གཞུང་པ་ཚེ་དབང་བསོད་ནམས།
དེ་སྔ་རྒྱལ་པོའི་དུས་རབས་སྐབས་གཞུང་ཟེར་བའི་ཐ་སྙད་ ༼ Government ༽ དེ་མེད་པ་རྒྱལ་པོའི་རིང་ལུགས་ ༼ Monarchy System ༽ ཡང་ན་རྒྱལ་པོའི་དུས་རབས་ ༼ Monarchy’s Period ༽ ལས་གཞུང་ཟེར་བའི་ཐ་སྙད་དེ་མེད་པ་དང་། སྤྱི་ཚོགས་ཀྱི་འཕེལ་རིམ་བརྒྱུད་ནས་ཆབ་སྲིད་ཀྱིས་ལམ་ལུགས་ལ་འགྱུར་བ་ཕྱིན་ནས་རྒྱལ་པོའི་རིང་ལུགས་འཇུག་བསྡུས་ནས་མང་གཙོའི་ལམ་ལུགས་དང་། དམར་པོའི་ལམ་ལུགས། སྤྱི་ཚོགས་རིང་ལུགས་སོགས་དར་ནས་གཞུང་ཟེར་བའི་ཐ་སྙད་འདི་གཞི་ནས་དར་བ་ནི་མང་གཙོའི་གཞུང་། དམར་པོའི་གཞུང་། སྤྱི་ཚོགས་རིང་ལུགས་ཀྱི་གཞུང་སོགས་དང་། གཞུང་ཟེར་བའི་ཐ་སྙད་དེ་ཐོབ་པ་ལ་ཆ་རྐྱེན་འདི་དག་ཚང་དགོས་པ་ནི། ༡ མི་གི་སྤྱི་ཚོགས་ཞིག་དགོས་པ། ༼ Population ༽ ༢ སྤྱི་ཚོགས་སྐྱོང་མཁན་གྱི་འགོ་ཁྲིད་དགོས་པ། ༼ Head ༽ ༣ སྤྱི་ཚོགས་དེ་ལ་དབང་བའི་ས་ཆ་དགོས་པ། ༼ Territory ༽ བཅས་དེ་གསུམ་ཡོད་ན་གཞུང་ཟེར་བའི་ཐ་སྙད་དེ་བེད་སྤྱོད་བྱེད་ཆོག་པ་དང་། ང་ཚོ་བོད་མི་བཙན་བྱོལ་བ་ཚོར། ༡ མི་འབོར་ཡོད་པ། Population ༢ འགོ་ཁྲིད་ཡོད་པ། Head ༣ ས་ཆ་མེད་པ་ནས་མིའི་ལུང་པར་སྐྱབས་བཅོལ་ནས་བསྡད་ཡོད་པ་ནས་གཞུང་ཟེར་བའི་ཐ་སྙད་དེ་ཐོབ་ཐང་མེད་པ་ནས་དབུས་བོད་མིའི་སྒྲིག་འཛུགས། ༼ Centre Tibetan Administration ༽ CTA ཐ་སྙད་འདིའི་འོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་ཡོངས་རྫོགས་འགྲུབ་དགོས་པ་དང་། གཉིས་ནས་ང་ཚོ་རྒྱ་གར་ལུང་པའི་ནང་བཙན་བྱོལ་གྱི་སྒྲིག་འཛུགས་བྱས་ནས་བསྡད་ཡོད་པ་ནས་ལུང་པ་གཅིག་གི་ནང་གཞུང་གཉིས་ཡོང་ཐབས་མེད་པ་ནས་གོང་རིམ་གྱི་རྒྱུ་ཚན་དང་ཆབ་སྲིད་ཀྱི་གནད་འགག་སོགས་ལ་བརྟེན་ནས་ང་ཚོའི་གནས་བབ་དང་བསྟུན་ནས་ང་ཚོར་འོས་ཤིང་འཚམས་པ་དེ་ ༼དབུས་བོད་མིའི་སྒྲིག་འཛུགས་༽ CTA ཟེར་བའི་ཐ་སྙད་འདིའི་འོག་ནས་ང་ཚོའི་ལས་དོན་ཡོངས་རྫོགས་འགྲུབ་ཐུབ་པའི་ཁྲིམས་མཐུན་གྱིས་ནུས་པ་ཆ་ཚང་ཡོད་པར་ངོས་འཛིན་ཡང་ཞུ་གི་ཡོད།