ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
བོད་མིའི་སྒྲིག་འཛུགས་ཀྱི་འཆར་འཕར་གཞུང་འབྲེལ་མཛད་སྒོ་ཁག་གི་བཞུགས་གྲལ་གདན་ཐོབ་རྩ་འཛིན་གསར་པའི་ཐོག་འགྲེལ་བཤད་གནང་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༡ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་སྤེལ་བའི་རྩ་འཛིན་བཀོད་ཁྱབ་ནང་དོན་ལྟར། བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་གསལ་བཤད་གནང་དོན། སྤྱིར་ཚང་མས་མཁྱེན་གསལ་རེད། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན་བཀའ་ཤག་སྐབས་ ༡༤ བཀའ་བློན་ཁྲི་པ་དམ་འབུལ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་དེ་དག་མར་རྩིས་སྤྲོད་མཛད་སྐབས་༸གོང་ས་མཆོག་གིས་དེ་རིང་ནས་ངོས་ཀྱི་རིང་ནས་སྙིང་དུ་གནག་པའི་འདོད་པའི་དོན་གཅིག་བསྒྲུབས་སོང་ཞེས། དེ་སྔའི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཚུར་རྩིས་བཞེས་པའི་བཀའ་ཐམ་སྲིད་ཞི་བདེ་སྐྱིད་མ་དེ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་རྩིས་འབུལ་ཞུ་གི་ཡོད། ཅེས་བཀའ་ཕེབས་ཡོད། བཀའ་ཕེབས་སྟབས་དེའི་རྗེས་རིམ་བཞིན་གྲོས་ཚོགས་ནང་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ལ་བསྐྱར་བཅོས་གནང་རྒྱུ་བཅས་ཀྱི་ལས་རིམ་དེ་དག་ཟིན་ནས་དེ་སྔ་བཀའ་བློན་ཁྲི་པ་ཞེས་པ་དེ་སྲིད་སྐྱོང་ཞེས་མ་འོངས་པར་འབོད་རྒྱུར་ཁྲིམས་ཐོག་ནས་ཐག་གཅོད་གནང་སྟེ་བཅའ་ཁྲིམས་ནང་དེ་ལྟར་འགྱུར་བ་ཕྱིན་ཡོད།
དེ་དག་འགྱུར་བ་ཕྱིན་སྟབས་བཅའ་ཁྲིམས་ལེའུ་བཞི་པའི་དོན་ཚན་བཅུ་དགུ་པའི་ནང་སྒྲིག་འཛུགས་ཀྱི་འགན་དབང་སྐོར་འགྲེལ་བརྗོད་གནང་ཡོད། དེ་སྔ་ཡིན་ན་སྤྱི་འཐུས་གྲོས་ཚོགས་ཀྱིས་གཏན་ལ་བབ་པའི་ཁྲིམས་སྒྲིག་ཡིན་ནའང་འདྲ། གང་འདྲ་ཞིག་ཡིན་ནའང་དེ་དག་ལ་ཆོག་མཆན་གནང་རྒྱུ་དང་། ཆོག་མཆན་གནང་བའི་ཐོག་ནས་གསལ་བསྒྲགས་གནང་རྒྱུ་དེ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་འཛིན་སྐྱོང་དང་ཆབ་སྲིད་ཚང་མའི་དབུ་ཁྲིད་ཡིན་པའི་ཆ་ནས་དེ་ལྟར་མཛད་བཞིན་ཡོད། བཅའ་ཁྲིམས་ནང་སྲིད་སྐྱོང་ཞེས་འགྱུར་བ་ཕྱིན་པའི་མཚམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་དེ་སྲིད་སྐྱོང་མཆོག་ལ་རྩིས་སྤྲོད་མཛད་པར་བརྟེན། བཅའ་ཁྲིམས་ནང་དོན་ཚན་འདི་ལ་བསྒྱུར་བ་བཏང་སྟེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཐོག་ནས་ཁྲིམས་སྒྲིག་གང་འདྲ་ཞིག་གཏན་འབེབས་གནང་བ་ཡིན་ནའང་། དེ་ལ་དག་མཆན་དང་གསལ་བསྒྲགས་དེ་དག་སྲིད་སྐྱོང་མཆོག་གི་མཚན་ཐོག་ནས་གནང་དགོས་ཀྱི་ཡོད་པ་དེ་ཚོ་ཚ་ཚང་འགྱུར་བ་ཕྱིན་ཡོད།
འོན་ཀྱང་དེའི་རྗེས་གཞུང་འབྲེལ་འཆར་འཕར་གྱི་མཛད་སྒོ་ཁག་དང་དེ་འདྲའི་ཐོག་ལ་མཛད་གཙོ་རྣམ་པའི་བཞུགས་གྲལ་བཀོད་སྟངས་དང་། བཞུགས་གྲལ་འབུལ་སྟངས་དེ་དག་གཏན་འབེབས་སོང་མེད། དེའི་སྐོར་གཏན་འབེབས་དགོས་ཀྱི་ཡོད་པའི་བཀའ་མོལ་རིགས་དེ་སྔའི་གྲོས་ཚོགས་ནང་ལྷང་ཙམ་བྱུང་ཡོད། དེ་བཞིན་མཛད་གཙོ་རྣམ་པ་ནང་ཁུལ་ལའང་དེ་འདྲའི་གླེང་མོལ་ཞིག་ཡོང་བཞིན་ཡོད་པ་མ་གཏོགས། ང་ཚོས་གཏན་འབེབས་གནང་ཐུབ་མེད་པར་བརྟེན། བར་ལམ་ནས་འདི་དགོས་གལ་ཞིག་ལ་གཟིགས་བཞིན་ཡོད་སྟབས། བཀའ་ཤག་ནས་དེ་སྔ་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༠ ཙམ་དང་། དེ་བཞིན་ཕྱི་ལོ་ ༡༩༩༧ ཙམ་ནས་བཀའ་ཤག་གིས་མར་གཏན་འབེབས་གནང་སྟེ་གསལ་བསྒྲགས་སྤེལ་འདུག
དེ་འདྲ་ཡིན་དུས་འདི་གཞི་རྩར་བཞག་ནས་བཀའ་ཤག་ལྷན་རྒྱས་ནས་དེའི་ཐོག་ལ་བཀའ་བསྡུར་ལྷུག་པོ་གནང་ནས་རྐང་གཙོ་བོ་གདན་ཐོབ་དེར་བསྒྱུར་བ་བཏང་རྒྱུ་འདི་ད་ལྟའི་སྲིད་སྐྱོང་ལས་ཐོག རྩ་བའི་སྲིད་སྐྱོང་ཟེར་དུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་རེད། གང་ཟག་གཅིག་རང་ལ་མིང་གནས་འདི་བདག་པའི་བཟོ་དེ་འདྲ་མ་རེད། ད་ལྟའི་གང་ཟག་སུ་ཡིན་མིན་ལ་མ་ལྟོས་པར་མ་འོངས་པར་ང་ཚོའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དེ་སྲིད་སྐྱོང་རང་ཆགས་རྒྱུ་ཡིན་པར་བརྟེན་བསྒྱུར་བ་དགོས་གལ་ཞིག་དང་། འོན་ཀྱང་ད་ལྟའི་སྲིད་སྐྱོང་ལས་ཐོག་མཆོག་དང་འབྲེལ་བ་ཆགས་ཡོང་དུས་གདན་ཐོབ་ཀྱི་བཀའ་མོལ་དེ་འདྲ་ཡིན་ན། ང་ཚོ་བཀའ་ཤག་ལྷན་རྒྱས་ལ་བཀའ་བསྡུར་བྱུང་དུས། དེ་བཀའ་ཤག་སྒང་ལ་མ་ཡིན་པར་དངོས་ཡོད་ལས་བྱེད་རྒན་པ་བགྲེས་ཡོལ་ཐོན་པའི་ནང་ནས་ཚོགས་ཆུང་གཅིག་བཙུགས་ན་ཡག་པོ་འདུག་ཅེས་ང་ཚོས་ཕྱི་ཟླ་ ༤ ཚེས་ ༡༧ ཉིན་མི་གྲངས་གསུམ་ལས་གྲུབ་པའི་ཚོགས་ཆུང་ཅིག་བཙུགས་གནང་བ་བཞིན་མར་ལམ་སྟོན་ཕུལ་བ་རེད།
