གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༧ པ་ལ་བགྲོ་གླེང་། Posted on 2013-09-192013-09-21 By ཁ་བརྡ་ 87 Comments on གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༧ པ་ལ་བགྲོ་གླེང་། གསར་འགྱུར།
མི་སུམ་ཅུ་བསམ་པ་སུམ་ཅུ་ཡིན་པ་ལྟར་གླེང་རྙོག་དང་སྐད་ཆ་མང་དུ་འགྲོ་གཞི་ལས་གཞན་མི་འདུག་སྟབས། ཆེས་ཡག་ཤོས་དང་གཞི་རྩ་ཆེ་ཤོས་དེ་ལ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་རང་འགུལ་ངང་རྩ་དགོངས་ཞུ་བའམ། ཡང་ན་མི་མང་གིས་རྩ་དགོངས་ཞུ་འཇུག་པའི་འབོད་སྐུལ་ཞུས་ན་ཡག་པོ་རེད་བསམ་ཡོང་།
གལ་ཏེ་དོ་བདག་གིས་དམ་ཚིག་གཙང་མས་རང་སྐྱོན་ངོས་ལེན་དང་བཤགས་སྡོམ་མ་གནང་ཚེ། གྲོས་ཚོགས་ཀྱིས་༸གོང་ས་མཆོག་ལ་དགོངས་གསོལ་ཞུ་ཐབས་མེད་ལ་ཞུ་མི་ཤེས་པ་ཞིག་རེད། རྒྱུ་མཚན་དེ་གྲོས་ཚོགས་ཀྱི་ནོར་འཁྲུལ་མིན་པར་འཐུས་མི་བྱེ་བྲག་པ་ཞིག་གི་སྒེར་སྐྱོན་ཡིན་པས་སོ།། གྲོས་ཚོགས་ཀྱིས་གནང་དགོས་པ་དེ་གྲོས་ཚོགས་རང་གི་འཐུས་མི་ལ་འགན་ཁུར་ནས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་རེད། གལ་ཏེ་ཁྲིམས་ནང་ན་གནད་དོན་དེ་རིགས་སྐོར་མེད་ན་དོན་ཚན་གསར་བ་ཁ་སྣོན་གནང་དགོས་པ་རེད། དེ་མི་གཅིག་གཉིས་ཤིག་གི་རྐྱེན་གྱིས་བྱུང་ན་ཡང་དེས་མ་འོངས་པར་ཡང་དགོས་ཕན་ཆེ་བ་ཡོད།
ཚོགས་གཙོ་ཟུར་བ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་དོ་བདག་གི་སྐྱོན་གནད་ལ་འཁེལ་བའི་དགོངས་ཚུལ་གསལ་འདོན་གནང་ཐུབ་སོང་བས་དགའ་བོ་བྱུང།
བོད་(བོད་རྒྱལ་ཁབ་་དང་བོད་ཀྱི་འཐབ་རྩོད་)དང་༧གོང་ས་མཆོག་གཉིས་ལས་གང་གཙོ་བོ་རེད་དམ། ང་ནི་ཡོངས་སུ་ཐོམ་སོང་།
“བོད་ལ་དྲིན་དུ་བྱས་ཀྱང་དྲིན་མི་ཚོར།” ཞེས་གུ་རུ་རིན་པོ་ཆེས་གསུངས་པ་ལྟར། ཡིད་བཞིན་ནོར་བུ་ཐུགས་ཕམ་པ་ཡང་དེ་ག་རང་ཡིན་པ་ལས། གང་ཟག་གཅིག་དང་སྐུ་སྒེར་གྱི་ཆེད་དུ་ག་ལ་ཡིན། གཞན་ཞིག་ནས་བསམ་ན་བགྲེས་ཡོལ་ལ་ཕེབས་པ་དེ་ཡང་གོང་གསལ་དོན་འདི་དང་འབྲེལ་བ་ཡོད་པ་རེད། ཚང་མས་ད་དུང་བསམ་བློ་གཏོང་དགོས་པ་དང་ཧ་གོ་དགོས་པ་ཞིག་ལ། བོད་དོན་ལ་བཀའ་དྲིན་ཅན་དང་ལྷག་བསམ་ཅན་མི་ཉུང་བ་ཞིག་གི་སེམས་ཤུགས་ཆག་གིན་ཡོད།
ཚོགས་གཙོ་མཆོག་ནས་༸གོང་ས་མཆོག་ལྷན་བཞུགས་མོལ་ཚོགས་འདུ་གནང་ཚུལ་གྱི་གོ་རིམ་ཇི་བཞིན་གནད་འགག་དེ་རིགས་མདོར་བསྡུས་བྱས་གསུངས་པས་ཕན་ཐོགས་བྱུང། ལོག་བཤད་འུར་བསྒྲགས་བརྒྱུད་ལམ་ཀུན་ཏུ་ཚར་ནས་ཡུན་རིང་འགོར་རྗེས་སྔོན་མའི་སྐད་ཆ་དག་ཕྱིར་འཐེན་བྱས་པ་ཞིག་ཡིན་ཞེས་རང་ཉིད་དཀར་པོ་བཟོ་ཐབས་མེད། ཆགས་ཐབས་ཀྱང་མེད། དེ་ལས་རང་གིས་ནོར་འཁྲུལ་ངོས་ལེན་གྱིས་དགོངས་དག་ཞུས་ནས་འབྱུར་འགྱུར་ལམ་ནོར་ལྡོག་ཤེས་བྱས་ན་མི་བཟང་པོ་ཆགས་ཐུབ།
དོན་དག་འདི་ཚོར་བ་སྐྱེན་པོ་(Sensitive Issue )ཡོད་ས་ཞིག་ལ་ཐུག་པ་རེད། དཔེར་ན་མི་ཞིག་གིས་ང་ལ་ངའི་ཨ་མའི་སྐྱོན་བཤད་ན་དེ་ནི་ང་ལ་ཚོར་བ་སྐྱེན་པོ་ཡོད་པའི་དོན་ཞིག་རེད། ཡང་བོད་ཀྱི་བཤད་སྲོལ་ལ་ན་ས་དང་ཚ་ས་ལ་རེག་ཐུག་བྱས་པ་ཟེར། སེམས་ན་ས་དང་སེམས་ཚ་ས་ལ་རེག་ཐུག་བྱས་ན་ཚོར་བ་འཕྱུར་ངེས་རེད། བོད་ལ་མཚོན་ན་སེམས་ན་ས་དང་གཟུགས་པོ་ཚ་ས་ཞིག་ཡོད་པ་ནི་རྒྱལ་བ་ཡིད་བཞིན་ནོར་བུ་རེད། རྒྱལ་བ་ཡིད་བཞིན་ནོར་བུ་ཐུགས་ཕམ་པ་འདི་བཟོད་ཐུབ་མཁན་གྱི་བོད་མི་ཞིག་འཇིག་རྟེན་གོ་ལའི་སྟེང་ལ་ཡོད་མ་རེད། འདི་ཕལ་ཆེར་ངོ་སྤྲོད་དགོས་པའི་དོན་དག་ཅིག་མ་རེད། བོད་མི་ཚང་མས་གནད་དོན་ཤེས་བཞིན་ཡོད་ཅིང་། གནད་དོན་འདི་སྒྲུབ་བཞིན་ཡོད། འདི་ལ་དབྱེ་བ་འབྱེད་རྒྱུའང་ཡོད་མ་རེད། ང་༧རྒྱལ་བ་རིན་པོ་ཆེ་ལ་དགའ་ཞིང་དད་པའི་གྲས་ཡིན་ལ་ཁྱོད་རྒྱལ་བ་རིན་པོ་ཆེ་ལ་མི་དགའ་མི་དད་པའི་གྲས་རེད་ཟེར་ནས་དབྱེ་བ་འབྱེད་རྒྱུ་ཞིག་ཡོད་མ་རེད། ད་དུང་ཁྱོད་རྒྱལ་བ་རིན་པོ་ཆེ་ལ་མི་དགའ་མཁན་གྱི་མི་རེད་ཅེས་ཚོགས་འདུ་འཚོགས་ནས་འཐབ་རྩོད་བྱེད་པ་ནི་ང་དྲན་པ་འཐོར་བྱད་ཅིག་རེད། ང་ཀརྨ་ཆོས་འཕེལ་ལ་དགའ་མཁན་ཞིག་མིན། ཐེངས་འདིའི་ལྟད་མོ་ལ་བལྟ་སྐབས་ང་ཁོ་ལ་སྙིང་རྗེ་ཞིག་སྐྱེས་ཐལ། འདི་ནི་མི་སུམ་ཅུས་ཁོ་ལ་འཐབ་རྩོད་ཚ་ཚ་འུར་འུར་བྱེད་བཞིན་པ་འདྲ་ཞིག་ཏུ་མཐོང་སོང་། བརྙན་འཕྲིན་ནང་ཁོའི་གདོང་པ་ལ་ལྟ་དུས་མི་འདིས་རང་ཤི་བརྒྱབ་མི་ཡོང་ངམ་བསམས་ནས་དངངས་སྐྲག་ཅིག་ཀྱང་སྐྱེས་ཐལ།
ཁ་སང་དེ་རིང་ཨ་མི་རི་ཀ་ན་སིར་རི་ཡའི་རྙོག་དྲ་དང་། གཞུང་སྒོ་རྒྱག་སྲིད་པའི་རྙོག་དྲ། ཨི་རན་གྱི་རྙོག་དྲ། མི་གསོད་ཀྱི་དོན་རྐྱེན་དེ་འདྲ་མང་པོ་འདུག མི་དམངས་ཀྱི་དོ་སྣང་དང་གསར་འགྱུར་དེའི་ཐོག་ཤོར་ན་སྲིད་འཛིན་ཨོ་བྷ་མས་རྩ་དོན་ཆེ་གྲས་དག་ལ་ལས་ཀ་བྱེད་ཐུབ་ཀྱི་མིན་ཚོད་དཔག་བྱེད་ཀྱིན་འདུག ང་ཚོའི་གཞུང་གིས་དགའ་བཞིན་སྤྲོ་བཞིན་གནད་དོན་འདི་སྤོབས་པ་ཆེན་པོས་གླེང་སློང་བྱས་པ་དེས་བོད་ནང་གི་རང་སྲེག་དང་འབྲེལ་ནས་རྡོག་རྩ་གཅིག་སྒྲིལ་ཆེན་པོ་ཞིག་བྱུང་ཡོད་པ་དེ་འཕྲོ་བརླག་ལ་བཏང་བ་རེད། ཀརྨ་ཆོས་འཕེལ་གྱིས་ལྷ་དགོངས་དཀྲུགས་པའི་གནས་ཚུལ་དང་། གཞུང་གི་མགོ་འཁྲིད་དག་གིས་རྩ་དོན་ཐོག་འཁྲབ་མ་ཐུབ་ནས་༧རྒྱལ་བ་ཐུགས་ཕམ་བྱུང་བ་གཉིས་ཀྱི་ནང་ནས་གང་ཞིག་ཉེན་ཁ་ཆེ་བ་རེད།
གང་ལྟར་སྤྱི་འཐུས་རྣམས་པས་ཚོར་བ་ཆེན་པོའི་ཐོག་ནས་ཡག་པོ་གསུངས་སོང་། མི་རེ་ཟུང་གིས་དྲིན་ཆེན་ལག་པ་རྡོ་རྡུང་གིས་གོང་ས་མཆོག་ཐུགས་དཀྲུག་ནས་སྐུ་ཚེ་ཐུང་དུ་སོང་ན་གྱོང་རག་ས་དེ་བོད་སྤྱི་པ་རེད། དེས་ན་སྤྱི་པའི་འཐུས་མིའི་སྤྱི་པའི་ལས་དོན་གྱི་ཐོག་ལ་འགན་ཁུར་དགོས་པ་རེད་ལ་ཁུར་ཡང་ཁུར་གྱི་ཡོད་པའི་ཚོར་སྣང་བྱུང་། དེ་བཞིན་གནད་དོན་འདི་ནི་བོད་སྤྱི་པའི་ཁེ་གྱོང་དང་འབྲེལ་བའི་དོན་དག་གལ་ཆེན་ཞིག་ཡིན་དུས་བོད་པའི་སྤྱི་སྒེར་སུས་ཀྱང་གནས་བབ་གང་འདྲ་ཞིག་གི་འོག་ནས་ཀྱང་སྣང་མེད་བྱེད་ཐབས་མེད་པ་ཞིག་རེད། ཁ་བརྡ་དང་དུས་བབ་སོགས་བོད་ཀྱི་དྲ་རྒྱ་ཁག་ནས་ཀྱང་གོང་ས་མཆོག་ལ་སྐྱོན་བརྗོད་དང་ཟུར་ཟའི་རིགས་ཀྱི་རྩོམ་དང་མཆན་ཚང་མ་གཏན་འགོག་བྱེད་དགོས་ཀྱི་འདུག
ཀརྨ་ཆོས་འཕེལ་ཁོ་རང་གིས་འདི་ལྟར་གྲོས་ཚོགས་ནང་དུ་གླེང་དགོས་པ་ཞིག་བཟོས་པ་རེད། གྲོས་ཚོགས་ཀྱི་ནང་ནས་ང་ལ་འགྲིག་མིན་བཤད་མཁན་བྱུང་མ་སོང། དེ་བས་ང་འགྲིག་གི་ཡོད་མདོག་མདོག་བཤད་པ་རེད། དགོངས་དག་ཞུ་དག་དེ་ཡང། རང་གི་ནོར་འཁྲུལ་ཧ་གོ་སོང་ང་འགྲིག་མི་འདུག་ཅེས་ཞུས་ཡོད་མ་རེད། ད་རུང་ཅག་ཅག་འདྲ་བོ། མ་འོངས་པར་དེའི་སྐོར་ཁྱོན་གླེང་གི་མིན་ལབ་པ་རེད། དེ་འགན་མ་ཁུར་བའི་སྐད་ཆ་དང་ཅོ་རྒྱག་བྱེད་གི་ཡོད་པ་རེད། རང་ཉིད་ནོར་མེད་ངོ་མ་ཡང་དག་ཡིན་བསམས་ན་དགོངས་དག་ཞུ་ཡ་ཡོད་མ་རེད། མུ་མཐུད་དུ་རང་ཉིད་བདེན་པའི་ཁུངས་སྐྱེལ་ལ་ཨུ་ཚུགས་བྱེད་དགོས་པ་རེད།
སྐད་ཆ་བཤད་མི་ཆོག་དང་རྩོམ་ཡིག་སྤེལ་མི་ཆོག ཡང་ན་དེ་དག་བརྒྱུད་ལམ་ཁག་ནས་འགོག་དགོས་ཟེར་བ་འདི་དམངས་གཙོའི་ལུང་པ་ཞིག་ཆ་ནས་འོས་པ་མ་རེད། བཤད་གི་འཇུག་དགོས་པ་རེད། བཤད་མཁན་ག་ཚོད་འདུག བཤད་རྒྱུ་ཅི་འདུག་ལྟ་དགོས་པ་རེད། དེ་ནས་དེ་དག་ལ་ལན་འདེབས་དྲི་བ་བཏོན་ནས་འདེད་དགོས་པ་རེད། དགེ་སྐྱོན་གཉིས་ཀ་དང་བདེན་རྫུན་གང་ཡིན་ཚང་མ་བཤད་འུག་དགོས་ལ་ཉན་ཡང་དགོས། མཐར་དཀར་ནག་གཙང་མར་འབྱེད་དགོས། དེ་ནས་མི་ངོ་མ་ཞིག་ཡིན་ན་ནོར་འཁྲུལ་ཡོ་བསྲང་གནང་གི་རེད། གལ་ཏེ་ཁས་ལེན་མ་བྱས་ན་ཡང། གང་ལྟར་མི་ཚང་མས་བདེན་རྫུན་གྱི་དབྱེ་བ་ཤེས་སོང་ན་དེས་འགྲིགས་སོང་བ་རེད། མདོན་སུམ་ལ་བསྙོན་མཁན་ཚོར་ཅི་ཡང་བྱེད་ཡ་ཡོད་མ་རེད་ལ་བྱེད་དགོས་ཡ་ཡང་ཡོད་མ་རེད།
མིང་མེད་རྡོ་རྗེ་ལགས་སྙིང་རྗེ་ཡོད་པར་བསྔགས་བརྗོད་ཡོད། མ་ཟད་ད་དུང་སྦིན་ལ་ཏིན་དག་། ས་དམ་ཧུན་དུན་ལ་སྙིང་རྗེ་སྐྱེས་མཁན་ཡིན་ས་རེད་བྱས་ན། འཛམ་གླིང་ལ་མང་པོས་ཁོང་གཉིས་ལ་མི་དགའ་མཁན་ཞིག་བྱུང་བ་རེད། སྙིང་རྗེ་གོ་ལོག། འགྲོ་ཉན་འདུགཔ
ཀརྨ་ཆོས་འཕེལ་ལགས་ཁྱེད་རང་རྩ་དགོངས་ཞུ་ན་ལེགས་དེ་མིན་ན་ང་ཚོས་འོས་ཤིག་ལས་ཕྱིར་འཐེན་བྱས་མི་སྲིད་པ་མ་རེད། དེ་དིན་རང་དགོདས་སྔིན་ཞུས་རབ་ཡིན་མོ།
མང་གཙོ་དུས་དྲན་ཉིན་རང་གཞུང་ལས་བྱེད་རྣམས་༧གོང་ས་མཆོག་དང་བཞུགས་མོས་སྐབས། ༧གོང་ས་མཆོག་ནས་མི་དྲུག་གི་མཚན་ཐོན་ཡོད། སྤྱི་འཐུས་ཀརྨ་ཆོས་འཕེལ། འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་། ཚེ་དབང་རིགས་འཛིན། དོན་གྲུབ་ལྷ་ཐར། ཀརྨ་རྒྱ་མཚོ། ཁྱེད་རྣམས་ཀྱི་རྒྱུ་རྐྱེན་བྱས་ནས་༧གོང་ས་མཆོག་དགུང་གྲངས་༡༡༣ བཞུགས་ཡ་ཞལ་བཞེས་བསྐལ་བཟང་ཡོད་པ་ནས་ད་ཆ་དགུང་གྲངས་༡༠༨ མེད་གྲོ་གསུང་ཡོད། དེས་ང་རང་ཚོར ཡིད་སྐྱོ་བའི་གནས་ཚུལ་དང་འཇིག་བརྟེན་སྤྱི་ལ་གྱོང་འགུལ་ཆེན་པོ་ཞིག་རེད། དེར་རྟེན་ཁྱེད་རྣམས་སྔ་བྱས་འགྱོད་པ་དང་ཕྱིན་ཆད་སྤང་བླང་ཞུ་རྒྱུ་དྲ་རྒྱ་འདིའི་བརྒྱུད་ནས་འབུལ་ལམ་ཞུས་ཀྱི་ཡོད། སླད་ཕྱིན་བོད་མི་སུ་འདྲ་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞི་ལས་འགུལ་མ་སྤེལ་རོགས་ཞུ་ཞུ།
ཆབ་བྲག་ལྷ་མོ་འདི་ཡང་ཀརྨ་ཆོས་འཕེལ་ནང་བཞིན་ཨ་རག་ཅུང་ཟད་མཐུང་བ་མིན་འགྲོ། སྐད་ཆ་ལ་ནི་གོ་རྒྱུ་ཅི་ཡང་མི་འདུག སྐབས་རེ་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པ་དག་ཀྱང་བཀག་འགོག་བྱེད་མི་ཆོག་ཏེ་མང་གཙོའི་ལུང་པའི་འགྲོ་ལུགས་དང་འགལ་སྐད། སྐབས་རེར་ཀརྨ་ཆོས་འཕེལ་ལ་ཡང་སྨྲ་བརྗོད་རང་དབང་འགོག་དགོས་སྐད། ད་དུང་༧གོང་ས་མཆོག་གིས་སྐབས་འདིར་ཀླུ་མཁར་བྱམས་ཀྱི་མིང་འདོན་མ་གནང་བ་དེ་ལ་བསམ་ཚེ་ཆབ་བྲག་ལྷ་མོ་དང་འདྲ་བའི་ཆོལ་ཁའི་ཕྱོགས་ཞེན་པ་དག་གིས་ཞུ་ཕྱོགས་འདྲ་མིན་ཞིག་བཟོ་བཞིན་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། ལྷ་བྱིན་ཆེན་གྱི་རྩར་འདྲེ་མཆུ་ནག་ཟེར་བ་ད་ཡིན་ན་དངོས་སུ་མཐོང་གི་འདུག
ཁ་བརྡ་ཚང་ལ་ཞུ་རྒྱུ་ མི་སྒེར་ལ་དམོད་པའི་ཚིག་ངན་སྤྱད་འདུག་པས་གསུབ་པ་ཡིན་ཟེར་ སྤེན་ཚེ་ལ་དམོད་པའི་ཚིག་ཟུར་ཙམ་ཡང་ལབ་མི་མཆོག་པ་དང་ཀརྨ་ཆོས་འཕེལ་ལ་དམོད་ཚིག་གང་བྱུང་དུ་ལབ་མཆོག་པ་ག་རེ་ཡིན་ནམ་ ད་ནི་གཞུང་འདི་ཀླུ་གནས་སའི་ཆུ་མགོ་དང་ཆ་རེད་འདུག་ མོང་པོར་མི་ཞུ་མ་གཏོག་ཀླུ་ནད་ན་བའི་ཉན་ཁ་འདུག།
གུས་པ་སྒེར་རང་ངོས་ནས་ཀརྨ་ཆོས་འཕེལ་གྱིས་གྲོས་གཞི་ཐོག་མར་འདོན་སྐབས་དགག་པ་རྒྱག་མཁན་གྱི་གྲས་ཤིག་ཡིན། འོན་ཏེ་སྐབས་འཚོལ་པ་དག་གིས་གོ་སྐབས་བེད་སྤྱད་ཀྱིས་སྒེར་གྱི་སྙིང་ནད་རྩོད་བྱེད་དུ་གནད་དོན་འདི་ཁྱེར་བ་ནི་མི་འགྲིག་པ་ཞིག་མཐོང་བཞིན་འདུག འཇུ་ཆེན་བུ་མོས་གྲོས་རའི་ནང་དུ་བཤད་པ་བཞིན་ཕྱི་དགྲ་རྒྱ་དམར་གྱི་བེད་སྤྱོད་མ་གཏོང་བའི་གོང་དུ་ནང་ནས་བོད་མི་རང་གིས་བེད་སྤྱོད་ཀྱིས་སྒེར་གྱི་འཁོན་ནད་རྩོད་བྱེད་དུ་བྱས་པ་འདི་ངོ་མ་ནོར་འཁྲུལ་ཆེན་པོ་ཞིག་རེད།
བོད་ཁམས་ཀྱིས་གསུངས་པ་དེ་རང་རེད། མི་གཅིག་ལ་ངན་སྨྲས་ཡོད་དགུ་འདོན་ཆོག་པ་དང་མི་གཅིག་ལ་ཚིག་གཅིག་ཀྱང་ལབ་མི་ཆོག་པ་དེ་སུའི་ལམ་ལུགས་རེད། ངོ་རྒོལ་ཡོད།
ཡ་མཚན་ཆེ། ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བཟུང་དང་། སྒྲོལ་དཀར་ལྷ་མོས་སྤྱི་དངུལ་སྒེར་བཟས་བྱས་པར་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་པའི་སྐོར་གསུང་མཁན་སུ་ཡང་མེད། ཀརྨ་ཆོས་འཕེལ་ནས་བོད་མི་ས་ཡ་ཁ་ཤས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་དང་བོད་བསྟན་སྲིད་ལ་སྨན་པའི་དགོངས་ཚུལ་གསུང་པར་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་སྐོར་གསུང་པ་དེ་དྲང་བདེན་ཡིན་མིན་བརྟག་དཔྱད་གྱིས།།
མཚན་ཆུ་ཚོད་གསུམ་དང་སྐར་མ་ཉི་ཤུ་ཐོག་གཞི་ནས་”གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༧ པ་ལ་བགྲོ་གླེང་། ”དེ་བལྟས་ནས་མཇུག་སྒྲིལ་པ་ཡིན། མཇུག་གི་ཚོགས་གཙོ་མཆོག་གིས་གསུང་གནང་པའི་སྐབས་སུ་གཉིད་ལྕོག་ཐུན་ཐུན་ཞིག་ཤོར་སོང་།
རྒྱ་དམར་གྱིས་བཤད་པ་བཞིན་ཡུལ་གྱར་བའི་སྲིད་གཞུང་ནི་ཏ་ལའི་སྐུ་སྒེར་གྱི་སྒྲིགས་འཛུགས་ཞིག་ལས་བཙན་བྱོལ་བོད་མའི་སྲིད་གཞུང་ངམ་སྒྲིགས་འཛུགས་ཞིག་ཡོད་པ་མི་འདོད་པས་བཤད་ཚུལ་དེ་སྐབས་རེར་འདྲ་པོ་མཐོང་ཡོང་གི་འདུག། གོང་ས་མཆོག་གི་ཁ་ཕྱོགས་ལམ་ཕྱོགས་དང་མི་མཐུན་པའི་བྱ་སྤྱོད་གང་ཞིག་སྲིད་གཞུང་ངམ་སྒྲིགས་འཛུགས་འདིར་འགྲོ་ས་མེད་པ་ནི་དམངས་གཙོ་འམ་མང་གཙོ་ཡང་དག་གི་ལམ་དུ་སྤྱོད་བཞིན་ཡོད་ཚུལ་བཤད་པ་ནི་དམངས་གཙོའི་དོན་དངོས་དང་མི་མཐུན། ཀརྨ་ཆོས་འཕེལ་སོགས་རང་བཙན་བཤད་མཁན་ཕལ་ཆེ་བས་བོད་མི་རིགས་ཀྱི་ལར་རྒྱ་དང་ཕུགས་བསམ་གྱིས་ཐོག་ནས་བཤད་པ་ལས་ཁོང་དག་གི་སྒེར་དོན་གྱི་སྐད་ཆ་ཞིག་མ་རེད། དེ་ཡང་བོད་མི་རིགས་ཀྱི་དངོས་བྱུང་གི་ལོ་རྒྱུན་ཞིག་དང་འབྲེལ་བའི་མི་རིགས་ཀྱི་དགོས་འདུན་ཞིག་རེད། བོད་མིར་རང་བཙན་ཐོབ་དང་མི་འཐོབ་ནི་བོད་མི་མི་རེ་ངོ་རེར་འགན་དང་འབྲེལ་ནི་ཡོད་པ་ལས་རང་བཙན་པ་མི་ཁ་ཤོས་ཞིག་གིས་འགན་མ་རེད། དེ་བཞིན་དུ་བོད་བཙན་མི་དགོས། ད་ཡོད་རྒྱ་དམར་སྲིད་གཞུང་གི་དབུ་འོག་སྤུང་སྐྱོང་བྱེད་ཀྱི་ཡིན་ཞེས་ཚིག་ཐག་ཆོད་པའི་སྐད་ཆ་ཞིག་བོད་མི་སྒེར་དང་ཚོགས་པ་སྒྲིགས་འཛུགས་སུ་ཡང་བཤད་དབང་མེད། འདི་ནི་བོད་མི་སྤྱི་དམངས་ཀྱིས་ཐོབ་ཐངས་ཡིན་པས་རེད། ད་ལྟའི་བཙན་བྱོལ་སྒྲིགས་འཛུགས་ཀྱིས་བཤད་པའི་གཉིས་ཕན་དབུ་མའི་ལམ་ནི་བོད་མི་བརྒྱ་ཆ་དགུ་ཅུ་ལས་ལྷག་གིས་མོས་མཐུན་དང་རྒྱབ་སྐྱོར་གྱི་སྲིད་ཇུས་ཞིག་ཡིན་ཚུལ་བཤད་པ་ནི་རྒྱ་དམར་སྲིད་གཞུང་གིས་མང་གཙོ་བཤད་ཚུལ་ཙམ་ལས་དོན་དངོས་ཀྱིས་མང་མོས་ཀྱིས་སྲིད་ཇུས་ཞིག་མ་རེད། རྒྱུ་མཚན་ནི། ༡ བོད་མི་དམངས་ཀྱིས་འདི་ལ་འདེམས་བྱ་དང་འདེམས་བྱེད་གོ་སྐབས་བྱུང་མེད། ༢ བོད་རྒྱལ་ཡོང་དམིགས་གསལ་ཚོགས་ཆེན་སྔ་རྗེས་སུ་མང་མོས་ཀྱིས་ལོ་དུས་རྒྱས་གཅོད་ཀྱི་དབུ་མའི་ལམ་གྱི་གྲུབ་འབྲས་མ་བྱུང་ཚེ་དེ་ལ་སྐྱར་གཞིགས་དགོས་སྐོར་གསལ་གསལ་ཐིག་ཐིག་ཡིན། འོན་ཀྱང་ད་ལན་གནས་ཚུལ་འདི་ཚོར་གཞིག་ན་དབུ་ལམ་གྱིས་གྲུབ་འབྲས་ཐོན་མིན་གང་ལྟར་ཡང་དེ་ལ་སྐྱར་ཞིབ་འགྲོ་ས་མེད་པའི་རྣམ་པ་གསལ་པོ་ཞིག་མཐོང་ཡོང་གི་འདུག། མདོར་ན། ༧གོང་ས་མཆོག་ནི་བོད་མི་དམངས་ལ་དཀའ་དྲིན་ཧ་ཅང་ཆེ་ལ། བོད་མི་དམངས་ཡང་༧གོང་ས་མཆོག་ལ་དཀའ་དྲིན་ཤིན་ཏུ་ནི་ཆེ་བ་ཡིན། འདི་གཉིས་ནི་རྟེན་འབྲེལ་གྱིས་དཀའ་དྲིན་ཡིན།
གོང་དུ་བསམ་མེད་ཁ་ཤས་ཤིག་གིས་༸གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་དང་༸གོང་ས་མཆོག་ལས་བོད་རྒྱལ་ཁབ་དང་མི་རིགས་གལ་ཆེན་དུ་བརྩི་དགོས་ཟེར་མཁན་དེ་དག་གི་མངོན་འདོད་ངོ་མ་དེ་བོད་ནང་ཁུལ་མཐུན་ལམ་དང་ད་བར་༸གོང་ས་མཆོག་གི་ཐུགས་རྗེ་ཉག་གཅིག་ལས་བོད་མི་ནང་ཁུལ་མཐུན་ཙམ་ཡོད་པ་དེ་ཡང་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་གསལ་བོ་རེད། བོད་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་ལ་རྒྱ་ཡོད་ན་མཐུན་སྒྲིལ་བྱས་བའི་ཐོག་རང་རང་གི་ནུས་པ་འདོན་རྒྱུ་གལ་ཆེ་བར་མཐོང།
ད་ང་ཚོའི་སྤྱི་ཐུས་ལྷན་ཚོགས་འདི་རུལ་ཡོང་གི་འདུག་ལྐོག་ཟ་རུལ་སུང་དངོས་ར་འཕྲོད་པ་སྒྲོལ་དཀར་ལྷ་མོ་དང་སྤྱི་རྒྱུ་རྒེར་བདག་རང་རེའི་རྐ་བ་གསུམ་གྱི་ཡ་གྱལ་འཁྲིམ་ཞིབ་ཁང་ནས་འཁྲིམ་ཐག་བཅད་པ་ཟླ་བ་ཚེ་རིང་སོགས་མིག་མཐོང་ལག་ཟིན་གྱི་དངོས་ར་འཕྲོད་པ་དེ་ཚོ་ལ་གླེང་སློང་ཙམ་ཡང་མེད་པར་བྱ་སྤྱོད་ཀྱི་ཐོག་ཅུང་ཟད་སྐབས་དང་མཚམས་མིན་སོགས་ཀྱི་གནས་ཚུལ་ཟད་ཙམ་མ་གཏོག་བོད་པའི་སྤྱི་དོན་ལ་ལྷག་བསམ་རྣམ་དག་གི་མི་སྣ་དགའ་ཞིག་ལ་འདྲེ་མཐོང་མཐོང་གི་གླེང་སློང་བྱས་སོང། འདིས་ད་ལྟ་སྐབས་འཚོལ་རིང་ལུགས་པ་ཚོ་རྒྱལ་ཁ་ཐོབ་པའི་རྣམ་པ་ཡོད་ན་ཡང་ང་ཚོའི་མི་རིགས་འདིའི་ལོ་རྒྱུད་ནང་ནག་ཐིག་ཆེན་པོ་ཞིག་རྒྱབ་གི་ཡོད་པ་གསལ་པོ་རེད། ཀརྨ་ཆོས་འཕེལ་སོགས་སྤྱི་སེམས་ཅན་དེ་ཚོ་ཡང་མི་རེད། ནམ་ཞིག་འུ་ཐུག་སྲིད་པ་རེད་འུ་ཐུག་པའི་ཉི་མོ་དངོས་གནས་དགྲ་བོ་རྒྱ་དམར་གྱི་ལག་ཆ་ཞིག་ཆག་མི་སྲིད་པ་མ་རེད་སྐབས་དེ་དུས་ཁ་ལ་རྫུབ་མོ་གཅུག་ཏེ་བསྡད་རྒྱུ་རེད། ལྟོས་དང་དོལ་རྒྱལ་རྒྱ་འདྲེ་རྗེས་འདྲང་པ་ཚོ་དེང་སྐབས་འཛམ་བུ་གླིང་འདིར་བོད་མིའི་་ནང་དཀའ་ངལ་ཆེ་ཤོས་ཀྱི་དགྲ་བོ་ཞིག་ཆག་ཟིན་པ་རེད་དེས་བོད་མི་རིགས་ལ་གནོད་སོང་ཕན་སོང་དེ་ང་ཚོས་མིག་གི་མཐོང་རྒྱུ་ཡོད་པ་དེ་རེད།
རོང་བཙན་ཟེར་བས་ཉོན་དང་ངེད་ལ་རང་ལ་བཤད། ཆུ་དང་ཟམ་པ་དང་རྟེན་འབྲེལ་རེད། ཆོས་དང་ཆོས་པ་རྟེན་འབྲེལ་རེད། བླ་མ་དང་སློབ་མ་རྟེན་འབྲེལ་རེད། བུ་དང་ཨ་མ་རྟེན་འབྲེལ་རེད། སློབ་མས་བླ་མར་དྲིན་བྱས་རབས་བགྲང་བ་ནི་སློབ་ཉམས་མེད་པ་མེད་པ་ཙམ་དུ་མ་ཟད་ཆོས་ཀྱི་ཞག་དང་བྲལ་བ་རེད། ཡང་ན་བོད་ཀྱི་དོལ་ལུགས་པར་བགྲང་ཆོག བུས་ཨ་མར་དྲིན་བྱས་རབས་བགྲང་བ་ནི་བུ་ཉམས་མེད་པ་ཙམ་དུ་མ་ཟད་བོད་མའི་གོམས་སྲོལ་དང་མི་མཐུན། ཡང་ན་ར་ཡང་མིན་ལ་ལུག་ཡང་མིན་པའི་ཁྱི་ཉམས་ཆེ་བའི་མི་གཤིས་ཅིག་ཏུ་བགྲང་ཆོག བོད་པས་༧པན་ཆེན་ལགས་ལ་དྲིན་བྱས་ཚུལ་བོད་ནང་ནས་བཤད་པ་ཡིན་ན་བོད་མི་ནུས་མེད་ཅིག་ཡིན་ན་མ་གཏོགས་ཁྱེད་ལ་འགྲམ་ལྕགས་རག་ངེས་ཡིན། སྐྱབས་བཅོལ་སྤྱི་ཚོགས་ནང་དུ་ཡང་བོད་པས༧་གོང་ས་མཆོག་ལ་དྲིན་བྱས་རབས་བགྲང་བ་ནི་བོད་པ་ལས་མེད་ཅིག་ནའང་དྲ་ཚིགས་འདིའི་ནང་དུ་འདྲེ་གསོལ་མཁན་ཅིག་སླེབས་འདུག རྒྱ་ཕྲུག་འདི་ཚོར་བྱེད་བགྱི་མང་པོ་འདུག་དྲན་གྱི་རེད། ཁ་སང་ཁྱེད་ཀྱི་ཆོལ་ཁའི་མིང་བཏོན་ནས་མགོ་འབུལ་མགོ་འབུལ་ཟེར་བ་དེའི་སྐོར་ལ་ངས་ལན་ཅིག་ཞར་བྱུང་དུ་བཏབས་ཡོད། གང་ལྟར་ང་ནི་ཏོག་ཙམ་འགྲོ་སྟངས་ཡག་པོ་མེད་མཁན་མེད་མཁན་ཚིག་གསར་ལ་ཉན་འདོད་ཡོད་མཁན་མི་འབྱོར་ལྡན་རྩ་མེད་དེ་འདྲ་ཡིན། སྐྱིད་སྡུག་ཁག་དང་ཚོགས་པ་ཆེ་ཆུང་བོད་མི་གནས་གནས་ཕེབས་ཕེབས་སར་བརྟན་བཞུགས་དང་འབུལ་རྟེན་ཁྲི་ཕྲག་ནས་ཁྲི་ཕྲག་གི་བར་ཟེར་ནས་ནམ་ནམ་རྒྱུན་རྒྱུན་དུ་འབད་ལོ་བྱས་ལོ་ཡང་རྫུན་མ་རེད་ཟེར་བ་ལྟ་བུ་ཆགས་སོང་།
ཁྱོད་ཚོ་ཚང་མ་འཐོམས་ནས་སྡོད་ཨ། ཀརྨ་ཆོས་འཕེལ་གྱིས་རང་བཙན་བཤད་ཙང་ཁོ་ལ་་སྐྱོན་བརྗོད་བྱས་པ་མ་རེད་ལོ། ཁོས་”རྒྱལ་བ་རིན་པོ་ཆེས་ཞལ་ནས་གསུངས་པ་དང་ཐུགས་ལ་དགོངས་པ་གཉིས་གཅིག་པ་མ་རེད་མདོག་མདོག་བཤད་ནས་”སྐྱོན་བརྗོད་བྱེད་བཞིན་པ་དང་ལྷ་དགོངས་འཁྲུགས་ཟེར་ཡག་དེ་རེད་ལོ།
ལྷ་མོ་སྐྱབས་ཟེར་བ་ཁྱོད་ཀྱི་བྱ་ངན་སྤྱོད་ངན་འགྲངས་ན་གྲངས་ཀྱི་མི་ལང་ཞིག་གྲངས་རྒྱུ་ཡོད། ང་ཚོ་ནང་ཁུལ་སྐྱོན་བརྗོད་བྱེད་རེས་ཀྱི་ཕན་ཐོག་པ་ཞིག་མཐོང་གི་མི་འདུག །ཁྱེད་རང་གི་བསྡད་སར་བསྡད་ཏེ་སྙན་ངག་ཚིག་རྐང་ཁ་ཤས་ལ་སློབ་འཁྲིད་འདྲ་བྱས་ཏེ་བསྡད་ན་ཡག་ཤོས་རེད། དེ་མིན་སྡོད་མ་ཚུགས་ན་ཕན་ཐོག་གང་ཡང་མེད་པའི་མེར་སྲེག་ལས་སྒུལ་རྒྱུད་བསྐུལ་འདྲ་པོ་བྲིས་ཏེ་དགྲ་བོ་རྒྱ་བོ་རྒྱ་དམར་གྱི་ལག་ཆ་གང་འདྲ་ཆགས་སོང་
ཀརྨ་ཆོས་འཕེལ་གྱི་༡༩༧༨གོང་ལ་རྒྱལ་བ་རིན་པོ་ཆེས་རང་བཙན་ཐབ་རྩོད་གནང་བ་དེ་ཞལ་ཞེ་གཉིས་མེད། འགག་བྱ་དགོས་པ་མང་པོ་ཞིག་ལ་རྟེན་ནས་དབུ་མའི་ལམ་ལ་ཕེབ་པ་རེད། ༡༩༧༨རྗེས་ཀྱི་༧གོང་ས་མཆོག་གི་གསུང་ལ་འགྲེལ་བཤད་གང་ཡང་རྒྱབ་ཡོད་མ་རེད། དེ་ཡང་༧གོང་ས་མཆོག་དགའ་བཞིན་སྤྲོ་བཞིན་འཕེབ་པ་ཞིག་མ་རེད་འུ་ཐུག་ནས་མི་ཕེབ་ཐབས་མེད་བྱུང་བ་རེད། རང་བཙན་ཞིག་བྱུང་ན་༧གོང་ས་མཆོག་ལ་ཡང་དགོས་རྒྱུ་ཞིག་རེད་ཅེས་ཀརྨ་ཆོས་འཕེལ་གྱི་དེ་ཟེར་བ་རེད་ དེ་ནས་སྐབས་འཚོལ་བ་ཚོས་དེ་ལ་འགྲེལ་ལོག་རྒྱབ་པ་ཙམ་དུ་མ་ཟད་༧གོང་ས་མཆོག་གིས་༡༩༧༨གོང་གི་གསུང་རང་དབང་ཞེས་པ་ཡོངས་དབུ་མའི་ལམ་རེད་ཅེས་༧གོང་ས་མཆོག་གི་གསུང་ལ་ཡང་འགྲེལ་ལོག་རྒྱབ་ཏེ་ཉ་མྱུང་མཉམ་སྲེས་ཀྱི་མི་དགོས་པའི་གནས་ཚུལ་འདི་བསམ་བཞིན་དུ་གཟོས་པ་རེད་
འོ་ན་བདེན་ཚིག་སྨོན་ལམ་གྱི་་་་་་་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་་་་ཞེས་པ་དེ་དབུ་མའི་ལམ་ཡིན་ན་༡༩༧༨གོང་གི་༧གོང་ས་མཆོག་གྱི་སུམ་བཅུའི་དུས་དྲན་གྱི་དཀའ་སློབ་སོགས་གསུང་བཤད་མང་པོའི་ནང་ལ་རང་བཙན་གཙང་མ་ཐབ་རྩོད་གནང་གི་ཡོད་པའི་དཀའ་སློབ་མང་པོ་ད་ལྟ་ཡང་འཇལ་རྒྱུ་ཡོད་པ་དེ་ཚོ་ཞལ་ཞེ་གཉིས་ཡོད་རེད་དམ། ངས་བྱས་ན་ནམ་ཡང་ཡིན་མི་སྲིད་༧གོང་ས་མཆོག་གི་༡༩༧༨གོང་ལ་རང་བཙན་གཙང་མ་ཐབ་རྩོད་གནང་བ་དེ་ཡང་ཞལ་ཞེ་གཉིས་མེད་རེད། ༦༩༧༨རྗེས་ལ་དབུ་མའི་ལམ་གྱི་ཐོག་རང་སྲིད་རང་སྐྱོད་འཐབ་རྩོད་གནང་བ་དེ་ཡང་ཞལ་ཞེ་གཉིས་མེད་རེད། འོན་ཀྱང་སྐབས་འཚོལ་བ་ཚོས་༧གོང་ས་མཆོག་གི་སྔ་ཕྱིའི་དཀའ་སློབ་ཚང་མ་ཉ་མྱུང་མཉམ་སྲེས་ཀྱི་འགྲེལ་ལོག་རྒྱབ་ཏེ་ལོ་རྒྱུས་ལ་ནག་ཐིག་རྒྱབ་བཞིན་པ་རེད། དགྲ་བོ་རྒྱ་དམར་གྱི་ཤོད་བཞིན་པའི་སྐདཆ་ལ་གཞི་རྩ་ཡོད་པ་འདྲ་བོ་གཟོ་གི་ཡོད་རེད། ༧གོང་ས་མཆོག་གི་དབུ་མའི་ལམ་གྱི་ཐབ་རྩོད་ཞལ་ཞེ་གཉིས་མེད་ཀྱི་གནང་བཞིན་པ་ལ་ཕྱེད་རང་བཙན་ཟེར་བ་དང་མི་མངོན་པའི་རང་བཙན་ཟེར་བ་སོགས་ཀྱི་འགྲེལ་བཤད་ལོག་པ་ནི་༡༩༧༨ལ་དབུ་མའི་ལམ་ཐོག་མར་གསུང་དུས་ནས་ད་ལྟ་བར་ཡོད་བཞིན་པ་མ་གཏོག་ད་ལྟ་ཀརྨ་ཆོས་འཕེལ་གྱི་སྐད་ཆ་བྱུང་ནས་མགོ་ཚུགས་པ་ཞིག་མིན་པ་ཤེས་གསལ་རེད།་
བོད་ཀྱི་བུ་རྫུན། རྒྱ་ནག་གི་ཞབས་ཞུ་ལ་མ་བྲེལ་རྒྱ་ནག་གིས་རྒྱུད་སྐུལ་ཟེར་གྱིན་ཡོད་ང་དང་བོད་མིའི་ཁས་ལེན་བགྱིད་མིན། གལ་སྲིད་རྒྱུད་སྐུལ་བྱེད་མཁན་ངེས་པར་དགོས་ཀྱིན་ཡོད་ན་མེ་མདས་སྲིད་སྐྱོང་བའི་རྒྱ་ནག་སྲིད་གཞུང་ཡིན་དགོས། ཁྱེད་རང་དངོས་དོན་དོགས་པ་ཡོད་ན་མཚན་ཙམ་ཡང་གླེང་ན་དཀའ་བའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལ་ཡང་ཆབ་བྲག་གིས་སྐུལ་བ་རེད་དམ། བཙན་བྱོལ་བ་ང་ཚོའི་བསམ་ཚུལ་དང་སྦད་དེ་མི་མཐུན་པ་ཁྱེད་རང་ལ་དོལ་འདྲེའི་རྒྱུད་བརླམ་པ་ཡིན་ནམ་ཨ།
ཆབ་གྲབ་ལྷ་མོ་ལྟ་བུའི་མི་སྣ་རེ་ཟུང་གི་སྡུག་ལག་དེར་སྡོད་ཚུག་མེད་པར་གང་བྱུང་མང་བྱུང་བྲིས་ཏེ་དགྲ་བོ་རྒྱ་དམར་གྱི་ལག་ཆ་དེ་འདྲ་ཆག་གི་ཡོད་ཙང་དེར་གཟབ་དགོས་ཟེར་བ་ཡིན་ དྲན་དཀར་ཁྱེད་དཔྱད་གླེང་བྱེད་འདོད་ན་ངས་གོང་དུ་བཤད་པའི་གཙོ་བོའི་སྐད་ཆ་ཁག་ལ་བྱེད་ཤོག་དེ་མིན་ཟུར་བཤད་དེ་ཚོར་ཁྱོད་གང་བྱུང་བཤད་མ་ཡོང་་་་་
སྐྱག་རྫུན་བཤད་ཁན་ནི་༧གོང་ས་མཆོག་གི་སྔ་ཕྱིའི་དཀའ་སློབ་ཁག་ཉ་མྱུང་མཉམ་སྲེས་ཀྱི་འགྲེལ་ལོག་རྒྱག་ཁན་དེ་ཚོ་རེད་
རྒྱུད་བསྐུལ་འདྲ་པོ་བྲིས་ཏེ་དགྲ་བོ་རྒྱ་བོ་རྒྱ་དམར་གྱི་ལག་ཆ་གང་འདྲ་ཆགས་སོང་ སྐྱག་རྫུན་ཚ་བོ་ཁུངས་ལུང་མེད་པ་རང་རེད། སྡུག་ལག་གིས་གང་བྱུང་མང་བྱུང་བྲིས་པའི་ཁུངས་ཁེར་ཤོག
ཀརྨ་ཆོས་འཕེལ་གྱིས་སྐྱག་རྫུན་ལ་ཁྱེད་ཀྱིས་ཚོན་ཁྲ་བྱུགས་པ་ནི་སྐྱག་པའི་ལྷ་བཤས་ལྟར་གྱུར་སོང་། ནམ་ཡིན་ཡང་བདེན་པར་རྒྱབ་ལངས་བྱེད་ན་ཡག་ག བོད་ཀྱི་བུ་བོད་རང་གི་བུ་ཡིན་གུང་ཁྲན་གྱིས་རྒྱུད་པ་མིན་ན་བདེན་པ་བདེན་གཏུགས་གནང་རོགས། བརྙན་འཕྲིན་ནང་བླངས་ཡོད་པ་རེད་ད། གང་ལྟར་ཁྱེད་ཀྱི་ལབ་པ་ལྟར་མ་རེད་ད་ཐེངས་ཁྱེད་ནོར་སོང་། རྗེས་མར་གཟབ་གནང་ཨ། ༄༅། །བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༦ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པའི་ནང༌། རང་ཉིད་ཀྱིས་སྤྱི་འཐུས་གྲོས་ཚོགས་སུ་ྋགོང་ས་མཆོག་ནས་ལམ་དབུ་མ་གསུངས་བཞིན་ཡང་ཐུགས་ནང་རང་བཙན་ཡོད་ལུགས་གཏན་ནས་གསུངས་མེད་པའི་སྒྲུབ་བྱེད་དུ། དེ་ལྟར་བརྗོད་ཡོད་ན་གྲོས་ཚོགས་ནང་ཚོགས་བཞུགས་ཡོད་པའི་བཀའ་ཤག་དང་སྤྱི་འཐུས་རྣམ་པའི་ངོས་ནས་དགག་ལན་ཡོང་དགོས་ངེས་ཀྱང་བྱུང་མེད་ཚུལ་བཀོད་འདུག་པ་དེ་དག་བདེན་པ་མ་རེད་ཅེས་ལན་འདེབས་གསལ་བཤད་ཞུ་རྒྱུར། བཀུར་འོས་སྤྱི་འཐུས་ཀྱིས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ ཉིན་སྤྱི་འཐུས་སྒེར་གྱི་གསལ་བཤད་བྱ་རྒྱུའི་གོ་སྐབས་བཟུང་སྟེ་ “ངས་ཤེས་ཚོད་བྱས་པ་ཡིན་ན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལམ་དབུ་མ་དེ་ཛ་དྲག་དང་དེ་འདྲའི་གནས་སྟངས་ཤིག་ལ་གཟིགས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཐབས་ཤེས་ཤིག་བཏོན་གནང་བ་རེད་མ་གཏོགས། དགོས་པ་དེ་ྋསྐུ་མདུན་གྱི་དགོངས་པའི་ནང་དུ་ཡང་རང་དབང་རང་བཙན་རེད་བསམ་པ་དེ་ཡོད།” ཅེས་སོགས་ལམ་དབུ་མ་དང་འབྲེལ་བའི་གསུང་བཤད་དེ་གནང་བ་རེད། གསུང་བཤད་དེ་གྲུབ་མ་ཐག་ཏུ་དཔལ་ལྡན་ཚོགས་གཙོ་མཆོག་སྐུ་བཞེངས་ཀྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་དེའི་ཐོག་གྲོས་ཚོགས་ནང་བགྲོ་གླེང་གནང་མི་དགོས་པའི་རྒྱུ་མཚན་འགྲེལ་བཤད་བཅས་བཏང་འཛིན་ལམ་སྟོན་གནང་བ་ལ་བརྟེན་ནས་བཀའ་ཤག་ལ་སྐབས་དེར་དགོངས་ཚུལ་གསུང་རྒྱུའི་གོ་སྐབས་བྱུང་མེད། འོན་ཀྱང་ཕྱི་ཉིན་བཀའ་ཤག་གི་གསལ་བཤད་ལ་སྤྱི་འཐུས་རྣམ་པའི་བགྲོ་གླེང་རྗེས་ལན་འདེབས་གནང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གནད་དོན་དེ་གལ་ཆེར་བརྩིས་ནས་ “བཀུར་འོས་སྤྱི་འཐུས་གཅིག་གིས་ྋགོང་ས་མཆོག་གི་ཞལ་ནས་དབུ་མའི་ལམ་གསུངས་ཀྱི་ཡོད་ནའང༌། ཐུགས་ལ་རང་བཙན་གྱི་དགོངས་པ་ཡོད་པའི་ཚོད་དཔག་གཅིག་གནང་སོང༌། ཚོད་དཔག་གནང་བ་དེ་གཞི་རྩ་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། ྋགོང་ས་མཆོག་གི་དགོངས་པ་དེ་ཞལ་ཞེ་གཉིས་མེད། སྔ་ཕྱི་བར་གསུམ་ལ་གསལ་པོ་བཀའ་གནང་བསྒྲུབས་པ་རེད། དེ་འདྲ་གསུངས་ཡོང་དུས་ྋགོང་ས་མཆོག་གི་ཐུགས་ལ་གཅིག་ཡོད་པ་དང༌། ཞལ་ནས་གཅིག་གསུངས་པ་རེད་ཟེར་བ་དེ་གཞི་རྩ་མེད་པ་རེད་ཞུ་རྒྱུ་ཡིན།” ཞེས་སོགས་དགག་ལན་གནད་བསྡུས་ཤིག་གྲོས་ཚོགས་དེ་རང་ལ་གནང་ཡོད་པ་བཅས་གསལ་བཤད་ཞུ་རྒྱུའི་གསར་འགོད་གསལ་བསྒྲགས་སུ། བཀའ་ཤག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༠ ལ།། །།
རྒྱར་ཞེན་ཆེ་བའི་བོད་ཀྱི་མི་གཟུགས་འདི་དག་གིས་གངས་ཅན་པར་བློ་སེམས་དཀར་བའི་མི་བུ་རེ་རེ་བཞིན་བོད་ཀྱི་སྤྱི་ཚོགས་འདི་དང་ཁ་བྲལ་བཏང་དང་གཏོང་བཞིན་པ་འདི་དག་བོད་ཀྱི་ལོ་རྒྱུན་གྱི་དེབ་ཐེར་ནང་གི་རྨ་ཁ་ཞིག་ཏུ་འགྱུར་རྒྱུ་རེད། སྐབས་དེ་དུས་རྒྱ་མིས་བོད་ལ་ཕན་པའི་བྱ་བ་ཞིག་ཡོང་ངམ་སོམ་ཞིང་རྒྱར་གཅེས་པ་ཚོ།
རོང་བཙན་ནས་ཁ་ཡར་བཀྱག་ལར་ཞེན་མར་བཀྱག་ལ་ལར་ཞེན་ལབ་ཀྱང་མིས་ངོ་མི་ཤེས་སྟབས། དྲ་འབུའི་སྐད་ཆ་ལ་ཡིད་ཆེས་བྱེད་མཁན་མེད། ད་དུང་དཀྲུགས་ཤིང་གི་ཚིག་གཅིག་སླེབས་པ་ཡིན་ན་ནམ་སང་དོལ་རྒྱལ་བ་རེད་དྲན་གྱི་རེད། མ་འོངས་པར་ཆབ་བྲག་ལྟ་བུ་ནང་བཞིན་ལས་ཀ་ཅུང་ཟད་རེ་བགྱིས་ཏེ་སྤྱི་ཚོགས་ནང་ཆ་ཡོད་རྒྱུས་ཡོད་བྱས་ནས་སྐད་ཆ་རེ་བཤད་པ་ཡིན་ན་མིའི་མ་མཐར་དྲ་འབུ་ཞིག་ལས་ཆ་འཇོག་གནང་གི་རེད། དེ་མིན་ཁྱེད་རང་ཉིད་ཀྱིས་རྦད་དེ་བྱས་པ་ཅན་མཁས་དབང་ཟམ་གདོང་ལྟ་བུའི་མིང་སྤྱད་དེ་ཡི་གེ་ཉུང་ཉུང་རེ་བྲིས་ན་དྲ་འབུ་གསར་པ་རེ་འགོ་འཐོམས་སྲིད། ཡག་ཤོས་བྱུང་ན་དེབ་དཔེ་མི་སྲིད་པའི་སྐད་གྲགས་ཅན་མང་པོར་བལྟ་དང་། འདི་ནང་ན་འདི་འདྲ་འདུག་ལབ་ན་མིས་ཏོག་ཙམ་དོ་སྣང་སྤྲད་ཀྱིན་འདུག་ག རོང་བཙན་གྱི་ཆེད་དུ
མི་གསོན་པོ་ལགས། “སྐབས་རེར་ཀརྨ་ཆོས་འཕེལ་ལ་ཡང་སྨྲ་བརྗོད་རང་དབང་འགོག་དགོས་སྐད”སྐད་ཆ་འདི་གང་ན་འདུག ངའི་ལྟ་བའི་ནང་ལ་ནམ་ཡང་སྨར་བརྗོད་རང་དབང་འགོག་དགོས་པ་ཞིག་མེད་ལ། དེ་འདྲའི་སྐད་ཆ་ཡང་བཤད་མྱོང་མེད། འོན་ཀྱང་ངས་ཀརྨ་ཆོས་འཕེལ་སོགས་ཀྱི་སྒྲོ་སྐུར་དང་བྱུང་རྒྱ་གྱི་གཏམ་དག་ལ་ནམ་ཡང་ངོ་རྒོལ་བྱེད་ངེས་ཡིན། བྱེད་ཀྱིན་ཡོད། རྩོད་པ་དང་དགག་པ་རྒྱག་པ་འདི་ལ་སྨྲ་བརྗོད་རང་དབང་འགོག་པ་ཟེར་ན་ང་ཅི་ཡང་བཤད་རྒྱུ་མེད་དོ།
དེ་ནས་འདྲི་རྒྱུར། “འཇུ་ཆེན་བུ་མོས་གྲོས་རའི་ནང་དུ་བཤད་པ་བཞིན་ཕྱི་དགྲ་རྒྱ་དམར་གྱི་བེད་སྤྱོད་མ་གཏོང་བའི་གོང་དུ་ནང་ནས་བོད་མི་རང་གིས་བེད་སྤྱོད་ཀྱིས་སྒེར་གྱི་འཁོན་ནད་རྩོད་བྱེད་དུ་བྱས་པ་འདི་ངོ་མ་ནོར་འཁྲུལ་ཆེན་པོ་ཞིག་རེད” འདི་ལ་ངེས་ར་ཁ་གསལ་བོས་ན་བཏབ་ན་བཟང། སུ་དང་སུས་སྒེར་འཁོན་རྩོད་ཀྱིན་འདུག ཀརྨ་ཆོས་འཕེལ་དང་སུ་དང་སུ་བར་ལ་སྒེར་འཁོན་ཡོད་པ་རེད། སྒེར་འཁཽན་ག་འདྲ་ཞིག་ཡོད་པ་རེད། བཤད་རྒྱུ་མེད་ན། སྐད་ཆ་འདི་འདྲ་ངོ་མ་ནང་དཀྲུག་གི་རྒྱུ་ཆགས་ཉེན་ཡོད། ངའི་བསམ་ཚུལ་ལ་ཚང་མས་བོད་དོན། སྤྱི་དོན་ཆེད་དུ་སྐད་ཆ་ཤོད་ཀྱིན་པ་དང་ལས་ཀ་བྱེད་ཀྱིན་པར་ངོས་འཛིན་ཞུ་གིན་ཡོད། འོན་ཀྱང་མི་ཡིན་པའི་ཆ་ནས་རླུང་ལངས་རྒྱུ་དང་ཚིག་རྩུབ་པོ་ཐལ་རྒྱུ་ལོས་ཡོད།
” ཀརྨ་ཆོས་འཕེལ་ནས་བོད་མི་ས་ཡ་ཁ་ཤས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་དང་བོད་བསྟན་སྲིད་ལ་སྨན་པའི་དགོངས་ཚུལ་གསུང་པར་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་སྐོར་གསུང་པ་དེ་དྲང་བདེན་ཡིན་མིན་བརྟག་དཔྱད་གྱིས།” ཨ་ལེ། འོ་ན་༸གོང་ས་མཆོག་ཐུགས་ཕམ་བྱུང་བ་དེ་ཡ་མཚན། ཀརྨ་ཆོས་འཕེལ་གྱིས་བོད་མི་ས་ཡ་ཁས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་གྱིས་བོད་བསྟན་སྲིད་ཕན་པ་སྒྲུབ་པ་ཐུགས་ཕམ་བྱུང་བ་རེད་དམ། ངོ་མ་དགོད་བྲོ་བ་རེད། དེས་བོད་མི་ཚོས་ཀརྨ་ཆོས་འཕེལ་ཁྲི་ལོར་བརྟན་པར་ཤོག་མི་ཟེར་བ་ཅི་ཡིན་ནམ། ཧ་ཧ་ཧ་ཧགྲོགས་པོ་ལགས། རང་དབང་ཡོད་ས་ནས་གང་བྱུང་མ་བཤད། བདེན་པ་རེ་ཤོད་དང། ཀརྨ་ཆོས་འཕེལ་གྱིས་༸གོང་ས་མཆོག་གི་དགོངས་པར་ལོག་འགྲེལ་བྱས་པ་དེ་མ་འགྲིགས་པ་རེད་མ་གཏོགས་བོད་རང་བཙན་ཡིན་པ་དང་རང་བཙན་རྩོད་པས་མ་འགྲིགས་པ་མ་རེད་དོ།
རོང་བཙན་ལགས་ཀྱིས། དབུ་མའི་ལམ་གྱི་བྱུང་རབས་ལ་སློབ་སྦྱོང་བྱོས། གཉིས་ནས་༸གོང་ས་མཆོག་བོད་ལ་བཀའ་དྲིན་ཆེ་ཚུལ་དང་བོད་མི་ཚོ་ཁོང་ལ་བཀའ་དྲིན་ཆེ་ཚུལ་སྐོར་རྒྱུ་མཚན་འགའ་བཤད་རོགས།
བོད་ཀྱི་བུ་གས། ཟླ་བ་ཚེ་རིང་གི་སྐོར་་གྲོས་ཚོགས་སུ་གླེང་ཡོད་ལ་ཁྲིམས་ཞིབ་ཁང་དུ་ཡང་སོང་ཡོད། འོན་ཀྱང་ཁོང་རང་ལ་བདེན་སྟོབས་དང་མང་ཚོགས་ཀྱི་རྒྱབ་སྐྱོར་ཆེ་སོང་བ་རེད། སྒྲོལ་དཀར་ལྷ་མོ་བུད་མེད་ཚོགས་པ་རང་གིས་ཐག་བཅད་ཚར་བ་དང་མོ་རང་གིས་ཀྱང་ངོས་ེན་བྱས་ཚར་བ་ཞིག་ལ་ད་ག་རེ་གླེང་ཡ་ཡོད་རེད། གནད་དོན་འདི་རིགས་ཁྱེད་རང་ཚོས་ཧ་གོ་གི་མེད་ན་གང་བྱང་མང་བྱུང་མ་བཤད། དྲི་བ་དྲིས་ལོ།
བོད་ཀྱི་བུ་ལགས། ངས་དེ་སྔོན་ནས་བརྒྱུད་ལམ་ཁག་ཚང་མར་ང་ལ་སྐྱོན་བརྗོད་དང་དམའ་འབེབས་ཅི་བྱས་ཀྱང་བྱེད་དུ་ཆུག འགོག་མི་དགོས་ལབ་ཡོད། རེ་རེ་བྱས་ནས་བཤད་རྒྱུ་མེད་ན་ཁྱོད་མི་མིན། ཡང་གཅིག་བཤད་ན། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བས། ཐོག་མར་ནང་གཙང་མ་བཟོ་དགོས་པ་རེད། དེ་བས་ཁྱེད་ཀྱིས་ངའི་སྐྱོན་ནམ་ནོར་འཁྲུལ་གྱི་སྐད་དང་རྩོམ་ཡིག ཡང་ན་ལས་ཀ་སོགས་རེ་རེ་ནས་གླེང་རྒྱུ་ཡོད་ན་དེ་ལ་ངས་དགའ་བསུ་ཞུ། །
་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ” དེ་དུས་ནས་རང་བཙན་ཁོ་ན་ལས་དགོངས་པར་གཞན་མེད་ན། ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ། ཞེས་གསུང་ཆོག་གི ཅིའི་ཕྱིར་རང་བཙན་གྱི་ཐ་སྙད་དེ་མ་གསུངས་པ་རེད། དེ་དུས་ཀྱི་ཞལ་འདོན་ཚང་མའི་ནང་ལ་རང་དབང་མ་གཏོགས་རང་བཙན་མ་གསུངས་པ་ཅི། ཁྱེད་རང་ཆོས་རྒྱལ་བ་ཐམས་ཅད་མཁྱེན་པ་ཡིན་མིན་ཁས་མ་བླངས་ན་ཡང་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཐུབ་ཅིག་ཡིན་པ་ཤེས་དགོས། འདི་ལ་མ་འོངས་མངོན་གཟིགས་ཟེར་བ་རེད། དེས་ན་རང་དབང་གཙང་མ་ཟེར་བ་དེ་རང་བཙན་ཐོབ་ན་ཡང་ཆོག་ལ་དེ་མིན་པའི་དེང་གི་དབུ་མའི་ལམ་གྱི་དགོས་འདུན་འདི་ལྟ་བུ་ཐོབ་ན་ཡང་ཆོག་པ་སྟེ། དགོངས་པ་ཡངས་པོ་རེད། ལམ་གུ་དོག་དང་གཅིག་མ་རེད། འགྲོ་ས་མང་པོ་ཡོད་པ་ཞིག་རེད། འདི་ཚང་མས་ཤེས་དགོས། ལ་ལས་རང་བཙན་ཁོ་ནར་བཤད། ལ་ལས་རང་དབང་ཁོ་ནར་བཤད་ན་མི་འོས་ཚུལ་ངས་དེ་སྔོན་ནས་བཤད་ཡོད་ལ་བྲིས་ཡོད།
རྒྱ་གཞུང་གིས་ལག་ཆར་སྤྱད་པ་ཙམ་གྱིས་ལག་ཆ་ངོ་མ་ཞིག་ཆགས་མི་སྲིད། རྒྱུ་མཚན་ནི་ཁོ་ཚོའི་ལག་མ་ངོ་མ་བྱེད་སྤྱད་ཅིག་ང་ཚོ་སུས་ཀྱང་སྒྲུབ་རྒྱུ་མེད་པར་བཙན་བྱོལ་བོད་གཞུང་འདི་ཕྱི་གསལ་ནང་གསལ་རང་ཡིན་པས་སོ། གལ་ཏེ་ངས་རང་སྲེག་སྐོར་ལ་སྐད་ཆ་ག་འདྲ་ཞིག་བཤད་ཡོད་པ་དང་དེ་ལ་ཚུར་བསྙོན་འཛུགས་ཅི་བྱས། ངས་ཕར་ལན་འདེབས་ཅི་བྱས་སོགས་ལ་གསལ་རྟོགས་དང་ཞིབ་འཇུག་གནང་འདོད་མཁན་ཡོད་ན་དྲ་ཐག་འདིར་གཟིགས་ནས་འཚོལ་རོགས། http://www.chapdaklhamokyab.fr/%E0%BD%84-%E0%BD%A3-%E0%BD%A3-%E0%BD%9A-%E0%BD%A3-%E0%BD%A2-%E0%BD%82%E0%BD%A6/
ཀརྨ་ཆོས་འཕེལ་ལ་རྒེར་ཁོན་རྩོད་ཁན་ངོ་མ་གཅིག་ནི་དྲ་ཐོག་འདིར་ཡོད་པའི་ལྷ་མོ་སྐྱབས་ཟེར་བ་དེ་གཅིག་རེད། ཁྱེད་དང་ཁྱེད་འདྲ་བས་རྒེར་ཁོན་རྩོད་ཆེ་ནས་ང་ཚོ་བོད་པའི་སྤྱི་ཚོགས་འདི་མདའ་དཀྲུག་ཕུ་དཀྲུག་གཟོས་ཡོང་གི་འདུག་ ཟླ་བ་ཚེ་རིང་དང་སྒྲོལ་དཀར་ལྷ་མོ་སྤྱི་མཐུས་ཞིག་ཡིན་པའི་ཆ་ནས་སྤྱི་མཐུས་ཀྱི་བཟང་སྤྱོད་ཞིག་གི་ཐོག་ནས་གླེང་སློང་གི་སྒྱུ་མ་ཕུ་དེད་བྱེད་མི་ཐུབ་པ་དེ་ཁོང་གཉིས་ལ་བདེན་པ་ཡོད་སོང་བ་རེད་དམ་ཡང་ན་ཁོང་གཉིས་ལ་རྒྱབ་རྩ་ཆེན་པོ་ཡོད་སོང་བ་རེད། ༧གོང་ས་མཆོག་གི་སྔ་ཕྱིའི་དཀའ་སློབ་ཚང་མ་ཉ་མྱུང་མཉམ་སྲེས་ཀྱི་ལོག་འགྲེལ་མང་པོ་ཞིག་ལྷ་མོ་སྐྱབས་ཁྱེད་དང་ཁྱེད་འདྲ་བས་རྒྱབ་ཆེ་དྲག་ནས་ད྄་ལྟའི་རྙོག་གླེང་འདི་ཡོང་བཞིན་པ་རེད་ བདེན་ཚིག་སྨོན་ལམ་གྱི་་་་་་་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་་་་ཞེས་པ་དེ་དབུ་མའི་ལམ་ཡིན་ན་༡༩༧༨གོང་གི་༧གོང་ས་མཆོག་གྱི་སུམ་བཅུའི་དུས་དྲན་གྱི་དཀའ་སློབ་སོགས་གསུང་བཤད་མང་པོའི་ནང་ལ་རང་བཙན་གཙང་མ་ཐབ་རྩོད་གནང་གི་ཡོད་པའི་དཀའ་སློབ་མང་པོ་ད་ལྟ་ཡང་འཇལ་རྒྱུ་ཡོད་པ་དེ་ཚོ་ཞལ་ཞེ་གཉིས་ཡོད་རེད་དམ། ངས་བྱས་ན་ནམ་ཡང་ཡིན་མི་སྲིད་༧གོང་ས་མཆོག་གི་༡༩༧༨གོང་ལ་རང་བཙན་གཙང་མ་ཐབ་རྩོད་གནང་བ་དེ་ཡང་ཞལ་ཞེ་གཉིས་མེད་རེད། ༦༩༧༨རྗེས་ལ་དབུ་མའི་ལམ་གྱི་ཐོག་རང་སྲིད་རང་སྐྱོད་འཐབ་རྩོད་གནང་བ་དེ་ཡང་ཞལ་ཞེ་གཉིས་མེད་རེད། འོན་ཀྱང་སྐབས་འཚོལ་བ་ཚོས་༧གོང་ས་མཆོག་གི་སྔ་ཕྱིའི་དཀའ་སློབ་ཚང་མ་ཉ་མྱུང་མཉམ་སྲེས་ཀྱི་འགྲེལ་ལོག་རྒྱབ་ཏེ་ལོ་རྒྱུས་ལ་ནག་ཐིག་རྒྱབ་བཞིན་པ་རེད། དགྲ་བོ་རྒྱ་དམར་གྱི་ཤོད་བཞིན་པའི་སྐདཆ་ལ་གཞི་རྩ་ཡོད་པ་འདྲ་བོ་གཟོ་གི་ཡོད་རེད།
