབ་ན་སྙིང་རླུང་སྟོད་མ་འཚང་འོང་གི་འདུག ཨ་རིའི་གཞུང་གིས་རོགས་དངུལ་ཨ་སྒོར་ས་ཡ་མང་པོ་གསར་འབྱོར་བའི་མིང་ཐོག་ཏུ་སྤྲད་ཀྱི་ཡོད་རེད། འགྲོ་ས་སྡོད་ས་མེད་མཁན་གསར་འབྱོར་བ་རྣམས་ལ་རོགས་སྐྱོབ་མ་བྱེད་ན་འགྲིག་གི་མ་རེད།
ཁྱོད་ལྟ་བུ་ཡིན་ན་ཁག་མེད། དགོན་པའི་ནང་དུ་བསྡད་མཁན་ཞིག་གི་གནས་ཚུལ་མང་པོ་མཁྱེན་གྱི་མ་རེད། དོན་ངོ་མའི་ཐོག་ནས་བཤད་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་དུ་སྐྱབས་བཅོལ་གཏོང་དགོས་པ་གསར་འབྱོར་བ་ཚོ་ཡིན་པ་ལས་གཞི་ཆགས་ཁག་མ་རེད། ཡིན་ཀྱང་ཁ་ན་ཊ་ལ་གཞི་ཆགས་བ་ཚོ་གཏོང་གི་ཡོད་རེད། མ་འོངས་ཨ་རི་གཞུང་གིས་བོད་མི་ལྔ་སྟོང་ལེན་གཏན་ཁེལ་བྱུང་ན་གསར་འབྱོར་བ་ངེས་པ་ཏུ་གཏོང་དགོས་ཡོད། གལ་སྲིད་མ་གཏོང་ན་ཁ་མི་བཙུམ་ཐག་ཆོད་ཡིན།
ངས་ལོ་རྒྱུས་ཤིག་བཤད། སྔོན་མར་གཅིག་སྟོང་དགུ་དགུ་ཅུ་གོ་གྲངས་ནང་དུ་༼མ་འཇོན་དྲེ་ལ་༽ལ་གསར་འབྱོར་བ་སྐྱེས་དམན་གཟུགས་པོ་རིང་པོ་ཞིག་ཡོད། ཉལ་ས་མེད་ནས་ཆུ་སྒང་གི་སྒོ་རའི་ཕྱི་ལོག་ཏུ་ཉལ་གྱི་རེད། སྨྱོ་བ་ལྟ་བུ་ཆགས་འདུག གསར་འབྱོར་བ་སྐྱེས་དམན་དེར་མཐོང་ཐེངས་རེ་ལ་ང་ཅོ་རིའི་སྙིང་ལ་ན་ཟུག་རེ་བསླེབས་ཡོང་གི་རེད། བཙན་བྱོལ་གཞུང་གི་དཔོན་ངན་ལྐོག་ས་རུལ་སུངས་རྣམས་ལ་སེམས་བསམ་པའི་གཏིང་ནས་སྐྱུག་མེར་ལངས་ཀྱི་ཡོད། ཡིད་ཆད་མྱངས་ཡོད།
གལ་སྲིད་བོད་མི་ཉམ་ཐག་སྐྱོང་བའི་གཞུང་ཞིག་མིན་ན་དགོས་མཁོ་རྩ་བ་ནས་མེད། རྡ་སའི་མ་བྷིན་ལྐོག་ཟ་རུལ་སུངས་ཚོས་་་
གཞིར་ལུས་བོད་མི་ཟེར་ནས་སྙིང་དུང་འབོད་འབོད།
གཞི་ནས་བྱེས་སུ་བསླེབས་དུས་འཆལ་མོ་གཡུགས་གཡུགས།
རྒྱུ་འབྲས་དྲང་བདེན་ཟེར་ནས་རི་བོང་སྡོད་སྡོད།
སྤྱིའི་རྒྱུ་ལྐོག་ཟ་བྱེད་དུས་སྤྱང་ཀི་རྒྱུགས་རྒྱུགས།་་་་་བྱེད་མཁན་མ་བྷིན་ཁྲམ་པ་དེ་ཚོ་ལ་སྐྱུག་མེར་གཏིང་ནས་ལངས་ཀིན་ཡོད།།།
ཁྱི་རྒན་ལགས། གསར་འབྱོར་བ་ལ་སྐྱོན་མེད་པ་རྩ་བ་ནས་མིན། ཁྱོད་ཀྱི་བཤད་པ་དེ་ལས་མང་བ་ང་ལ་བཤད་ཀྱི་ཡོད། སྐྱོན་ཡོད་པ་ཙམ་གྱིས་བདག་མེད་གཏོང་ན་འགྲིག་གི་མ་རེད། བོད་མི་སྐྱོན་ཅན་ཉལ་ཐ་འཐེན་མཁན་ཞིག་ཡིན་ནའང་བདག་པོ་བརྒྱབ་དགོས་པ་རེད།
ཧ་ཧ་་་་་་་་་ད་ཁྱོད་རང་གི་བོད་བསྟན་པ་ཆབ་སྲིད་ལ་ཕན་པའི་སྐད་ཆ་དང་གནད་ལུགས་ཡོད་པའི་སྐད་ཆ་མི་འདུག་་་་་་་་་་ ངས་ཤེས་ཀྱི་ཡོད་ཐོག་མཐའ་བར་གསུམ་ཆ་ཚང་ཤེས་ཀྱི་ཡོད། ང་བཙན་བྱོལ་དུ་ཡོང་ནས་ལོ་ཉི་ཤུ་ཙམ་ཡིན། བཙན་བྱོལ་གཞུང་འདིའི་ལས་བྱེད་ཚོས་ལྐོག་ཟ་རུ་སུལ་པ་རེད་ཟེར་ན་ངོས་ལེན་རྩ་བ་ནས་མེད། བླ་མ་ཟམ་གདོང་ཚང་གི་ལོ་ངོ་ཉི་ཤུ་ཙམ་འགན་ཁུར་རིང་སྒོར་རྡོག་གཅིག་ཟོས་པའི་ཁུང་བཤད་ཡ་ཡོད་པས། དེས་བྱ་སྤུ་ནོན་བྱས་པའི་གཞུང་གི་ལས་བྱེད་ནང་ལྐོག་ཟ་ཟེར་བ་ཁག་པོ་རེད། གཞུང་གཞན་རུལ་སུང་པ་དེ་ཚོ་ཡིན་ན་དང་པོ་ཁོ་རང་སྲིད་འཛིན་དང་སྲིད་བློན་གྱིས་ལྐོག་ཟ་བྱས་ཚར་དུས། དེ་འོག་མར་བཤམས་ན་ལྐོག་ཟ་བྱེད་མཁན་གྱི་ཁྱབ་པ་རེད། ཧ་གོ་ཨེ་སོང་་་་་ སོ་སོ་ལ་ཚུར་མཛུབ་མོ་ཚུགས་དང་། ཉི་མ་གཅིག་ལ་ཁྲོམ་སྐོར་ཡིན་ཐག་ཆོད་གཅིག་འགྲོ་མྱོང་པས། ད་དུང་བཤད་རྐྱང་བྱས་བསྡད་ན་་་་་ཕར་ཕྱོགས་རྒྱ་དམར་གཞུང་ལ་ངོ་ཚ། དེའི་མིང་ལ་མི་ཨེ་དགའ་བལྟ། །རང་གཅེར་རྒྱུག་ཟེར་རེད་་་་་
འོ་རེད་རེད་ང་གོ་ཐོས་ལྟར་ན་ཨ་རི་ལ་བོད་མི་ལྔ་སྟོང་གཏོང་ཡ་དེའི་ཐད་ལ་གསར་འབྱོར་བའི་ཐོབ་ཐང་རག་ཁག་པོ་ཆགས་འགྲོ་ཡི་ཡོད་ས་རེད་བ།
དེང་སང་ནང་སྲིད་ལས་ཁང་ཀྱི་ངན་ནས་གཞིས་ཆགས་ཀྱི་ཐེམ་ཐོ་མེད་པ་ཡིན་ན་ཨ་རི་ཕར་ཆེར་གཏོང་ཡ་ཡིན་ས་མ་རེད་བ། ད་རེས་གཞིས་ཆགས་དང་གསར་འབྱོར་
གཉིས་བར་དབྱེ་འབྱེད་བྱས་ན་ངོ་མ་རྨོངས་དད་ཀྱི་རུམ་དུ་ཞ་མི་ཉན་གསར་འབྱོར་བ་ཚོ། ཐོབ་ཐང་དང་འདྲ་མཉམ་རྩོད་རྒྱུ་དེ་འཛམ་གླིང་འདྲ་མཉམ་མེད་པའི་ས་ཁུལ་