བོད་ཀྱི་བུ་ལགས། ད་ཟེར་རྒྱུས་ཕོངས་འདུག་པ་ད་ཧ་གོ་སོང། ང་ད་ལྟ་གྲོས་ཚོགས་ནང་ན་མེད། ཁྱོད་ཀྱིས་གྲོས་ཚོགས་ནང་ན་སྒེར་འཁོན་གྱིས་ཁོ་ལ་ཁ་རྡུང་གཏོང་གི་འདུག་ཟེར་བ་ཁྱོད་མིན་ནམ། ཧ་ཧ་ཧ་་་
“ཟླ་བ་ཚེ་རིང་དང་སྒྲོལ་དཀར་ལྷ་མོ་སྤྱི་མཐུས་ཞིག་ཡིན་པའི་ཆ་ནས་སྤྱི་མཐུས་ཀྱི་བཟང་སྤྱོད་ཞིག་གི་ཐོག་ནས་གླེང་སློང་གི་སྒྱུ་མ་ཕུ་དེད་བྱེད་མི་ཐུབ་པ་དེ་ཁོང་གཉིས་ལ་བདེན་པ་ཡོད་སོང་བ་རེད་དམ་ཡང་ན་ཁོང་གཉིས་ལ་རྒྱབ་རྩ་ཆེན་པོ་ཡོད་སོང་བ་རེད” དེའི་ལན་གོང་དུ་བཏབ་ཚར། ང་ཚོས་སྐབས་དོན་གླེང་རྒྱུ་དེ་ཀརྨ་ཆོས་འཕེལ་གྱི་སྐད་ཆ་དང་དེ་ལ་བསམ་ཚུལ་བཤད་མཁན་ཚོའི་སྐད་ཆ་རེད། མི་ཅི་འདྲ་ཞིག་ཡིན་མིན་ཡང་གླེང་གི་ཡོད་མ་རེད། གོང་དུ་དྲན་དཀར་དཔལ་ལགས་ཀྱིས། ལུང་དྲངས་སོང་ང། ད་རང་གིས་ནོར་བ་ཧ་གོ་སོང་ངམ།
༡༩༧༨ཟེར་ན་ཡང་མཆོག་གི་༡༩༧༤ཟེར་ན་ཆོག་གི་གང་ལྟར་སྐབས་དེ་དུས་ཀྱི་རང་དབང་ཞེས་པ་ཚང་མ་དབུ་མའི་ལམ་ལ་འགྲེལ་གྱི་ཡོད་ན་སྐབས་དེ་དུས་ཀྱི་ཆབ་སྲིད་ཀྱི་དཀའ་སློབ་གལ་ཆེ་མང་པོའི་ནང་རང་བཙན་གཙང་མ་ཐབ་རྩོད་གནང་གི་ཡོད་པའི་དཀའ་སློབ་ཁ་གསལ་པོ་དེ་ཚོ་གང་རེད་དམ། ལྟས་ངན་ལྷ་མོ་སྐྱབས་ཁྱོད་ཀྱི་སྐབས་དེ་དུས་༧གོང་ས་མཆོག་ལ་ཞལ་ཞེ་གཉིས་ཡོད་རེད་ཟེར་གྱི་ཡོད་དམ་ཁྱོད་དེ་འདྲའི་ཧམ་པ་ཚ་བ་ལ། ངས་ནི་༧གོང་ས་མཆོག་ལ་ཞལ་ཞེ་གཉིས་ཡོད་པ་ཞིག་ནམ་ཡང་ངོས་འཛིན་ཞུ་ཐུབ་ཀྱི་མེད་ལ་ང་ལ་ཁྱེད་ལྟ་བུའི་སྙིང་ཁམ་ཆེན་པོ་དེ་འདྲ་མེད། ངས་ནི་༡༩༧༨འམ༡༩༧༤སྔོན་ལ་༧གོང་ས་མཆོག་གི་ཞལ་ཞེ་གཉིས་མེད་ཀྱི་ཐོག་རང་བཙན་གཙང་མ་ཐབ་རྩོད་གནང་བ་དང་དེ་ནས་༡༩༧༤ཙམ་ནས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགེ་མཚན་ཞིག་ཐུགས་ལ་འཁྲུང་པ་དང་དེ་ནས་༡༩༧༨ལ་གཞུང་འབྲེལ་རང་གི་ཐོག་ནས་ཐུགས་ཐག་གཙང་བཅད་ཀྱི་༧གོང་ས་མཆོག་དང་གཙན་བྱོལ་གཞུང་གཉིས་ཀའི་ཐོག་ནས་ཞལ་ཞེ་གཉིས་མེད་ཀྱི་དབུ་མའི་ལམ་གྱི་ཐོག་ནས་རང་སྲིད་རང་སྐྱོང་གི་ཐབ་རྩོད་གནང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ད་ལྟའི་དུས་འདིར་ང་རང་རྒེར་ངོས་ནས་ཀྱང་དབུ་མའི་ལམ་གྱི་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཞུ་ཁན་ཞིག་ཡིན། འོན་ཀྱང་༧གོང་ས་མཆོམ་ཁ་ལ་འཁྱེར་ཏེ་༧གོང་ས་མཆོག་གི་གསུང་ལ་ཡང་ལོག་འགྲེལ་གྱིས་རང་བཙན་ཐབ་རྩོད་པ་ཚོར་གཞི་མེད་སྐྱོན་འཛུག་དང་གདོང་འདྲེ་དོལ་རྒྱལ་ཀྱི་རྗེས་འདྲང་རྒྱལ་ཚོང་བ་དེ་ཚོ་ལས་ལྷག་ཙམ་གྱི་ཁ་གདུང་དང་དམའ་འབེབ་ཟུར་ཕུད་བྱེད་ཐབས་འདི་རིགས་ལ་ནམ་ཡང་ངོ་རྒོལ་ཡོད་
ཁྱོད་ཀྱི་ཁ་རྡུང་དེ་གྲོས་ཚོགས་ནང་ལ་ཟེར་བ་མིན་དྲ་ལམ་ཁག་བེད་སྤྱོད་ཀྱི་རྒེར་ཁོན་རྩོད་བཞིན་འདུག་ཟེར་བ་ཡིན་ ཁྱོད་གྲོས་ཚོགས་ནས་སྔ་ས་ནས་ཕྱིར་ཕུད་གཏང་ཟིན་པ་མི་ཤེས་རྒྱུ་ཅི་ཡོད་
བོད་ཀྱི་བུ་ཡང་དབུ་མའི་ལམ་ཡིན། ༸རྒྱལ་བ་རིན་པོ་ཆེར་དད་པ་ཡང་ཡོད་ན། ང་གཉིས་བློ་མཐུན་རེད་ཡ། ཡ་བློ་མཐུན། ངས་ཁྱོད་ལ་དྲིས་པ་དེ་དག་ལ་ལན་ཡོད་དམ། དེ་སྔའི་ཞལ་འདོན་ཚང་མར་རང་བཙན་ཞེས་པའི་ཐ་སྙད་ཆེད་སྤྱོད་མ་གནང་བར་དགོས་པ་རྒྱུ་མཚན་ཆེན་པོ་འདུག་བསམ་ཡ་ཞིག་རང་ལ་མེད་དམ། བཙན་བྱོལ་ལ་འབྱོར་མ་ཐག་ཡུལ་དུས་གནས་གསུམ་ལ་ལྟོས་ནས། ལྷག་པར་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་བོད་ལ་བཙན་འཛུལ་བྱས་པ་བཅས་བདེན་དཔང་བྱེད་རྒྱུ་དང། གཅིག་བྱས་ན་སྐབས་དེར་རྒྱལ་སྤྱིའི་ཐོག་ནས་རོགས་ཕན་ཆེ་ཙམ་མི་ཡོང་ངམ་སྙམ་པ་སོགས་ཀྱིས་རང་བཙན་སླར་གསོའི་སྲིད་བྱུས་བཟུང་པ་རེད། དེ་གཞུང་གི་སྐབས་དེའི་སྲིད་བྱུས་འཛིན་སྟངས་ཤིག་རེད། འོན་ཀྱང་༸རྒྱལ་བ་ཐམས་ཅད་མཁྱེན་པར་ཕྱི་ནང་གསང་བའི་ཡོན་ཏན་ཁྱད་པར་བ་མངའ་བས་མ་འོངས་མངོན་གཟིགས་ཐུབ་ཀྱིན་ཡོད་པ་རེད། དེ་བས་ཁོང་གིས་དངོས་སུ་གསར་རྩོམ་གྱི་སྒེར་རྩོམ་ནང་ལ་རང་བཙན་གྱི་ཐ་སྙད་སྤྱོད་མེད། འདི་ལ་ཐབས་མཁས་ཐུགས་རྗེའི་མཛད་པ་ཟེར་བ་ལས། ཞལ་ཞེ་མི་མཚུངས་པ་ཟེར་བ་མ་རེད། ལག་པ་བྲང་ཁར་བཞག་ནས་འདང་རེ་རྒྱོབ་ལོ།
༢༠༡༣ ཟླ་བ་གསུམ་པའི་ནང་འཚོགས་པའི་བོད་མིའི་གྲོས་ཚོགས་སུ་ཀརྨ་ཆོས་འཕེལ་གྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་སྐབས་སུ་༧གོང་ས་མཆོག་གི་ཞལ་དང་ཐུགས་གཉིས་བར་མི་མཐུན་པས་སྐད་ཆ་ཞིག་ཞུས་མེད་པར་ཀར་ཆོས་རང་ཉིད་ཀྱིས་གསལ་འགོད་གསར་སྒྲགས་དང་མཚན་འཁོད་སྙན་ཞུ་སོགས་ཀྱིས་གསལ་བཤད་བྱས་ཀྱང་། བོད་མིའི་སྲིད་དོན་པ་དག་གིས་ཡང་སྐོར་སྐྱར་སྐོར་གྱིས་ཀརྨ་ཆོས་འཕེལ་ནག་པོ་ནག་རྐྱང་བཟོ་རྒྱུར་འབོད་པ་སྣ་ཚོགས་ཀྱིས་གླེང་ཕྱོགས་ཆེད་བཟོ་བྱེད་བཞིན་འདུག། སྤྱིར་སྒྲ་ནི། སྨྲ་བ་པོའི་བརྗོད་འདོད་ཀྱི་ཀུན་སློང་ལ་རྟེན་ནས་བརྗོད་བྱ་སྟོན་པ་ཞིག་ཡིན་པ་ལས། ཉན་པ་པོའི་ཐོས་པ་ལ་རྟེན་ནས་བརྗོད་བྱ་སྟོན་པ་ཞིག་བོད་ཀྱི་སྐད་ཡིག་རིགས་པའི་གཞུང་ལུགས་སུ་གསལ་མེད། དེས་ན་སྨྲ་བ་པོ་ཀརྨ་ཆོས་འཕེལ་གྱིས་བརྗོད་མེད་བཤད་མེད་ཨུ་ཚུགས་ཀྱིས་ཞུས་ཀྱང་། ད་དུང་དེ་བརྗོད་སོང་བཤད་འདུག་བཅས་བཙན་གྱིས་སྐུལ་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་གང་ཡིན་ནམ། དེས་བོད་མི་རིགས་ཀྱི་རྩ་དོན་ལ་ཕན་རེ་གང་ཞིག་མཐོང་བ་ཡིན་ནམ། ༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་ཇུས་དེར་ཞལ་ཐུགས་གཉིས་མེད་ཡིན་པས་རྒྱ་དམར་ལ་དག་ཕུད་བྱེད་པ་ཡིན་དུ་སྲིད་ཀྱང་དེས་རྒྱ་དམར་ལ་བདེན་ཁ་སྤྲོད་མི་ཐུབ་ལ། རྒྱ་དམར་གྱིས་དབུ་ལམ་གྱི་ངོ་གདོང་དང་རྒྱུད་རིམས་སོགས་གསལ་གསལ་དག་དག་ཤེས་བཞིན་པ་ཡིན་ཀྱང་དབུ་ལམ་རྒྱུད་ནས་རྒྱ་བོད་དཀའ་ངལ་དག་སེལ་འདོད་མེད་པ་ནི་ཕྱིར་གསལ་ནང་གསལ་དུ་འགྲོ་བཞིན་པ་རེད། མདོར་སྡུས་ནས་ཞུ་ན། གོང་དུ་དྲ་གྲོགས་རོང་བཙན་ལགས་ཀྱི་གསུངས་བ་ལྟར། ༧གོང་ས་མཆོག་ནི་བོད་མི་རིགས་ལ་བཀའ་དྲིན་ཤིན་ཏུ་ཆེ་ལ། དེའི་སྐོར་ངས་ཞུ་མི་དགོས་པ་རྣམ་པ་ཚོས་གསལ་ཞིབ་གསལ་བ་མཁྱེན་ཚད་རེད། བོད་མི་རིགས་འདི་ཡང་༧གོང་ས་མཆོག་ལ་དཀའ་དྲིན་ཤིན་ཏུ་ཆེ། བོད་མི་རིགས་ལ་རྟེན་ནས་༧གོང་ས་མཆོག་བྱུང་བ་རེད་ལ། བོད་མི་ལ་རྟེན་ནས་ཁོང་གི་སྐྱེས་སྦྱངས་ཀྱི་ཤེས་རབ་དང་ཡོན་གཏན་སོགས་རྙེད་པ་རེད། བོད་མི་རིགས་མེད་ན་༧གོང་ས་མཆོག་ཡོད་མི་སྲིད་ལ། བོད་མི་རིགས་ལ་རྟེན་ནས་༧གོང་ས་མཆོག་གི་མཚན་སྙན་འཛམ་གླིང་གང་སར་ཁྱབ་པ་ཞིག་ཀྱང་ཡིན་པ་ལས་ཁོང་སྐུ་རྐྱང་དང་ཡང་ན་མི་རིགས་གཞན་གྱིས་ཁོང་གི་སྐུ་ཡོན་དང་མཚན་སྙན་རྒྱས་སོང་བ་ཞིག་མ་རེད། དེར་རྟེན། ༧་གོང་ས་མཆོག་གི་ཁྱད་དུ་བོད་རིགས་དག་མ་རྣམས་ཁ་བྲལ་མ་གཏོང་མི་ཉེས་ལ། བོད་རིགས་ཀྱི་ཁྱད་དུ་༧གོང་ས་མཆོག་ལ་མཚན་སྨད་ཡང་མ་བྱེད་རོགས།
ད་ལྟའི་དུས་འདིར་ང་རང་རྒེར་ངོས་ནས་ཀྱང་དབུ་མའི་ལམ་གྱི་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཞུ་ཁན་ཞིག་ཡིན། འོན་ཀྱང་༧གོང་ས་མཆོམ་ཁ་ལ་འཁྱེར་ཏེ་༧གོང་ས་མཆོག་གི་གསུང་ལ་ཡང་ལོག་འགྲེལ་གྱིས་རང་བཙན་ཐབ་རྩོད་པ་ཚོར་གཞི་མེད་སྐྱོན་འཛུག་དང་གདོང་འདྲེ་དོལ་རྒྱལ་ཀྱི་རྗེས་འདྲང་རྒྱལ་ཚོང་བ་དེ་ཚོ་ལས་ལྷག་ཙམ་གྱི་ཁ་གདུང་དང་དམའ་འབེབ་ཟུར་ཕུད་བྱེད་ཐབས་འདི་རིགས་ལ་ནམ་ཡང་ངོ་རྒོལ་ཡོད་
ང་རང་༸གོང་ས་མཆོག་གི་བཀའ་སློབ་དང་ལྷག་པར་གསུང་འཕྲིན་ཁག་ལ་དོ་སྣང་ཡོད་མཁན་ཞིག་ཡིན། ཡང་གཅིག་བཤད་ན་སློབ་སྦྱོང་བྱེད་མཁན་ཞིག་ཡིན། ཁྱེད་ཚོའི་ནང་ལ་གསུམ་བཅུའི་གསུང་འཕྲིན་ཆ་ཚང་ཀློག་ཡང་མ་མྱོང་བ་ཧ་ཅང་མང་པོ་ལོས་ཡོད་འདོད་ཀི ངས་དེ་རིང་དོ་སྣང་ཅན་མང་པོ་ཞིག་ཕན་ཕྱིར། ངའི་ཟིན་བྲིས་ནང་གི་ལག་སྣེར་ཡོད་པའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་གི་ཚིག་ལུང་ཚིག་འགའ་ཞིག་འདིར་ཤེས་རྟོགས་ཀྱི་ཆེད་དུ་བཞག་ཡོད། གཟིགས་རོགས་འཚལ། ༡༩༦༠ ལོར། “་ཕྱིན་ཆད་བོད་ཡུལ་མུན་གླིང་དེར་ཆོས་ཀྱི་སྒྲོན་མེ་གསལ་བར་འབར་ཐུབ་པའི་འགན་ལེན་བྱ་དགོས།” ༡༩༦༡། “ང་ཚོས་དེ་ལ་བློ་ཕམ་དང༌། ཡིད་ཞུམ་མི་བྱ་བར་ཐབས་དང༌། མཐུན་རྐྱེན་སྒོ་སྣ་ཚོགས་ནས་བསྒྲུབས་ཏེ་རང་རེའི་སྤུན་ཟླར་གྱུར་པའི་རྒྱ་ཆེའི་བོད་མི་རིགས་རྣམས་དེ་འདྲའི་སྡུག་བསྔལ་དེ་ལྟ་བུ་ལས་མྱུར་དུ་གྲོལ་བ་དང༌། བདེན་འབྲེལ་ཐོབ་ཐང་ཡོད་ངེས་ཀྱི་བོད་མི་རིགས་ཀྱི་རང་དབང་མྱུར་དུ་ལོན་པའི་ཐབས་ཚུལ་ལ་ཚང་མས་འབད་བརྩོན་མུ་མཐུད་བྱ་དགོས” ༡༨༦༢། “རང་དབང་སྲུང་སྐྱོབ་ཀྱི་དོན་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཀྱང་དགའ་པོའི་ངང་བློས་བཏང་བ་རེད།” “བོད་མིའི་རང་དབང་བསྐྱར་གསོའི་ཆེད་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་བསྐུལ་དང་རྒྱབ་སྐྱོར་གནང་མཁན་ཚོར་སྙིང་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་མ་ཟད། བོད་ནང་ཞི་བདེ་དང༌། རང་དབང་ཡོང་བའི་ཐབས་ཤེས་སྔར་བཞིན་མུ་མཐུད་གནང་རྒྱུར་ཡིད་ཆེས་བརྟན་པོ་ཡོད།” 1963/”ཁོང་ཚོས་ཐབས་ཤེས་བཟང་པོ་ལ་བརྟེན་ནས་ངའི་བོད་མི་རྣམས་ཀྱི་རང་དབང་དང་ཞི་བདེ་བརྩོན་ལེན་བྱེད་ངེས་ཡིན། རྒྱུ་མཚན་དང་གནས་ལུགས་དེ་ལྟ་བུར་གཞིགས་ཏེ་དུས་ཡུན་མི་རིང་བར་ང་ཚོའི་ཡུལ་གྱི་རང་དབང་ཡང་བསྐྱར་ཐོབ་རྒྱུའི་ཉིན་མོ་དེའི་དོན་དུ་ཚང་མས་ཡིད་ཆེས་དང་མ་བྲལ་བར་ལས་དོན་མུ་མཐུད་སྒྲུབ་དགོས” 1964/”དཀའ་ཉེན་ཆེ་བའི་དུས་ཚོད་འདི་ལྟ་བུར་བོད་ལ་མི་མང་ནས་ཆོས་སྲིད་རང་དབང་གི་ཆེད་དུ་རྒྱུན་མི་ཆད་པའི་འཐབ་འཛིངས་བྱེད་བཞིན་ཡོད་པར་ང་ཚོས་རྒྱབ་གནོན་རོགས་རམ་གང་ཐུབ་བྱེད་དགོས་པ་ནི་རང་ཅག་ཚང་མར་འཁྲི་བའི་ལས་འགན་ཡིན།” 1966/”ད་རིང་ངོས་ནས་བོད་མི་ཚང་མར་རང་གི་ཕ་ཡུལ་ལ་ཞི་བདེ་རང་དབང་ཡོང་བའི་འབད་བརྩོན་ནུས་ཤུགས་གང་ཡོད་ཀྱིས་བྱེད་དགོས་པ་དང༌། འཛམ་གླིང་མི་མང་ཚོས་གནས་སྟངས་ཤིན་ཏུ་ཐབས་རྡུགས་པོ་དང༌། སྡུག་བསྔལ་གྱིས་མནར་བའི་བོད་མི་ཚོའི་དོན་དུ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན” 1967/”ང་ཚོས་དེ་རིང་གི་ཉི་མོ་འདིར་བོད་རང་དབང་བསྐྱར་གསོའི་དམ་བཅའ་སྔར་ལས་ལྷག་པའི་བརྟན་པོ་ཞིག་འཇོག་དགོས་པ་ཡིན། ད་བར་ལོ་བརྒྱད་ཙམ་སོང་བ་འདིའི་རིང་ལ་རང་རེས་རང་བཙན་གྱི་བོད་རྒྱལ་ཁབ་ཏུ་ཕྱིར་ལོག་ཐུབ་པའི་ཉི་མ་ཞིག་འཆར་རྒྱུའི་དོན་ལ། གང་ཅིའི་ཐབས་ཤེས་གྲ་སྒྲིག་བྱས་ཡོད།” 1968/”འཛམ་གླིང་ཐོག་ང་ཚོའི་རྒྱལ་ཁབ་རང་བཙན་མཚན་ཉིད་ཚང་བ་ཞིག་ཡིན་ཞེས་བསྐྱར་དུ་གསལ་བསྒྲགས་ཀྱང་བྱས་ཡོད། བོད་ཕྱི་ནང་གང་དུ་ཡིན་ཡང་རུང༌། ང་ཚོ་མི་རིགས་ཤིག་ཡིན་པའི་ཐོབ་ཐང་ཡོད་ཅེས་པའི་འཐབ་རྩོད་དེ་ད་དུང་ཡང་ང་ཚོས་མུ་མཐུད་དེ་བྱེད་བཞིན་པ་ཡིན།” 1969/”བོད་དུ་ཡོད་པའི་བོད་མི་མང་ཚོགས་ལ་རྒྱ་དམར་གྱིས་བརྗོད་དོན་ལྟར་ཞི་བདེ་འདོད་ཁེངས་ཡོད་ན། ང་ཚོས་རྒྱལ་ཁབ་ཀྱི་ལས་དོན་དེ་གཙོ་བོར་བྱེད་དགོས་དོན་མེད།” “ང་ཚོ་རང་དབང་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཚོས་རྒྱ་དམར་གྱི་བཙན་དབང་གཉའ་ཤིང་འོག་མནན་པའི་བོད་མི་རྣམས་བཅིངས་འགྲོལ་བྱེད་པ་དང༌། བོད་མིས་འཛིན་སྐྱོང་བྱས་པའི་རང་དབང་གི་བོད་ཅིག་ཡོང་བའི་ལས་འགན་རྩ་ཆེ་དེ་སྒྲུབ་པ་ལ་འབད་བརྩོན་ཤུགས་སྐྱེད་བྱ་དགོས་པར་དྲན་བསྐུལ་བྱ་རྒྱུ་ཡིན།” 1970/”བོད་རང་དབང་སྒྲུབ་པའི་རེ་འདོད་དེ་ནི་བོད་མི་རྣམས་ཀྱི་སྙིང་ནས་དུས་ནམ་ཡང་མ་བཏང་བའི་ཐོག་ལ་ད་དུང་འབད་བརྩོན་ནུས་ཤུགས་ཇེ་ཆེར་འགྲོ་བཞིན་པ་རེད”འདི་ཕལ་ཆེར་གསུང་འཕྲིན་ཚང་མའི་ཐོག་མར་ཡོད།” “བདག་ཉིད་བདག་གི་མགོན་ཡིན་གྱི། ཞེས་པའི་དོན་ལྟར། བོད་རང་དབང་སྒྲུབ་པའི་ལས་འགན་ཡོངས་རྫོགས་བོད་མི་རང་ནས་འཁུར་ཏེ་སྒྲུབ་དགོས་པ་དང༌། ལྷག་པར་གོང་སྨོས་ལྟར་བོད་རྒྱ་ཆེའི་མི་མང་གི་ཐ་སྙད་གང་དུ་འདོགས་པའི་གཞིའམ། བོད་ཀྱི་དོན་གྱི་བདག་པོ་བོད་ནང་ཡོད་པའི་རྒྱ་ཆེའི་བོད་མི་རྒན་གཞོན་བར་མ་མཐའ་དག་ནས་དགྲ་བོའི་གནོན་བཙིར་དེ་ལྟ་བུའི་འོག་ཏུ་ལུས་སྲོག་གཏོང་བ་ལ་ཇི་མི་སྙམ་པར། བོད་རང་དབང་གི་དོན་དུ་འཐབ་རྩོད་དེ་འདྲ་བྱེད་པའི་ཚུལ་ལ་བསམས་ན། ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་དུ་གནས་འཁོད་བོད་མི་ཉུང་ཤས་རྣམས་སྒྱིད་ལུག་ལེ་ལོ་དང་རང་མགོ་གང་ཐོན་དུ་སྡོད་ཐབས་ནམ་ཡང་མེད་པས། སེམས་ཤུགས་ཀྱི་ངར་མ་ཆག་ཅིང༌། ཆིག་སྒྲིལ་གྱི་ལག་གདང་མ་ཞིག་པར། བོད་རང་དབང་སྒྲུབ་པའི་དོན་ལ་བློ་སེམས་གཅིག་སྒྲིལ་འབད་བརྩོན་གཡོ་མེད་དུ་བྱེད་པ་གལ་ཆེ། འགྲོ་ཀུན་བདེ་ལེགས་ཀྱིས་འཚོ་བའི་སྨོན་འདུན་བཅས།།” 1971/”སྐྱེ་བོ་སོ་སོ་རང་ཉིད་ཀྱི་ནང་གི་སྙིང་སྟོབས་དང་རང་དབང་གི་འདོད་པ་ནི་དུས་ནམ་ཡང་གཏོར་བརླག་གཏོང་མི་ཐུབ་པས། བོད་ལ་ཐོབ་ཐང་ཡོད་ངེས་རང་བཙན་རྒྱལ་ཁབ་ཀྱི་གྲས་སུ་མ་ཚུད་བར་ངའི་མི་མང་གིས་འཐབ་རྩོད་མུ་མཐུད་ནས་བྱེད་ངེས་ཡིན།” 1972/”མཐར་ཐུག་གི་རྒྱལ་ཁ་ནི་དྲང་བདེན་ལ་ཐོབ་རྒྱུ་ཡིན་པ་དང༌། ང་ཚོའི་དོན་གནད་ཀྱང་དྲང་བདེན་ཞིག་ཡིན་སྟབས་བོད་མི་ཚོས་རྒྱ་མི་གུང་བྲན་གྱི་བཙན་གནོན་དྲག་པོའི་གཉའ་ཤིང་དེ་ཡོངས་སུ་བོར་ནས་བདེ་སྐྱིད་ལྡན་པའི་བོད་གསར་པ་འཛུགས་བསྐྲུན་བྱེད་ཆེད་ཡར་ལངས་རྒྱུར་ཡིད་ཆེས་གཙང་མ་ཡོད” 1973/”བཙན་དབང་གི་གྲོས་མཐུན་དོན་ཚན་ ༡༧ འཇོག་བཅུག་པ་དྲང་འབྲེལ་ཁྲིམས་མཐུན་མིན་ཞེས་ང་ཚོས་འཛམ་གླིང་མི་མང་གི་མདུན་སར་གསལ་བསྒྲགས་བྱས་ཡོད་པ་དང༌། དེ་མིན་དྲང་འབྲེལ་གྱི་གནའ་རབས་ལོ་རྒྱུས་གང་གི་དབང་དུ་བྱས་ན་ཡང་བོད་ནི་རང་བཙན་རྒྱལ་ཁབ་བསྙོན་མེད་ཅིག་ཡིན” “རྡོ་དོན་འོས་ཤིང་དགོས་ལ་འགྲུབ་ཏུ་རུང་བའི་བོད་མི་རིགས་ཀྱི་རང་དབང་བདེན་འབྲས་ཀྱི་ཉི་མ་འཆར་ངེས་ཡིན། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་འབྲས་བུ་རྒྱུའི་རྗེས་སུ་འགྲོ་བ་ཆོས་ཉིད་ཡིན་པས་གཞིས་བྱེས་བོད་མི་ཀུན་ནས་ལྷག་བསམ་བློ་སེམས་གཅིག་ཏུ་བསྒྲིལ་ནས་ཡུལ་དུས་གནས་ཚུལ་དང་བསྟུན་ཏེ་མཐུན་པའི་རྒྱུ་ཚོགས་ཚུལ་བཞིན་སྒྲུབ་དགོས་པ་ནི་གནད་ཀྱི་དོན་པོ་ཡིན་ནོ།།” 1974/”གསུམ་བཅུའི་དུས་དྲན་འདིའི་ངོ་བོ་གང་ཡིན་ནམ་ཞེ་ན། བོད་དོན་ཡིན། བོད་དོན་ཞེས་པ་གང་ཡིན་ནམ། དེ་མི་རིགས་ཤིག་དང༌། རྒྱལ་ཁབ་ཅིག ལྟ་བ་ཞིག་ལ་ངོ་རྒོལ་བྱེད་པ་དེ་ཡིན་ནམ། ཡང་ན་བཙན་བྱོལ་བ་ཉུས་ཤས་ཤིག་གི་རང་ཉིད་ཀྱི་ཁེ་ཕན་ཆེད་འབད་རྩོལ་བྱེད་པ་ཞིག་ལ་ཟེར་བ་ཨ་ཡིན་སྙམ་ན། དེ་དག་གང་ཡང་མ་ཡིན། བོད་དོན་ནི་བོད་མི་མང་གི་དོན་དང༌། དེ་ཡང་བོད་མི་ས་ཡ་དྲུག་གི་གནད་དོན། མི་རིགས་ཤིག་གིས་རང་གི་མ་འོངས་པའི་མདུན་ལམ་ཐག་གཅོད་ཇི་ལྟར་བྱ་བའི་རྩ་དོན་ཡིན་པས། ཇི་སྲིད་བོད་མི་ས་ཡ་དྲུག་གི་འདོད་བློ་མ་ཁེངས་པ་དེ་སྲིད་དུ་བོད་དོན་གྱི་འཐབ་རྩོད་མུ་མཐུད་ནས་བྱ་ངེས་ཡིན” 1975/” གང་དུ་བཙན་དབང་ཡོད་ན་དེ་རུ་ངོ་རྒོལ་འབྱུང་བ་ཆོས་ཉིད་ཡིན་པས་གོང་གི་བྱ་སྤྱོད་དེ་དག་བོད་རང་བཙན་སྒྲུབ་པའི་འཐབ་རྩོད་ཀྱི་སྟོབས་ཤུགས་དང༌། སྐུལ་མར་འགྱུར་ངེས་ཡིན།” 1976/”བོད་གངས་ལྗོངས་སུ་གནས་པའི་རང་རིགས་རྒྱ་ཆེའི་མི་མང་རྣམས་ནས་རང་གི་ལུས་སྲོག་ཉམ་ཉེས་ལ་མི་ལྟ་བར་རང་དབང་གི་དོན་དུ་འཐབ་རྩོད་རྒྱུན་མི་ཆད་པར་བྱས་ཏེ་བཙན་འཛུལ་མཁན་རྣམས་ནམ་ཡང་བག་ཕེབས་ལྷིང་འཇགས་མི་ཐུབ་པའི་དཀའ་ངལ་བཟོ་བཞིན་པ་ལྟར་ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་ཁག་ནང་ཡོད་པའི་བོད་མི་རྣམས་ནས་ཀྱང་བོད་རྒྱ་ཆེའི་མི་མང་གི་བསམ་འདུན་དང་མཐུན་པར་བོད་རང་དབང་རང་བཙན་སྒྲུབ་པའི་ལས་འགན་འདི་དག་ནི་ནམ་ཡང་འདོར་ཐབས་མེད་ཅིང༌། དེ་མིན་ཡུལ་ཁག་མི་རིགས་གཞན་དག་གི་ལས་དོན་ལ་ང་ཚོས་ཐེ་བྱུས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད” 1977/”ང་ཚོས་བོད་རང་དབང་རང་བཙན་རྩོད་ལེན་བྱེད་པ་འདི་ནི། བོད་མི་ས་ཡ་དྲུག་གི་རེ་འདུན་དང་མཐུན་ཞིང༌། ཐོབ་ཐང་དང༌། བབས་འོས་ཡོད་པ། དྲང་བདེན་ཅན་ཞིག་ལ་བརྟེན། དམིགས་དོན་འདི་དག་ཡོངས་སུ་སྒྲུབ་པའི་ཆེད་དུ་བོད་མི་རིགས་ཐམས་ཅད་བློ་སེམས་གཅིག་ཏུ་བསྒྲིལ་ནས་སྙིང་སྟོབས་ཞུམ་པ་མེད་པའི་འབད་བརྩོན་ཆེ་བསྐྱེད་བྱེད་དགོས” 1978/”མཐའ་དོན། ཞུམ་པས་ཕོངས་ལས་གྲོལ་མི་སྲིད་པས། གངས་ཅན་བོད་མི་རིགས་རྣམས་རྒྱལ་སྤྱིའི་མི་རིགས་གཞན་དག་དང་འདྲ་བར་རང་ཡུལ་རང་གིས་སྐྱོང་ཐུབ་པའི་དོན་དུ་ཚང་མས་སྔར་བཞིན་ལྷག་བསམ་སྙིང་སྟོབས་ཞུམ་མེད་འབད་བརྩོན་ཆེ་བསྐྱེད་བྱེད་དགོས།།” 1979/” རྒྱ་ཆེའི་མི་མང་ས་ཡ་དྲུག་གི་བདེ་སྡུག་གི་གནད་དོན་ཡིན་པས་ཇི་སྲིད་བོད་རྒྱ་ཆེའི་མི་མང་གི་འདོད་བློ་ཡོངས་སུ་ཁེངས་པའི་བདེ་སྐྱིད་རང་དབང་གི་དཔལ་ཡོན་མ་བཞད་པ་དེ་སྲིད་དུ་འདས་པའི་ཉམས་མྱོང་གཞི་ལ་བཞག་སྟེ་ཞུམ་མེད་ཐབས་ཤེས་འབད་བརྩོན་ནམ་ཡང་མི་ལྷོད་པ་བྱེད་གལ་ཤིན་ཏུ་ཆེ།” 1980/”མཇུག་ཏུ། ངས་རྟག་ཏུ་བརྗོད་བཞིན་པ་ལྟར། ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་ནི། བོད་མི་མང་གི་དོན་དམ་པའི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པ་དེ་ཡང་བསྐྱར་དུས་སྐབས་འདིའི་ཐོག་དྲན་བསྐུལ་བྱེད་པ་དང་ཆབས་ཅིག? 1981/”མཐའ་དོན་ཁོང་ཁྲོས་ཁོང་ཁྲོ་འཇོམས་མི་ནུས་ཤིང༌། འདས་པའི་ལོ་རྒྱུས་དེ་འདས་ཟིན་པས། དེས་ན་སྐབས་བབས་མ་འོངས་པར་རྒྱ་བོད་གཉིས་མཛའ་གཅུགས་དམ་ལ་བཟང་པོ་ཞིག་གི་ངང་ནས་དོན་དམ་པའི་བདེ་སྐྱིད་ཁ་ཡོད་ལག་ཡོད་ཅིག་དགོས་པ་ཕན་ཚུན་གཉིས་ཕྱོགས་ནས་བཟོད་བསྲན་ཁོག་ཡངས་དང་འབྲེལ་འབད་བརྩོན་བྱེད་གལ་ཆེ་བ་ཡིན” 1982/”བོད་མི་ཚོ་ནས་དེ་འདྲའི་རེ་དོགས་དང༌། ངང་ཐུང་འཚབ་འཚུབ་ཀྱི་བསམ་ཚུལ་འཛིན་མི་རུང༌། བོད་ཀྱི་གནད་དོན་འདི་ནི་མི་ལོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ལྡན་ཞིང༌། ཆོས་དང་རིག་གཞུང་གིས་ཕྱུག་པའི་མི་རིགས་ཤིག་གི་གནད་དོན་ཡིན་པ་དང༌། རྒྱལ་སྤྱིའི་སྲིད་དོན་འཕོ་འགྱུར་གྱི་གནད་དོན་དང་འབྲེལ་བ་གཏིང་ཟབ་ཡོད་པའི་དོན་གནད་ཅིག་ཡིན་པས། ངེས་པར་འོས་ཤིང་འཚམས་པའི་ཐག་གཅོད་འགྱུར་བ་ཞིག་ཡོང་དགོས་པ་ལས། ད་ལྟའི་གནས་སྟངས་འདི་མུར་གནས་ཐབས་ནམ་ཡང་མེད། དེས་ན་བོད་མི་རྣམས་ནས་ཁོག་ཡངས་ཞི་འཇམ་དྲང་བདེན་གྱི་སྒོ་ནས་མི་རིགས་རང་ཉིད་ཀྱི་འཕྲལ་ཡུན་བདེ་སྐྱིད་ཁེ་དབང་ཐོབ་ཐང་རྣམས་རྩོད་ལེན་མཐར་ཕྱིན་པ་བྱ་དགོས།” 1983/”དེས་ན་ཕྱོགས་གང་ནས་ཀྱང་ཐེ་བྱུས་མེད་པར་བོད་མི་ས་ཡ་དྲུག་ལ་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་གཅེས་འཛིན་བྱེད་པ་དང༌། ཡར་རྒྱས་གཏོང་བ། ཆོས་དད་རང་མོས་བྱེད་པ། སོ་སོའི་མ་འོངས་པའི་མདུན་ལམ་རང་ཉིད་ནས་ཐག་གཅོད་བྱེད་པ། རང་གི་ལས་དོན་རང་གིས་བྱེད་པ། སོ་སོའི་འདོད་མོས་ཇི་ཡོད་ཁེངས་ཐུབ་པ་བཅས་ཀྱི་ཐོབ་ཐང་ངེས་པར་དུ་ཡོད་དགོས། ཐབས་ལམ་དེ་ནི་དྲང་བདེན་དང༌། རྒྱུ་མཚན་ལྡན་པ་ཞིག་ཡིན། ཐབས་ལམ་དེ་ལྟ་བུ་བརྒྱུད་ནས་འཕྲལ་ཕུགས་ཀྱི་དཀའ་ངལ་སེལ་ཐུབ་པ་དང༌། འདོད་དོན་ལ་ཅི་དགར་སྤྱོད་ཐུབ་པ་ཡོང་ངེས་ཡིན།།” 1984/”རྒྱལ་སྤྱིའི་ནང་གི་མི་རིགས་གཞན་དག་དང་འདྲ་བར་ང་ཚོ་བོད་མི་རིགས་ལ་འོས་བབས་ཐོབ་ཐང་ཡོད་ངེས་བོད་ཡུལ་བོད་མིས་འཛིན་སྐྱོང་ཅི་བདེར་བྱེད་པའི་ཁེ་དབང་སླར་གསོའི་དོན་དུ་ལྷག་བསམ་འབད་བརྩོན་ཆེ་བསྐྱེད་བྱེད་དགོས” 1985/”བསམ་ཚུལ་མི་མཐུན་པ་རྣམས་གསལ་པོར་བརྗོད་རེས་བྱེད་པ་དང༌། རྒྱུ་མཚན་སྦྱང་བཤད་བྱེད་པ། འདྲ་མཉམ་གཉིསཕན་གྱི་སྒོ་ནས་གྲོས་བསྡུར་བྱེད་པ་བཅས་ཀྱི་ཐོག་ནས་ཐག་གཅོད་བྱུང་བ་ཡིན་ན་ཐག་གཅོད་དེ་མིང་དོན་མཚུངས་པའི་ཐག་གཅོད་ཡིན། སེམས་ཀྱི་ནང་ལ་གཞན་ཞིག་དྲན། ཁ་ནས་གཞན་ཞིག་བཤད་པའི་ཐག་གཅོད་དེ་ནི་དངོས་འབྲེལ་གྱི་ཐག་གཅོད་མིན། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་ད་ལྟའི་དུས་ཚོད་འདིར་ཕྱོགས་ཕན་ཚུན་གཉིས་ཀ་ནས་ཡང་ཡང་བསམ་ཚུལ་བརྗོད་རེས་བྱས་ཏེ་གནས་ཚུལ་གོ་རྟོགས་གསལ་པོ་ཡོང་ཆེད་འབྲེལ་བ་དམ་ཟབ་བྱེད་རྒྱུ་འདི་གལ་ཆེ་ཤོས་མཐོང་གི་འདུག རིམ་བཞིན་མི་དང་མིའི་དབར་འབྲེལ་བ་ཇེ་བཟང་དུ་ཕྱིན་པ་བརྒྱུད། དཀའ་རྙོག་ཇི་འདྲ་ཞིག་ཡིན་ཡང་འདྲ་མཉམ་གཉིས་མོས་ཀྱི་ཐོག་ནས་སེལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད།” ད་ཁྱོད་ཀྱིས་གོང་གསལ་ལུང་རྣམས་ལས་ཅི་ཞིག་ཤེས་བྱུང། ཡང་ན་ཐེ་ཚོམ་ཅི་ཞིག་བྱུང་སོང།
བོད་མི་རིགས་ཀྱི་དྲིན་ལས་༧གོང་ས་མཆོག་སྐད་གྲགས་བྱུང་པ་རེད་ཟེར་ན། བོད་མི་རིགས་རིགས་ཀྱི་དྲིན་ལས་དབའ་བོ་དཔའ་མོ་ཚོ་སྐུ་སྲོག་ཤོར་སོང་ཟེར་བ་དངའདྲ་མོ་འདུག་པས་ཡིད་གཟབ་བྱོས་དེ་འདྲ་མ་ལབ། དེ་ཚོ་སྨོན་ལམ་ལོག་པའི་གཏམ་རེད། ཆོས་འཕེལ་མིང་ཅན་ལ་ཆེད་དུ།
ལུང་འདི་རྣམས་ཚང་མ་རང་ལ་དགོས་པ་དེ་རྣམས་ཡར་སྒྲུག་རང་ལ་མི་དགོས་པ་དེ་རྣམས་མར་གཡུག་ཏེ་ཕྱོགས་སྒྲིག་བྱས་པ་ཞིག་རེད་འདུག། མདོར་ན་༧གོང་ས་མཆོག་གི་དཀའ་ལ་ལོག་འགྲེལ་རྒྱག་རྒྱུའི་ལག་ཆ་ཞིག་རེད། ༧གོང་ས་མཆོག་གི་རང་བཙན་གཙང་མ་ཐབ་རྩོད་གནང་ཡག་ཐུགས་ལ་ནམ་འཁོར་མ་མྱོང་བ་དེ་འདྲ་ཨེ་ཡིན་སྙམ། གང་ལྟར་༡༩༧༤ཡས་མས་ནས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགེ་མཚན་མང་པོ་ཞིག་ཐུགས་ལ་འཁྲུང་པ་དང་དེ་ནས་དངོས་ཡོད་གནས་ཚུལ་དང་མཐུན་པ་དགེ་མཚན་ཤིན་ཏུ་ཆེ་བ་ཞིག་ལ་གཟིགས་ཏེ་དབུ་མའི་ལམ་གྱི་ཐོག་ལ་ཤར་སྐྱོད་གནང་བ་ཞིག་རེད། དབུ་མའི་ལམ་འདིར་རིམ་པས་འཕེབ་པ་ཞིག་མ་གཏོག་ཐོག་མ་ཉིད་ནས་དབུ་མའི་ལམ་གྱི་་ཐབ་རྩོད་ཞིག་གནང་བ་ཡིན་པ་སོགས་གང་བྱུང་འགྲེལ་ལོག་མང་པོ་རྒྱབ་ན་བོད་མི་རང་གི་་ནང་ལ་ཡང་མགོ་ཐོམ་གཞི་གཅིག་དང་དགྲ་བོ་རྒྱ་དམར་གྱི་ཀྱང་ཕྱེད་རང་བཙན་དང་མི་མངོན་པའི་རང་བཙན་ཟེར་བ་སོགས་འགྲེལ་ལོག་རྒྱག་རྒྱུའི་གོ་སྐབས་ཞིག་ཆག་གི་ཡོད་རེད་
དྲན་དཀར་ལགས་ཀྱིས་ཅི་ཞིག་བཤད་ཀྱི་ཡོད་དམ། འབྲེལ་མེད་རྒྱུ་ཅིག་བཤད་ནས་ཅིར་ཕན། ༼བོད་མི་རིགས་ཀྱི་དྲིན་ལས་༧གོང་ས་མཆོག་སྐད་གྲགས་བྱུང་པ་རེད་ཟེར་ན། བོད་མི་རིགས་རིགས་ཀྱི་དྲིན་ལས་དབའ་བོ་དཔའ་མོ་ཚོ་སྐུ་སྲོག་ཤོར་སོང་ཟེར་བ་དངའདྲ་མོ་འདུག་པས་ཡིད་གཟབ་བྱོས་དེ་འདྲ་མ་ལབ། དེ་ཚོ་སྨོན་ལམ་ལོག་པའི་གཏམ་རེད། ཆོས་འཕེལ་མིང་ཅན་ལ་ཆེད་དུ།༽ འདིས་ཅི་ཞིག་སྒྲུབ་ཀྱི་ཡོད་དམ། གལ་སྲིད་ངས་གོང་དུ་ཞུས་པའི་བརྗོད་ཚིག་དེ་དག་གི་གོ་དོན་ཁྱེད་ཀྱིས་མ་རྟོག་པ་ཡིན་ན། མདོར་དོན་སྙིང་པོ་ནི། བོད་མི་རིགས་ཀྱིས་༧གོང་ས་མཆོག་བཟོ་ཐུབ་ཀྱི་རེད། ༧གོང་ས་མཆོག་གིས་བོད་རིགས་བཟོ་ཐུབ་ཀྱི་མ་རེད། ༧གོང་ས་མཆོག་མེད་ཀྱང་བོད་མི་རིགས་གནས་ཀྱི་རེད། བོད་མི་རིགས་མེད་ན་༧གོང་ས་མཆོག་གནས་མི་སྲིད། དེས་མ་གོ་ན་ཁྱེད་ལ་ཀླད་པ་མེད་སོང་བ་ཡིན་གྱི་རེད།
འདིར་མཆན་ཧ་ཅང་མང་བས་ཚང་མ་བཀླག་ཚོད་མི་འདུག་མོད། རྣམ་པ་ཚོས་བོད་ཀྱི་རྩ་དོན་ཕན་པའི་བསམ་ཚུལ་རེ་སྤེལ་ན་ལས་འགན་མ་ཁུར་བའི་དཀྲུག་ཤིང་རིགས་སྤངས་ན་དགའ།
འདི་ཙམ་ཡང་མ་གོ་ན་ཁྱེད་ལ་ཤེས་པ་མེད་སོང་བ་ཡིན་གྱི་རེད། དོན་ནི་བུ་ཆོས་འཕེལ་མིང་ཅན་མེད་ན་བུ་ཆོས་འཕེལ་གྱི་ཨ་མས་ངལ་རྩོལ་འགའ་འབྱུང་མི་ཐུབ། བུ་ཆོས་མིང་ཅན་གྱིས་དྲིན་ལས་བུ་ཆོས་འཕེལ་མིང་ཅན་གྱི་ཨ་མར་ལས་ཀ་འཐོབ་པ་དང་དཀའ་ལས་རྒྱག་རྒྱུའི་གོ་སྐབས་བྱུང་བར་ཁས་ལེན་པ་ནི་བོད་མི་རིགས་ཀྱི་དགྲ་བོ་རེད། གོ་བྱུང་ངམ། བོད་མི་རིགས་མེད་ན་བོད་ཀྱི་དཔའ་བོ་དང་དཔའ་མོ་འབྱུང་མི་ཐུབ་པ་ཙམ་ཏུ་མ་ཟད་བོད་ཀྱི་དཔའ་བོ་དང་དཔའ་མོའི་སྐུ་སྲོག་མི་ཤོར་པ་ཡང་བདེན་མོད། བོད་མི་རིགས་ཀྱི་དྲིན་ལས་དཔའ་བོ་དང་དཔའ་མོར་ཚོར་སྐད་གྲགས་བྱུང་པ་རེད་ཟེར་མཁན་ནི་མི་རིགས་ཀྱི་དགྲ་བོ་རེད། བོད་མི་རིགས་དྲིན་ལས་༧རྒྱལ་པན་སོགས་གཙོས་པའི་དཔའ་བོ་དང་དཔའ་མོ་ཚོར་སྐད་གྲགས་བྱུང་རེད་ཟེར་ན། ངས་ནི་ཁྱེད་ལ་བོད་དྲི་མེད་པ་ཙམ་དུ་མ་ཟད་སྐྱག་དྲི་འཐིལ་བྱུང་ཟེར་གྱིན་ཡོད། ཆོས་འཕེལ་མིང་ཅན་ལ་ཆེད་དུ།
བོད་ཀྱི་བུ། བུ་གུ་ཆུང་ཆུང་ཆུང་ཆུང་་ལགས། སྐད་ཆ་སྟོང་པ་མ་བཤད། འོ་ན་རང་གིས་རང་ལ་མཁོ་བ་དེ་ཚོ་གསུང་འཕྲིན་ལས་འདྲེན་རོགས། ངས་འདིར་རང་བཙན་དང་རང་དབང་་རྒྱལ་ཁབ་གང་ཡོད་ཚང་མ་དྲངས་ཡོད། ལུང་ཚིག་གཅིག་ཀྱང་འདྲེན་རྒྱུ་མེད་ན་ད་ཅང་མ་བཤད་པར་བསམ་བློ་རེ་བཏང་ན་དགའ།
སྟོན་པ་ཚད་མ་ཡིན་མིན་བཀའ་ལ་བརྟགས། དབུ་ཁྲིད་ཡང་དག་མིན་མིན་མཛད་པར་བརྟགས། སྐད་ཆ་ཚད་ཐུབ་ཡིན་མིན་ཁུངས་ལ་ཐུག ཀློག་མཁན་ཚད་ལྡན་ཡིན་མིན་གོ་བར་ཐུག ཞེས་ཀྱང་སྨྲ་བར་བྱའོ།
དྲན་དཀར་ལགས། དངོས་གནས་ཁྱེད་ཀྱིས་ག་རེ་བཤད་ཀྱི་ཡོད་མེད་ངས་གོ་ཐུབ་ཀྱི་མི་འདུག། ཧཧཧཧཧཧ བོད་དྲི་དང་སྐྱག་དྲི་གང་ཞིག་ཁྱེད་ལ་ཚོར་ཡང་ཁྱེད་རང་ཉིད་ཀྱིས་སེམས་ཚོར་ཙམ་ཞིག་རེད། དེས་གླེང་གཞིའདི་དང་འབྲེལ་བའི་དཔྱད་བརྗོད་དུ་མི་འགྱུར། དྲ་གྲོགས་ལགས། གླེང་བརྗོད་འདི་བཞིན་མུར་འགོད་གནང་ཚེ་ལེན་མེད་དོ།
བུ་ཕྲུག་མེད་ན་ཨ་མ་ཆགས་ཐབས་མེད། རྫོས་པ་ཡིན། བུ་ཕྲུག་གི་དྲིན་ལས་ཨ་མ་སྐྱིད་པོ་བཏང་ཡ་བྱུང་བ་རེད་མ་ལབ་རྫོས་པ་ཡིན། བོད་པ་མེད་ན་༧རྒྱལ་པན་ཚོ་འབྱུང་གི་མ་རེད། བོད་པས་༧རྒྱལ་པན་ཚོ་དྲིན་ཆད་ཡོད་འཇལ་ན་མི་ཚར་བ་འཇལ་བགྱིད་ལུས་ཡོད་རྫོས་པ་ཡིན། མདོར་བསྡུས་ན་བསྐལ་བ་མ་སྟོང་གི་བར་དུ་ང་ཚོ་རྗེས་སུ་འཛིན་རོགས་བརྫོས་པ་ནོར་མེད་ཟེར་གིན་ཡོད། འདི་ཙམ་མི་གོ་ན་ང་ཡང་ཁྱེད་ལ་བཤད་འདོད་མེད་དོ།
སྟོན་པ་ཚད་མ་ཡིན་མིན་གསུང་ལ་བརྟགས། གསུང་ཚད་མ་ཡིན་མིན་བརྗོད་བྱ་སྐྱོན་ཅན་ཡིན་མིན་ལ་བརྟགས། ཀློག་མཁན་ཚད་ལྡན་ཡིན་མིན་ཟུར་གནས་སྒྲ་དོན་ནོར་མིན་ལ་བརྟགས། དབུ་ཁྲིད་ཚད་ལྡན་ཡིན་མིན་ཆབ་འབང་སྐྱོང་ཚུལ་ལ་བརྟགས། བཅས་སྨྲ་ན་འདོད།
ད་ཁྱོད་ཚོ་སྡོད། སྔོན་མ་གྲོས་ཚོགས་ནང་དུ་མདོ་སྟོད་སྤྱི་འཐུས་རལ་བ་ཅན་གྱི་གནམ་གྲུའི་གླ་ཆའི་དོན་ལ་རྩོད་པ་རྒྱག་རྒྱུ་མང་དྲགས་ནས་ཞབས་འདྲེན་ག་ཚོད་ཞུས་དྲན་གྱི་མི་འདུག་གམ། འདི་རྒྱལ་བ་རིན་པོ་ཆེ་དང་ཀརྨ་རིན་པོ་ཆེ་མི་སྒེར་གཉིས་ཀྱི་གནད་དོན་རེད། འདི་རང་དབང་དང་རང་བཙན་གྱི་ཐ་སྙད་ཀྱི་འཇུག་སྟངས་ཀྱི་རྩོད་པ་ཞིག་ཡིན་དུས་བརྡ་དང་ཐ་སྙད་ལ་མཁས་པ་ཚོས་ཐག་རེ་མ་ཆོད་ན་སུས་ཀྱང་ཐག་ཆོད་ཁག་པོ་རེད། འདི་བོད་མི་མང་གི་སྤྱི་འཐུས་གྲོས་ཚོགས་ནང་ནས་གླེང་དགོས་པ་ཞིག་མ་རེད། སྨོན་ལམ་འདི་བཏོན་ནས་བོད་རང་དབང་རང་བཙན་ལ་ནུས་པ་མི་ཐོན་པ་བརྒྱ་ཆ་བརྒྱ་རེད། རང་དབང་ཡིན་ན་རང་དབང་ཡིན། རང་བཙན་ཡིན་ན་རང་བཙན་ཡིན། དོན་དག་ཆུང་ཆུང་དེ་ཆུང་ཆུང་གི་ཚད་ལ་ཞོག་དང་དགའ།
ཧཧཧཧ་གསུང་ལ་བརྟག་དགོས་ན་བརྗོད་བྱ་ལ་བརྟག་དགོས་པ་བཤད་ཅི་ལ་དགོས། དབུ་ཁྲིད་ཡང་དག་ཡིན་མིན་དེའི་མཛད་པ་ལ་བརྟག་དགོས་ན་འབངས་མི་སྐྱོང་ཚུལ་ལ་བརྟག་དགོས་པ་ཡང་བཤད་ཅི་ལ་དགོས། གོ་བ་ལེན་ཐུབ་སོང་ན་ཀློག་མཁན་(ཡང་ན་ཉན་པ་པོ)ཚད་ལྡན་ཡིན་པས་ཁྱབ། མ་གོ་ཁུལ་དང་མ་ཤེས་ཁུལ་བྱས་ན་དེ་གནས་ཚུལ་ཐ་དད་རེད།
“འདི་རྒྱལ་བ་རིན་པོ་ཆེ་དང་ཀརྨ་རིན་པོ་ཆེ་མི་སྒེར་གཉིས་ཀྱི་གནད་དོན་རེད།” ཨ་ལ་ལ་སྤོབས་པ་མཐའ་ཡས་ན་མཐའ་ཡས། ལོག་པར་རྟོག་པའི་སྤོབས་པ་ནམ་མཐའི་མཐའ་རུ་་་་་ འོ་ན་རིན་པོ་ཆེ་ཀརྨ་ཆོས་འཕེལ་གྱིས་དེ་གྲོས་ཚོགས་ནང་ལ་ཡང་དང་བསྐྱར་དུ་གླེང་ནས་ཅི་བྱེད་དགོས་སམ། སྐུ་སྒེར་ལ་བཅར་ནས་རྩོད་ན་འགྲིག་ག ཧ་ཧ་ཧ་ཧཧ་་་
ཧཧཧཧཧཧཧཧཧ་ཆབ་ལྷ་ལགས། མཛད་བཟང་ཅན་པ་ཡིན་ན་དབུ་ཁྲིད་བཟང་པོ་ཡིན་པས་མ་ཁྱབ། སྐད་ཆ་དེར་ཁུངས་ཡོད་ན་གསུང་ཚད་མ་ཡིནཔས་མ་ཁྱབ། དཔེ་ཀློར་གོ་བ་ཡོད་ན་ཀློ་པ་པོ་ཚད་ལྡན་ཡིན་པས་མ་ཁྱབ་བོ།
མི་ཆེན་པོའི་སྐད་ཆ་མི་འདྲ་བ་བཤད་ན་ཐབས་མཁས་ཐུགས་རྗེ། ཉམ་ཆུང་གི་ལྷག་བསམ་བཤད་ན་དམ་ཉམས། ཧ་ཧ། གསུང་པ་པོ་རང་ཉིད་མཁས་འཆེ་བར་རློམ་ཡང་ཕྱོགས་ལྷུང་ལས་གཞན་མ་མཐོང་།
ཉམ་ཆུང་གི་ལྷག་བསམ་ལྷག་བསམ་མ་རེད་སུས་བཤད་སོང། རི་མཐོན་པོའི་ཡན་ན་མཐོན་པོ། མི་ཆེན་པོའི་གོང་ན་ཆེན་པོ། འདི་དངོས་ཡོད་རེད། ལྷག་བསམ་འདྲ་ན་ཡང་མཁྱེན་ཡོན་འདྲ་ས་ཡོད་མ་རེད། འཛམ་གླིང་གི་མཁས་མཛངས་གཙོ་འཛིན་དང་གྲགས་ཅན་མིསྣ་དེ་དག་གི་གྲས་སུ་ཚུད་རྒྱུ་དེ་ཡང་ང་རང་ཚོ་འདྲ་བོས་འཇོན་གི་མ་རེད། ད་འོ་ན་་ཐབས་མཁས་ཐུགས་རྗེ་མིན་ཚུལ་སྒྲུབས་ཤིག
མཛད་བཟང་ཅན་ཡིན་ན་དབུ་ཁྲིད་བཟང་པོ་ཡིན་པས་ཁྱབ་པ་ལབ་མེད། དབུ་ཁྲིད་ཡང་དག་ཡིན་མིན་དེས་རྒྱལ་སྲིད་སྐྱོང་ཐབས་ཀྱི་མཛད་རྗེས་ལ་བལྟས་ནས་རྟོགས་དགོས་པ་ཟེར་བ་ཡིན། ཁུངས་ཡོད་པའི་གཏམ་ཞིག་བཤད་ན་ཁོའི་་སྐད་ཆ་དེ་བདེན་པ་ཡིན་ཏེ། ཁུངས་ཡོད་པའི་ཕྱིར། འོན་ཀྱང་ཁུངས་དེ་བདེན་པ་ཡིན་མིན་གཞན་ཞིག་རེད། གོ་བ་ཇི་བཞིན་ལོན་མཁན་ཞིག་ཀློག་པ་པོ་ཚད་ལྡན་མིན་ན། འོ་ན་ག་འདྲ་ཞིག་ཚད་ལྡན་ཡིན་ནམ། ཧཧཧཧ
རྒན་ལྷ་མོ་སྐྱབས་ཀྱིས་གནད་འདོན་འདི་ལ་ཧ་ཅང་ཟབ་ཟབ་གནང་གདའ། སྐད་ཆའི་རྩ་བ་གང་ཡིན་རྒྱུ་མ་ཕུ་འདེད་བྱས་ནས་ཤེས་ས་ཞིག་ཡིན་པར་མི་འདོད། རྒྱ་ནག་གཞུང་ལ་ཐུག་མེད་པའང་སུས་ཁ་ཚོན་གཅོད་ཐུབ། ད་ལྟ་ངོ་ཐོག་ན་ཡོད་པའི་རྩོད་པ་ནི་ རྒྱལ་བ་རིན་པོ་ཆེས་བོད་གཞུང་སྒོ་བརྒྱབ་ཟེར་བ་དང་། རྒྱལ་བ་རིན་པོ་ཆེས་ད་ལྟ་བོད་རང་བཙན་གྱི་ཐུགས་དགོངས་ཡོད་ཟེར་བ། རྒྱལ་བ་རིན་པོ་ཆེ་དང་རྒྱལ་བ་རིན་པོ་ཆེ་ཞེས་རྩོད་པ་འདིའི་ནང་ཡོང་བ་དེ་མ་འགྲིག་པ་ཡིན་ས་རེད། དེ་ལ་དངོས་གནས་ཐུགས་ཁག་མི་འདུག་ག
ལ་ལ་དོན་གྱི་སེམས་ཁུར་ཆེ་བར་གདའ། འགའ་རེར་ཕྱོགས་རེའི་སེམས་ཚེགས་ཆེ་བ་འདྲ། ཤེས་དང་མ་ཤེས་གོ་དང་མ་གོ་སོགས། ཁ་བརྡའི་ལམ་ནས་ཁ་སེམས་མཐུན་པར་སྨོན། ད་མི་ཁོམ་ཅིག་ལ་འགྲོ་རན་སོང། སང་ཉིན་ཡིན་ད། དྲ་གྲོགས་ཚོ།བདེ་མོ།
༡༩༧༨ཟེར་ན་ཡང་མཆོག་གི་༡༩༧༤ཟེར་ན་ཆོག་གི་གང་ལྟར་སྐབས་དེ་དུས་ཀྱི་རང་དབང་ཞེས་པ་ཚང་མ་དབུ་མའི་ལམ་ལ་འགྲེལ་གྱི་ཡོད་ན་སྐབས་དེ་དུས་ཀྱི་ཆབ་སྲིད་ཀྱི་དཀའ་སློབ་གལ་ཆེ་མང་པོའི་ནང་རང་བཙན་གཙང་མ་ཐབ་རྩོད་གནང་གི་ཡོད་པའི་དཀའ་སློབ་ཁ་གསལ་པོ་དེ་ཚོ་གང་རེད་དམ། ལྟས་ངན་ལྷ་མོ་སྐྱབས་ཁྱོད་ཀྱི་སྐབས་དེ་དུས་༧གོང་ས་མཆོག་ལ་ཞལ་ཞེ་གཉིས་ཡོད་རེད་ཟེར་གྱི་ཡོད་དམ་ཁྱོད་དེ་འདྲའི་ཧམ་པ་ཚ་བ་ལ། ངས་ནི་༧གོང་ས་མཆོག་ལ་ཞལ་ཞེ་གཉིས་ཡོད་པ་ཞིག་ནམ་ཡང་ངོས་འཛིན་ཞུ་ཐུབ་ཀྱི་མེད་ལ་ང་ལ་ཁྱེད་ལྟ་བུའི་སྙིང་ཁམ་ཆེན་པོ་དེ་འདྲ་མེད། ངས་ནི་༡༩༧༨འམ༡༩༧༤སྔོན་ལ་༧གོང་ས་མཆོག་གི་ཞལ་ཞེ་གཉིས་མེད་ཀྱི་ཐོག་རང་བཙན་གཙང་མ་ཐབ་རྩོད་གནང་བ་དང་དེ་ནས་༡༩༧༤ཙམ་ནས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགེ་མཚན་ཞིག་ཐུགས་ལ་འཁྲུང་པ་དང་དེ་ནས་༡༩༧༨ལ་གཞུང་འབྲེལ་རང་གི་ཐོག་ནས་ཐུགས་ཐག་གཙང་བཅད་ཀྱི་༧གོང་ས་མཆོག་དང་གཙན་བྱོལ་གཞུང་གཉིས་ཀའི་ཐོག་ནས་ཞལ་ཞེ་གཉིས་མེད་ཀྱི་དབུ་མའི་ལམ་གྱི་ཐོག་ནས་རང་སྲིད་རང་སྐྱོང་གི་ཐབ་རྩོད་གནང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ད་ལྟའི་དུས་འདིར་ང་རང་རྒེར་ངོས་ནས་ཀྱང་དབུ་མའི་ལམ་གྱི་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཞུ་ཁན་ཞིག་ཡིན། འོན་ཀྱང་༧གོང་ས་མཆོམ་ཁ་ལ་འཁྱེར་ཏེ་༧གོང་ས་མཆོག་གི་གསུང་ལ་ཡང་ལོག་འགྲེལ་གྱིས་རང་བཙན་ཐབ་རྩོད་པ་ཚོར་གཞི་མེད་སྐྱོན་འཛུག་དང་གདོང་འདྲེ་དོལ་རྒྱལ་ཀྱི་རྗེས་འདྲང་རྒྱལ་ཚོང་བ་དེ་ཚོ་ལས་ལྷག་ཙམ་གྱི་ཁ་གདུང་དང་དམའ་འབེབ་ཟུར་ཕུད་བྱེད་ཐབས་འདི་རིགས་ལ་ནམ་ཡང་ངོ་རྒོལ་ཡོད་
ཧཧཧཧ། ལྷ་མོ་ལགས། ཀློག་པ་པོ་ཚད་ལྡན་ཡིན་ན་མི་ཚད་ལྡན་ཡིན་པས་ཁྱབ། ཀློག་ནས་གོ་བ་ཡོད་པ་ཙམ་གྱིས་མི་ཚད་ལྡན་ཡིན་པས་མ་ཁྱབ། དེས་ན་ཀློག་པ་པོ་ཚད་ལྡན་ཞུ་དུས་མི་གང་འདྲ་ཞིག་ཡིན་དགོས་པར་མཁྱེན་རྒྱུ་རེད།
མི་སུམ་ཅུ་བསམ་པ་སུམ་ཅུ་ཡིན་པ་ལྟར་གླེང་རྙོག་དང་སྐད་ཆ་མང་དུ་འགྲོ་གཞི་ལས་གཞན་མི་འདུག་སྟབས། ཆེས་ཡག་ཤོས་དང་གཞི་རྩ་ཆེ་ཤོས་དེ་ལ་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་རང་འགུལ་ངང་རྩ་དགོངས་ཞུ་བའམ། ཡང་ན་མི་མང་གིས་རྩ་དགོངས་ཞུ་འཇུག་པའི་འབོད་སྐུལ་ཞུས་ན་ཡག་པོ་རེད་བསམ་ཡོང་།
ཁྱེད་ཀྱི་མཆན་དུ་སྐྱེ་བོ་སྒེར་ལ་དམོད་པའི་ཚིག་ངན་སྤྱད་འདུག་པས་གསུབ་པ་ཡིན། ཁ་བརྡས།
ད་ཀརྨ་ཆོས་རྩ་དགོངས་ཞུ་དགོས་ཁོང་ཉིད་ལ་འབུལ་བསྐུལ་བཟོས་མ་ལེགས་། ཁ་བརྡ་ཚང་ཐམས་ཅད་ཟིན་བྲིས་ཞིག་གནང་དང་།
གལ་ཏེ་དོ་བདག་གིས་དམ་ཚིག་གཙང་མས་རང་སྐྱོན་ངོས་ལེན་དང་བཤགས་སྡོམ་མ་གནང་ཚེ། གྲོས་ཚོགས་ཀྱིས་༸གོང་ས་མཆོག་ལ་དགོངས་གསོལ་ཞུ་ཐབས་མེད་ལ་ཞུ་མི་ཤེས་པ་ཞིག་རེད། རྒྱུ་མཚན་དེ་གྲོས་ཚོགས་ཀྱི་ནོར་འཁྲུལ་མིན་པར་འཐུས་མི་བྱེ་བྲག་པ་ཞིག་གི་སྒེར་སྐྱོན་ཡིན་པས་སོ།།
གྲོས་ཚོགས་ཀྱིས་གནང་དགོས་པ་དེ་གྲོས་ཚོགས་རང་གི་འཐུས་མི་ལ་འགན་ཁུར་ནས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་རེད། གལ་ཏེ་ཁྲིམས་ནང་ན་གནད་དོན་དེ་རིགས་སྐོར་མེད་ན་དོན་ཚན་གསར་བ་ཁ་སྣོན་གནང་དགོས་པ་རེད། དེ་མི་གཅིག་གཉིས་ཤིག་གི་རྐྱེན་གྱིས་བྱུང་ན་ཡང་དེས་མ་འོངས་པར་ཡང་དགོས་ཕན་ཆེ་བ་ཡོད།
ཚོགས་གཙོ་ཟུར་བ་སྤྱི་འཐུས་ཐུབ་བསྟན་ལུང་རིགས་ལགས་ཀྱིས་དོ་བདག་གི་སྐྱོན་གནད་ལ་འཁེལ་བའི་དགོངས་ཚུལ་གསལ་འདོན་གནང་ཐུབ་སོང་བས་དགའ་བོ་བྱུང།