ཚང་མ་ཡིན། དེ་རྩོད་མ་ནུས་སྡུག་གྱོང་རེད། བརྩད་ན་གཞུང་སེམས་མེད་པ་དང་མི་རིགས་ལ་རྒྱ་མེད་པ་མཚོན་མི་ཐུབ། མི་རིགས་དང་རྒྱལ་ཁབ་ལ་ལྷག་བསམ་དང་
ལ་རྒྱ་མེད་མཁན་ནི་གསར་རྙིང་དབྱེ་འབྱེད་བྱེད་མཁན་གྱི་བྱ་ངན་སྤེལ་མཁན་གྱི་མི་ངན་དེ་ཚོ་རེད།
འོ་རེད་རེད་ང་གོ་ཐོས་ལྟར་ན་ཨ་རི་ལ་བོད་མི་ལྔ་སྟོང་གཏོང་ཡ་དེའི་ཐད་ལ་གསར་འབྱོར་བའི་ཐོབ་ཐང་རག་ཁག་པོ་ཆགས་འགྲོ་ཡི་ཡོད་ས་རེད་བ།
དེང་སང་ནང་སྲིད་ལས་ཁང་ཀྱི་ནང་ནས་གཞིས་ཆགས་ཀྱི་ཐེམ་ཐོ་མེད་པ་ཡིན་ན་ཨ་རི་ཕར་ཆེར་གཏོང་ཡ་ཡིན་ས་མ་རེད་བ། ད་རེས་གཞིས་ཆགས་དང་གསར་འབྱོར་
གཉིས་བར་དབྱེ་འབྱེད་བྱས་ན་ངོ་མ་རྨོངས་དད་ཀྱི་རུམ་དུ་ཞ་མི་ཉན་གསར་འབྱོར་བ་ཚོ། ཐོབ་ཐང་དང་འདྲ་མཉམ་རྩོད་རྒྱུ་དེ་འཛམ་གླིང་འདྲ་མཉམ་མེད་པའི་ས་ཁུལ་
ཚང་མ་ཡིན། དེ་རྩོད་མ་ནུས་སྡུག་གྱོང་རེད། བརྩད་ན་གཞུང་སེམས་མེད་པ་དང་མི་རིགས་ལ་རྒྱ་མེད་པ་མཚོན་མི་ཐུབ། མི་རིགས་དང་རྒྱལ་ཁབ་ལ་ལྷག་བསམ་དང་
ལ་རྒྱ་མེད་མཁན་ནི་གསར་རྙིང་དབྱེ་འབྱེད་བྱེད་མཁན་གྱི་བྱ་ངན་སྤེལ་མཁན་གྱི་མི་ངན་དེ་ཚོ་རེད།
ཁྱི་རྒན་ལགས། དབུ་མ་ལམ་ལས་འགུལ་ཁང་གི་འགན་འཛིན་པ་ལྐོག་ཟ་རུལ་སུངས་ཟླ་བ་ཚེ་རིང་གིས་ཡུང་གླིང་སློབ་གྲྭ་ལྐོག་ཟ་བྱས་དུས་ཟམ་གདོང་བླ་མ་བཀའ་བློན་ཁྲི་པ་མ་རེད་པེ། ངས་ཁྱོད་ལ་ལབ་ཡོད་པ། དགོན་པའི་ལྕགས་རིའི་ནང་ནས་ཕྱི་ཡི་གནད་དོན་ཧ་གོ་གི་མ་རེད་ཟེར་བས་རྒྱུ་མཚན་འདི་འདྲ་རེད།་་་་ཧཧཧ
ཨོ་རེད་་་་ཁྱི་རྒན་ལགས་་་ང་ནི་ཉི་མ་གཅིག་ལའང་ངོ་རྒོལ་ཁྲོམ་སྐོར་ཙམ་ཡང་འགྲོ་མྱངས་པར་ཆགས་ཞོག ཟམ་གདོང་བླ་མ་མཆོག་ངོ་རྒོལ་ཁྲོམ་སྐོར་ཕེབས་མྱངས་ཡོད་རེད་པེ།་་ཧཧཧ ཏ་ལའི་བླ་མ་ངོ་རྒོལ་ཁྲོམ་སྐོར་ཕེབས་མྱངས་ཡོད་དམ།
བོད་དོན་འཐབ་རྩོད་འདི་ང་ལྟ་བུའི་བོད་མི་ཉམ་ཆུང་ཚོས་ངོ་རྒོལ་ཁྲོམ་སྐོར་བྱེད་དགོས་པའི་ལས་འགུལ་ཞིག་རེད་དམ།
ཨོ་རྒྱུན་རིག་འཛིན་ལགས་ཀྱིས་ཡག་པོ་གསུངས་སོང་། ཐུགས་རྗེ་ཆེ། ང་རང་ཚོས་ག་དུས་ཡིན་ནའང་ཉམ་ཆུང་རྒྱབ་ལང་བྱ་དགོས། ཉམ་ཆུང་རྡོག་རོལ་གཏོང་མཁན་གྱི་ཆོས་སྲིད་གང་ཡིན་ནའང་ཁ་གཏོད་ལང་རྐྱང་བྱ་དགོས།
ཅོ་རི་ཉི་མ་ལགས། ཟམ་གདོང་བླ་མ་དང་༧ གོང་ས་མཆོག་ཁྲོམ་སྐོར་ཕེབས་དགོས་པའི་སྐད་ཆ་བཤད་པ་དེ་་་་་་་་་་ དངོས་གནས་ཆེས་ཅོལ་ཆུང་གི་སྐད་ཆ་རང་རེད། ཟླ་བ་ཚེ་རིང་གི་སྐད་ཆ་དེ་རྙིང་པ་རེད། དེ་གོ་མ་མྱོང་མཁན་སུ་ཡོད་མདོག་ཁ་པོ་མ་རེད། གལ་སྲིད་དེ་ཡིན་དུ་ཆུག་ཀྱང་་་་་་་མི་རེ་གཉིས་ཡོང་སྲིད་པ་རེད། སྤྱི་ཚོགས་གཅིག་ཡིན་ཚར་དུས་ཚང་མ་དཀར་པོ་དཀར་རྐྱང་སྲིད་ཀྱི་མ་རེད། ཡིན་ནའང་བཟང་ངན་མང་ཉུང་འབྱེད་ཤེས་པ་དགོས་རེད།
ཁྱི་རྒན་ལགས། ཁྱོད་ཀྱིས་་་་ བཙན་བྱོལ་གཞུང་འདིའི་ལས་བྱེད་ཚོས་ལྐོག་ཟ་རུ་སུལ་པ་རེད་ཟེར་ན་ངོས་ལེན་རྩ་བ་ནས་མེད། བླ་མ་ཟམ་གདོང་ཚང་གི་ལོ་ངོ་ཉི་ཤུ་ཙམ་འགན་ཁུར་རིང་སྒོར་རྡོག་གཅིག་ཟོས་པའི་ཁུང་བཤད་ཡ་ཡོད་པས། དེས་བྱ་སྤུ་ནོན་བྱས་པའི་གཞུང་གི་ལས་བྱེད་ནང་ལྐོག་ཟ་ཟེར་བ་ཁག་པོ་རེད།ཅེས་གསུངས་ཡོད་པ་་་ཧཧ་་ ཟླ་ཚེ་ཆོས་ཅན་ཟེར་དུས་ཁས་ལེན་པ་རེད་་་ཧཧ
ཚར་གཅིག་བརྒྱབ་ཀྱི་ཡིན་ད།་་་་་ཚཚཚཚཚཚཚཚཚཚཚཚཚཚརརརརརརརར། ཟམ་གདོང་ཚང་གི་ལོ་ངི་ཉི་ཤུ་ཙམ་འགན་ཁུར་བའི་རིང་དུའང་ལྐོག་ཟ་རུལ་སུངས་ཡོད་པར་ཐལ། རྩ་བའི་དམ་བཅའ་ཚར་ཟེར་གྱི་ཡིན་ད་་་་ཧཧཧཧ
དོན་དངོས་པོའི་ཐོག་འཚེ་མེད་ཞི་བདེའི་དེད་དཔོན་ཆེན་པོ་གྷ་ལྡན་མཆོག་གིས་རྒྱ་གར་རང་བཙན་ལེན་དུས་ཀྱང་དབྱིགས་པ་བཙུགས་ནས་ངོ་རྒོལ་ཁྲོམ་སྐོར་ཕེབས་ཡོད་པར་ཙམ་ཡང་མི་ཤེས་སམ། གྷ་ལྡན་མཆོག་བྱབ་ཆུང་རེད་པེ།་་ཧཧཧ་བྱབ་ཆུང་སུ་ཡིན་ལོ་རྒྱུས་ཀྱིས་ཁ་གྲགས་འོང་གི་རེད་དོ།།