བོད་(བོད་རྒྱལ་ཁབ་་དང་བོད་ཀྱི་འཐབ་རྩོད་)དང་༧གོང་ས་མཆོག་གཉིས་ལས་གང་གཙོ་བོ་རེད་དམ། ང་ནི་ཡོངས་སུ་ཐོམ་སོང་།
བོད་མིའི་སྒྲིག་འཛུགས་ལ་བཙོན་ཁང་མེད་པ་ཡག་ཤོག དེ་མིན་ཉེན་ཁ་ཧ་ཅང་ཆེ་བར་མཐོང་།
“བོད་ལ་དྲིན་དུ་བྱས་ཀྱང་དྲིན་མི་ཚོར།” ཞེས་གུ་རུ་རིན་པོ་ཆེས་གསུངས་པ་ལྟར། ཡིད་བཞིན་ནོར་བུ་ཐུགས་ཕམ་པ་ཡང་དེ་ག་རང་ཡིན་པ་ལས། གང་ཟག་གཅིག་དང་སྐུ་སྒེར་གྱི་ཆེད་དུ་ག་ལ་ཡིན།
གཞན་ཞིག་ནས་བསམ་ན་བགྲེས་ཡོལ་ལ་ཕེབས་པ་དེ་ཡང་གོང་གསལ་དོན་འདི་དང་འབྲེལ་བ་ཡོད་པ་རེད།
ཚང་མས་ད་དུང་བསམ་བློ་གཏོང་དགོས་པ་དང་ཧ་གོ་དགོས་པ་ཞིག་ལ། བོད་དོན་ལ་བཀའ་དྲིན་ཅན་དང་ལྷག་བསམ་ཅན་མི་ཉུང་བ་ཞིག་གི་སེམས་ཤུགས་ཆག་གིན་ཡོད།
ཚོགས་གཙོ་མཆོག་ནས་༸གོང་ས་མཆོག་ལྷན་བཞུགས་མོལ་ཚོགས་འདུ་གནང་ཚུལ་གྱི་གོ་རིམ་ཇི་བཞིན་གནད་འགག་དེ་རིགས་མདོར་བསྡུས་བྱས་གསུངས་པས་ཕན་ཐོགས་བྱུང།
ལོག་བཤད་འུར་བསྒྲགས་བརྒྱུད་ལམ་ཀུན་ཏུ་ཚར་ནས་ཡུན་རིང་འགོར་རྗེས་སྔོན་མའི་སྐད་ཆ་དག་ཕྱིར་འཐེན་བྱས་པ་ཞིག་ཡིན་ཞེས་རང་ཉིད་དཀར་པོ་བཟོ་ཐབས་མེད། ཆགས་ཐབས་ཀྱང་མེད། དེ་ལས་རང་གིས་ནོར་འཁྲུལ་ངོས་ལེན་གྱིས་དགོངས་དག་ཞུས་ནས་འབྱུར་འགྱུར་ལམ་ནོར་ལྡོག་ཤེས་བྱས་ན་མི་བཟང་པོ་ཆགས་ཐུབ།
དོན་དག་འདི་ཚོར་བ་སྐྱེན་པོ་(Sensitive Issue )ཡོད་ས་ཞིག་ལ་ཐུག་པ་རེད། དཔེར་ན་མི་ཞིག་གིས་ང་ལ་ངའི་ཨ་མའི་སྐྱོན་བཤད་ན་དེ་ནི་ང་ལ་ཚོར་བ་སྐྱེན་པོ་ཡོད་པའི་དོན་ཞིག་རེད། ཡང་བོད་ཀྱི་བཤད་སྲོལ་ལ་ན་ས་དང་ཚ་ས་ལ་རེག་ཐུག་བྱས་པ་ཟེར། སེམས་ན་ས་དང་སེམས་ཚ་ས་ལ་རེག་ཐུག་བྱས་ན་ཚོར་བ་འཕྱུར་ངེས་རེད། བོད་ལ་མཚོན་ན་སེམས་ན་ས་དང་གཟུགས་པོ་ཚ་ས་ཞིག་ཡོད་པ་ནི་རྒྱལ་བ་ཡིད་བཞིན་ནོར་བུ་རེད། རྒྱལ་བ་ཡིད་བཞིན་ནོར་བུ་ཐུགས་ཕམ་པ་འདི་བཟོད་ཐུབ་མཁན་གྱི་བོད་མི་ཞིག་འཇིག་རྟེན་གོ་ལའི་སྟེང་ལ་ཡོད་མ་རེད། འདི་ཕལ་ཆེར་ངོ་སྤྲོད་དགོས་པའི་དོན་དག་ཅིག་མ་རེད། བོད་མི་ཚང་མས་གནད་དོན་ཤེས་བཞིན་ཡོད་ཅིང་། གནད་དོན་འདི་སྒྲུབ་བཞིན་ཡོད། འདི་ལ་དབྱེ་བ་འབྱེད་རྒྱུའང་ཡོད་མ་རེད། ང་༧རྒྱལ་བ་རིན་པོ་ཆེ་ལ་དགའ་ཞིང་དད་པའི་གྲས་ཡིན་ལ་ཁྱོད་རྒྱལ་བ་རིན་པོ་ཆེ་ལ་མི་དགའ་མི་དད་པའི་གྲས་རེད་ཟེར་ནས་དབྱེ་བ་འབྱེད་རྒྱུ་ཞིག་ཡོད་མ་རེད། ད་དུང་ཁྱོད་རྒྱལ་བ་རིན་པོ་ཆེ་ལ་མི་དགའ་མཁན་གྱི་མི་རེད་ཅེས་ཚོགས་འདུ་འཚོགས་ནས་འཐབ་རྩོད་བྱེད་པ་ནི་ང་དྲན་པ་འཐོར་བྱད་ཅིག་རེད། ང་ཀརྨ་ཆོས་འཕེལ་ལ་དགའ་མཁན་ཞིག་མིན། ཐེངས་འདིའི་ལྟད་མོ་ལ་བལྟ་སྐབས་ང་ཁོ་ལ་སྙིང་རྗེ་ཞིག་སྐྱེས་ཐལ། འདི་ནི་མི་སུམ་ཅུས་ཁོ་ལ་འཐབ་རྩོད་ཚ་ཚ་འུར་འུར་བྱེད་བཞིན་པ་འདྲ་ཞིག་ཏུ་མཐོང་སོང་། བརྙན་འཕྲིན་ནང་ཁོའི་གདོང་པ་ལ་ལྟ་དུས་མི་འདིས་རང་ཤི་བརྒྱབ་མི་ཡོང་ངམ་བསམས་ནས་དངངས་སྐྲག་ཅིག་ཀྱང་སྐྱེས་ཐལ།
ཁ་སང་དེ་རིང་ཨ་མི་རི་ཀ་ན་སིར་རི་ཡའི་རྙོག་དྲ་དང་། གཞུང་སྒོ་རྒྱག་སྲིད་པའི་རྙོག་དྲ། ཨི་རན་གྱི་རྙོག་དྲ། མི་གསོད་ཀྱི་དོན་རྐྱེན་དེ་འདྲ་མང་པོ་འདུག མི་དམངས་ཀྱི་དོ་སྣང་དང་གསར་འགྱུར་དེའི་ཐོག་ཤོར་ན་སྲིད་འཛིན་ཨོ་བྷ་མས་རྩ་དོན་ཆེ་གྲས་དག་ལ་ལས་ཀ་བྱེད་ཐུབ་ཀྱི་མིན་ཚོད་དཔག་བྱེད་ཀྱིན་འདུག ང་ཚོའི་གཞུང་གིས་དགའ་བཞིན་སྤྲོ་བཞིན་གནད་དོན་འདི་སྤོབས་པ་ཆེན་པོས་གླེང་སློང་བྱས་པ་དེས་བོད་ནང་གི་རང་སྲེག་དང་འབྲེལ་ནས་རྡོག་རྩ་གཅིག་སྒྲིལ་ཆེན་པོ་ཞིག་བྱུང་ཡོད་པ་དེ་འཕྲོ་བརླག་ལ་བཏང་བ་རེད། ཀརྨ་ཆོས་འཕེལ་གྱིས་ལྷ་དགོངས་དཀྲུགས་པའི་གནས་ཚུལ་དང་། གཞུང་གི་མགོ་འཁྲིད་དག་གིས་རྩ་དོན་ཐོག་འཁྲབ་མ་ཐུབ་ནས་༧རྒྱལ་བ་ཐུགས་ཕམ་བྱུང་བ་གཉིས་ཀྱི་ནང་ནས་གང་ཞིག་ཉེན་ཁ་ཆེ་བ་རེད།
གང་ལྟར་སྤྱི་འཐུས་རྣམས་པས་ཚོར་བ་ཆེན་པོའི་ཐོག་ནས་ཡག་པོ་གསུངས་སོང་། མི་རེ་ཟུང་གིས་དྲིན་ཆེན་ལག་པ་རྡོ་རྡུང་གིས་གོང་ས་མཆོག་ཐུགས་དཀྲུག་ནས་སྐུ་ཚེ་ཐུང་དུ་སོང་ན་གྱོང་རག་ས་དེ་བོད་སྤྱི་པ་རེད། དེས་ན་སྤྱི་པའི་འཐུས་མིའི་སྤྱི་པའི་ལས་དོན་གྱི་ཐོག་ལ་འགན་ཁུར་དགོས་པ་རེད་ལ་ཁུར་ཡང་ཁུར་གྱི་ཡོད་པའི་ཚོར་སྣང་བྱུང་། དེ་བཞིན་གནད་དོན་འདི་ནི་བོད་སྤྱི་པའི་ཁེ་གྱོང་དང་འབྲེལ་བའི་དོན་དག་གལ་ཆེན་ཞིག་ཡིན་དུས་བོད་པའི་སྤྱི་སྒེར་སུས་ཀྱང་གནས་བབ་གང་འདྲ་ཞིག་གི་འོག་ནས་ཀྱང་སྣང་མེད་བྱེད་ཐབས་མེད་པ་ཞིག་རེད། ཁ་བརྡ་དང་དུས་བབ་སོགས་བོད་ཀྱི་དྲ་རྒྱ་ཁག་ནས་ཀྱང་གོང་ས་མཆོག་ལ་སྐྱོན་བརྗོད་དང་ཟུར་ཟའི་རིགས་ཀྱི་རྩོམ་དང་མཆན་ཚང་མ་གཏན་འགོག་བྱེད་དགོས་ཀྱི་འདུག
ཀརྨ་ཆོས་འཕེལ་ཁོ་རང་གིས་འདི་ལྟར་གྲོས་ཚོགས་ནང་དུ་གླེང་དགོས་པ་ཞིག་བཟོས་པ་རེད། གྲོས་ཚོགས་ཀྱི་ནང་ནས་ང་ལ་འགྲིག་མིན་བཤད་མཁན་བྱུང་མ་སོང། དེ་བས་ང་འགྲིག་གི་ཡོད་མདོག་མདོག་བཤད་པ་རེད། དགོངས་དག་ཞུ་དག་དེ་ཡང། རང་གི་ནོར་འཁྲུལ་ཧ་གོ་སོང་ང་འགྲིག་མི་འདུག་ཅེས་ཞུས་ཡོད་མ་རེད། ད་རུང་ཅག་ཅག་འདྲ་བོ། མ་འོངས་པར་དེའི་སྐོར་ཁྱོན་གླེང་གི་མིན་ལབ་པ་རེད། དེ་འགན་མ་ཁུར་བའི་སྐད་ཆ་དང་ཅོ་རྒྱག་བྱེད་གི་ཡོད་པ་རེད།
རང་ཉིད་ནོར་མེད་ངོ་མ་ཡང་དག་ཡིན་བསམས་ན་དགོངས་དག་ཞུ་ཡ་ཡོད་མ་རེད། མུ་མཐུད་དུ་རང་ཉིད་བདེན་པའི་ཁུངས་སྐྱེལ་ལ་ཨུ་ཚུགས་བྱེད་དགོས་པ་རེད།
སྐད་ཆ་བཤད་མི་ཆོག་དང་རྩོམ་ཡིག་སྤེལ་མི་ཆོག ཡང་ན་དེ་དག་བརྒྱུད་ལམ་ཁག་ནས་འགོག་དགོས་ཟེར་བ་འདི་དམངས་གཙོའི་ལུང་པ་ཞིག་ཆ་ནས་འོས་པ་མ་རེད།
བཤད་གི་འཇུག་དགོས་པ་རེད། བཤད་མཁན་ག་ཚོད་འདུག བཤད་རྒྱུ་ཅི་འདུག་ལྟ་དགོས་པ་རེད། དེ་ནས་དེ་དག་ལ་ལན་འདེབས་དྲི་བ་བཏོན་ནས་འདེད་དགོས་པ་རེད། དགེ་སྐྱོན་གཉིས་ཀ་དང་བདེན་རྫུན་གང་ཡིན་ཚང་མ་བཤད་འུག་དགོས་ལ་ཉན་ཡང་དགོས། མཐར་དཀར་ནག་གཙང་མར་འབྱེད་དགོས། དེ་ནས་མི་ངོ་མ་ཞིག་ཡིན་ན་ནོར་འཁྲུལ་ཡོ་བསྲང་གནང་གི་རེད། གལ་ཏེ་ཁས་ལེན་མ་བྱས་ན་ཡང། གང་ལྟར་མི་ཚང་མས་བདེན་རྫུན་གྱི་དབྱེ་བ་ཤེས་སོང་ན་དེས་འགྲིགས་སོང་བ་རེད། མདོན་སུམ་ལ་བསྙོན་མཁན་ཚོར་ཅི་ཡང་བྱེད་ཡ་ཡོད་མ་རེད་ལ་བྱེད་དགོས་ཡ་ཡང་ཡོད་མ་རེད།
མིང་མེད་རྡོ་རྗེ་ལགས་སྙིང་རྗེ་ཡོད་པར་བསྔགས་བརྗོད་ཡོད། མ་ཟད་ད་དུང་སྦིན་ལ་ཏིན་དག་། ས་དམ་ཧུན་དུན་ལ་སྙིང་རྗེ་སྐྱེས་མཁན་ཡིན་ས་རེད་བྱས་ན། འཛམ་གླིང་ལ་མང་པོས་ཁོང་གཉིས་ལ་མི་དགའ་མཁན་ཞིག་བྱུང་བ་རེད། སྙིང་རྗེ་གོ་ལོག། འགྲོ་ཉན་འདུགཔ
ཆབ་བྲག་ལྷོ་སྐྱབས་ནས་ཡག་པོ་གསུངས་འདུག། ངིས་ལེན་སྒྱབ་སྐྱོར་ཡོད། གང་ལྟར་རྩ་དགོངས་ཞུ་ན་ཡག་ཤོས་རེད།
ཀརྨ་ཆོས་འཕེལ་ལགས་ཁྱེད་རང་རྩ་དགོངས་ཞུ་ན་ལེགས་དེ་མིན་ན་ང་ཚོས་འོས་ཤིག་ལས་ཕྱིར་འཐེན་བྱས་མི་སྲིད་པ་མ་རེད། དེ་དིན་རང་དགོདས་སྔིན་ཞུས་རབ་ཡིན་མོ།
དགའ་ལྡན་ཕོ་བྲང་གི་དབུ་ལམ་རྫས་འབར་དེས་རང་བཙན་པ་རྣམས་རྩ་མེད་བཟོ་རྒྱུ་རེད།
མང་གཙོ་དུས་དྲན་ཉིན་རང་གཞུང་ལས་བྱེད་རྣམས་༧གོང་ས་མཆོག་དང་བཞུགས་མོས་སྐབས། ༧གོང་ས་མཆོག་ནས་མི་དྲུག་གི་མཚན་ཐོན་ཡོད། སྤྱི་འཐུས་ཀརྨ་ཆོས་འཕེལ། འཇམ་དབྱངས་ནོར་བུ། ལྷ་བཟང་ཚེ་རིང་། ཚེ་དབང་རིགས་འཛིན། དོན་གྲུབ་ལྷ་ཐར། ཀརྨ་རྒྱ་མཚོ། ཁྱེད་རྣམས་ཀྱི་རྒྱུ་རྐྱེན་བྱས་ནས་༧གོང་ས་མཆོག་དགུང་གྲངས་༡༡༣ བཞུགས་ཡ་ཞལ་བཞེས་བསྐལ་བཟང་ཡོད་པ་ནས་ད་ཆ་དགུང་གྲངས་༡༠༨ མེད་གྲོ་གསུང་ཡོད། དེས་ང་རང་ཚོར ཡིད་སྐྱོ་བའི་གནས་ཚུལ་དང་འཇིག་བརྟེན་སྤྱི་ལ་གྱོང་འགུལ་ཆེན་པོ་ཞིག་རེད། དེར་རྟེན་ཁྱེད་རྣམས་སྔ་བྱས་འགྱོད་པ་དང་ཕྱིན་ཆད་སྤང་བླང་ཞུ་རྒྱུ་དྲ་རྒྱ་འདིའི་བརྒྱུད་ནས་འབུལ་ལམ་ཞུས་ཀྱི་ཡོད། སླད་ཕྱིན་བོད་མི་སུ་འདྲ་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞི་ལས་འགུལ་མ་སྤེལ་རོགས་ཞུ་ཞུ།
ཆབ་བྲག་ལྷ་མོ་འདི་ཡང་ཀརྨ་ཆོས་འཕེལ་ནང་བཞིན་ཨ་རག་ཅུང་ཟད་མཐུང་བ་མིན་འགྲོ། སྐད་ཆ་ལ་ནི་གོ་རྒྱུ་ཅི་ཡང་མི་འདུག སྐབས་རེ་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པ་དག་ཀྱང་བཀག་འགོག་བྱེད་མི་ཆོག་ཏེ་མང་གཙོའི་ལུང་པའི་འགྲོ་ལུགས་དང་འགལ་སྐད། སྐབས་རེར་ཀརྨ་ཆོས་འཕེལ་ལ་ཡང་སྨྲ་བརྗོད་རང་དབང་འགོག་དགོས་སྐད། ད་དུང་༧གོང་ས་མཆོག་གིས་སྐབས་འདིར་ཀླུ་མཁར་བྱམས་ཀྱི་མིང་འདོན་མ་གནང་བ་དེ་ལ་བསམ་ཚེ་ཆབ་བྲག་ལྷ་མོ་དང་འདྲ་བའི་ཆོལ་ཁའི་ཕྱོགས་ཞེན་པ་དག་གིས་ཞུ་ཕྱོགས་འདྲ་མིན་ཞིག་བཟོ་བཞིན་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། ལྷ་བྱིན་ཆེན་གྱི་རྩར་འདྲེ་མཆུ་ནག་ཟེར་བ་ད་ཡིན་ན་དངོས་སུ་མཐོང་གི་འདུག
ཁ་བརྡ་ཚང་ལ་ཞུ་རྒྱུ་ མི་སྒེར་ལ་དམོད་པའི་ཚིག་ངན་སྤྱད་འདུག་པས་གསུབ་པ་ཡིན་ཟེར་ སྤེན་ཚེ་ལ་དམོད་པའི་ཚིག་ཟུར་ཙམ་ཡང་ལབ་མི་མཆོག་པ་དང་ཀརྨ་ཆོས་འཕེལ་ལ་དམོད་ཚིག་གང་བྱུང་དུ་ལབ་མཆོག་པ་ག་རེ་ཡིན་ནམ་ ད་ནི་གཞུང་འདི་ཀླུ་གནས་སའི་ཆུ་མགོ་དང་ཆ་རེད་འདུག་ མོང་པོར་མི་ཞུ་མ་གཏོག་ཀླུ་ནད་ན་བའི་ཉན་ཁ་འདུག།
གུས་པ་སྒེར་རང་ངོས་ནས་ཀརྨ་ཆོས་འཕེལ་གྱིས་གྲོས་གཞི་ཐོག་མར་འདོན་སྐབས་དགག་པ་རྒྱག་མཁན་གྱི་གྲས་ཤིག་ཡིན། འོན་ཏེ་སྐབས་འཚོལ་པ་དག་གིས་གོ་སྐབས་བེད་སྤྱད་ཀྱིས་སྒེར་གྱི་སྙིང་ནད་རྩོད་བྱེད་དུ་གནད་དོན་འདི་ཁྱེར་བ་ནི་མི་འགྲིག་པ་ཞིག་མཐོང་བཞིན་འདུག འཇུ་ཆེན་བུ་མོས་གྲོས་རའི་ནང་དུ་བཤད་པ་བཞིན་ཕྱི་དགྲ་རྒྱ་དམར་གྱི་བེད་སྤྱོད་མ་གཏོང་བའི་གོང་དུ་ནང་ནས་བོད་མི་རང་གིས་བེད་སྤྱོད་ཀྱིས་སྒེར་གྱི་འཁོན་ནད་རྩོད་བྱེད་དུ་བྱས་པ་འདི་ངོ་མ་ནོར་འཁྲུལ་ཆེན་པོ་ཞིག་རེད།
བོད་ཁམས་ཀྱིས་གསུངས་པ་དེ་རང་རེད། མི་གཅིག་ལ་ངན་སྨྲས་ཡོད་དགུ་འདོན་ཆོག་པ་དང་མི་གཅིག་ལ་ཚིག་གཅིག་ཀྱང་ལབ་མི་ཆོག་པ་དེ་སུའི་ལམ་ལུགས་རེད། ངོ་རྒོལ་ཡོད།
ཡ་མཚན་ཆེ། ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བཟུང་དང་། སྒྲོལ་དཀར་ལྷ་མོས་སྤྱི་དངུལ་སྒེར་བཟས་བྱས་པར་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་པའི་སྐོར་གསུང་མཁན་སུ་ཡང་མེད། ཀརྨ་ཆོས་འཕེལ་ནས་བོད་མི་ས་ཡ་ཁ་ཤས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་དང་བོད་བསྟན་སྲིད་ལ་སྨན་པའི་དགོངས་ཚུལ་གསུང་པར་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་སྐོར་གསུང་པ་དེ་དྲང་བདེན་ཡིན་མིན་བརྟག་དཔྱད་གྱིས།།
མཚན་ཆུ་ཚོད་གསུམ་དང་སྐར་མ་ཉི་ཤུ་ཐོག་གཞི་ནས་”གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༧ པ་ལ་བགྲོ་གླེང་། ”དེ་བལྟས་ནས་མཇུག་སྒྲིལ་པ་ཡིན། མཇུག་གི་ཚོགས་གཙོ་མཆོག་གིས་གསུང་གནང་པའི་སྐབས་སུ་གཉིད་ལྕོག་ཐུན་ཐུན་ཞིག་ཤོར་སོང་།
ཤེས་ཡོན་སྲིད་བྱུས་སྐོར་ཡང་བསྐྱར་གྲོས་ཚོགས་ནང་གླེང་སློང་གནང་བའི་རེ་བ་ལྷག་ཏུ་ཟབ།
རེད་རེད
རྒྱ་དམར་གྱིས་བཤད་པ་བཞིན་ཡུལ་གྱར་བའི་སྲིད་གཞུང་ནི་ཏ་ལའི་སྐུ་སྒེར་གྱི་སྒྲིགས་འཛུགས་ཞིག་ལས་བཙན་བྱོལ་བོད་མའི་སྲིད་གཞུང་ངམ་སྒྲིགས་འཛུགས་ཞིག་ཡོད་པ་མི་འདོད་པས་བཤད་ཚུལ་དེ་སྐབས་རེར་འདྲ་པོ་མཐོང་ཡོང་གི་འདུག། གོང་ས་མཆོག་གི་ཁ་ཕྱོགས་ལམ་ཕྱོགས་དང་མི་མཐུན་པའི་བྱ་སྤྱོད་གང་ཞིག་སྲིད་གཞུང་ངམ་སྒྲིགས་འཛུགས་འདིར་འགྲོ་ས་མེད་པ་ནི་དམངས་གཙོ་འམ་མང་གཙོ་ཡང་དག་གི་ལམ་དུ་སྤྱོད་བཞིན་ཡོད་ཚུལ་བཤད་པ་ནི་དམངས་གཙོའི་དོན་དངོས་དང་མི་མཐུན། ཀརྨ་ཆོས་འཕེལ་སོགས་རང་བཙན་བཤད་མཁན་ཕལ་ཆེ་བས་བོད་མི་རིགས་ཀྱི་ལར་རྒྱ་དང་ཕུགས་བསམ་གྱིས་ཐོག་ནས་བཤད་པ་ལས་ཁོང་དག་གི་སྒེར་དོན་གྱི་སྐད་ཆ་ཞིག་མ་རེད། དེ་ཡང་བོད་མི་རིགས་ཀྱི་དངོས་བྱུང་གི་ལོ་རྒྱུན་ཞིག་དང་འབྲེལ་བའི་མི་རིགས་ཀྱི་དགོས་འདུན་ཞིག་རེད། བོད་མིར་རང་བཙན་ཐོབ་དང་མི་འཐོབ་ནི་བོད་མི་མི་རེ་ངོ་རེར་འགན་དང་འབྲེལ་ནི་ཡོད་པ་ལས་རང་བཙན་པ་མི་ཁ་ཤོས་ཞིག་གིས་འགན་མ་རེད། དེ་བཞིན་དུ་བོད་བཙན་མི་དགོས། ད་ཡོད་རྒྱ་དམར་སྲིད་གཞུང་གི་དབུ་འོག་སྤུང་སྐྱོང་བྱེད་ཀྱི་ཡིན་ཞེས་ཚིག་ཐག་ཆོད་པའི་སྐད་ཆ་ཞིག་བོད་མི་སྒེར་དང་ཚོགས་པ་སྒྲིགས་འཛུགས་སུ་ཡང་བཤད་དབང་མེད། འདི་ནི་བོད་མི་སྤྱི་དམངས་ཀྱིས་ཐོབ་ཐངས་ཡིན་པས་རེད། ད་ལྟའི་བཙན་བྱོལ་སྒྲིགས་འཛུགས་ཀྱིས་བཤད་པའི་གཉིས་ཕན་དབུ་མའི་ལམ་ནི་བོད་མི་བརྒྱ་ཆ་དགུ་ཅུ་ལས་ལྷག་གིས་མོས་མཐུན་དང་རྒྱབ་སྐྱོར་གྱི་སྲིད་ཇུས་ཞིག་ཡིན་ཚུལ་བཤད་པ་ནི་རྒྱ་དམར་སྲིད་གཞུང་གིས་མང་གཙོ་བཤད་ཚུལ་ཙམ་ལས་དོན་དངོས་ཀྱིས་མང་མོས་ཀྱིས་སྲིད་ཇུས་ཞིག་མ་རེད། རྒྱུ་མཚན་ནི། ༡ བོད་མི་དམངས་ཀྱིས་འདི་ལ་འདེམས་བྱ་དང་འདེམས་བྱེད་གོ་སྐབས་བྱུང་མེད། ༢ བོད་རྒྱལ་ཡོང་དམིགས་གསལ་ཚོགས་ཆེན་སྔ་རྗེས་སུ་མང་མོས་ཀྱིས་ལོ་དུས་རྒྱས་གཅོད་ཀྱི་དབུ་མའི་ལམ་གྱི་གྲུབ་འབྲས་མ་བྱུང་ཚེ་དེ་ལ་སྐྱར་གཞིགས་དགོས་སྐོར་གསལ་གསལ་ཐིག་ཐིག་ཡིན། འོན་ཀྱང་ད་ལན་གནས་ཚུལ་འདི་ཚོར་གཞིག་ན་དབུ་ལམ་གྱིས་གྲུབ་འབྲས་ཐོན་མིན་གང་ལྟར་ཡང་དེ་ལ་སྐྱར་ཞིབ་འགྲོ་ས་མེད་པའི་རྣམ་པ་གསལ་པོ་ཞིག་མཐོང་ཡོང་གི་འདུག། མདོར་ན། ༧གོང་ས་མཆོག་ནི་བོད་མི་དམངས་ལ་དཀའ་དྲིན་ཧ་ཅང་ཆེ་ལ། བོད་མི་དམངས་ཡང་༧གོང་ས་མཆོག་ལ་དཀའ་དྲིན་ཤིན་ཏུ་ནི་ཆེ་བ་ཡིན། འདི་གཉིས་ནི་རྟེན་འབྲེལ་གྱིས་དཀའ་དྲིན་ཡིན།
གོང་དུ་བསམ་མེད་ཁ་ཤས་ཤིག་གིས་༸གོང་ས་མཆོག་ལ་གཞི་མེད་སྐུར་འདེབས་དང་༸གོང་ས་མཆོག་ལས་བོད་རྒྱལ་ཁབ་དང་མི་རིགས་གལ་ཆེན་དུ་བརྩི་དགོས་ཟེར་མཁན་དེ་དག་གི་མངོན་འདོད་ངོ་མ་དེ་བོད་ནང་ཁུལ་མཐུན་ལམ་དང་ད་བར་༸གོང་ས་མཆོག་གི་ཐུགས་རྗེ་ཉག་གཅིག་ལས་བོད་མི་ནང་ཁུལ་མཐུན་ཙམ་ཡོད་པ་དེ་ཡང་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་གསལ་བོ་རེད། བོད་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་ལ་རྒྱ་ཡོད་ན་མཐུན་སྒྲིལ་བྱས་བའི་ཐོག་རང་རང་གི་ནུས་པ་འདོན་རྒྱུ་གལ་ཆེ་བར་མཐོང།
དགེ་ལྷ་མོ་སྐྱབས་ལགས་ཀྱིས་དཔེ་ཡག་པོ་གསུངས་འདུག་་་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་་་
ད་ང་ཚོའི་སྤྱི་ཐུས་ལྷན་ཚོགས་འདི་རུལ་ཡོང་གི་འདུག་ལྐོག་ཟ་རུལ་སུང་དངོས་ར་འཕྲོད་པ་སྒྲོལ་དཀར་ལྷ་མོ་དང་སྤྱི་རྒྱུ་རྒེར་བདག་རང་རེའི་རྐ་བ་གསུམ་གྱི་ཡ་གྱལ་འཁྲིམ་ཞིབ་ཁང་ནས་འཁྲིམ་ཐག་བཅད་པ་ཟླ་བ་ཚེ་རིང་སོགས་མིག་མཐོང་ལག་ཟིན་གྱི་དངོས་ར་འཕྲོད་པ་དེ་ཚོ་ལ་གླེང་སློང་ཙམ་ཡང་མེད་པར་བྱ་སྤྱོད་ཀྱི་ཐོག་ཅུང་ཟད་སྐབས་དང་མཚམས་མིན་སོགས་ཀྱི་གནས་ཚུལ་ཟད་ཙམ་མ་གཏོག་བོད་པའི་སྤྱི་དོན་ལ་ལྷག་བསམ་རྣམ་དག་གི་མི་སྣ་དགའ་ཞིག་ལ་འདྲེ་མཐོང་མཐོང་གི་གླེང་སློང་བྱས་སོང། འདིས་ད་ལྟ་སྐབས་འཚོལ་རིང་ལུགས་པ་ཚོ་རྒྱལ་ཁ་ཐོབ་པའི་རྣམ་པ་ཡོད་ན་ཡང་ང་ཚོའི་མི་རིགས་འདིའི་ལོ་རྒྱུད་ནང་ནག་ཐིག་ཆེན་པོ་ཞིག་རྒྱབ་གི་ཡོད་པ་གསལ་པོ་རེད། ཀརྨ་ཆོས་འཕེལ་སོགས་སྤྱི་སེམས་ཅན་དེ་ཚོ་ཡང་མི་རེད། ནམ་ཞིག་འུ་ཐུག་སྲིད་པ་རེད་འུ་ཐུག་པའི་ཉི་མོ་དངོས་གནས་དགྲ་བོ་རྒྱ་དམར་གྱི་ལག་ཆ་ཞིག་ཆག་མི་སྲིད་པ་མ་རེད་སྐབས་དེ་དུས་ཁ་ལ་རྫུབ་མོ་གཅུག་ཏེ་བསྡད་རྒྱུ་རེད། ལྟོས་དང་དོལ་རྒྱལ་རྒྱ་འདྲེ་རྗེས་འདྲང་པ་ཚོ་དེང་སྐབས་འཛམ་བུ་གླིང་འདིར་བོད་མིའི་་ནང་དཀའ་ངལ་ཆེ་ཤོས་ཀྱི་དགྲ་བོ་ཞིག་ཆག་ཟིན་པ་རེད་དེས་བོད་མི་རིགས་ལ་གནོད་སོང་ཕན་སོང་དེ་ང་ཚོས་མིག་གི་མཐོང་རྒྱུ་ཡོད་པ་དེ་རེད།
རོང་བཙན་ཟེར་བས་ཉོན་དང་ངེད་ལ་རང་ལ་བཤད།
ཆུ་དང་ཟམ་པ་དང་རྟེན་འབྲེལ་རེད།
ཆོས་དང་ཆོས་པ་རྟེན་འབྲེལ་རེད།
བླ་མ་དང་སློབ་མ་རྟེན་འབྲེལ་རེད།
བུ་དང་ཨ་མ་རྟེན་འབྲེལ་རེད།
སློབ་མས་བླ་མར་དྲིན་བྱས་རབས་བགྲང་བ་ནི་སློབ་ཉམས་མེད་པ་མེད་པ་ཙམ་དུ་མ་ཟད་ཆོས་ཀྱི་ཞག་དང་བྲལ་བ་རེད། ཡང་ན་བོད་ཀྱི་དོལ་ལུགས་པར་བགྲང་ཆོག
བུས་ཨ་མར་དྲིན་བྱས་རབས་བགྲང་བ་ནི་བུ་ཉམས་མེད་པ་ཙམ་དུ་མ་ཟད་བོད་མའི་གོམས་སྲོལ་དང་མི་མཐུན། ཡང་ན་ར་ཡང་མིན་ལ་ལུག་ཡང་མིན་པའི་ཁྱི་ཉམས་ཆེ་བའི་མི་གཤིས་ཅིག་ཏུ་བགྲང་ཆོག
བོད་པས་༧པན་ཆེན་ལགས་ལ་དྲིན་བྱས་ཚུལ་བོད་ནང་ནས་བཤད་པ་ཡིན་ན་བོད་མི་ནུས་མེད་ཅིག་ཡིན་ན་མ་གཏོགས་ཁྱེད་ལ་འགྲམ་ལྕགས་རག་ངེས་ཡིན།
སྐྱབས་བཅོལ་སྤྱི་ཚོགས་ནང་དུ་ཡང་བོད་པས༧་གོང་ས་མཆོག་ལ་དྲིན་བྱས་རབས་བགྲང་བ་ནི་བོད་པ་ལས་མེད་ཅིག་ནའང་དྲ་ཚིགས་འདིའི་ནང་དུ་འདྲེ་གསོལ་མཁན་ཅིག་སླེབས་འདུག རྒྱ་ཕྲུག་འདི་ཚོར་བྱེད་བགྱི་མང་པོ་འདུག་དྲན་གྱི་རེད།
ཁ་སང་ཁྱེད་ཀྱི་ཆོལ་ཁའི་མིང་བཏོན་ནས་མགོ་འབུལ་མགོ་འབུལ་ཟེར་བ་དེའི་སྐོར་ལ་ངས་ལན་ཅིག་ཞར་བྱུང་དུ་བཏབས་ཡོད།
གང་ལྟར་ང་ནི་ཏོག་ཙམ་འགྲོ་སྟངས་ཡག་པོ་མེད་མཁན་མེད་མཁན་ཚིག་གསར་ལ་ཉན་འདོད་ཡོད་མཁན་མི་འབྱོར་ལྡན་རྩ་མེད་དེ་འདྲ་ཡིན།
སྐྱིད་སྡུག་ཁག་དང་ཚོགས་པ་ཆེ་ཆུང་བོད་མི་གནས་གནས་ཕེབས་ཕེབས་སར་བརྟན་བཞུགས་དང་འབུལ་རྟེན་ཁྲི་ཕྲག་ནས་ཁྲི་ཕྲག་གི་བར་ཟེར་ནས་ནམ་ནམ་རྒྱུན་རྒྱུན་དུ་འབད་ལོ་བྱས་ལོ་ཡང་རྫུན་མ་རེད་ཟེར་བ་ལྟ་བུ་ཆགས་སོང་།
ཁྱོད་ཚོ་ཚང་མ་འཐོམས་ནས་སྡོད་ཨ། ཀརྨ་ཆོས་འཕེལ་གྱིས་རང་བཙན་བཤད་ཙང་ཁོ་ལ་་སྐྱོན་བརྗོད་བྱས་པ་མ་རེད་ལོ། ཁོས་”རྒྱལ་བ་རིན་པོ་ཆེས་ཞལ་ནས་གསུངས་པ་དང་ཐུགས་ལ་དགོངས་པ་གཉིས་གཅིག་པ་མ་རེད་མདོག་མདོག་བཤད་ནས་”སྐྱོན་བརྗོད་བྱེད་བཞིན་པ་དང་ལྷ་དགོངས་འཁྲུགས་ཟེར་ཡག་དེ་རེད་ལོ།
ལྷ་མོ་སྐྱབས་ཟེར་བ་ཁྱོད་ཀྱི་བྱ་ངན་སྤྱོད་ངན་འགྲངས་ན་གྲངས་ཀྱི་མི་ལང་ཞིག་གྲངས་རྒྱུ་ཡོད། ང་ཚོ་ནང་ཁུལ་སྐྱོན་བརྗོད་བྱེད་རེས་ཀྱི་ཕན་ཐོག་པ་ཞིག་མཐོང་གི་མི་འདུག །ཁྱེད་རང་གི་བསྡད་སར་བསྡད་ཏེ་སྙན་ངག་ཚིག་རྐང་ཁ་ཤས་ལ་སློབ་འཁྲིད་འདྲ་བྱས་ཏེ་བསྡད་ན་ཡག་ཤོས་རེད། དེ་མིན་སྡོད་མ་ཚུགས་ན་ཕན་ཐོག་གང་ཡང་མེད་པའི་མེར་སྲེག་ལས་སྒུལ་རྒྱུད་བསྐུལ་འདྲ་པོ་བྲིས་ཏེ་དགྲ་བོ་རྒྱ་བོ་རྒྱ་དམར་གྱི་ལག་ཆ་གང་འདྲ་ཆགས་སོང་
ཀརྨ་ཆོས་འཕེལ་གྱི་༡༩༧༨གོང་ལ་རྒྱལ་བ་རིན་པོ་ཆེས་རང་བཙན་ཐབ་རྩོད་གནང་བ་དེ་ཞལ་ཞེ་གཉིས་མེད། འགག་བྱ་དགོས་པ་མང་པོ་ཞིག་ལ་རྟེན་ནས་དབུ་མའི་ལམ་ལ་ཕེབ་པ་རེད། ༡༩༧༨རྗེས་ཀྱི་༧གོང་ས་མཆོག་གི་གསུང་ལ་འགྲེལ་བཤད་གང་ཡང་རྒྱབ་ཡོད་མ་རེད།
དེ་ཡང་༧གོང་ས་མཆོག་དགའ་བཞིན་སྤྲོ་བཞིན་འཕེབ་པ་ཞིག་མ་རེད་འུ་ཐུག་ནས་མི་ཕེབ་ཐབས་མེད་བྱུང་བ་རེད། རང་བཙན་ཞིག་བྱུང་ན་༧གོང་ས་མཆོག་ལ་ཡང་དགོས་རྒྱུ་ཞིག་རེད་ཅེས་ཀརྨ་ཆོས་འཕེལ་གྱི་དེ་ཟེར་བ་རེད་
དེ་ནས་སྐབས་འཚོལ་བ་ཚོས་དེ་ལ་འགྲེལ་ལོག་རྒྱབ་པ་ཙམ་དུ་མ་ཟད་༧གོང་ས་མཆོག་གིས་༡༩༧༨གོང་གི་གསུང་རང་དབང་ཞེས་པ་ཡོངས་དབུ་མའི་ལམ་རེད་ཅེས་༧གོང་ས་མཆོག་གི་གསུང་ལ་ཡང་འགྲེལ་ལོག་རྒྱབ་ཏེ་ཉ་མྱུང་མཉམ་སྲེས་ཀྱི་མི་དགོས་པའི་གནས་ཚུལ་འདི་བསམ་བཞིན་དུ་གཟོས་པ་རེད་
འོ་ན་བདེན་ཚིག་སྨོན་ལམ་གྱི་་་་་་་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་་་་ཞེས་པ་དེ་དབུ་མའི་ལམ་ཡིན་ན་༡༩༧༨གོང་གི་༧གོང་ས་མཆོག་གྱི་སུམ་བཅུའི་དུས་དྲན་གྱི་དཀའ་སློབ་སོགས་གསུང་བཤད་མང་པོའི་ནང་ལ་རང་བཙན་གཙང་མ་ཐབ་རྩོད་གནང་གི་ཡོད་པའི་དཀའ་སློབ་མང་པོ་ད་ལྟ་ཡང་འཇལ་རྒྱུ་ཡོད་པ་དེ་ཚོ་ཞལ་ཞེ་གཉིས་ཡོད་རེད་དམ། ངས་བྱས་ན་ནམ་ཡང་ཡིན་མི་སྲིད་༧གོང་ས་མཆོག་གི་༡༩༧༨གོང་ལ་རང་བཙན་གཙང་མ་ཐབ་རྩོད་གནང་བ་དེ་ཡང་ཞལ་ཞེ་གཉིས་མེད་རེད། ༦༩༧༨རྗེས་ལ་དབུ་མའི་ལམ་གྱི་ཐོག་རང་སྲིད་རང་སྐྱོད་འཐབ་རྩོད་གནང་བ་དེ་ཡང་ཞལ་ཞེ་གཉིས་མེད་རེད། འོན་ཀྱང་སྐབས་འཚོལ་བ་ཚོས་༧གོང་ས་མཆོག་གི་སྔ་ཕྱིའི་དཀའ་སློབ་ཚང་མ་ཉ་མྱུང་མཉམ་སྲེས་ཀྱི་འགྲེལ་ལོག་རྒྱབ་ཏེ་ལོ་རྒྱུས་ལ་ནག་ཐིག་རྒྱབ་བཞིན་པ་རེད། དགྲ་བོ་རྒྱ་དམར་གྱི་ཤོད་བཞིན་པའི་སྐདཆ་ལ་གཞི་རྩ་ཡོད་པ་འདྲ་བོ་གཟོ་གི་ཡོད་རེད།
༧གོང་ས་མཆོག་གི་དབུ་མའི་ལམ་གྱི་ཐབ་རྩོད་ཞལ་ཞེ་གཉིས་མེད་ཀྱི་གནང་བཞིན་པ་ལ་ཕྱེད་རང་བཙན་ཟེར་བ་དང་མི་མངོན་པའི་རང་བཙན་ཟེར་བ་སོགས་ཀྱི་འགྲེལ་བཤད་ལོག་པ་ནི་༡༩༧༨ལ་དབུ་མའི་ལམ་ཐོག་མར་གསུང་དུས་ནས་ད་ལྟ་བར་ཡོད་བཞིན་པ་མ་གཏོག་ད་ལྟ་ཀརྨ་ཆོས་འཕེལ་གྱི་སྐད་ཆ་བྱུང་ནས་མགོ་ཚུགས་པ་ཞིག་མིན་པ་ཤེས་གསལ་རེད།་
བོད་ཀྱི་བུ་རྫུན། རྒྱ་ནག་གི་ཞབས་ཞུ་ལ་མ་བྲེལ་རྒྱ་ནག་གིས་རྒྱུད་སྐུལ་ཟེར་གྱིན་ཡོད་ང་དང་བོད་མིའི་ཁས་ལེན་བགྱིད་མིན། གལ་སྲིད་རྒྱུད་སྐུལ་བྱེད་མཁན་ངེས་པར་དགོས་ཀྱིན་ཡོད་ན་མེ་མདས་སྲིད་སྐྱོང་བའི་རྒྱ་ནག་སྲིད་གཞུང་ཡིན་དགོས།
ཁྱེད་རང་དངོས་དོན་དོགས་པ་ཡོད་ན་མཚན་ཙམ་ཡང་གླེང་ན་དཀའ་བའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལ་ཡང་ཆབ་བྲག་གིས་སྐུལ་བ་རེད་དམ།
བཙན་བྱོལ་བ་ང་ཚོའི་བསམ་ཚུལ་དང་སྦད་དེ་མི་མཐུན་པ་ཁྱེད་རང་ལ་དོལ་འདྲེའི་རྒྱུད་བརླམ་པ་ཡིན་ནམ་ཨ།
སྐྱག་རྫུན་བཤད་སྲིད་པ་རེད། བཤད་རྗེས་དགོངས་དག་ཞུས་ན་སྐྱོན་ག་རེ་འདུག
ཆབ་གྲབ་ལྷ་མོ་ལྟ་བུའི་མི་སྣ་རེ་ཟུང་གི་སྡུག་ལག་དེར་སྡོད་ཚུག་མེད་པར་གང་བྱུང་མང་བྱུང་བྲིས་ཏེ་དགྲ་བོ་རྒྱ་དམར་གྱི་ལག་ཆ་དེ་འདྲ་ཆག་གི་ཡོད་ཙང་དེར་གཟབ་དགོས་ཟེར་བ་ཡིན་
དྲན་དཀར་ཁྱེད་དཔྱད་གླེང་བྱེད་འདོད་ན་ངས་གོང་དུ་བཤད་པའི་གཙོ་བོའི་སྐད་ཆ་ཁག་ལ་བྱེད་ཤོག་དེ་མིན་ཟུར་བཤད་དེ་ཚོར་ཁྱོད་གང་བྱུང་བཤད་མ་ཡོང་་་་་
སྐྱག་རྫུན་བཤད་ཁན་ནི་༧གོང་ས་མཆོག་གི་སྔ་ཕྱིའི་དཀའ་སློབ་ཁག་ཉ་མྱུང་མཉམ་སྲེས་ཀྱི་འགྲེལ་ལོག་རྒྱག་ཁན་དེ་ཚོ་རེད་
རྒྱུད་བསྐུལ་འདྲ་པོ་བྲིས་ཏེ་དགྲ་བོ་རྒྱ་བོ་རྒྱ་དམར་གྱི་ལག་ཆ་གང་འདྲ་ཆགས་སོང་
སྐྱག་རྫུན་ཚ་བོ་ཁུངས་ལུང་མེད་པ་རང་རེད།
སྡུག་ལག་གིས་གང་བྱུང་མང་བྱུང་བྲིས་པའི་ཁུངས་ཁེར་ཤོག
ཀརྨ་ཆོས་འཕེལ་གྱིས་སྐྱག་རྫུན་ལ་ཁྱེད་ཀྱིས་ཚོན་ཁྲ་བྱུགས་པ་ནི་སྐྱག་པའི་ལྷ་བཤས་ལྟར་གྱུར་སོང་། ནམ་ཡིན་ཡང་བདེན་པར་རྒྱབ་ལངས་བྱེད་ན་ཡག་ག བོད་ཀྱི་བུ་བོད་རང་གི་བུ་ཡིན་གུང་ཁྲན་གྱིས་རྒྱུད་པ་མིན་ན་བདེན་པ་བདེན་གཏུགས་གནང་རོགས། བརྙན་འཕྲིན་ནང་བླངས་ཡོད་པ་རེད་ད། གང་ལྟར་ཁྱེད་ཀྱི་ལབ་པ་ལྟར་མ་རེད་ད་ཐེངས་ཁྱེད་ནོར་སོང་། རྗེས་མར་གཟབ་གནང་ཨ།
༄༅། །བཀུར་འོས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༦ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པའི་ནང༌། རང་ཉིད་ཀྱིས་སྤྱི་འཐུས་གྲོས་ཚོགས་སུ་ྋགོང་ས་མཆོག་ནས་ལམ་དབུ་མ་གསུངས་བཞིན་ཡང་ཐུགས་ནང་རང་བཙན་ཡོད་ལུགས་གཏན་ནས་གསུངས་མེད་པའི་སྒྲུབ་བྱེད་དུ། དེ་ལྟར་བརྗོད་ཡོད་ན་གྲོས་ཚོགས་ནང་ཚོགས་བཞུགས་ཡོད་པའི་བཀའ་ཤག་དང་སྤྱི་འཐུས་རྣམ་པའི་ངོས་ནས་དགག་ལན་ཡོང་དགོས་ངེས་ཀྱང་བྱུང་མེད་ཚུལ་བཀོད་འདུག་པ་དེ་དག་བདེན་པ་མ་རེད་ཅེས་ལན་འདེབས་གསལ་བཤད་ཞུ་རྒྱུར།
བཀུར་འོས་སྤྱི་འཐུས་ཀྱིས་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་ལྔ་པ་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༧ ཉིན་སྤྱི་འཐུས་སྒེར་གྱི་གསལ་བཤད་བྱ་རྒྱུའི་གོ་སྐབས་བཟུང་སྟེ་ “ངས་ཤེས་ཚོད་བྱས་པ་ཡིན་ན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ལམ་དབུ་མ་དེ་ཛ་དྲག་དང་དེ་འདྲའི་གནས་སྟངས་ཤིག་ལ་གཟིགས་ནས་ཐབས་བརྒྱ་ཇུས་སྟོང་གིས་ཐབས་ཤེས་ཤིག་བཏོན་གནང་བ་རེད་མ་གཏོགས། དགོས་པ་དེ་ྋསྐུ་མདུན་གྱི་དགོངས་པའི་ནང་དུ་ཡང་རང་དབང་རང་བཙན་རེད་བསམ་པ་དེ་ཡོད།” ཅེས་སོགས་ལམ་དབུ་མ་དང་འབྲེལ་བའི་གསུང་བཤད་དེ་གནང་བ་རེད། གསུང་བཤད་དེ་གྲུབ་མ་ཐག་ཏུ་དཔལ་ལྡན་ཚོགས་གཙོ་མཆོག་སྐུ་བཞེངས་ཀྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་དེའི་ཐོག་གྲོས་ཚོགས་ནང་བགྲོ་གླེང་གནང་མི་དགོས་པའི་རྒྱུ་མཚན་འགྲེལ་བཤད་བཅས་བཏང་འཛིན་ལམ་སྟོན་གནང་བ་ལ་བརྟེན་ནས་བཀའ་ཤག་ལ་སྐབས་དེར་དགོངས་ཚུལ་གསུང་རྒྱུའི་གོ་སྐབས་བྱུང་མེད།
འོན་ཀྱང་ཕྱི་ཉིན་བཀའ་ཤག་གི་གསལ་བཤད་ལ་སྤྱི་འཐུས་རྣམ་པའི་བགྲོ་གླེང་རྗེས་ལན་འདེབས་གནང་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གནད་དོན་དེ་གལ་ཆེར་བརྩིས་ནས་ “བཀུར་འོས་སྤྱི་འཐུས་གཅིག་གིས་ྋགོང་ས་མཆོག་གི་ཞལ་ནས་དབུ་མའི་ལམ་གསུངས་ཀྱི་ཡོད་ནའང༌། ཐུགས་ལ་རང་བཙན་གྱི་དགོངས་པ་ཡོད་པའི་ཚོད་དཔག་གཅིག་གནང་སོང༌། ཚོད་དཔག་གནང་བ་དེ་གཞི་རྩ་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན། ྋགོང་ས་མཆོག་གི་དགོངས་པ་དེ་ཞལ་ཞེ་གཉིས་མེད། སྔ་ཕྱི་བར་གསུམ་ལ་གསལ་པོ་བཀའ་གནང་བསྒྲུབས་པ་རེད། དེ་འདྲ་གསུངས་ཡོང་དུས་ྋགོང་ས་མཆོག་གི་ཐུགས་ལ་གཅིག་ཡོད་པ་དང༌། ཞལ་ནས་གཅིག་གསུངས་པ་རེད་ཟེར་བ་དེ་གཞི་རྩ་མེད་པ་རེད་ཞུ་རྒྱུ་ཡིན།” ཞེས་སོགས་དགག་ལན་གནད་བསྡུས་ཤིག་གྲོས་ཚོགས་དེ་རང་ལ་གནང་ཡོད་པ་བཅས་གསལ་བཤད་ཞུ་རྒྱུའི་གསར་འགོད་གསལ་བསྒྲགས་སུ། བཀའ་ཤག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༠ ལ།། །།
རྒྱར་ཞེན་ཆེ་བའི་བོད་ཀྱི་མི་གཟུགས་འདི་དག་གིས་གངས་ཅན་པར་བློ་སེམས་དཀར་བའི་མི་བུ་རེ་རེ་བཞིན་བོད་ཀྱི་སྤྱི་ཚོགས་འདི་དང་ཁ་བྲལ་བཏང་དང་གཏོང་བཞིན་པ་འདི་དག་བོད་ཀྱི་ལོ་རྒྱུན་གྱི་དེབ་ཐེར་ནང་གི་རྨ་ཁ་ཞིག་ཏུ་འགྱུར་རྒྱུ་རེད། སྐབས་དེ་དུས་རྒྱ་མིས་བོད་ལ་ཕན་པའི་བྱ་བ་ཞིག་ཡོང་ངམ་སོམ་ཞིང་རྒྱར་གཅེས་པ་ཚོ།
རོང་བཙན་ནས་ཁ་ཡར་བཀྱག་ལར་ཞེན་མར་བཀྱག་ལ་ལར་ཞེན་ལབ་ཀྱང་མིས་ངོ་མི་ཤེས་སྟབས། དྲ་འབུའི་སྐད་ཆ་ལ་ཡིད་ཆེས་བྱེད་མཁན་མེད། ད་དུང་དཀྲུགས་ཤིང་གི་ཚིག་གཅིག་སླེབས་པ་ཡིན་ན་ནམ་སང་དོལ་རྒྱལ་བ་རེད་དྲན་གྱི་རེད། མ་འོངས་པར་ཆབ་བྲག་ལྟ་བུ་ནང་བཞིན་ལས་ཀ་ཅུང་ཟད་རེ་བགྱིས་ཏེ་སྤྱི་ཚོགས་ནང་ཆ་ཡོད་རྒྱུས་ཡོད་བྱས་ནས་སྐད་ཆ་རེ་བཤད་པ་ཡིན་ན་མིའི་མ་མཐར་དྲ་འབུ་ཞིག་ལས་ཆ་འཇོག་གནང་གི་རེད། དེ་མིན་ཁྱེད་རང་ཉིད་ཀྱིས་རྦད་དེ་བྱས་པ་ཅན་མཁས་དབང་ཟམ་གདོང་ལྟ་བུའི་མིང་སྤྱད་དེ་ཡི་གེ་ཉུང་ཉུང་རེ་བྲིས་ན་དྲ་འབུ་གསར་པ་རེ་འགོ་འཐོམས་སྲིད། ཡག་ཤོས་བྱུང་ན་དེབ་དཔེ་མི་སྲིད་པའི་སྐད་གྲགས་ཅན་མང་པོར་བལྟ་དང་། འདི་ནང་ན་འདི་འདྲ་འདུག་ལབ་ན་མིས་ཏོག་ཙམ་དོ་སྣང་སྤྲད་ཀྱིན་འདུག་ག རོང་བཙན་གྱི་ཆེད་དུ
མི་གསོན་པོ་ལགས། “སྐབས་རེར་ཀརྨ་ཆོས་འཕེལ་ལ་ཡང་སྨྲ་བརྗོད་རང་དབང་འགོག་དགོས་སྐད”སྐད་ཆ་འདི་གང་ན་འདུག ངའི་ལྟ་བའི་ནང་ལ་ནམ་ཡང་སྨར་བརྗོད་རང་དབང་འགོག་དགོས་པ་ཞིག་མེད་ལ། དེ་འདྲའི་སྐད་ཆ་ཡང་བཤད་མྱོང་མེད། འོན་ཀྱང་ངས་ཀརྨ་ཆོས་འཕེལ་སོགས་ཀྱི་སྒྲོ་སྐུར་དང་བྱུང་རྒྱ་གྱི་གཏམ་དག་ལ་ནམ་ཡང་ངོ་རྒོལ་བྱེད་ངེས་ཡིན། བྱེད་ཀྱིན་ཡོད། རྩོད་པ་དང་དགག་པ་རྒྱག་པ་འདི་ལ་སྨྲ་བརྗོད་རང་དབང་འགོག་པ་ཟེར་ན་ང་ཅི་ཡང་བཤད་རྒྱུ་མེད་དོ།
དེ་ནས་འདྲི་རྒྱུར། “འཇུ་ཆེན་བུ་མོས་གྲོས་རའི་ནང་དུ་བཤད་པ་བཞིན་ཕྱི་དགྲ་རྒྱ་དམར་གྱི་བེད་སྤྱོད་མ་གཏོང་བའི་གོང་དུ་ནང་ནས་བོད་མི་རང་གིས་བེད་སྤྱོད་ཀྱིས་སྒེར་གྱི་འཁོན་ནད་རྩོད་བྱེད་དུ་བྱས་པ་འདི་ངོ་མ་ནོར་འཁྲུལ་ཆེན་པོ་ཞིག་རེད” འདི་ལ་ངེས་ར་ཁ་གསལ་བོས་ན་བཏབ་ན་བཟང། སུ་དང་སུས་སྒེར་འཁོན་རྩོད་ཀྱིན་འདུག ཀརྨ་ཆོས་འཕེལ་དང་སུ་དང་སུ་བར་ལ་སྒེར་འཁོན་ཡོད་པ་རེད། སྒེར་འཁཽན་ག་འདྲ་ཞིག་ཡོད་པ་རེད། བཤད་རྒྱུ་མེད་ན། སྐད་ཆ་འདི་འདྲ་ངོ་མ་ནང་དཀྲུག་གི་རྒྱུ་ཆགས་ཉེན་ཡོད།
ངའི་བསམ་ཚུལ་ལ་ཚང་མས་བོད་དོན། སྤྱི་དོན་ཆེད་དུ་སྐད་ཆ་ཤོད་ཀྱིན་པ་དང་ལས་ཀ་བྱེད་ཀྱིན་པར་ངོས་འཛིན་ཞུ་གིན་ཡོད། འོན་ཀྱང་མི་ཡིན་པའི་ཆ་ནས་རླུང་ལངས་རྒྱུ་དང་ཚིག་རྩུབ་པོ་ཐལ་རྒྱུ་ལོས་ཡོད།
” ཀརྨ་ཆོས་འཕེལ་ནས་བོད་མི་ས་ཡ་ཁ་ཤས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་དང་བོད་བསྟན་སྲིད་ལ་སྨན་པའི་དགོངས་ཚུལ་གསུང་པར་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་སྐོར་གསུང་པ་དེ་དྲང་བདེན་ཡིན་མིན་བརྟག་དཔྱད་གྱིས།” ཨ་ལེ། འོ་ན་༸གོང་ས་མཆོག་ཐུགས་ཕམ་བྱུང་བ་དེ་ཡ་མཚན། ཀརྨ་ཆོས་འཕེལ་གྱིས་བོད་མི་ས་ཡ་ཁས་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་གྱིས་བོད་བསྟན་སྲིད་ཕན་པ་སྒྲུབ་པ་ཐུགས་ཕམ་བྱུང་བ་རེད་དམ། ངོ་མ་དགོད་བྲོ་བ་རེད། དེས་བོད་མི་ཚོས་ཀརྨ་ཆོས་འཕེལ་ཁྲི་ལོར་བརྟན་པར་ཤོག་མི་ཟེར་བ་ཅི་ཡིན་ནམ། ཧ་ཧ་ཧ་ཧགྲོགས་པོ་ལགས། རང་དབང་ཡོད་ས་ནས་གང་བྱུང་མ་བཤད། བདེན་པ་རེ་ཤོད་དང། ཀརྨ་ཆོས་འཕེལ་གྱིས་༸གོང་ས་མཆོག་གི་དགོངས་པར་ལོག་འགྲེལ་བྱས་པ་དེ་མ་འགྲིགས་པ་རེད་མ་གཏོགས་བོད་རང་བཙན་ཡིན་པ་དང་རང་བཙན་རྩོད་པས་མ་འགྲིགས་པ་མ་རེད་དོ།
རོང་བཙན་ལགས་ཀྱིས། དབུ་མའི་ལམ་གྱི་བྱུང་རབས་ལ་སློབ་སྦྱོང་བྱོས། གཉིས་ནས་༸གོང་ས་མཆོག་བོད་ལ་བཀའ་དྲིན་ཆེ་ཚུལ་དང་བོད་མི་ཚོ་ཁོང་ལ་བཀའ་དྲིན་ཆེ་ཚུལ་སྐོར་རྒྱུ་མཚན་འགའ་བཤད་རོགས།
བོད་ཀྱི་བུ་གས། ཟླ་བ་ཚེ་རིང་གི་སྐོར་་གྲོས་ཚོགས་སུ་གླེང་ཡོད་ལ་ཁྲིམས་ཞིབ་ཁང་དུ་ཡང་སོང་ཡོད། འོན་ཀྱང་ཁོང་རང་ལ་བདེན་སྟོབས་དང་མང་ཚོགས་ཀྱི་རྒྱབ་སྐྱོར་ཆེ་སོང་བ་རེད།
སྒྲོལ་དཀར་ལྷ་མོ་བུད་མེད་ཚོགས་པ་རང་གིས་ཐག་བཅད་ཚར་བ་དང་མོ་རང་གིས་ཀྱང་ངོས་ེན་བྱས་ཚར་བ་ཞིག་ལ་ད་ག་རེ་གླེང་ཡ་ཡོད་རེད། གནད་དོན་འདི་རིགས་ཁྱེད་རང་ཚོས་ཧ་གོ་གི་མེད་ན་གང་བྱང་མང་བྱུང་མ་བཤད། དྲི་བ་དྲིས་ལོ།
བོད་ཀྱི་བུ་ལགས། ངས་དེ་སྔོན་ནས་བརྒྱུད་ལམ་ཁག་ཚང་མར་ང་ལ་སྐྱོན་བརྗོད་དང་དམའ་འབེབས་ཅི་བྱས་ཀྱང་བྱེད་དུ་ཆུག འགོག་མི་དགོས་ལབ་ཡོད། རེ་རེ་བྱས་ནས་བཤད་རྒྱུ་མེད་ན་ཁྱོད་མི་མིན། ཡང་གཅིག་བཤད་ན། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བས། ཐོག་མར་ནང་གཙང་མ་བཟོ་དགོས་པ་རེད། དེ་བས་ཁྱེད་ཀྱིས་ངའི་སྐྱོན་ནམ་ནོར་འཁྲུལ་གྱི་སྐད་དང་རྩོམ་ཡིག ཡང་ན་ལས་ཀ་སོགས་རེ་རེ་ནས་གླེང་རྒྱུ་ཡོད་ན་དེ་ལ་ངས་དགའ་བསུ་ཞུ། །
་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ” དེ་དུས་ནས་རང་བཙན་ཁོ་ན་ལས་དགོངས་པར་གཞན་མེད་ན། ཡོངས་རྫོགས་བོད་ལྗོངས་རང་བཙན་གཙང་མའི་དཔལ། ཞེས་གསུང་ཆོག་གི ཅིའི་ཕྱིར་རང་བཙན་གྱི་ཐ་སྙད་དེ་མ་གསུངས་པ་རེད། དེ་དུས་ཀྱི་ཞལ་འདོན་ཚང་མའི་ནང་ལ་རང་དབང་མ་གཏོགས་རང་བཙན་མ་གསུངས་པ་ཅི།
ཁྱེད་རང་ཆོས་རྒྱལ་བ་ཐམས་ཅད་མཁྱེན་པ་ཡིན་མིན་ཁས་མ་བླངས་ན་ཡང་ཕུགས་རྒྱང་རིང་པོར་དགོངས་པ་བཞེས་ཐུབ་ཅིག་ཡིན་པ་ཤེས་དགོས། འདི་ལ་མ་འོངས་མངོན་གཟིགས་ཟེར་བ་རེད། དེས་ན་རང་དབང་གཙང་མ་ཟེར་བ་དེ་རང་བཙན་ཐོབ་ན་ཡང་ཆོག་ལ་དེ་མིན་པའི་དེང་གི་དབུ་མའི་ལམ་གྱི་དགོས་འདུན་འདི་ལྟ་བུ་ཐོབ་ན་ཡང་ཆོག་པ་སྟེ། དགོངས་པ་ཡངས་པོ་རེད། ལམ་གུ་དོག་དང་གཅིག་མ་རེད། འགྲོ་ས་མང་པོ་ཡོད་པ་ཞིག་རེད། འདི་ཚང་མས་ཤེས་དགོས། ལ་ལས་རང་བཙན་ཁོ་ནར་བཤད། ལ་ལས་རང་དབང་ཁོ་ནར་བཤད་ན་མི་འོས་ཚུལ་ངས་དེ་སྔོན་ནས་བཤད་ཡོད་ལ་བྲིས་ཡོད།
རྒྱ་གཞུང་གིས་ལག་ཆར་སྤྱད་པ་ཙམ་གྱིས་ལག་ཆ་ངོ་མ་ཞིག་ཆགས་མི་སྲིད། རྒྱུ་མཚན་ནི་ཁོ་ཚོའི་ལག་མ་ངོ་མ་བྱེད་སྤྱད་ཅིག་ང་ཚོ་སུས་ཀྱང་སྒྲུབ་རྒྱུ་མེད་པར་བཙན་བྱོལ་བོད་གཞུང་འདི་ཕྱི་གསལ་ནང་གསལ་རང་ཡིན་པས་སོ།
གལ་ཏེ་ངས་རང་སྲེག་སྐོར་ལ་སྐད་ཆ་ག་འདྲ་ཞིག་བཤད་ཡོད་པ་དང་དེ་ལ་ཚུར་བསྙོན་འཛུགས་ཅི་བྱས། ངས་ཕར་ལན་འདེབས་ཅི་བྱས་སོགས་ལ་གསལ་རྟོགས་དང་ཞིབ་འཇུག་གནང་འདོད་མཁན་ཡོད་ན་དྲ་ཐག་འདིར་གཟིགས་ནས་འཚོལ་རོགས།
http://www.chapdaklhamokyab.fr/%E0%BD%84-%E0%BD%A3-%E0%BD%A3-%E0%BD%9A-%E0%BD%A3-%E0%BD%A2-%E0%BD%82%E0%BD%A6/
ཀརྨ་ཆོས་འཕེལ་ལ་རྒེར་ཁོན་རྩོད་ཁན་ངོ་མ་གཅིག་ནི་དྲ་ཐོག་འདིར་ཡོད་པའི་ལྷ་མོ་སྐྱབས་ཟེར་བ་དེ་གཅིག་རེད། ཁྱེད་དང་ཁྱེད་འདྲ་བས་རྒེར་ཁོན་རྩོད་ཆེ་ནས་ང་ཚོ་བོད་པའི་སྤྱི་ཚོགས་འདི་མདའ་དཀྲུག་ཕུ་དཀྲུག་གཟོས་ཡོང་གི་འདུག་
ཟླ་བ་ཚེ་རིང་དང་སྒྲོལ་དཀར་ལྷ་མོ་སྤྱི་མཐུས་ཞིག་ཡིན་པའི་ཆ་ནས་སྤྱི་མཐུས་ཀྱི་བཟང་སྤྱོད་ཞིག་གི་ཐོག་ནས་གླེང་སློང་གི་སྒྱུ་མ་ཕུ་དེད་བྱེད་མི་ཐུབ་པ་དེ་ཁོང་གཉིས་ལ་བདེན་པ་ཡོད་སོང་བ་རེད་དམ་ཡང་ན་ཁོང་གཉིས་ལ་རྒྱབ་རྩ་ཆེན་པོ་ཡོད་སོང་བ་རེད།
༧གོང་ས་མཆོག་གི་སྔ་ཕྱིའི་དཀའ་སློབ་ཚང་མ་ཉ་མྱུང་མཉམ་སྲེས་ཀྱི་ལོག་འགྲེལ་མང་པོ་ཞིག་ལྷ་མོ་སྐྱབས་ཁྱེད་དང་ཁྱེད་འདྲ་བས་རྒྱབ་ཆེ་དྲག་ནས་ད྄་ལྟའི་རྙོག་གླེང་འདི་ཡོང་བཞིན་པ་རེད་
བདེན་ཚིག་སྨོན་ལམ་གྱི་་་་་་་ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དཔལ་་་་ཞེས་པ་དེ་དབུ་མའི་ལམ་ཡིན་ན་༡༩༧༨གོང་གི་༧གོང་ས་མཆོག་གྱི་སུམ་བཅུའི་དུས་དྲན་གྱི་དཀའ་སློབ་སོགས་གསུང་བཤད་མང་པོའི་ནང་ལ་རང་བཙན་གཙང་མ་ཐབ་རྩོད་གནང་གི་ཡོད་པའི་དཀའ་སློབ་མང་པོ་ད་ལྟ་ཡང་འཇལ་རྒྱུ་ཡོད་པ་དེ་ཚོ་ཞལ་ཞེ་གཉིས་ཡོད་རེད་དམ། ངས་བྱས་ན་ནམ་ཡང་ཡིན་མི་སྲིད་༧གོང་ས་མཆོག་གི་༡༩༧༨གོང་ལ་རང་བཙན་གཙང་མ་ཐབ་རྩོད་གནང་བ་དེ་ཡང་ཞལ་ཞེ་གཉིས་མེད་རེད། ༦༩༧༨རྗེས་ལ་དབུ་མའི་ལམ་གྱི་ཐོག་རང་སྲིད་རང་སྐྱོད་འཐབ་རྩོད་གནང་བ་དེ་ཡང་ཞལ་ཞེ་གཉིས་མེད་རེད། འོན་ཀྱང་སྐབས་འཚོལ་བ་ཚོས་༧གོང་ས་མཆོག་གི་སྔ་ཕྱིའི་དཀའ་སློབ་ཚང་མ་ཉ་མྱུང་མཉམ་སྲེས་ཀྱི་འགྲེལ་ལོག་རྒྱབ་ཏེ་ལོ་རྒྱུས་ལ་ནག་ཐིག་རྒྱབ་བཞིན་པ་རེད། དགྲ་བོ་རྒྱ་དམར་གྱི་ཤོད་བཞིན་པའི་སྐདཆ་ལ་གཞི་རྩ་ཡོད་པ་འདྲ་བོ་གཟོ་གི་ཡོད་རེད།
བོད་ཀྱི་བུ་ལགས། ད་ཟེར་རྒྱུས་ཕོངས་འདུག་པ་ད་ཧ་གོ་སོང། ང་ད་ལྟ་གྲོས་ཚོགས་ནང་ན་མེད། ཁྱོད་ཀྱིས་གྲོས་ཚོགས་ནང་ན་སྒེར་འཁོན་གྱིས་ཁོ་ལ་ཁ་རྡུང་གཏོང་གི་འདུག་ཟེར་བ་ཁྱོད་མིན་ནམ། ཧ་ཧ་ཧ་་་
“ཟླ་བ་ཚེ་རིང་དང་སྒྲོལ་དཀར་ལྷ་མོ་སྤྱི་མཐུས་ཞིག་ཡིན་པའི་ཆ་ནས་སྤྱི་མཐུས་ཀྱི་བཟང་སྤྱོད་ཞིག་གི་ཐོག་ནས་གླེང་སློང་གི་སྒྱུ་མ་ཕུ་དེད་བྱེད་མི་ཐུབ་པ་དེ་ཁོང་གཉིས་ལ་བདེན་པ་ཡོད་སོང་བ་རེད་དམ་ཡང་ན་ཁོང་གཉིས་ལ་རྒྱབ་རྩ་ཆེན་པོ་ཡོད་སོང་བ་རེད”
དེའི་ལན་གོང་དུ་བཏབ་ཚར། ང་ཚོས་སྐབས་དོན་གླེང་རྒྱུ་དེ་ཀརྨ་ཆོས་འཕེལ་གྱི་སྐད་ཆ་དང་དེ་ལ་བསམ་ཚུལ་བཤད་མཁན་ཚོའི་སྐད་ཆ་རེད། མི་ཅི་འདྲ་ཞིག་ཡིན་མིན་ཡང་གླེང་གི་ཡོད་མ་རེད།
གོང་དུ་དྲན་དཀར་དཔལ་ལགས་ཀྱིས། ལུང་དྲངས་སོང་ང། ད་རང་གིས་ནོར་བ་ཧ་གོ་སོང་ངམ།
༡༩༧༨ཟེར་ན་ཡང་མཆོག་གི་༡༩༧༤ཟེར་ན་ཆོག་གི་གང་ལྟར་སྐབས་དེ་དུས་ཀྱི་རང་དབང་ཞེས་པ་ཚང་མ་དབུ་མའི་ལམ་ལ་འགྲེལ་གྱི་ཡོད་ན་སྐབས་དེ་དུས་ཀྱི་ཆབ་སྲིད་ཀྱི་དཀའ་སློབ་གལ་ཆེ་མང་པོའི་ནང་རང་བཙན་གཙང་མ་ཐབ་རྩོད་གནང་གི་ཡོད་པའི་དཀའ་སློབ་ཁ་གསལ་པོ་དེ་ཚོ་གང་རེད་དམ། ལྟས་ངན་ལྷ་མོ་སྐྱབས་ཁྱོད་ཀྱི་སྐབས་དེ་དུས་༧གོང་ས་མཆོག་ལ་ཞལ་ཞེ་གཉིས་ཡོད་རེད་ཟེར་གྱི་ཡོད་དམ་ཁྱོད་དེ་འདྲའི་ཧམ་པ་ཚ་བ་ལ།
ངས་ནི་༧གོང་ས་མཆོག་ལ་ཞལ་ཞེ་གཉིས་ཡོད་པ་ཞིག་ནམ་ཡང་ངོས་འཛིན་ཞུ་ཐུབ་ཀྱི་མེད་ལ་ང་ལ་ཁྱེད་ལྟ་བུའི་སྙིང་ཁམ་ཆེན་པོ་དེ་འདྲ་མེད།
ངས་ནི་༡༩༧༨འམ༡༩༧༤སྔོན་ལ་༧གོང་ས་མཆོག་གི་ཞལ་ཞེ་གཉིས་མེད་ཀྱི་ཐོག་རང་བཙན་གཙང་མ་ཐབ་རྩོད་གནང་བ་དང་དེ་ནས་༡༩༧༤ཙམ་ནས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགེ་མཚན་ཞིག་ཐུགས་ལ་འཁྲུང་པ་དང་དེ་ནས་༡༩༧༨ལ་གཞུང་འབྲེལ་རང་གི་ཐོག་ནས་ཐུགས་ཐག་གཙང་བཅད་ཀྱི་༧གོང་ས་མཆོག་དང་གཙན་བྱོལ་གཞུང་གཉིས་ཀའི་ཐོག་ནས་ཞལ་ཞེ་གཉིས་མེད་ཀྱི་དབུ་མའི་ལམ་གྱི་ཐོག་ནས་རང་སྲིད་རང་སྐྱོང་གི་ཐབ་རྩོད་གནང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ད་ལྟའི་དུས་འདིར་ང་རང་རྒེར་ངོས་ནས་ཀྱང་དབུ་མའི་ལམ་གྱི་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཞུ་ཁན་ཞིག་ཡིན། འོན་ཀྱང་༧གོང་ས་མཆོམ་ཁ་ལ་འཁྱེར་ཏེ་༧གོང་ས་མཆོག་གི་གསུང་ལ་ཡང་ལོག་འགྲེལ་གྱིས་རང་བཙན་ཐབ་རྩོད་པ་ཚོར་གཞི་མེད་སྐྱོན་འཛུག་དང་གདོང་འདྲེ་དོལ་རྒྱལ་ཀྱི་རྗེས་འདྲང་རྒྱལ་ཚོང་བ་དེ་ཚོ་ལས་ལྷག་ཙམ་གྱི་ཁ་གདུང་དང་དམའ་འབེབ་ཟུར་ཕུད་བྱེད་ཐབས་འདི་རིགས་ལ་ནམ་ཡང་ངོ་རྒོལ་ཡོད་
ཁྱོད་ཀྱི་ཁ་རྡུང་དེ་གྲོས་ཚོགས་ནང་ལ་ཟེར་བ་མིན་དྲ་ལམ་ཁག་བེད་སྤྱོད་ཀྱི་རྒེར་ཁོན་རྩོད་བཞིན་འདུག་ཟེར་བ་ཡིན་
ཁྱོད་གྲོས་ཚོགས་ནས་སྔ་ས་ནས་ཕྱིར་ཕུད་གཏང་ཟིན་པ་མི་ཤེས་རྒྱུ་ཅི་ཡོད་
ཧ་ཧ་ཧ་་་བཤད་ད་ཡ་་་བོད་ཀྱི་བུ་་ང་ལ་སྒེར་འཁོན་ཡོད་པ་འདྲ། ཧཧཧཧཧ
བོད་ཀྱི་བུ་ཡང་དབུ་མའི་ལམ་ཡིན། ༸རྒྱལ་བ་རིན་པོ་ཆེར་དད་པ་ཡང་ཡོད་ན། ང་གཉིས་བློ་མཐུན་རེད་ཡ། ཡ་བློ་མཐུན། ངས་ཁྱོད་ལ་དྲིས་པ་དེ་དག་ལ་ལན་ཡོད་དམ། དེ་སྔའི་ཞལ་འདོན་ཚང་མར་རང་བཙན་ཞེས་པའི་ཐ་སྙད་ཆེད་སྤྱོད་མ་གནང་བར་དགོས་པ་རྒྱུ་མཚན་ཆེན་པོ་འདུག་བསམ་ཡ་ཞིག་རང་ལ་མེད་དམ། བཙན་བྱོལ་ལ་འབྱོར་མ་ཐག་ཡུལ་དུས་གནས་གསུམ་ལ་ལྟོས་ནས། ལྷག་པར་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་བོད་ལ་བཙན་འཛུལ་བྱས་པ་བཅས་བདེན་དཔང་བྱེད་རྒྱུ་དང། གཅིག་བྱས་ན་སྐབས་དེར་རྒྱལ་སྤྱིའི་ཐོག་ནས་རོགས་ཕན་ཆེ་ཙམ་མི་ཡོང་ངམ་སྙམ་པ་སོགས་ཀྱིས་རང་བཙན་སླར་གསོའི་སྲིད་བྱུས་བཟུང་པ་རེད། དེ་གཞུང་གི་སྐབས་དེའི་སྲིད་བྱུས་འཛིན་སྟངས་ཤིག་རེད། འོན་ཀྱང་༸རྒྱལ་བ་ཐམས་ཅད་མཁྱེན་པར་ཕྱི་ནང་གསང་བའི་ཡོན་ཏན་ཁྱད་པར་བ་མངའ་བས་མ་འོངས་མངོན་གཟིགས་ཐུབ་ཀྱིན་ཡོད་པ་རེད། དེ་བས་ཁོང་གིས་དངོས་སུ་གསར་རྩོམ་གྱི་སྒེར་རྩོམ་ནང་ལ་རང་བཙན་གྱི་ཐ་སྙད་སྤྱོད་མེད། འདི་ལ་ཐབས་མཁས་ཐུགས་རྗེའི་མཛད་པ་ཟེར་བ་ལས། ཞལ་ཞེ་མི་མཚུངས་པ་ཟེར་བ་མ་རེད། ལག་པ་བྲང་ཁར་བཞག་ནས་འདང་རེ་རྒྱོབ་ལོ།
༢༠༡༣ ཟླ་བ་གསུམ་པའི་ནང་འཚོགས་པའི་བོད་མིའི་གྲོས་ཚོགས་སུ་ཀརྨ་ཆོས་འཕེལ་གྱིས་སྤྱི་འཐུས་སྒེར་གྱི་གསལ་བཤད་སྐབས་སུ་༧གོང་ས་མཆོག་གི་ཞལ་དང་ཐུགས་གཉིས་བར་མི་མཐུན་པས་སྐད་ཆ་ཞིག་ཞུས་མེད་པར་ཀར་ཆོས་རང་ཉིད་ཀྱིས་གསལ་འགོད་གསར་སྒྲགས་དང་མཚན་འཁོད་སྙན་ཞུ་སོགས་ཀྱིས་གསལ་བཤད་བྱས་ཀྱང་། བོད་མིའི་སྲིད་དོན་པ་དག་གིས་ཡང་སྐོར་སྐྱར་སྐོར་གྱིས་ཀརྨ་ཆོས་འཕེལ་ནག་པོ་ནག་རྐྱང་བཟོ་རྒྱུར་འབོད་པ་སྣ་ཚོགས་ཀྱིས་གླེང་ཕྱོགས་ཆེད་བཟོ་བྱེད་བཞིན་འདུག། སྤྱིར་སྒྲ་ནི། སྨྲ་བ་པོའི་བརྗོད་འདོད་ཀྱི་ཀུན་སློང་ལ་རྟེན་ནས་བརྗོད་བྱ་སྟོན་པ་ཞིག་ཡིན་པ་ལས། ཉན་པ་པོའི་ཐོས་པ་ལ་རྟེན་ནས་བརྗོད་བྱ་སྟོན་པ་ཞིག་བོད་ཀྱི་སྐད་ཡིག་རིགས་པའི་གཞུང་ལུགས་སུ་གསལ་མེད། དེས་ན་སྨྲ་བ་པོ་ཀརྨ་ཆོས་འཕེལ་གྱིས་བརྗོད་མེད་བཤད་མེད་ཨུ་ཚུགས་ཀྱིས་ཞུས་ཀྱང་། ད་དུང་དེ་བརྗོད་སོང་བཤད་འདུག་བཅས་བཙན་གྱིས་སྐུལ་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་གང་ཡིན་ནམ། དེས་བོད་མི་རིགས་ཀྱི་རྩ་དོན་ལ་ཕན་རེ་གང་ཞིག་མཐོང་བ་ཡིན་ནམ། ༧གོང་ས་མཆོག་གི་དབུ་མའི་ལམ་གྱི་སྲིད་ཇུས་དེར་ཞལ་ཐུགས་གཉིས་མེད་ཡིན་པས་རྒྱ་དམར་ལ་དག་ཕུད་བྱེད་པ་ཡིན་དུ་སྲིད་ཀྱང་དེས་རྒྱ་དམར་ལ་བདེན་ཁ་སྤྲོད་མི་ཐུབ་ལ། རྒྱ་དམར་གྱིས་དབུ་ལམ་གྱི་ངོ་གདོང་དང་རྒྱུད་རིམས་སོགས་གསལ་གསལ་དག་དག་ཤེས་བཞིན་པ་ཡིན་ཀྱང་དབུ་ལམ་རྒྱུད་ནས་རྒྱ་བོད་དཀའ་ངལ་དག་སེལ་འདོད་མེད་པ་ནི་ཕྱིར་གསལ་ནང་གསལ་དུ་འགྲོ་བཞིན་པ་རེད། མདོར་སྡུས་ནས་ཞུ་ན། གོང་དུ་དྲ་གྲོགས་རོང་བཙན་ལགས་ཀྱི་གསུངས་བ་ལྟར། ༧གོང་ས་མཆོག་ནི་བོད་མི་རིགས་ལ་བཀའ་དྲིན་ཤིན་ཏུ་ཆེ་ལ། དེའི་སྐོར་ངས་ཞུ་མི་དགོས་པ་རྣམ་པ་ཚོས་གསལ་ཞིབ་གསལ་བ་མཁྱེན་ཚད་རེད། བོད་མི་རིགས་འདི་ཡང་༧གོང་ས་མཆོག་ལ་དཀའ་དྲིན་ཤིན་ཏུ་ཆེ། བོད་མི་རིགས་ལ་རྟེན་ནས་༧གོང་ས་མཆོག་བྱུང་བ་རེད་ལ། བོད་མི་ལ་རྟེན་ནས་ཁོང་གི་སྐྱེས་སྦྱངས་ཀྱི་ཤེས་རབ་དང་ཡོན་གཏན་སོགས་རྙེད་པ་རེད། བོད་མི་རིགས་མེད་ན་༧གོང་ས་མཆོག་ཡོད་མི་སྲིད་ལ། བོད་མི་རིགས་ལ་རྟེན་ནས་༧གོང་ས་མཆོག་གི་མཚན་སྙན་འཛམ་གླིང་གང་སར་ཁྱབ་པ་ཞིག་ཀྱང་ཡིན་པ་ལས་ཁོང་སྐུ་རྐྱང་དང་ཡང་ན་མི་རིགས་གཞན་གྱིས་ཁོང་གི་སྐུ་ཡོན་དང་མཚན་སྙན་རྒྱས་སོང་བ་ཞིག་མ་རེད། དེར་རྟེན། ༧་གོང་ས་མཆོག་གི་ཁྱད་དུ་བོད་རིགས་དག་མ་རྣམས་ཁ་བྲལ་མ་གཏོང་མི་ཉེས་ལ། བོད་རིགས་ཀྱི་ཁྱད་དུ་༧གོང་ས་མཆོག་ལ་མཚན་སྨད་ཡང་མ་བྱེད་རོགས།
ད་ལྟའི་དུས་འདིར་ང་རང་རྒེར་ངོས་ནས་ཀྱང་དབུ་མའི་ལམ་གྱི་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཞུ་ཁན་ཞིག་ཡིན། འོན་ཀྱང་༧གོང་ས་མཆོམ་ཁ་ལ་འཁྱེར་ཏེ་༧གོང་ས་མཆོག་གི་གསུང་ལ་ཡང་ལོག་འགྲེལ་གྱིས་རང་བཙན་ཐབ་རྩོད་པ་ཚོར་གཞི་མེད་སྐྱོན་འཛུག་དང་གདོང་འདྲེ་དོལ་རྒྱལ་ཀྱི་རྗེས་འདྲང་རྒྱལ་ཚོང་བ་དེ་ཚོ་ལས་ལྷག་ཙམ་གྱི་ཁ་གདུང་དང་དམའ་འབེབ་ཟུར་ཕུད་བྱེད་ཐབས་འདི་རིགས་ལ་ནམ་ཡང་ངོ་རྒོལ་ཡོད་
ང་རང་༸གོང་ས་མཆོག་གི་བཀའ་སློབ་དང་ལྷག་པར་གསུང་འཕྲིན་ཁག་ལ་དོ་སྣང་ཡོད་མཁན་ཞིག་ཡིན། ཡང་གཅིག་བཤད་ན་སློབ་སྦྱོང་བྱེད་མཁན་ཞིག་ཡིན། ཁྱེད་ཚོའི་ནང་ལ་གསུམ་བཅུའི་གསུང་འཕྲིན་ཆ་ཚང་ཀློག་ཡང་མ་མྱོང་བ་ཧ་ཅང་མང་པོ་ལོས་ཡོད་འདོད་ཀི ངས་དེ་རིང་དོ་སྣང་ཅན་མང་པོ་ཞིག་ཕན་ཕྱིར། ངའི་ཟིན་བྲིས་ནང་གི་ལག་སྣེར་ཡོད་པའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་གི་ཚིག་ལུང་ཚིག་འགའ་ཞིག་འདིར་ཤེས་རྟོགས་ཀྱི་ཆེད་དུ་བཞག་ཡོད། གཟིགས་རོགས་འཚལ།
༡༩༦༠ ལོར། “་ཕྱིན་ཆད་བོད་ཡུལ་མུན་གླིང་དེར་ཆོས་ཀྱི་སྒྲོན་མེ་གསལ་བར་འབར་ཐུབ་པའི་འགན་ལེན་བྱ་དགོས།”
༡༩༦༡། “ང་ཚོས་དེ་ལ་བློ་ཕམ་དང༌། ཡིད་ཞུམ་མི་བྱ་བར་ཐབས་དང༌། མཐུན་རྐྱེན་སྒོ་སྣ་ཚོགས་ནས་བསྒྲུབས་ཏེ་རང་རེའི་སྤུན་ཟླར་གྱུར་པའི་རྒྱ་ཆེའི་བོད་མི་རིགས་རྣམས་དེ་འདྲའི་སྡུག་བསྔལ་དེ་ལྟ་བུ་ལས་མྱུར་དུ་གྲོལ་བ་དང༌། བདེན་འབྲེལ་ཐོབ་ཐང་ཡོད་ངེས་ཀྱི་བོད་མི་རིགས་ཀྱི་རང་དབང་མྱུར་དུ་ལོན་པའི་ཐབས་ཚུལ་ལ་ཚང་མས་འབད་བརྩོན་མུ་མཐུད་བྱ་དགོས”
༡༨༦༢། “རང་དབང་སྲུང་སྐྱོབ་ཀྱི་དོན་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཀྱང་དགའ་པོའི་ངང་བློས་བཏང་བ་རེད།”
“བོད་མིའི་རང་དབང་བསྐྱར་གསོའི་ཆེད་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་ཞུ་བསྐུལ་དང་རྒྱབ་སྐྱོར་གནང་མཁན་ཚོར་སྙིང་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་མ་ཟད། བོད་ནང་ཞི་བདེ་དང༌། རང་དབང་ཡོང་བའི་ཐབས་ཤེས་སྔར་བཞིན་མུ་མཐུད་གནང་རྒྱུར་ཡིད་ཆེས་བརྟན་པོ་ཡོད།”
1963/”ཁོང་ཚོས་ཐབས་ཤེས་བཟང་པོ་ལ་བརྟེན་ནས་ངའི་བོད་མི་རྣམས་ཀྱི་རང་དབང་དང་ཞི་བདེ་བརྩོན་ལེན་བྱེད་ངེས་ཡིན། རྒྱུ་མཚན་དང་གནས་ལུགས་དེ་ལྟ་བུར་གཞིགས་ཏེ་དུས་ཡུན་མི་རིང་བར་ང་ཚོའི་ཡུལ་གྱི་རང་དབང་ཡང་བསྐྱར་ཐོབ་རྒྱུའི་ཉིན་མོ་དེའི་དོན་དུ་ཚང་མས་ཡིད་ཆེས་དང་མ་བྲལ་བར་ལས་དོན་མུ་མཐུད་སྒྲུབ་དགོས”
1964/”དཀའ་ཉེན་ཆེ་བའི་དུས་ཚོད་འདི་ལྟ་བུར་བོད་ལ་མི་མང་ནས་ཆོས་སྲིད་རང་དབང་གི་ཆེད་དུ་རྒྱུན་མི་ཆད་པའི་འཐབ་འཛིངས་བྱེད་བཞིན་ཡོད་པར་ང་ཚོས་རྒྱབ་གནོན་རོགས་རམ་གང་ཐུབ་བྱེད་དགོས་པ་ནི་རང་ཅག་ཚང་མར་འཁྲི་བའི་ལས་འགན་ཡིན།”
1966/”ད་རིང་ངོས་ནས་བོད་མི་ཚང་མར་རང་གི་ཕ་ཡུལ་ལ་ཞི་བདེ་རང་དབང་ཡོང་བའི་འབད་བརྩོན་ནུས་ཤུགས་གང་ཡོད་ཀྱིས་བྱེད་དགོས་པ་དང༌། འཛམ་གླིང་མི་མང་ཚོས་གནས་སྟངས་ཤིན་ཏུ་ཐབས་རྡུགས་པོ་དང༌། སྡུག་བསྔལ་གྱིས་མནར་བའི་བོད་མི་ཚོའི་དོན་དུ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན”
1967/”ང་ཚོས་དེ་རིང་གི་ཉི་མོ་འདིར་བོད་རང་དབང་བསྐྱར་གསོའི་དམ་བཅའ་སྔར་ལས་ལྷག་པའི་བརྟན་པོ་ཞིག་འཇོག་དགོས་པ་ཡིན། ད་བར་ལོ་བརྒྱད་ཙམ་སོང་བ་འདིའི་རིང་ལ་རང་རེས་རང་བཙན་གྱི་བོད་རྒྱལ་ཁབ་ཏུ་ཕྱིར་ལོག་ཐུབ་པའི་ཉི་མ་ཞིག་འཆར་རྒྱུའི་དོན་ལ། གང་ཅིའི་ཐབས་ཤེས་གྲ་སྒྲིག་བྱས་ཡོད།”
1968/”འཛམ་གླིང་ཐོག་ང་ཚོའི་རྒྱལ་ཁབ་རང་བཙན་མཚན་ཉིད་ཚང་བ་ཞིག་ཡིན་ཞེས་བསྐྱར་དུ་གསལ་བསྒྲགས་ཀྱང་བྱས་ཡོད། བོད་ཕྱི་ནང་གང་དུ་ཡིན་ཡང་རུང༌། ང་ཚོ་མི་རིགས་ཤིག་ཡིན་པའི་ཐོབ་ཐང་ཡོད་ཅེས་པའི་འཐབ་རྩོད་དེ་ད་དུང་ཡང་ང་ཚོས་མུ་མཐུད་དེ་བྱེད་བཞིན་པ་ཡིན།”
1969/”བོད་དུ་ཡོད་པའི་བོད་མི་མང་ཚོགས་ལ་རྒྱ་དམར་གྱིས་བརྗོད་དོན་ལྟར་ཞི་བདེ་འདོད་ཁེངས་ཡོད་ན། ང་ཚོས་རྒྱལ་ཁབ་ཀྱི་ལས་དོན་དེ་གཙོ་བོར་བྱེད་དགོས་དོན་མེད།”
“ང་ཚོ་རང་དབང་རྒྱལ་ཁབ་ནང་ཡོད་པའི་བོད་མི་ཚོས་རྒྱ་དམར་གྱི་བཙན་དབང་གཉའ་ཤིང་འོག་མནན་པའི་བོད་མི་རྣམས་བཅིངས་འགྲོལ་བྱེད་པ་དང༌། བོད་མིས་འཛིན་སྐྱོང་བྱས་པའི་རང་དབང་གི་བོད་ཅིག་ཡོང་བའི་ལས་འགན་རྩ་ཆེ་དེ་སྒྲུབ་པ་ལ་འབད་བརྩོན་ཤུགས་སྐྱེད་བྱ་དགོས་པར་དྲན་བསྐུལ་བྱ་རྒྱུ་ཡིན།”
1970/”བོད་རང་དབང་སྒྲུབ་པའི་རེ་འདོད་དེ་ནི་བོད་མི་རྣམས་ཀྱི་སྙིང་ནས་དུས་ནམ་ཡང་མ་བཏང་བའི་ཐོག་ལ་ད་དུང་འབད་བརྩོན་ནུས་ཤུགས་ཇེ་ཆེར་འགྲོ་བཞིན་པ་རེད”འདི་ཕལ་ཆེར་གསུང་འཕྲིན་ཚང་མའི་ཐོག་མར་ཡོད།”
“བདག་ཉིད་བདག་གི་མགོན་ཡིན་གྱི། ཞེས་པའི་དོན་ལྟར། བོད་རང་དབང་སྒྲུབ་པའི་ལས་འགན་ཡོངས་རྫོགས་བོད་མི་རང་ནས་འཁུར་ཏེ་སྒྲུབ་དགོས་པ་དང༌། ལྷག་པར་གོང་སྨོས་ལྟར་བོད་རྒྱ་ཆེའི་མི་མང་གི་ཐ་སྙད་གང་དུ་འདོགས་པའི་གཞིའམ། བོད་ཀྱི་དོན་གྱི་བདག་པོ་བོད་ནང་ཡོད་པའི་རྒྱ་ཆེའི་བོད་མི་རྒན་གཞོན་བར་མ་མཐའ་དག་ནས་དགྲ་བོའི་གནོན་བཙིར་དེ་ལྟ་བུའི་འོག་ཏུ་ལུས་སྲོག་གཏོང་བ་ལ་ཇི་མི་སྙམ་པར། བོད་རང་དབང་གི་དོན་དུ་འཐབ་རྩོད་དེ་འདྲ་བྱེད་པའི་ཚུལ་ལ་བསམས་ན། ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་དུ་གནས་འཁོད་བོད་མི་ཉུང་ཤས་རྣམས་སྒྱིད་ལུག་ལེ་ལོ་དང་རང་མགོ་གང་ཐོན་དུ་སྡོད་ཐབས་ནམ་ཡང་མེད་པས། སེམས་ཤུགས་ཀྱི་ངར་མ་ཆག་ཅིང༌། ཆིག་སྒྲིལ་གྱི་ལག་གདང་མ་ཞིག་པར། བོད་རང་དབང་སྒྲུབ་པའི་དོན་ལ་བློ་སེམས་གཅིག་སྒྲིལ་འབད་བརྩོན་གཡོ་མེད་དུ་བྱེད་པ་གལ་ཆེ། འགྲོ་ཀུན་བདེ་ལེགས་ཀྱིས་འཚོ་བའི་སྨོན་འདུན་བཅས།།”
1971/”སྐྱེ་བོ་སོ་སོ་རང་ཉིད་ཀྱི་ནང་གི་སྙིང་སྟོབས་དང་རང་དབང་གི་འདོད་པ་ནི་དུས་ནམ་ཡང་གཏོར་བརླག་གཏོང་མི་ཐུབ་པས། བོད་ལ་ཐོབ་ཐང་ཡོད་ངེས་རང་བཙན་རྒྱལ་ཁབ་ཀྱི་གྲས་སུ་མ་ཚུད་བར་ངའི་མི་མང་གིས་འཐབ་རྩོད་མུ་མཐུད་ནས་བྱེད་ངེས་ཡིན།”
1972/”མཐར་ཐུག་གི་རྒྱལ་ཁ་ནི་དྲང་བདེན་ལ་ཐོབ་རྒྱུ་ཡིན་པ་དང༌། ང་ཚོའི་དོན་གནད་ཀྱང་དྲང་བདེན་ཞིག་ཡིན་སྟབས་བོད་མི་ཚོས་རྒྱ་མི་གུང་བྲན་གྱི་བཙན་གནོན་དྲག་པོའི་གཉའ་ཤིང་དེ་ཡོངས་སུ་བོར་ནས་བདེ་སྐྱིད་ལྡན་པའི་བོད་གསར་པ་འཛུགས་བསྐྲུན་བྱེད་ཆེད་ཡར་ལངས་རྒྱུར་ཡིད་ཆེས་གཙང་མ་ཡོད”
1973/”བཙན་དབང་གི་གྲོས་མཐུན་དོན་ཚན་ ༡༧ འཇོག་བཅུག་པ་དྲང་འབྲེལ་ཁྲིམས་མཐུན་མིན་ཞེས་ང་ཚོས་འཛམ་གླིང་མི་མང་གི་མདུན་སར་གསལ་བསྒྲགས་བྱས་ཡོད་པ་དང༌། དེ་མིན་དྲང་འབྲེལ་གྱི་གནའ་རབས་ལོ་རྒྱུས་གང་གི་དབང་དུ་བྱས་ན་ཡང་བོད་ནི་རང་བཙན་རྒྱལ་ཁབ་བསྙོན་མེད་ཅིག་ཡིན”
“རྡོ་དོན་འོས་ཤིང་དགོས་ལ་འགྲུབ་ཏུ་རུང་བའི་བོད་མི་རིགས་ཀྱི་རང་དབང་བདེན་འབྲས་ཀྱི་ཉི་མ་འཆར་ངེས་ཡིན། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་འབྲས་བུ་རྒྱུའི་རྗེས་སུ་འགྲོ་བ་ཆོས་ཉིད་ཡིན་པས་གཞིས་བྱེས་བོད་མི་ཀུན་ནས་ལྷག་བསམ་བློ་སེམས་གཅིག་ཏུ་བསྒྲིལ་ནས་ཡུལ་དུས་གནས་ཚུལ་དང་བསྟུན་ཏེ་མཐུན་པའི་རྒྱུ་ཚོགས་ཚུལ་བཞིན་སྒྲུབ་དགོས་པ་ནི་གནད་ཀྱི་དོན་པོ་ཡིན་ནོ།།”
1974/”གསུམ་བཅུའི་དུས་དྲན་འདིའི་ངོ་བོ་གང་ཡིན་ནམ་ཞེ་ན། བོད་དོན་ཡིན། བོད་དོན་ཞེས་པ་གང་ཡིན་ནམ། དེ་མི་རིགས་ཤིག་དང༌། རྒྱལ་ཁབ་ཅིག ལྟ་བ་ཞིག་ལ་ངོ་རྒོལ་བྱེད་པ་དེ་ཡིན་ནམ། ཡང་ན་བཙན་བྱོལ་བ་ཉུས་ཤས་ཤིག་གི་རང་ཉིད་ཀྱི་ཁེ་ཕན་ཆེད་འབད་རྩོལ་བྱེད་པ་ཞིག་ལ་ཟེར་བ་ཨ་ཡིན་སྙམ་ན། དེ་དག་གང་ཡང་མ་ཡིན། བོད་དོན་ནི་བོད་མི་མང་གི་དོན་དང༌། དེ་ཡང་བོད་མི་ས་ཡ་དྲུག་གི་གནད་དོན། མི་རིགས་ཤིག་གིས་རང་གི་མ་འོངས་པའི་མདུན་ལམ་ཐག་གཅོད་ཇི་ལྟར་བྱ་བའི་རྩ་དོན་ཡིན་པས། ཇི་སྲིད་བོད་མི་ས་ཡ་དྲུག་གི་འདོད་བློ་མ་ཁེངས་པ་དེ་སྲིད་དུ་བོད་དོན་གྱི་འཐབ་རྩོད་མུ་མཐུད་ནས་བྱ་ངེས་ཡིན”
1975/” གང་དུ་བཙན་དབང་ཡོད་ན་དེ་རུ་ངོ་རྒོལ་འབྱུང་བ་ཆོས་ཉིད་ཡིན་པས་གོང་གི་བྱ་སྤྱོད་དེ་དག་བོད་རང་བཙན་སྒྲུབ་པའི་འཐབ་རྩོད་ཀྱི་སྟོབས་ཤུགས་དང༌། སྐུལ་མར་འགྱུར་ངེས་ཡིན།”
1976/”བོད་གངས་ལྗོངས་སུ་གནས་པའི་རང་རིགས་རྒྱ་ཆེའི་མི་མང་རྣམས་ནས་རང་གི་ལུས་སྲོག་ཉམ་ཉེས་ལ་མི་ལྟ་བར་རང་དབང་གི་དོན་དུ་འཐབ་རྩོད་རྒྱུན་མི་ཆད་པར་བྱས་ཏེ་བཙན་འཛུལ་མཁན་རྣམས་ནམ་ཡང་བག་ཕེབས་ལྷིང་འཇགས་མི་ཐུབ་པའི་དཀའ་ངལ་བཟོ་བཞིན་པ་ལྟར་ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་ཁག་ནང་ཡོད་པའི་བོད་མི་རྣམས་ནས་ཀྱང་བོད་རྒྱ་ཆེའི་མི་མང་གི་བསམ་འདུན་དང་མཐུན་པར་བོད་རང་དབང་རང་བཙན་སྒྲུབ་པའི་ལས་འགན་འདི་དག་ནི་ནམ་ཡང་འདོར་ཐབས་མེད་ཅིང༌། དེ་མིན་ཡུལ་ཁག་མི་རིགས་གཞན་དག་གི་ལས་དོན་ལ་ང་ཚོས་ཐེ་བྱུས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད”
1977/”ང་ཚོས་བོད་རང་དབང་རང་བཙན་རྩོད་ལེན་བྱེད་པ་འདི་ནི། བོད་མི་ས་ཡ་དྲུག་གི་རེ་འདུན་དང་མཐུན་ཞིང༌། ཐོབ་ཐང་དང༌། བབས་འོས་ཡོད་པ། དྲང་བདེན་ཅན་ཞིག་ལ་བརྟེན། དམིགས་དོན་འདི་དག་ཡོངས་སུ་སྒྲུབ་པའི་ཆེད་དུ་བོད་མི་རིགས་ཐམས་ཅད་བློ་སེམས་གཅིག་ཏུ་བསྒྲིལ་ནས་སྙིང་སྟོབས་ཞུམ་པ་མེད་པའི་འབད་བརྩོན་ཆེ་བསྐྱེད་བྱེད་དགོས”
1978/”མཐའ་དོན། ཞུམ་པས་ཕོངས་ལས་གྲོལ་མི་སྲིད་པས། གངས་ཅན་བོད་མི་རིགས་རྣམས་རྒྱལ་སྤྱིའི་མི་རིགས་གཞན་དག་དང་འདྲ་བར་རང་ཡུལ་རང་གིས་སྐྱོང་ཐུབ་པའི་དོན་དུ་ཚང་མས་སྔར་བཞིན་ལྷག་བསམ་སྙིང་སྟོབས་ཞུམ་མེད་འབད་བརྩོན་ཆེ་བསྐྱེད་བྱེད་དགོས།།”
1979/” རྒྱ་ཆེའི་མི་མང་ས་ཡ་དྲུག་གི་བདེ་སྡུག་གི་གནད་དོན་ཡིན་པས་ཇི་སྲིད་བོད་རྒྱ་ཆེའི་མི་མང་གི་འདོད་བློ་ཡོངས་སུ་ཁེངས་པའི་བདེ་སྐྱིད་རང་དབང་གི་དཔལ་ཡོན་མ་བཞད་པ་དེ་སྲིད་དུ་འདས་པའི་ཉམས་མྱོང་གཞི་ལ་བཞག་སྟེ་ཞུམ་མེད་ཐབས་ཤེས་འབད་བརྩོན་ནམ་ཡང་མི་ལྷོད་པ་བྱེད་གལ་ཤིན་ཏུ་ཆེ།”
1980/”མཇུག་ཏུ། ངས་རྟག་ཏུ་བརྗོད་བཞིན་པ་ལྟར། ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་ནི། བོད་མི་མང་གི་དོན་དམ་པའི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པ་དེ་ཡང་བསྐྱར་དུས་སྐབས་འདིའི་ཐོག་དྲན་བསྐུལ་བྱེད་པ་དང་ཆབས་ཅིག?