་་་་་་་་་་ ཨ་རིའི་གཞུང་གིས་རོགས་དངུལ་ཨ་སྒོར་ས་ཡ་མང་པོ་གསར་འབྱོར་བའི་མིང་ཐོག་ཏུ་སྤྲད་ཀྱི་ཡོད་རེད། འགྲོ་ས་སྡོད་ས་མེད་མཁན་གསར་འབྱོར་བ་རྣམས་ལ་རོགས་སྐྱོབ་མ་བྱེད་ན་འགྲིག་གི་མ་རེད། ་་་་་་་་་
དེ་འདྲ་ལྕགས་མགོ་ཞིག་འདུག་་་་་ སྤྱི་ཚོགས་ཞིག་ཡིན་ཚར་པའི་ཞུག་ལ་དཀར་པོ་དཀར་སེང་ངེ་ཡིན་པ་ལ་སུ་གཅིག་ཡིད་ཆེས་ཡོང་མི་སྲིད་པ་རེད། རེད་དེ་ང་ཚོའི་ཚོགས་དང་ལས་བྱེད་ཚོ་ལ་བལྟས་པ་ཡིན་ན་ཧ་ཅང་གི་བཟང་པོ་རེད། རྒྱལ་ཁབ་ཆེན་པོ་དང་ཉེན་རྟོག་པ་དམག་གི་སོགས་ཡོད་པ་གང་ཞིག་ལ་ལྐོག་ཟ་ལ་ཉེས་ཆད་སྲོག་ཁྲིམས་ཡོད་པ་དེ་ཚོའི་ནང་ལྐོག་ཟ་ཚད་མེད་བྱུང་བ་དང་བསྡུར་ན་ང་ཚོའི་ལས་བྱེད་ཚོ་རང་ཁྲིམས་རང་སྲུང་བྱེད་ནས་མ་བྱིན་ལེན་སྤངས་པའི་སྡོམ་ལྡན་རྐྱང་རེད་ཟེར་ནའང་ཐལ་དྲགས་མེད། བཤིབས་བསྡུར་གྱིས་ཡང་ལྕི་ཀྱག་དགོས་གལ་ཆེ།
གསར་འབྱོར་བ་དག་ལ་ཞུ་རྒྱུར། ང་ཚོ་ཁྱོད་ཚོ་ཟེར་ནས་རྩོད་ནས་མ་འདུག་རོགས། སྤྱི་ཚོགས་ལ་གནོད་པ་ལས་ཕན་ཐོགས་མེད།
ཨ་རིའི་གཞུང་གིས་བོད་མི་ལྔ་སྟོང་ལེན་རྒྱུའི་འཆར་གཞི་དེ་སྔོན་ནས་ཡོད་ཀྱང་ད་བར་དུ་ལྷག་སོང་བ་རེད། ཉེ་སྔོན་འདིའི་སྐོར་ལ་གྲོས་ཚོགས་སོགས་རིམ་པ་མང་བོར་བརྒྱུད་ནས་གྲོས་བསྡུར་གནང་ཡོད་ཚོད་ལ་ད་དུང་ཡང་ཐག་བཅད་ཚར་ཡོད་ས་མ་རེད། གང་ལྟར་ཡང་བོད་མི་མི་ཉུང་བ་ཞིག་ཏན་ཏན་ལེན་གི་ཡོད་པར་ཐག་གིས་ཆོད། གསར་འབྱོར་བ་དང་རྙིང་འབྱོར་བ་སུ་ཡིན་ཡང་ཨ་རིར་ཡོང་མི་འདོད་མཁན་མེད་པས་སྔ་ས་ནས་ཡིག་ཆ་དགོས་རིགས་གྲ་སྒྲིག་གང་ལེགས་བྱེད་དགོས་པ་རེད། བོད་མི་ལྔ་སྟོང་ནང་ལ་གསར་འབྱོར་བ་ཚོར་ས་མིག་ཏན་ཏན་ཡོད་རྒྱུ་རེད་དྲན་གི སྔོན་མ་ཁ་ན་ཀྲའི་གཞུང་གིས་བོད་མི་མང་བོ་བླངས་བའི་ནང་ལ་གསར་འབྱོར་མི་གཉིས་བརྒྱ་ལ་ས་མིག་རང་གཞུང་གིས་སྤྲད་ཡོད་ན་ད་རེས་མི་ལྔ་སྟོང་ནང་ལ་གསར་འབྱོར་བ་ཚོར་ས་མིག་ལོས་ཡོད། ད་ལྟ་ནས་ང་ཚོས་གང་བྱུང་ལབ་མ་བསྡད་ན་ཡག་གི་རེད་་་་་རྗེས་ནས་ལྟ་ཆོག་གི་རེད་པ་་་དྲིན་ཆེན་ཚོ།
ཅོ་རི་ཉི་མ། སྤྲོ་ཐུང་མ་བྱེད་དང་། གསར་འབྱོར་བའི་གཤིས་ཀ་དེ་ལྷང་ལ་མ་བུད་དང་། མ་གཞི་ཁྱོད་ཀྱི་བོད་ལ་དུང་སེམས་དེར་ཡི་རང་ཡོད། ཡིན་ནའང་ཁ་རྒྱག་ལ་ཚོད་མ་རེད། མི་ལོ་ ༡༦ ནས་ ༧༠ ལྷག་བར་ལོ་ངོ་དེ་སྙེད་བོད་མི་རིགས་ལ་དམར་རྐྱང་དུ་ཕུལ་བའི་བསྟན་འཛིན་རྒྱ་མཚོ་ཁྲོམ་སྐོར་མ་བྱས་པས་བྱབ་ཆུང་རེད་མདོག་མདོག་ཁ་རྒྱག་བཤད་སོང་། བོད་མིའི་སྒྲིག་འཛུག་གིས་བོད་མ་སྐྱོབ་པར་བོད་རམང་ནས་བཤིག་མཁན་ལྟ་བུ་ཞིག་ལ་བལྟས་སོང་། བུ་རང་འཇོན་ན་སྤྱི་འཐུས་དང་བཀའ་ཁྲིའི་འོས་ལ་ལང་ཏེ་གསར་འབྱོར་བདག་མེད་ཚོ་བདག་པོ་རྒྱོབས་དང་། མ་གཞི་ཁྱོད་ཀྱིས་”ཨ་རིའི་གཞུང་གིས་རོགས་དངུལ་ཨ་སྒོར་ས་ཡ་མང་པོ་གསར་འབྱོར་བའི་མིང་ཐོག་ཏུ་སྤྲད་ཀྱི་ཡོད་རེད། འགྲོ་ས་སྡོད་ས་མེད་མཁན་གསར་འབྱོར་བ་རྣམས་ལ་རོགས་སྐྱོབ་མ་བྱེད་ན་འགྲིག་གི་མ་རེད།”ཅེས་པའི་ཁུངས་ཟླ་དུས་ཚེས་གྲངས་འཁོད་པ་ཞིག་ཁ་བརྡ་འདིར་ཞོགས་དང་། དེ་འཇོག་རྒྱུ་མེད་ན་ཏྲེ་ཧོར་གྱི་ཀྲོག་ཀྲོག་ཙམ་ལས་ཁྱོད་ཀྱི་བཤད་པ་དག་ལ་ཡ་མེད་བྱ་རྒྱུ་ཡིན།
༄༅༎ཨ་རིའི་གྲོས་ཚོགས་ནས་བོད་མིའི་རིག་གཞུང་གཅེས་འཛིན་དང་སློབ་གསོའི་ལས་འཆར་ཁག་གི་ཐོག་འགྲོ་གྲོན་གཏོང་དམིགས་སུ་མཐུན་འགྱུར་རོགས་རམ་མུ་མཐུད་གནང་རྒྱུའི་གྲོས་ཆོད་བཞག་གནང་ཡོད་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གནས་ཚུལ་སྤྱི་བསྒྲགས་སྤེལ་བར་ལྟར་ན་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མིའི་ཆོས་དང་རིག་གཞུང་ངོ་བོ་སྲུང་སྐྱོབ་སླད་ཨ་རིའི་གཞུང་ནས་ལོ་མང་རིང་མཐུན་འགྱུར་སྦྱོར་སྤྲོད་གནང་གི་ཡོད་པ་དེ་དག་མུ་མཐུད་ནས་ཡོང་ཐབས་སུ་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚན་པའི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ནས་གྲོས་འཆར་བཏོན་པ་དང་དེ་ནས་རིམ་པས་གྲོས་ཚོགས་འོག་མའི་ནང་འདི་ཚེས་དགུ་ཉིན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་མང་མོས་ཐག་ཆོད་ཀྱི་གྲོས་ཆོད་བཞག་ཐུབ་པ་བྱུང་བ་དང་དེ་དང་ཕྱོགས་མཚུངས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་འབྲེལ་ཡོད་ཚོགས་ཆུང་ནས་ཀྱང་ཉིན་མོ་དེར་མོས་མཐུན་གནང་ཡོད་འདུག་ལ་རིང་མིན་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ནས་འདིའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད། གོང་དུ་ཞུས་པའི་གྲོས་ཆོད་དེ་ནི་དེ་སྔ་ཕྱི་ལོ་ཉིས་སྟོང་གཉིས་ལོར་ཨ་རིའི་གཞུང་ནས་བོད་ཀྱི་སྲིད་བྱུས་ཞེས་པའི་ཁྲིམས་གཞི་དེའི་མཇུག་སྐྱོང་དང་གོང་མཐོར་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་དང་དེའི་དོན་ཚན་གཙོ་བོའི་ཁོངས་སུ་རྒྱ་ནག་གཞུང་ནས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཀྱི་ཡན་ལག་ལས་ཁུངས་ཤིག་བཙུགས་ཐབས་དང་གལ་སྲིད་དེ་ལྟར་གནས་སྐབས་སྟབས་མ་འགྲིགས་ཚེ་པེ་ཅིང་ལ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་ནང་བོད་ཀྱི་གནད་དོན་ཐོག་རྟོག་ཞིབ་དང་མཐུན་འགྱུར་བྱེད་མཁན་ཞིག་ཆེད་ཚན་པ་ཞིག་འཛུགས་རྒྱུ་བོད་ཀྱི་ས་ཁུལ་ནང་ཡུན་གནས་ཐུབ་པའི་ཡར་རྒྱས་དང་རིག་གཞུང་གཅེས་འཛིན་གྱི་ལས་གཞི་ཁག་གི་ཐོག་རོགས་དངུལ་ཨ་སྒོར་ས་ཡ་བདུན་ལྷག་ཙམ་འཆར་རྩིས།སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ཚོའི་འཚོ་བའི་ཆེད་རོགས་དངུལ་ཨ་སྒོར་ས་ཡ་གཉིས།རྒྱ་གར་དང་བལ་ཡུལ་ནང་གི་གཞིས་ཆགས་ཁག་ནང་སློབ་གསོའི་ལས་དོན་དང་རང་བྱུང་སོ་ནམ་འདེབས་ལས་མཚོན་པས་འཛུགས་སྐྲུན་ལས་འཆར་ཁག་ཅིག་ཐོག་ས་ཡ་གཉིས་དང་ཕྱེད་ཀ་ཙམ་དང་དེ་དང་ཕྱོགས་མཚུངས་ཨ་རིའི་ནང་ཆེ་མཐོའི་སློབ་སྦྱོང་དུ་སློབ་ཡོན་རོགས་རམ་བཅས་ཀྱི་ཐོག་འགྲོ་གྲོན་གཏོང་དམིགས་སུ་རོགས་རམ་གནང་ཡོད་པ་རེད། ཡང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་དམིགས་བསལ་བོད་དོན་འབྲེལ་མཐུད་སྐུ་ཚབ་ལས་ཁུངས་ཆེད་དམིགས་ནས་སྔོན་རྩིས་བཅས་གང་ལྟར་བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་སླད་འགྲོ་གྲོན་གཏོང་དམིགས་སུ་མཐུན་འགྱུར་གནང་བ་དེ་ནི་གྲོས་ཚོགས་ནས་བོད་མི་ཚོས་རང་གི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་བྱེད་བཞིན་པའི་གནད་དོན་ལ་ཡིད་ཆེས་ཀྱིས་རྒྱབ་སྐྱོར་གནང་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཆོག་པ་རེད་ཅེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་ཡོད་ཀྲོདྲ་སེ་ཀྲེན་ནས་སྤྱི་བསྒྲགས་དེའི་ནང་བཀོད་ཡོད་འདུག
ཡང་ད་རེས་གྲོས་ཚོགས་ཀྱི་ཨ་རིའི་ཕྱི་སྲིད་ལས་དོན་ཐོག་འགྲོ་གྲོན་སྔོན་རྩིས་ནང་ཨ་རིའི་རྒྱང་སྲིང་རླུང་འཕྲིན་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ཀྱི་སྔོན་རྩིས་ཆ་ཚང་ཆོག་མཆན་སྤྲད་གནང་ཡོད་པ་རེད། གོང་ཞུས་གྲོས་ཆོད་དེ་བཞིན་རིམ་པས་གྲོས་ཚོགས་གོང་མའི་ནང་ཐག་ཆོད་བྱུང་མཚམས་སུ་ཨ་རིའི་སྲིད་འཛིན་ནས་མཐའ་མའི་ཆོག་མཆན་གནང་དགོས་ཀྱི་ཡོད་པ་ཞིག་ཡིན་པ་རེད༎
http://www.rfa.org/tibetan/sargyur/u-s-congress-advances-legislation-to-fund-programs-to-help-tibetans-inside-and-exile-07132009222522.html
མེ་དཀར་ལགས་མང་པོ་ཞིག་བཤད་མ་སྡོད། ཉེ་ཆར་ཁྱེད་ནས་བལ་པོའི་གཞུང་དེ་བོད་པ་ལ་དཀའ་དྲིན་ཆེ་རབས་མོང་པོར་གསུང་སོང། གསར་འབྱོར་ལ་ཆགས་བཞག་ན་བལ་པོ་དཀའ་དྲིན་ཆེན་པོ་གང་ཡང་མིན་ ད་དུང་གསར་འབྱོར་ཚོའི་ཆེད་དུ་རྒྱལ་སྤྱིའི་རོགས་དངུལ་དེ་ཚོ་བལ་པོའི་ཁྱི་སྤྱང་དེ་ཚོས་ག་ཚད་ལྕམ་ཚར་རེད་ གྲངས་ཀ་རྒྱབ་ན་ཨ་སྒོར་ས་ཡ་མོང་པོ་གསར་འབྱོར་ཚོའི་ཁ་ནས་བལ་པོས་ཕྲོག་ཚར་རེད་ གསར་འབྱོར་ལ་སྡུགས་པོར་དང་པོ་གཏོང་མཁན་དེ་བལ་གཞུང་རེད།
མེ་ཏོག་དཀར་པོ་ལགས།
སྐྱབས་བཅོལ་དུ་ཡོང་མཁན་བོད་མི་ཚོའི་འཚོ་བའི་ཆེད་རོགས་དངུལ་ཨ་སྒོར་ས་ཡ་གཉིས་ཡོད་ཅེས་པ་འདི་གསར་འབྱོར་བའི་འཚོ་རྟེན་གྱི་ཆེད་དུ་རེད།
ཉོན་ཨ་་་་་གསར་འབྱོར་བའི་འཚོ་རྟེན་གྱི་ཆེད་དུ་ཨ་སྒོར་ས་ཡ་གཉིས་ཙམ་རེ་སྤྲད་བསྡད་ཀྱི་ཡོད་པ་རྣམས་གསར་འབྱོར་བ་ཚོའི་ལག་ཏུ་སྤྲད་ཡོད་དང་མེད། གོང་གི་སྐད་ཆ་འདི་༢༠༠༩་ལོའི་སྐད་ཆ་ཞིག་རེད། ངོ་ཚ་མེད་པའི་ལྐོག་ཟ་རུལ་སུངས་དུར་འགྲོ་འདྲ་བའི་སྐུ་ངོ་ཚོས་ཟས་པ་རེད་དམ། ཉམ་ཐག་གསར་འབྱོར་བ་ཚོའི་ལག་ཏུ་སྤྲད་ཡོད་དམ། དྲི་བ་ཡིན། ཤེས་མཁན་འདྲ་ཡོད་ན་ལན་གནང་རོགས་བྱོས།།
ཨོ་རེད་་་་མེ་དཀར་ལགས། ལོ་གསུམ་གྱི་རྗེས་སུ་ང་བཀའ་ཁྲིའི་འོས་མི་ལང་ཆོག ཡིན་ཀྱང་དཀའ་ངལ་ཆེན་པོ་ཞིག་ཡོད། དེ་ནི་ང་ཅོ་རིའི་མི་ཚེ་འདི་ལ་པུས་མོ་ས་ལ་བཙུགས་ནས་མི་གཅིག་ལྷ་གཅིག་གི་མདུན་དུ་ཕྱག་མི་འཚལ་བའི་དམ་བཅའ་བརྟན་པོ་ཡོད། ང་ཅོ་རི་ཤི་སྲོག་ལ་ཐུག་ཀྱང་རྐང་ལག་བཞི་ཀ་ས་ལ་བཙུགས་ནས་ཁྱི་ལྟ་བུ་མི་བྱེད་ཐག་ཆོད་ཡིན། དེ་འདྲ་ཡིན་དུས་བཀའ་ཁྲིའི་དམ་འབུལ་ཉིན་མོར་ག་འདྲ་བྱ་དགོས་པ་རེད་དམ། ཧཧཧཧ
མེ་དཀར་ལགས།
ང་ནི།
ཏྲེ་ཧོར་ཁམས་པའི་མི་ཞིག་ཡིན།
སྲིད་པ་ཆགས་པའི་རྡོ་ཞིག་ཡིན།
རྡོ་ལ་འགྱུར་བ་བྱུང་ནའང།
སྐྱེ་བ་སྔོན་མའི་ལས་ཤིག་རེད། ་་་་སྔོན་མ་དུས་བབ་ནང་གི་ཟིན་བྲིས་ཀྱི་ངོ་སྤྲོད་འདི་འདྲ་ཞིག་བྲིས་མྱངས་ཡོད།
ཀྲོག་ཀྲོག་ཚ་པོ་མ་གསུངས།
ཏྲེ་ཧོར་ཁམས་པའི་སྲོལ་རེད།
ཁ་ཡ་མི་བྱེད་མ་གསུངས།
གངས་ཅན་བོད་ཀྱི་བུ་ཡིན།།་ཧཧཧ
ཁྱེད་རྣམ་པ་ཚོས་འདིར་ཚར་རེ་འདོད་དང་མ་ཎི་འདོན་པ་ལས་ཕན་ཐོགས་ཆེ་གི་རེད
དམངས་གཙོ་དམངས་གཙོ་ཟེར་ནས་རྔ་སྒོག་རྡུང་རྡུང་།
དམངས་ཀྱིས་རེ་འབོད་བྱེད་དུས་གཏོར་མ་གཡུག་གཡུག
རྒྱལ་གཅེས་དཔའ་བོ་ཟེར་ནས་སྒོ་ཁྱི་ཟུག་ཟུག
དཔའ་བོའི་ཁ་ཆེམས་སླེབས་དུས་ཁྱི་སྐྱག་གཡུག་གཡུག
སྐད་ཡིག་སྐད་ཡིག་ཟེར་ནས་ཤ་ཕོ་ངུ་ངུ་།
གཞུང་འབྲེལ་ཡིག་ཆ་འབྲི་དུས་ཡུ་མོར་འཛག་འཛག
ཤེས་ཡོན་ཤེས་ཡོན་ཟེར་ནས་བླ་མ་བསྟོད་བསྟོད།
ཤེས་ལྡན་མི་རེ་སླེབས་དུས་དགྲ་བོ་མཐོང་མཐོང་།།
རྒྱུ་འབྲས་རྒྱུ་འབྲས་ཟེར་ནས་རི་བོང་སྡོད་སྡོད།
སྤྱི་དངུལ་ལྐོག་ཟ་བྱེད་དུས་སྤྱང་ཀི་རྒྱུག་རྒྱུག
དྲང་བདེན་དྲང་བདེན་ཟེར་ནས་མདའ་མོ་འཕེན་འཕེན།
ཉམ་ཆུང་ཁྲིམས་ཀྱི་མདུན་དུ་གཞུ་མོ་བཀུག་བཀུག
མི་རིགས་ལ་རྒྱ་ཟེར་ནས་རྒྱ་གླིང་འབུད་འབུད།
རྒྱ་སྒོར་དམར་པོར་མཐོང་དུས་ལྷ་མོ་ཁྲམ་ཁྲམ།།
གཞི་ལུས་བོད་མི་ཟེར་ནས་སྙིང་དུང་འབོད་འབོད།
གཞི་ནས་བྱེས་སུ་སླེབས་དུས་མཆལ་མོར་གཡུག་གཡུག
རྒྱལ་གླུ་རྒྱལ་གླུ་ཟེར་ནས་ཆང་གླུ་ལེན་ལེན།
རྒྱལ་ཁབ་སླར་གསོ་བྱེད་དུས་ཆང་བཟི་འཁྱོར་འཁྱོར།།
ཆིག་སྒྲིལ་ཆིག་སྒྲིལ་ཟེར་ནས་བྱེ་མ་སྤུངས་སྤུངས།
ཆོལ་ཁ་ཆོས་ལུགས་ཐུག་དུས་རྩམ་སྐྱ་གཏོར་གཏོར།། གཉིད་ཡོང་རོགས་མ་བྱེད་ནས་བྲིས།
Last Updated ( 13 April 2012 )
གསར་རྙིང་གཉིས་ཀའི་ཚེ་སྲོག་གཅིག་པ་ཡིན་པས་རྩོད་པ་མེད་ན་ལེགས་ཤིང་ཁོ་གཉིས་ཀ་ཕན་ཚུན་ལ་བཀའ་དྲིན་ཆེན་པོ་རེད། ལྷག་པར་དུ་རྙིང་འབྱོར་པ་ཚོས་བཀའ་དྲིན་གྱིས་རྒྱ་གར་ལུང་པ་དེ་ལྟར་སྐྱོ་ཡང་གསར་འབྱོར་བ་ཚོ་གང་ཐུབ་ཀྱིས་རོགས་སྐྱོར་གནང་བར་བཀའ་དྲིན་ཞུ་འདོད་བྱུང་། དཀའ་ངལ་ཡོད་མཁན་ཡང་གཉིས་ཀར་ཡོད་པས་གཞུང་གིས་ལྕོགས་ན་གཉིས་ཀར་ལྟ་རྟོགས་གནང་ཐུབ་ན་བཀྲ་དྲིན་ཆེ། ལྷག་པར་དུ་ཡིག་ཆ་ཡི་དཀའ་ངལ་འཕྲད་མཁན་རྣམས་ལ་གཞུང་ངོས་ནས་རོགས་སྐྱོར་བྱེད་ཐུབ་ན་དེ་བས་ཐུགས་རྗེ་ལེགས་འབུལ་ཡོད། ལས་མེད་རྣམས་ལ་ལས་ཀ་སྤྲད་ཐུབ་ན་ཡག་ཅིང་། ལས་ཀ་མེད་མཁན་ཡང་གཞི་ཆགས་མཐའ་ཕྱིན་པའི་གྲས་ནས་ཡོད་པས་དེ་ལ་གཅིག་མཚུངས་ཡིན། ལྡི་ལི་ནས་གཞི་ཆགས་བུ་མོ་ལོ༢༥ཙམ་ཞིག་གིས་བོད་པའི་ཁྲོད་དུ་ཧིན་སྒོར་༥༠སློང་ཡང་། སྤྲད་མཁན་མེད་པ་ད་ལྟའང་དྲན་པས་སེམས་པ་ཧ་ཅང་སྐྱོ། རྒྱུ་མཚན་ནི། སྐབས་དེར་སྤྱི་ཚོགས་ཁྲོད་སྐྱོ་བོ་ཧ་ཅང་མང་ཞིང་དཔལ་འབྱོར་དཀོན་པའི་དེ་ཉིད་རྟོགས་པས་ཡིན། དེ་བཞིན་གཞི་ཆགས་བུ་མོ་གཉིས་དང་བུ་གཅིག་རྡ་སར་ལས་ཀར་འཚོལ་དུ་ཕྱིན་ཡང་། མ་རེག་པས་ལྡི་ལི་ལོག་པའི་དགོང་མོའི་སྤྱི་སྤྱོད་རླངས་འཁོར་དུ་མཉམ་སྡོད་བྱས་ཞིང་། བུ་མོ་གཅིག་གིས་ང་ལའང་ལས་ཀ་བྱེད་ས་ཨེ་ཡོད་ཅེས་སྐད་ཆ་དྲིས་བྱུང་། དགོང་ཟས་ཀྱི་གླ་ཆ་ཕྲན་གྱིས་སྤྲད་ཕྱིན་ཧ་ཅང་གི་ཐུགས་རྗེ་ལེགས་འབུལ་བྱས་སོང་། ཡང་གཞི་ཆགས་ཕོ་སར་གསུམ་རྡ་སར་སླེབས་ཤིང་སྒོར་མོ་ལ་སྲི་ཚགས་ཀྱིས་མགྲོན་ཁང་དུ་མ་བསྡད་པ་སྲང་ལམ་མྱུལ་བ་ངའི་གྲོགས་པོ་ཞིག་གིས་མཐོང་བས་ང་ལ་ལབ། ཁོས་དེ་རིང་གནམ་གཤིས་ཧ་ཅང་གྲང་བས་ཁོང་ཚོ་ངའི་ནང་ལ་ཁྲིད་ཡོང་ན་ཨེ་འགྲིག་ཅེས་བ། ངས་འགྲིག་དང་འགྲིག་ཟེར་བཞིན། ངེད་གཉིས་ཕྱི་ལ་ཐོན་ནས་ཁོང་ཚོ་བཙལ་ཡང་སོང་ཟིན་པས་མ་རྙེད། གསར་འབྱོར་བ་ལ་དཀའ་ངལ་མང་དུ་ཡོད་པ་རྩོམ་པ་པོས་གསུངས་བ་བཞིན་ཡིན་པས་དེ་དག་སེལ་ཐུབ་ན་ཧ་ཅང་ཡག་པོ་འདུག
བཙན་བྱོལ་སྒྲིག་འཛུག་གིས་ད་བར་གསར་འབྱོར་ཚོར་ཨ་སྒོར་ས་ཡ་གཉིས་བཏང་ཡོད་མ་རེད་དམ། ཡང་མ་བོད་འབྱོར་རེ་རེ་ལ་ཨ་སྒོར་ས་ཡ་གཉིས་རེ་ཐོབ་གི་ཡོད་རེད།
Tsering ཟེར་བ་བལ་གཞུང་གསར་འབྱོར་ལ་བཀའ་དྲིན་མི་ཆེ་ཟེར། ཁྱོད་བོད་ནས་ཡོང་དུས་ག་ནས་ཡོང་བ་ཡིན། བལ་པོའི་ས་ནས་ཡོང་ཡོད་ན་དེ་ག་རང་བཀའ་དྲིན་ཆེན་པོ་རེད། མ་གཞི་གསར་འབྱོར་འདི་ཚོ་ཅི་ཞིག་གི་སྡུག་ཡུས་རེད་དམ། ང་ལ་བྱས་མ་སོང་། རགས་མ་སོང་། ཐོབ་མ་སོང་རྐྱང་རྐྱང་ཤོད་གི་་འདུག གདན་འདྲེན་ཞུས་པའི་མགྲོན་པོ་ཡིན་ན་དེར་ཟད། གཞན་མ་འབོད་པའི་མགྲོན་པོ་ལ་ཞེ་པུ་ཞེ་པུ་ཐོབ་འོང་རྒྱུ་ཞིག་ཅི་ཡོད། ཅོ་རིས་སུད་སིའི་སྐྱབས་བཅ་གནས་སྟངས་ལ་དཔེ་བསྟན་ནས་བོད་མིའི་སྒྲིག་འཛུག་གིས་དེ་འདྲ་བྱེད་གི་མི་་འདུག་ཟེར། བོད་མིའི་སྒྲིག་འཛུག་ལ་དེ་འདྲའི་ཁ་ཐབས་ཡོད་ན་དངོས་གནས་དགའ་བ་བསྒོམ་དགོས་ཡ་རེད་དེ་དེ་འདྲ་མེད་པ་ཤེས་གསལ་རེད། དེས་ན་མེད་པ་ལ་འཁྱེར་ཤོག་དང་། ཤི་བ་ལ་ལོངས་ཤོག་ཟེར་ན་བཙན་གཏམ་རེད། སྤྱིར་བོད་མིའི་སྒྲིག་འཛུག་གིས་བོད་འབྱོར་དག་གར་བཞག་གང་བྱས་དེ་འདྲ་ཨ་ཡོད་ན་ཁྱོད་ཚོས་ལག་པ་བྲང་ལ་ཞོགས་ནས་བསམ་བློ་ཐོངས། ཚུལ་ཕྱོགས་རྒྱ་མི་དེ་རྒྱ་གར་གྱི་དགྲ་བོ་ཨང་ཀི་དང་པོའི་གྲས་སུ་ཡོད་པ་དང་། དེའི་མི་སེར་ཞིག་རྒྱ་གར་ལ་འོང་དུས་རང་བཞིན་གྱིས་དོགས་པ་དང་སོ་ཉུལ་བྱེད་གི་ཡོད་པ་བཤད་མ་དགོས་པ་རེད། དེ་ཡིན་དུས་རྒྱ་གར་ལ་བསྟུན་དགོས་རེད། རྒྱ་གར་ས་ཐོག་ཏུ་བོད་འབྱོར་ལ་གཞིས་ཆགས་གསར་པ་འམ་རྙིང་པ་ཞིག་ཏུ་བོད་འབྱོར་འཇོག་དགོས་ན་རྒྱ་གར་གཞུང་ལ་མ་བསྟུན་ནས་འཇོག་ཆོག་གི་རེད་དམ། རྒྱ་གར་གཞུང་ཡིན་ནའང་རྩ་ཁྲིམས་དང་འཁྲིལ་ནས་ལས་ཀ་ལས་རྒྱུ་ལས་རྒན་མོ་སེམས་བཟང་འདྲ་པོ་བྱེད་ཚོག་ཆོག་ཅིག་ག་ལ་ཡོད། དེས་ན་གསར་འབྱོར་བ་ཚོ་སྡུག་སྐད་འདོན་རྒྱུ་ཉུང་ཙམ་གནང་རོགས། བོད་མིའི་སྐྱིད་སྡུག་མཉམ་མྱོང་སྲིད་ན་རྒྱལ།།