1981/”མཐའ་དོན་ཁོང་ཁྲོས་ཁོང་ཁྲོ་འཇོམས་མི་ནུས་ཤིང༌། འདས་པའི་ལོ་རྒྱུས་དེ་འདས་ཟིན་པས། དེས་ན་སྐབས་བབས་མ་འོངས་པར་རྒྱ་བོད་གཉིས་མཛའ་གཅུགས་དམ་ལ་བཟང་པོ་ཞིག་གི་ངང་ནས་དོན་དམ་པའི་བདེ་སྐྱིད་ཁ་ཡོད་ལག་ཡོད་ཅིག་དགོས་པ་ཕན་ཚུན་གཉིས་ཕྱོགས་ནས་བཟོད་བསྲན་ཁོག་ཡངས་དང་འབྲེལ་འབད་བརྩོན་བྱེད་གལ་ཆེ་བ་ཡིན”
1982/”བོད་མི་ཚོ་ནས་དེ་འདྲའི་རེ་དོགས་དང༌། ངང་ཐུང་འཚབ་འཚུབ་ཀྱི་བསམ་ཚུལ་འཛིན་མི་རུང༌། བོད་ཀྱི་གནད་དོན་འདི་ནི་མི་ལོ་སྟོང་ཕྲག་བརྒལ་བའི་ལོ་རྒྱུས་ལྡན་ཞིང༌། ཆོས་དང་རིག་གཞུང་གིས་ཕྱུག་པའི་མི་རིགས་ཤིག་གི་གནད་དོན་ཡིན་པ་དང༌། རྒྱལ་སྤྱིའི་སྲིད་དོན་འཕོ་འགྱུར་གྱི་གནད་དོན་དང་འབྲེལ་བ་གཏིང་ཟབ་ཡོད་པའི་དོན་གནད་ཅིག་ཡིན་པས། ངེས་པར་འོས་ཤིང་འཚམས་པའི་ཐག་གཅོད་འགྱུར་བ་ཞིག་ཡོང་དགོས་པ་ལས། ད་ལྟའི་གནས་སྟངས་འདི་མུར་གནས་ཐབས་ནམ་ཡང་མེད། དེས་ན་བོད་མི་རྣམས་ནས་ཁོག་ཡངས་ཞི་འཇམ་དྲང་བདེན་གྱི་སྒོ་ནས་མི་རིགས་རང་ཉིད་ཀྱི་འཕྲལ་ཡུན་བདེ་སྐྱིད་ཁེ་དབང་ཐོབ་ཐང་རྣམས་རྩོད་ལེན་མཐར་ཕྱིན་པ་བྱ་དགོས།”
1983/”དེས་ན་ཕྱོགས་གང་ནས་ཀྱང་ཐེ་བྱུས་མེད་པར་བོད་མི་ས་ཡ་དྲུག་ལ་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་གཅེས་འཛིན་བྱེད་པ་དང༌། ཡར་རྒྱས་གཏོང་བ། ཆོས་དད་རང་མོས་བྱེད་པ། སོ་སོའི་མ་འོངས་པའི་མདུན་ལམ་རང་ཉིད་ནས་ཐག་གཅོད་བྱེད་པ། རང་གི་ལས་དོན་རང་གིས་བྱེད་པ། སོ་སོའི་འདོད་མོས་ཇི་ཡོད་ཁེངས་ཐུབ་པ་བཅས་ཀྱི་ཐོབ་ཐང་ངེས་པར་དུ་ཡོད་དགོས། ཐབས་ལམ་དེ་ནི་དྲང་བདེན་དང༌། རྒྱུ་མཚན་ལྡན་པ་ཞིག་ཡིན། ཐབས་ལམ་དེ་ལྟ་བུ་བརྒྱུད་ནས་འཕྲལ་ཕུགས་ཀྱི་དཀའ་ངལ་སེལ་ཐུབ་པ་དང༌། འདོད་དོན་ལ་ཅི་དགར་སྤྱོད་ཐུབ་པ་ཡོང་ངེས་ཡིན།།”
1984/”རྒྱལ་སྤྱིའི་ནང་གི་མི་རིགས་གཞན་དག་དང་འདྲ་བར་ང་ཚོ་བོད་མི་རིགས་ལ་འོས་བབས་ཐོབ་ཐང་ཡོད་ངེས་བོད་ཡུལ་བོད་མིས་འཛིན་སྐྱོང་ཅི་བདེར་བྱེད་པའི་ཁེ་དབང་སླར་གསོའི་དོན་དུ་ལྷག་བསམ་འབད་བརྩོན་ཆེ་བསྐྱེད་བྱེད་དགོས”
1985/”བསམ་ཚུལ་མི་མཐུན་པ་རྣམས་གསལ་པོར་བརྗོད་རེས་བྱེད་པ་དང༌། རྒྱུ་མཚན་སྦྱང་བཤད་བྱེད་པ། འདྲ་མཉམ་གཉིསཕན་གྱི་སྒོ་ནས་གྲོས་བསྡུར་བྱེད་པ་བཅས་ཀྱི་ཐོག་ནས་ཐག་གཅོད་བྱུང་བ་ཡིན་ན་ཐག་གཅོད་དེ་མིང་དོན་མཚུངས་པའི་ཐག་གཅོད་ཡིན། སེམས་ཀྱི་ནང་ལ་གཞན་ཞིག་དྲན། ཁ་ནས་གཞན་ཞིག་བཤད་པའི་ཐག་གཅོད་དེ་ནི་དངོས་འབྲེལ་གྱི་ཐག་གཅོད་མིན། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་ད་ལྟའི་དུས་ཚོད་འདིར་ཕྱོགས་ཕན་ཚུན་གཉིས་ཀ་ནས་ཡང་ཡང་བསམ་ཚུལ་བརྗོད་རེས་བྱས་ཏེ་གནས་ཚུལ་གོ་རྟོགས་གསལ་པོ་ཡོང་ཆེད་འབྲེལ་བ་དམ་ཟབ་བྱེད་རྒྱུ་འདི་གལ་ཆེ་ཤོས་མཐོང་གི་འདུག རིམ་བཞིན་མི་དང་མིའི་དབར་འབྲེལ་བ་ཇེ་བཟང་དུ་ཕྱིན་པ་བརྒྱུད། དཀའ་རྙོག་ཇི་འདྲ་ཞིག་ཡིན་ཡང་འདྲ་མཉམ་གཉིས་མོས་ཀྱི་ཐོག་ནས་སེལ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད།”
ད་ཁྱོད་ཀྱིས་གོང་གསལ་ལུང་རྣམས་ལས་ཅི་ཞིག་ཤེས་བྱུང། ཡང་ན་ཐེ་ཚོམ་ཅི་ཞིག་བྱུང་སོང།
བོད་མི་རིགས་ཀྱི་དྲིན་ལས་༧གོང་ས་མཆོག་སྐད་གྲགས་བྱུང་པ་རེད་ཟེར་ན།
བོད་མི་རིགས་རིགས་ཀྱི་དྲིན་ལས་དབའ་བོ་དཔའ་མོ་ཚོ་སྐུ་སྲོག་ཤོར་སོང་ཟེར་བ་དངའདྲ་མོ་འདུག་པས་ཡིད་གཟབ་བྱོས་དེ་འདྲ་མ་ལབ།
དེ་ཚོ་སྨོན་ལམ་ལོག་པའི་གཏམ་རེད།
ཆོས་འཕེལ་མིང་ཅན་ལ་ཆེད་དུ།
ལུང་འདི་རྣམས་ཚང་མ་རང་ལ་དགོས་པ་དེ་རྣམས་ཡར་སྒྲུག་རང་ལ་མི་དགོས་པ་དེ་རྣམས་མར་གཡུག་ཏེ་ཕྱོགས་སྒྲིག་བྱས་པ་ཞིག་རེད་འདུག། མདོར་ན་༧གོང་ས་མཆོག་གི་དཀའ་ལ་ལོག་འགྲེལ་རྒྱག་རྒྱུའི་ལག་ཆ་ཞིག་རེད།
༧གོང་ས་མཆོག་གི་རང་བཙན་གཙང་མ་ཐབ་རྩོད་གནང་ཡག་ཐུགས་ལ་ནམ་འཁོར་མ་མྱོང་བ་དེ་འདྲ་ཨེ་ཡིན་སྙམ། གང་ལྟར་༡༩༧༤ཡས་མས་ནས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགེ་མཚན་མང་པོ་ཞིག་ཐུགས་ལ་འཁྲུང་པ་དང་དེ་ནས་དངོས་ཡོད་གནས་ཚུལ་དང་མཐུན་པ་དགེ་མཚན་ཤིན་ཏུ་ཆེ་བ་ཞིག་ལ་གཟིགས་ཏེ་དབུ་མའི་ལམ་གྱི་ཐོག་ལ་ཤར་སྐྱོད་གནང་བ་ཞིག་རེད། དབུ་མའི་ལམ་འདིར་རིམ་པས་འཕེབ་པ་ཞིག་མ་གཏོག་ཐོག་མ་ཉིད་ནས་དབུ་མའི་ལམ་གྱི་་ཐབ་རྩོད་ཞིག་གནང་བ་ཡིན་པ་སོགས་གང་བྱུང་འགྲེལ་ལོག་མང་པོ་རྒྱབ་ན་བོད་མི་རང་གི་་ནང་ལ་ཡང་མགོ་ཐོམ་གཞི་གཅིག་དང་དགྲ་བོ་རྒྱ་དམར་གྱི་ཀྱང་ཕྱེད་རང་བཙན་དང་མི་མངོན་པའི་རང་བཙན་ཟེར་བ་སོགས་འགྲེལ་ལོག་རྒྱག་རྒྱུའི་གོ་སྐབས་ཞིག་ཆག་གི་ཡོད་རེད་
གོང་གི་ཡིག་ཕྲེང་གསུམ་པའི་ནང་་་་་་་ནམ་ཡང་་་་་་ཞེས་་་་་ཡང་་་་་་་དེ་ཆད་འདུག་
དྲན་དཀར་ལགས་ཀྱིས་ཅི་ཞིག་བཤད་ཀྱི་ཡོད་དམ། འབྲེལ་མེད་རྒྱུ་ཅིག་བཤད་ནས་ཅིར་ཕན། ༼བོད་མི་རིགས་ཀྱི་དྲིན་ལས་༧གོང་ས་མཆོག་སྐད་གྲགས་བྱུང་པ་རེད་ཟེར་ན།
བོད་མི་རིགས་རིགས་ཀྱི་དྲིན་ལས་དབའ་བོ་དཔའ་མོ་ཚོ་སྐུ་སྲོག་ཤོར་སོང་ཟེར་བ་དངའདྲ་མོ་འདུག་པས་ཡིད་གཟབ་བྱོས་དེ་འདྲ་མ་ལབ། དེ་ཚོ་སྨོན་ལམ་ལོག་པའི་གཏམ་རེད།
ཆོས་འཕེལ་མིང་ཅན་ལ་ཆེད་དུ།༽ འདིས་ཅི་ཞིག་སྒྲུབ་ཀྱི་ཡོད་དམ། གལ་སྲིད་ངས་གོང་དུ་ཞུས་པའི་བརྗོད་ཚིག་དེ་དག་གི་གོ་དོན་ཁྱེད་ཀྱིས་མ་རྟོག་པ་ཡིན་ན། མདོར་དོན་སྙིང་པོ་ནི། བོད་མི་རིགས་ཀྱིས་༧གོང་ས་མཆོག་བཟོ་ཐུབ་ཀྱི་རེད། ༧གོང་ས་མཆོག་གིས་བོད་རིགས་བཟོ་ཐུབ་ཀྱི་མ་རེད། ༧གོང་ས་མཆོག་མེད་ཀྱང་བོད་མི་རིགས་གནས་ཀྱི་རེད། བོད་མི་རིགས་མེད་ན་༧གོང་ས་མཆོག་གནས་མི་སྲིད། དེས་མ་གོ་ན་ཁྱེད་ལ་ཀླད་པ་མེད་སོང་བ་ཡིན་གྱི་རེད།
འདིར་མཆན་ཧ་ཅང་མང་བས་ཚང་མ་བཀླག་ཚོད་མི་འདུག་མོད། རྣམ་པ་ཚོས་བོད་ཀྱི་རྩ་དོན་ཕན་པའི་བསམ་ཚུལ་རེ་སྤེལ་ན་ལས་འགན་མ་ཁུར་བའི་དཀྲུག་ཤིང་རིགས་སྤངས་ན་དགའ།
འདི་ཙམ་ཡང་མ་གོ་ན་ཁྱེད་ལ་ཤེས་པ་མེད་སོང་བ་ཡིན་གྱི་རེད། དོན་ནི་བུ་ཆོས་འཕེལ་མིང་ཅན་མེད་ན་བུ་ཆོས་འཕེལ་གྱི་ཨ་མས་ངལ་རྩོལ་འགའ་འབྱུང་མི་ཐུབ།
བུ་ཆོས་མིང་ཅན་གྱིས་དྲིན་ལས་བུ་ཆོས་འཕེལ་མིང་ཅན་གྱི་ཨ་མར་ལས་ཀ་འཐོབ་པ་དང་དཀའ་ལས་རྒྱག་རྒྱུའི་གོ་སྐབས་བྱུང་བར་ཁས་ལེན་པ་ནི་བོད་མི་རིགས་ཀྱི་དགྲ་བོ་རེད། གོ་བྱུང་ངམ།
བོད་མི་རིགས་མེད་ན་བོད་ཀྱི་དཔའ་བོ་དང་དཔའ་མོ་འབྱུང་མི་ཐུབ་པ་ཙམ་ཏུ་མ་ཟད་བོད་ཀྱི་དཔའ་བོ་དང་དཔའ་མོའི་སྐུ་སྲོག་མི་ཤོར་པ་ཡང་བདེན་མོད།
བོད་མི་རིགས་ཀྱི་དྲིན་ལས་དཔའ་བོ་དང་དཔའ་མོར་ཚོར་སྐད་གྲགས་བྱུང་པ་རེད་ཟེར་མཁན་ནི་མི་རིགས་ཀྱི་དགྲ་བོ་རེད།
བོད་མི་རིགས་དྲིན་ལས་༧རྒྱལ་པན་སོགས་གཙོས་པའི་དཔའ་བོ་དང་དཔའ་མོ་ཚོར་སྐད་གྲགས་བྱུང་རེད་ཟེར་ན།
ངས་ནི་ཁྱེད་ལ་བོད་དྲི་མེད་པ་ཙམ་དུ་མ་ཟད་སྐྱག་དྲི་འཐིལ་བྱུང་ཟེར་གྱིན་ཡོད།
ཆོས་འཕེལ་མིང་ཅན་ལ་ཆེད་དུ།
བོད་ཀྱི་བུ། བུ་གུ་ཆུང་ཆུང་ཆུང་ཆུང་་ལགས། སྐད་ཆ་སྟོང་པ་མ་བཤད། འོ་ན་རང་གིས་རང་ལ་མཁོ་བ་དེ་ཚོ་གསུང་འཕྲིན་ལས་འདྲེན་རོགས། ངས་འདིར་རང་བཙན་དང་རང་དབང་་རྒྱལ་ཁབ་གང་ཡོད་ཚང་མ་དྲངས་ཡོད། ལུང་ཚིག་གཅིག་ཀྱང་འདྲེན་རྒྱུ་མེད་ན་ད་ཅང་མ་བཤད་པར་བསམ་བློ་རེ་བཏང་ན་དགའ།
སྟོན་པ་ཚད་མ་ཡིན་མིན་བཀའ་ལ་བརྟགས། དབུ་ཁྲིད་ཡང་དག་མིན་མིན་མཛད་པར་བརྟགས།
སྐད་ཆ་ཚད་ཐུབ་ཡིན་མིན་ཁུངས་ལ་ཐུག ཀློག་མཁན་ཚད་ལྡན་ཡིན་མིན་གོ་བར་ཐུག
ཞེས་ཀྱང་སྨྲ་བར་བྱའོ།
དྲན་དཀར་ལགས། དངོས་གནས་ཁྱེད་ཀྱིས་ག་རེ་བཤད་ཀྱི་ཡོད་མེད་ངས་གོ་ཐུབ་ཀྱི་མི་འདུག། ཧཧཧཧཧཧ
བོད་དྲི་དང་སྐྱག་དྲི་གང་ཞིག་ཁྱེད་ལ་ཚོར་ཡང་ཁྱེད་རང་ཉིད་ཀྱིས་སེམས་ཚོར་ཙམ་ཞིག་རེད། དེས་གླེང་གཞིའདི་དང་འབྲེལ་བའི་དཔྱད་བརྗོད་དུ་མི་འགྱུར། དྲ་གྲོགས་ལགས། གླེང་བརྗོད་འདི་བཞིན་མུར་འགོད་གནང་ཚེ་ལེན་མེད་དོ།
བུ་ཕྲུག་མེད་ན་ཨ་མ་ཆགས་ཐབས་མེད། རྫོས་པ་ཡིན། བུ་ཕྲུག་གི་དྲིན་ལས་ཨ་མ་སྐྱིད་པོ་བཏང་ཡ་བྱུང་བ་རེད་མ་ལབ་རྫོས་པ་ཡིན།
བོད་པ་མེད་ན་༧རྒྱལ་པན་ཚོ་འབྱུང་གི་མ་རེད། བོད་པས་༧རྒྱལ་པན་ཚོ་དྲིན་ཆད་ཡོད་འཇལ་ན་མི་ཚར་བ་འཇལ་བགྱིད་ལུས་ཡོད་རྫོས་པ་ཡིན། མདོར་བསྡུས་ན་བསྐལ་བ་མ་སྟོང་གི་བར་དུ་ང་ཚོ་རྗེས་སུ་འཛིན་རོགས་བརྫོས་པ་ནོར་མེད་ཟེར་གིན་ཡོད།
འདི་ཙམ་མི་གོ་ན་ང་ཡང་ཁྱེད་ལ་བཤད་འདོད་མེད་དོ།
སྟོན་པ་ཚད་མ་ཡིན་མིན་གསུང་ལ་བརྟགས། གསུང་ཚད་མ་ཡིན་མིན་བརྗོད་བྱ་སྐྱོན་ཅན་ཡིན་མིན་ལ་བརྟགས། ཀློག་མཁན་ཚད་ལྡན་ཡིན་མིན་ཟུར་གནས་སྒྲ་དོན་ནོར་མིན་ལ་བརྟགས། དབུ་ཁྲིད་ཚད་ལྡན་ཡིན་མིན་ཆབ་འབང་སྐྱོང་ཚུལ་ལ་བརྟགས། བཅས་སྨྲ་ན་འདོད།
ད་ཁྱོད་ཚོ་སྡོད། སྔོན་མ་གྲོས་ཚོགས་ནང་དུ་མདོ་སྟོད་སྤྱི་འཐུས་རལ་བ་ཅན་གྱི་གནམ་གྲུའི་གླ་ཆའི་དོན་ལ་རྩོད་པ་རྒྱག་རྒྱུ་མང་དྲགས་ནས་ཞབས་འདྲེན་ག་ཚོད་ཞུས་དྲན་གྱི་མི་འདུག་གམ། འདི་རྒྱལ་བ་རིན་པོ་ཆེ་དང་ཀརྨ་རིན་པོ་ཆེ་མི་སྒེར་གཉིས་ཀྱི་གནད་དོན་རེད། འདི་རང་དབང་དང་རང་བཙན་གྱི་ཐ་སྙད་ཀྱི་འཇུག་སྟངས་ཀྱི་རྩོད་པ་ཞིག་ཡིན་དུས་བརྡ་དང་ཐ་སྙད་ལ་མཁས་པ་ཚོས་ཐག་རེ་མ་ཆོད་ན་སུས་ཀྱང་ཐག་ཆོད་ཁག་པོ་རེད། འདི་བོད་མི་མང་གི་སྤྱི་འཐུས་གྲོས་ཚོགས་ནང་ནས་གླེང་དགོས་པ་ཞིག་མ་རེད། སྨོན་ལམ་འདི་བཏོན་ནས་བོད་རང་དབང་རང་བཙན་ལ་ནུས་པ་མི་ཐོན་པ་བརྒྱ་ཆ་བརྒྱ་རེད། རང་དབང་ཡིན་ན་རང་དབང་ཡིན། རང་བཙན་ཡིན་ན་རང་བཙན་ཡིན། དོན་དག་ཆུང་ཆུང་དེ་ཆུང་ཆུང་གི་ཚད་ལ་ཞོག་དང་དགའ།
ཧཧཧཧ་གསུང་ལ་བརྟག་དགོས་ན་བརྗོད་བྱ་ལ་བརྟག་དགོས་པ་བཤད་ཅི་ལ་དགོས། དབུ་ཁྲིད་ཡང་དག་ཡིན་མིན་དེའི་མཛད་པ་ལ་བརྟག་དགོས་ན་འབངས་མི་སྐྱོང་ཚུལ་ལ་བརྟག་དགོས་པ་ཡང་བཤད་ཅི་ལ་དགོས།
གོ་བ་ལེན་ཐུབ་སོང་ན་ཀློག་མཁན་(ཡང་ན་ཉན་པ་པོ)ཚད་ལྡན་ཡིན་པས་ཁྱབ། མ་གོ་ཁུལ་དང་མ་ཤེས་ཁུལ་བྱས་ན་དེ་གནས་ཚུལ་ཐ་དད་རེད།
“འདི་རྒྱལ་བ་རིན་པོ་ཆེ་དང་ཀརྨ་རིན་པོ་ཆེ་མི་སྒེར་གཉིས་ཀྱི་གནད་དོན་རེད།” ཨ་ལ་ལ་སྤོབས་པ་མཐའ་ཡས་ན་མཐའ་ཡས། ལོག་པར་རྟོག་པའི་སྤོབས་པ་ནམ་མཐའི་མཐའ་རུ་་་་་
འོ་ན་རིན་པོ་ཆེ་ཀརྨ་ཆོས་འཕེལ་གྱིས་དེ་གྲོས་ཚོགས་ནང་ལ་ཡང་དང་བསྐྱར་དུ་གླེང་ནས་ཅི་བྱེད་དགོས་སམ། སྐུ་སྒེར་ལ་བཅར་ནས་རྩོད་ན་འགྲིག་ག ཧ་ཧ་ཧ་ཧཧ་་་
འདི་རྒྱལ་བ་རིན་པོ་ཆེ་དང་ཀརྨ་རིན་པོ་ཆེ་མི་སྒེར་གཉིས་ཀྱི་གནད་དོན་རེད། ཟེར་ན་ཁུངས་ཁེར་ཤོག
ཧཧཧཧཧཧཧཧཧ་ཆབ་ལྷ་ལགས། མཛད་བཟང་ཅན་པ་ཡིན་ན་དབུ་ཁྲིད་བཟང་པོ་ཡིན་པས་མ་ཁྱབ།
སྐད་ཆ་དེར་ཁུངས་ཡོད་ན་གསུང་ཚད་མ་ཡིནཔས་མ་ཁྱབ།
དཔེ་ཀློར་གོ་བ་ཡོད་ན་ཀློ་པ་པོ་ཚད་ལྡན་ཡིན་པས་མ་ཁྱབ་བོ།
མི་ཆེན་པོའི་སྐད་ཆ་མི་འདྲ་བ་བཤད་ན་ཐབས་མཁས་ཐུགས་རྗེ། ཉམ་ཆུང་གི་ལྷག་བསམ་བཤད་ན་དམ་ཉམས། ཧ་ཧ། གསུང་པ་པོ་རང་ཉིད་མཁས་འཆེ་བར་རློམ་ཡང་ཕྱོགས་ལྷུང་ལས་གཞན་མ་མཐོང་།
སྤོབས་དཔའ་མཐའ་ཡས། ཀླད་པ་མཐའ་ཡས།
ཉམ་ཆུང་གི་ལྷག་བསམ་ལྷག་བསམ་མ་རེད་སུས་བཤད་སོང། རི་མཐོན་པོའི་ཡན་ན་མཐོན་པོ། མི་ཆེན་པོའི་གོང་ན་ཆེན་པོ། འདི་དངོས་ཡོད་རེད། ལྷག་བསམ་འདྲ་ན་ཡང་མཁྱེན་ཡོན་འདྲ་ས་ཡོད་མ་རེད། འཛམ་གླིང་གི་མཁས་མཛངས་གཙོ་འཛིན་དང་གྲགས་ཅན་མིསྣ་དེ་དག་གི་གྲས་སུ་ཚུད་རྒྱུ་དེ་ཡང་ང་རང་ཚོ་འདྲ་བོས་འཇོན་གི་མ་རེད།
ད་འོ་ན་་ཐབས་མཁས་ཐུགས་རྗེ་མིན་ཚུལ་སྒྲུབས་ཤིག
མཛད་བཟང་ཅན་ཡིན་ན་དབུ་ཁྲིད་བཟང་པོ་ཡིན་པས་ཁྱབ་པ་ལབ་མེད། དབུ་ཁྲིད་ཡང་དག་ཡིན་མིན་དེས་རྒྱལ་སྲིད་སྐྱོང་ཐབས་ཀྱི་མཛད་རྗེས་ལ་བལྟས་ནས་རྟོགས་དགོས་པ་ཟེར་བ་ཡིན།
ཁུངས་ཡོད་པའི་གཏམ་ཞིག་བཤད་ན་ཁོའི་་སྐད་ཆ་དེ་བདེན་པ་ཡིན་ཏེ། ཁུངས་ཡོད་པའི་ཕྱིར། འོན་ཀྱང་ཁུངས་དེ་བདེན་པ་ཡིན་མིན་གཞན་ཞིག་རེད།
གོ་བ་ཇི་བཞིན་ལོན་མཁན་ཞིག་ཀློག་པ་པོ་ཚད་ལྡན་མིན་ན། འོ་ན་ག་འདྲ་ཞིག་ཚད་ལྡན་ཡིན་ནམ། ཧཧཧཧ
རྒན་ལྷ་མོ་སྐྱབས་ཀྱིས་གནད་འདོན་འདི་ལ་ཧ་ཅང་ཟབ་ཟབ་གནང་གདའ། སྐད་ཆའི་རྩ་བ་གང་ཡིན་རྒྱུ་མ་ཕུ་འདེད་བྱས་ནས་ཤེས་ས་ཞིག་ཡིན་པར་མི་འདོད། རྒྱ་ནག་གཞུང་ལ་ཐུག་མེད་པའང་སུས་ཁ་ཚོན་གཅོད་ཐུབ། ད་ལྟ་ངོ་ཐོག་ན་ཡོད་པའི་རྩོད་པ་ནི་ རྒྱལ་བ་རིན་པོ་ཆེས་བོད་གཞུང་སྒོ་བརྒྱབ་ཟེར་བ་དང་། རྒྱལ་བ་རིན་པོ་ཆེས་ད་ལྟ་བོད་རང་བཙན་གྱི་ཐུགས་དགོངས་ཡོད་ཟེར་བ། རྒྱལ་བ་རིན་པོ་ཆེ་དང་རྒྱལ་བ་རིན་པོ་ཆེ་ཞེས་རྩོད་པ་འདིའི་ནང་ཡོང་བ་དེ་མ་འགྲིག་པ་ཡིན་ས་རེད། དེ་ལ་དངོས་གནས་ཐུགས་ཁག་མི་འདུག་ག
ལ་ལ་དོན་གྱི་སེམས་ཁུར་ཆེ་བར་གདའ། འགའ་རེར་ཕྱོགས་རེའི་སེམས་ཚེགས་ཆེ་བ་འདྲ།
ཤེས་དང་མ་ཤེས་གོ་དང་མ་གོ་སོགས། ཁ་བརྡའི་ལམ་ནས་ཁ་སེམས་མཐུན་པར་སྨོན།
ད་མི་ཁོམ་ཅིག་ལ་འགྲོ་རན་སོང། སང་ཉིན་ཡིན་ད། དྲ་གྲོགས་ཚོ།བདེ་མོ།
༡༩༧༨ཟེར་ན་ཡང་མཆོག་གི་༡༩༧༤ཟེར་ན་ཆོག་གི་གང་ལྟར་སྐབས་དེ་དུས་ཀྱི་རང་དབང་ཞེས་པ་ཚང་མ་དབུ་མའི་ལམ་ལ་འགྲེལ་གྱི་ཡོད་ན་སྐབས་དེ་དུས་ཀྱི་ཆབ་སྲིད་ཀྱི་དཀའ་སློབ་གལ་ཆེ་མང་པོའི་ནང་རང་བཙན་གཙང་མ་ཐབ་རྩོད་གནང་གི་ཡོད་པའི་དཀའ་སློབ་ཁ་གསལ་པོ་དེ་ཚོ་གང་རེད་དམ། ལྟས་ངན་ལྷ་མོ་སྐྱབས་ཁྱོད་ཀྱི་སྐབས་དེ་དུས་༧གོང་ས་མཆོག་ལ་ཞལ་ཞེ་གཉིས་ཡོད་རེད་ཟེར་གྱི་ཡོད་དམ་ཁྱོད་དེ་འདྲའི་ཧམ་པ་ཚ་བ་ལ།
ངས་ནི་༧གོང་ས་མཆོག་ལ་ཞལ་ཞེ་གཉིས་ཡོད་པ་ཞིག་ནམ་ཡང་ངོས་འཛིན་ཞུ་ཐུབ་ཀྱི་མེད་ལ་ང་ལ་ཁྱེད་ལྟ་བུའི་སྙིང་ཁམ་ཆེན་པོ་དེ་འདྲ་མེད།
ངས་ནི་༡༩༧༨འམ༡༩༧༤སྔོན་ལ་༧གོང་ས་མཆོག་གི་ཞལ་ཞེ་གཉིས་མེད་ཀྱི་ཐོག་རང་བཙན་གཙང་མ་ཐབ་རྩོད་གནང་བ་དང་དེ་ནས་༡༩༧༤ཙམ་ནས་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགེ་མཚན་ཞིག་ཐུགས་ལ་འཁྲུང་པ་དང་དེ་ནས་༡༩༧༨ལ་གཞུང་འབྲེལ་རང་གི་ཐོག་ནས་ཐུགས་ཐག་གཙང་བཅད་ཀྱི་༧གོང་ས་མཆོག་དང་གཙན་བྱོལ་གཞུང་གཉིས་ཀའི་ཐོག་ནས་ཞལ་ཞེ་གཉིས་མེད་ཀྱི་དབུ་མའི་ལམ་གྱི་ཐོག་ནས་རང་སྲིད་རང་སྐྱོང་གི་ཐབ་རྩོད་གནང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། ད་ལྟའི་དུས་འདིར་ང་རང་རྒེར་ངོས་ནས་ཀྱང་དབུ་མའི་ལམ་གྱི་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཞུ་ཁན་ཞིག་ཡིན། འོན་ཀྱང་༧གོང་ས་མཆོམ་ཁ་ལ་འཁྱེར་ཏེ་༧གོང་ས་མཆོག་གི་གསུང་ལ་ཡང་ལོག་འགྲེལ་གྱིས་རང་བཙན་ཐབ་རྩོད་པ་ཚོར་གཞི་མེད་སྐྱོན་འཛུག་དང་གདོང་འདྲེ་དོལ་རྒྱལ་ཀྱི་རྗེས་འདྲང་རྒྱལ་ཚོང་བ་དེ་ཚོ་ལས་ལྷག་ཙམ་གྱི་ཁ་གདུང་དང་དམའ་འབེབ་ཟུར་ཕུད་བྱེད་ཐབས་འདི་རིགས་ལ་ནམ་ཡང་ངོ་རྒོལ་ཡོད་
ཧཧཧཧ། ལྷ་མོ་ལགས། ཀློག་པ་པོ་ཚད་ལྡན་ཡིན་ན་མི་ཚད་ལྡན་ཡིན་པས་ཁྱབ། ཀློག་ནས་གོ་བ་ཡོད་པ་ཙམ་གྱིས་མི་ཚད་ལྡན་ཡིན་པས་མ་ཁྱབ། དེས་ན་ཀློག་པ་པོ་ཚད་ལྡན་ཞུ་དུས་མི་གང་འདྲ་ཞིག་ཡིན་དགོས་པར་མཁྱེན་རྒྱུ་རེད།
ང་ནི་དེ་རིང་ནས་བཟུང་སྒོ་ཀུན་མི་