བཙན་བྱོལ་བོད་གཞུང་གི་ལྟ་རྟོག་འོག་གསར་འབྱོར་ཚོ་ལ་ཐོབ་ཐང་མང་པོ་ཡོད། དཔེ་མཚོན་ཙམ་ཞུས་ན། གསོག་སྒར་སློབ་གྲྭ་ལྟོས་དང་། སློབ་གཉེར་གྱི་དུས་སྐབས་རྫོགས་ཟིན་པའི་མི་སྣ་ལོ་རྒན་ཚོར་དམིགས་བསལ་གྱིས་གཟིགས་ཏེ་སློབ་སྦྱོང་གི་གོ་སྐབས་སྤྲོད་ཀྱི་ཡོད་པ་རེད། གསར་འབྱོར་འཇོན་པོ་ཚོ་སློབ་གྲྭ་འདི་ནས་ཐོན་སྟེ་འཛམ་གླིང་གི་རྒྱལ་ཁབ་གང་ས་ན་ཡོད། གསར་འབྱོར་འཇོན་མེད་ཚོར་མེད་ཚོས་ཉིན་གཅིག་ལྟོ་བ་ཡང་བགྲེངས་ཀྱི་མེད། མི་ཚེ་གང་བོར་སུ་ཞིག་གིས་བདག་པོ་རྒྱག་གི་རེད། དཀའ་ལས་བྱོས་དང་འགྲིག་འགྲོ་གི་རེད། གསར་འབྱོར་ཚོ་ཡང་རྙིང་འབྱོར་ཆགས་ཀྱི་རེད། རྒྱན་འཛུགས་ཤོ་ཕན་བྱེད་མཁན་ཡང་གསར་འབྱོར་ཚོའི་ནང་ལ་མང་པོ་འདུག མཛུབ་མོ་གཅིག་ཕར་ལ་བཙུགས་དུས་མཛུབ་མོ་བཞི་ཡིས་རང་ལ་བཙུགས་འདུག་པ་མཁྱེན་དགོས་སོ།
བསམ་ཚུལ་བརྗོད་མཁན་ཚོས་ལེགས་ཉེས་གཉིས་ཕྱོགས་ནས་རང་རང་གི་འདོད་ཚུལ་བརྗོད་པར་བཀའ་དྲིན་ཆེ། མ་གཞི་སུ་ཡིན་ཡང་བསམ་ཚུལ་བརྗོད་སྐབས་དངོས་ཡོད་དང་ཁ་ཚ་དགོས་གཏུགས་བརྗོད་པར་ཤིན་ཏུ་ནས་གལ་ཆེན་ཡིན།
རེད་ང་བོད་ནས་ཡོང་དུས་ཤར་གངས་ལ་རྒྱུད་ནས་ཡོང་བ་ཡིན་ས་ཚམས་ཀྱི་ཉེས་རྟོག་པས་ང་ཚོ་མི་ཉི་ཤུ་རྩ་གཉིས་ཉིན་མཚན་གཉིས་ལ་ཆུ་ཐིག་པ་གཅིག་ཁ་ལ་མ་སྤྲོད་ནས་ཁང་ཆུང་གཅིག་གི་ནང་དུ་ར་ལུག་བཅུག་བཅུག་བྱས་སོང་མ་ཚད་དངོས་པོ་ཡོད་ཚད་ཕྲོག་ནས་མཐར་གློད་ཙམ་བྱུང་ དེ་ནས་གཟུང་སོ་སོའི་གོས་ལོག་གཙོང་ནས་ཟ་ཆས་ཉོས་ནས་ཡོང་བ་ཡིན་ དེ་འདྲའི་བྱ་སྤྱོད་ངན་རིགས་ལ་ཕྲན་ནས་དཀའ་དྲིན་ཆེ་རབས་ཞུ་མ་ཐུབ།
མེ་དཀར་ལགས། མི་ངན་ལྐོག་ཟ་རུལ་སུངས་ཀྱིས་ཁེངས་བའི་བཙན་བྱོལ་སྒྲིག་འཛུགས་དཔལ་འབྱོར་སྐྱོ་པོ་ཡིན་པའི་དབང་དུ་བཏང་ནའང་ཨ་རིའི་གཞུང་གི་གསར་འབྱོར་བ་ལ་འཚོ་རྟེན་གནང་བསྡད་པའི་སྒོར་མོ་ས་ཡའི་ནང་ནས་གསར་འབྱོར་བ་ཉམ་ཐག་ཚོའི་ལག་ཏུ་སྒོར་རྡོག་གཅིག་ཀྱང་མ་སྤྲད་ན་རྒྱུ་འབྲས་དང་ཅང་མཐུན་ཨེ་ཡོང་ངམ། ཡ་རབས་བཟང་སྤྱོད་ཟེར་ནས་མ་ཎི་འདོན་འདོན་བྱས་བསྡད་འདི་ཚོས་ཁ་བཤད་དང་ཅང་མཐུན་ཨེ་འོང་ངམ།
རང་མི་ཉམ་ཐག་སྐྱོབ་དགོས་དུས་མེད་རབས་དང་མུ་རབས་བཤད་འོང་གི་རེད། མིང་གྲགས་ཀྱིས་ཆེད་དུ་སྟོབས་ཆེན་མཇར་མན་ནི་དང་རྒྱ་གར་སོགས་ལ་རོགས་དངུལ་སྤྲད་ཀྱི་ཡོད་པ།
ད་དུང་དེའི་གོང་དུ་གསར་འབྱོར་བས་མ་འཇོན་མདོག་མདོག་བཤད། གསར་འབྱོར་བ་ལ་ཆགས་ས་བརྟེན་ས་ཤིག་མེད་དུས་འཁྱམ་པོ་ཡིན་མདོག་མདོག་བཤད། ང་ལའང་འཁྱམ་པོ་ཅེས་དྲ་ཐོག་ཏུ་ཁ་རྡུང་བཏང་མཁན་མང་པོ་བསླེབས་མྱངས་ཡོད།་་་ཧཧ
བཤད་ན་མང་པོ་བཤད་ཀྱི་ཡོད་ཀྱང་དེ་ལས་བཤད་ཀྱི་མིན། ཁྱོད་ཀྱི་ཁ་ཚིག་ལ་བལྟས་ན་མདའ་མོ་འཕེན་འདོད་མིན་པར་གཞུ་མོ་བཅག་འདོད་ཡིན་པའི་ཟོལ་འདུག
ཨོ་ཧཧཧ་་་་མེ་དཀར་ལགས། ཚུར་ཕྱོགས་རྒྱ་གར་བས་རྒྱ་དམར་པོ་དགྲ་བོ་ཨང་ཀི་དང་པོ་ལ་བརྩི་ཡི་ཡོད་ནའང་ཅང་སྐྲག་ཤེས་དང་བརྩི་ཤེས་མེད། རྒྱ་གར་ལུང་པའི་ནང་དུ་དར་དམར་གནམ་ལ་འཕྱར་བ་དང་རྒྱ་གུན་ཁྲན་གྱི་ཁྲིམས་ཁུར་གྱི་ཡིན་ཟེར་གྱི་ཡོད་པ། ཧཧཧཧཧཧཧཧཧཧཧཧ ངས་སྔོན་མ་ནས་ལབ་མྱངས་ཡོད། རྒྱ་དཀར་ནག་གཉིས་དམག་འཁྲུག་སྡུག་སྐྱ་ཞིག་ལང་སོང་ན་དེ་དུས་དབུ་མའི་ལམ་པ་ཚོ་ལ་འགྲོ་ས་འདུག་ས་མེད་པ་ཞིག་ཆགས་འོང་གི་རེད་ཅེས་བཤད་ཡོད་དོ།། རྒྱ་གར་གཞུང་གིས་རྒྱ་ནག་གཅིག་ཅེས་པའི་སྲིད་ཇུས་ལ་ད་ལོ་ངོས་ལེན་བྱས་མེད་པ།་་་་ཧཧཧཧཧ རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།
མེ་དཀར་ལགས། ཁྱེད་ཀྱིས་་་་ ༼གསར་འབྱོར་བའི་གཤིས་ཀ་དེ་ལྷང་ལ་མ་བུད་དང་༽།ཞེས་བཤད་འདུག གནད་དོན་འདིའི་ཐོག་ཏུ་བསམ་བློ་མང་པོ་འཁོར་བྱུང་། ངས་བསམ་ཚུལ་བྱས་ན་གསར་འབྱོར་བའི་གཤིས་ཀ་འདི་བོད་མིའི་གཤིས་ཀ་རེད། གཤིས་ཀ་འདི་ནི་ཁྲུས་ན་མ་དག་པའི་བོད་བཙན་པོའི་མི་རིགས་ཀྱི་གཤིས་ཀ་རེད།
ང་ཅོ་རི་མི་ལོ་ཉིས་ཤུ་རྩ་ལྔ་རྒྱལ་ཁབ་འདྲ་མིན་གྱི་ནང་དུ་མི་ཚེ་བསྐྱེལ་ཀྱང་ཁྲུས་ན་མ་དག་པའི་བོད་མི་རིགས་ཀྱི་གཤིས་ཀ་འདི་ལྷག་བསྡད་ཡོད་པར་འདྲ། ངས་བོད་ཀྱི་སྐད་ཡིག་བརྗེད་མེད་ལ་བོད་མིའི་གཤིས་ཀ་འགྱུར་མེད། དེར་བརྟེན་ཏྲེ་ཧོར་ཁམས་པའི་མི་ཡིན། སྲིད་པ་ཆགས་པའི་རྡོ་ཡིན་ཟེར་གྱི་ཡོད་ད།ཧཧ
ཨ་ཆ་ཨ་ཆ་ཟེར་ནས་མགོ་གཡུགས་གཡུགས་བྱེད་མཁན་འདི་ཚོའི་གཤིག་ཀ་དེ་ལ་ང་ཅོ་རི་རྩ་བ་ནས་དགའ་པོ་མེད། མཐོང་ཡོང་དུས་མྱི་སླ་པོ་འདྲ་ཞིག་དང་རྒྱ་གར་བའི་གཤིས་ཀ་མ་བྷིན་འདྲ་ཞིག་མཐོང་གི་ཡོད། ཁ་ནས་རང་སྐད་བརླགས། ཁོག་ནས་གཤིས་ཀ་བརླགས་ཚར་དུས་ང་བོད་ཡིན་ཞེས་འབོད་བསྡད་ནའང་དོན་དངོས་པོའི་ཐོག་ནས་ཚར་ཚར་ལེ་རེད་་་་ཁོ་རེ། ཁྱོད་ཀྱིས་ང་ཅོ་རི་གསར་འབྱོར་བའི་གཤིས་ཀ་འདུག་གསུངས་པར་དགའ་པོ་བྱུང་། སྤོབས་པ་སྐྱེས་བྱུང་། ཐུགས་རྗེ་ཆེ། ཡིན་ནའང་གསར་འབྱོར་བའི་བློ་ཁོག་དེར་ཏོག་ཙམ་ཉམས་ཚར་འདུག་་་་ཧཧཧ
ཕན་མ་ཐོགས་ན་ཁ་ནང་གི་སོ་ཡང་ཕུད་རྒྱུ་ལས་ཨ་ཕའི་ཁ་ཕོར་གཙང་འཛིན་དང་ལི་ལིའི་རྟུག་པ་གསེར་དུ་སྒོམ་པས་ཅི་ཕན། ཚིག་མཐོ་དམ་་ཞིག་ལ་གྲི་འགོ་འཕུར་ནས་ཧུན་ཧུན་དང་ཧུན་ཧུན་ཟེར་བ་འདི་བོད་པའི་གཤིས་ཀ་ཡི་་ནའང་འདྲ་རྒྱ་གར་བའི་གཤིས་ཀ་ཡི་་ནའང་མི་དགོས་རྒྱུ་གཅིག་རེད། འདི་འདྲ་བོད་པའི་གཤིས་ཀ་སྟོན་ནས་ st gallan ན་བོད་པ་ཞིག་ལོ་གསུམ་གཙོན་དུ་བཅུག་པ་དྲན་གི་མིན་འདུག་གེ སྤྱིར་དགའ་མི་དགའ་ཟེར་བ་སོ་སོའི་བསམ་བློ་གཏོང་ཕྱོགས་རེད་ལ། དེ་ལ་སུས་ཀྱང་བཀག་འགོག་བྱེད་མི་ཐུབ། ཁྱི་རྒན་སྐྱག་ལ་ཞིམ་ཞིམ་དུ་ཟ་བ་ཡང་ཁོས་སྐྱག་པ་ལ་དགའ་ནས་རེད། དེ་བས་ཅོ་རི་ཁྱོད་ཀྱིས་ཨ་ཆ་ཨ་ཆ་ཟེར་ནས་གུ་ཡངས་བསམ་ཤེས་ཀྱིས་གཤིས་ཀ་ལ་ཁྱོན་ནས་མ་དགའ་ནའང་ཨུ་ཚུགས་ཀྱིས་དགའ་དགོས་ཟེར་མི་ཐུབ་སྟེ། འུག་ལ་ལ་ཉིན་མོའི་ཁྱད་ཆོས་བརྗོད་ནའང་དཀའ་ལས་ཁག་རོགས་རེད། ཡ་གྲོགས་པོ། གོང་དུ་ཨ་སྒོར་ས་ཡ་གཉིས་ཀྱི་སྐོར་ལ་ང་ལ་ཁུངས་ལུང་གང་ཡང་ཤོད་རྒྱུ་མེད་པས་ཅི་སྟེ་ཁྱོད་ལ་དེའི་སྐོར་གསལ་ཙམ་དང་ཁུངས་དག་ཙམ་ཡོད་ན་བོད་མིའི་སྒྲིག་འཛུག་གི་ཁྲིམས་ཁང་མཐོ་ཤོས་ལ་ཁྲིམས་བཏུག་གནང་ན་ལེགས་པ་ངའི་བསམ་འཆར་ཡིན། རྡ་སའི་སྒྲིག་འཛུག་འདི་ལེགས་རུང་ཉེས་རུང་མང་གཙོའི་འགྲོ ལུགས་ཀྱི་སྒྲིག་འཛུག་ཅིག་རེད། ཁྱོད་ཀྱང་དཀྲུས་ན་མ་དག་པའི་བོད་པ་ཞིག་ཡིན་དུས་ངུ་སྐད་གཅིག་པུ་མ་རྒྱག་པར་འགྲོ་ལུགས་དང་མཐུན་པའི་ཁྲིམས་གཏུག་གནང་རོགས། འདི་འདྲའི་དངུལ་འབོར་ཆེན་གར་བཏང་འདི་འགྲོ མེད་པ་སོང་ཡོད་ན་ཡག་པོ་གཏན་ནས་མ་རེད། སྒྲིག་འཛུག་ནང་གི་མི་ཁ་ཅིག་ཡག་པོ་མེད་ནའང་ཁྱོད་ཀྱིས་གསར་འབྱོར་ཡག་པོ མེད་ནའང་བོད་པ་རང་རེད་ཟེར་བ་ལྟར་ཁོང་ཚོའང་བོད་པ་རང་རེད། དེ་ཡིན་དུས་དཔྱོད་ལྡན་ཁྱོད་ཀྱིས་ངས་གཞུ་གཅོག་འདོད་མིན་པར་མདའ་འཕང་བའི་ཚུལ་ཧ་གོ་བའི་རེ་བ་ཡོད།
ཅོ་རིའི་གཤིས་དེ་གནའ་མི་བོད་ཀྱི་རྒད་པོའི་གཤིས།།
མེ་དཀར་གཤིས་དེ་སར་དྷི་བྷ་བྷ་ནག་ལྡང་གཤིས།།
ལྕགས་དང་རྡོ་ལས་གྲུབ་པའི་ཁྱེད་གཉིས་གཤིས་ཀ་དེ།།
ལོ་ངོ་དགུ་ལ་གླེང་ཡང་བཅོས་ཐབས་ཅི་ཞི་ཡོད།།
རྒྱ་གར་གཞུང་གིས་རྒྱ་ནག་གཅིག་ཅེས་པའི་སྲིད་ཇུས་ལ་རྒྱབ་སྐྱོར་མ་བྱས་ན་དེ་ལས་ཡག་པ་ག་ན་ཡོད། ཡིན་ནའང་ངས་ནི་དེ་རིང་མ་གཏོགས་མ་ཐོས། གལ་ཏེ་བདེན་ན་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུ་འོས།
གསར་འབྱར་ཚོར་དཀའ་ཡོད་པ་བདེན་པ་རེད་ལ་མགོ་བདེ་དྲན་འཕྲུལ་ཅན་ཡང་མང་པོ་ཡོད་རེད། དེ་བཞིན་བོད་གཞུང་ངོས་ནས་ཀྱང་གསར་འབྱོར་བ་ལ་ཐུགས་ཁུར་འགན་ལེན་ཡང་མེད་པ་གསལ་པོ་རེད། ད་སོ་སོ་རང་མགོ་གང་ཐོན་བྱས་ནས་འགྲོ་རྒྱུ་ལས་ལྷག་ཡོད་མ་རེད། དེ་བྱས་དུས་མཐའ་མ་དེར་རྒྱ་མིའི་འདོད་དོན་འགྲུབ་ངེས་རེད། སེམས་སྐྱོ་བ་ལ་་་་་་་་་་ །
བསོད་ནམས། སེམས་མ་སྐྱོ། བཀའ་ཁྲིའི་ལྟ་བའི་སྒྲོམ་གཞི་ནང་ནས་གཅིག་”རང་མགོ་གང་འཐོན”རེད་ད།
ཨཽ་གྲོགས་མཆོག་ཚོ། བདག་གིས་བྲིས་པའི་རྩོམ་ཡིག་དེ་ལ་འདི་ལྟར་དོ་སྣང་བྱས་པར་ཐུགས་རྗེ་ཆེ། སྤྱི་ཚོགས་ཀྱི་ཆེད་དུ་བྲིས་པའི་རྩོམ་ཡིག་གང་ཡིན་ཡང་འདི་ལྟར་དོ་སྣང་ཡོང་བའི་རེ་བ་ཡོད།བཀའ་དྲིན་ཆེ།