ཁོང་རྣམ་པས་ཕྱི་ཟླ་ ༦ ཚེས་ ༨ ཉིན་སྙན་ཐོ་ཡར་ཕུལ་གནང་སོང་། སྙན་ཐོ་དེ་དག་ཞིབ་འཇུག་བྱས་ནས་ཁོང་རྣམ་པས་སྙན་ཐོ་བསྐྱོན་ནས་གནད་འགག་དེ་དག་བསྐྱོན་འདུག ད་རེས་བཞུགས་གྲལ་ནང་ལ་ཤུགས་ཆེ་བ་འདི་སྲིད་སྐྱོང་མཆོག་གི་གདན་ཐོབ་ལ་བསྒྱུར་བ་བཏང་ཡོད། བསྒྱུར་བ་བཏང་དགོས་རྒྱུ་དེའང་ཚོགས་ཆུང་གིས་གང་ཟག་སུ་ཡིན་མིན་ལ་མ་ལྟོས་པར་མ་འོངས་པར་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཕྱི་རྒྱལ་མི་སྣ་ཡིན་ནའང་རེད། རྒྱལ་ཁབ་གང་འདྲ་ཞིག་གི་ཐོག་ནས་ཡིན་ནའང་ད་ལྟ་ང་རང་ཚོའི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བའི་སྐབས་འདིར་ཆེས་མཐོང་དང་ཚང་མས་མཐོང་ཐོབ་དགོས་རྒྱུའི་གནད་འགག་ཅིག་མཐོང་གི་འདུག དེའི་ཐོག་ལ་གདན་ཐོབ་འདི་སྒྲིག་ཡོད་ཅེས་དང་།
དེའི་ནང་ནས་དང་པོ་དེར་སྲིད་སྐྱོང་མཆོག་དང་། དེ་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་གཞན་གཉིས་མཆོག་བཅས་དེ་ལྟར་བསྒྱུར་བ་བཏང་ཡོད། བསྒྱུར་བ་མ་ཤོས་དེ་སྒང་གི་སྲིད་སྐྱོང་མཆོག་དང་ཁྲིམས་ཞིབ་པ་ཆེ་བ་མཆོག བོད་མི་སྤྱི་འཐུས་ཚོགས་གཙོ་མཆོག ཆེས་མཐོའི་ཁྲིམས་ཞིབ་པ་གཞན་གཉིས་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མཆོག་བཅས་ཀྱི་དབར་ལ་བསྒྱུར་བ་ཤུགས་ཆེ་བ་ཕྱིན་ཡོད། དེར་རྟེན་དེ་འདྲས་རྒྱུ་མཚན་ལ་བརྟེན་ནས་གདན་ཐོབ་སྒྲིག་ཡོད། དེའང་དེ་སྔ་བཀའ་ཤག་ནས་གནང་བར་བརྟེན་ཁ་སང་བཀའ་ཤག་ལྷན་ཚོགས་ཐེངས་ ༧༠ ཐོག་ལ་བཀའ་བསྡུར་བྱུང་ནས་སྙན་ཐོ་འདི་འབྱོར་བའི་མཚམས་ལ་ཐག་གཅོད་གནང་སྟངས་ཀྱི་བརྒྱུད་རིམ་དེ་ལྟར་རེད། ཅེས་ཞུ་རྒྱུ་ཡིན།
སྤྱིར་མཛད་གཙོ་རྣམ་པ་དང་ལས་བྱེད་ཚོ་ཡིན་ནའང་རེད། སུ་འདྲ་ཞི་ག་ཡིན་རུང་ང་རང་ཚོ་སྤྱི་པའི་སྒྲིག་འཛུགས་ཤིག་གི་འགན་འཁུར་ནས་ཕྱག་ལས་གནང་གི་ཡོད་སྟབས་། ང་ཚོ་དེ་འདྲ་ཞིག་གི་གནས་འབབ་ཐོག་ལ་གང་ཟག་སུ་དང་སུ་ཞིག་སླེབས་དང་མ་སླེབ་ཀྱི་སྐད་ཆ་མེད། གང་ལ་ཞེ་ན། གང་ཟག་དེ་བརྗེ་པོ་ཐེབས་འགྲོ་གི་རེད། སྲིད་སྐྱོང་ཡིན་ནའང་སྲིད་སྐྱོང་གི་ལས་རྒྱུན་གཉིས་གནང་རྒྱུ་མ་གཏོགས་དེ་ལས་མང་བ་གནང་རྒྱུ་སྒྲིག་གཞིའི་ཆ་རྐྱེན་ནང་ལ་མེད། ཡུན་རིང་ཡང་ལོ་བཅུ་གནང་། དེའི་མཚམས་ལ་འཕོ་རྒྱུ་དང་། ཡང་གཞན་ཕེབས་རྒྱུ་རེད། དེ་འདྲ་ཡིན་དུས་གང་ཟག་སོ་སོ་ཕྱིན་པ་ཡིན་ནའང་ང་ཚོའི་སྒྲིག་འཛུགས་འདི་མུ་མཐུད་གནས་དགོས་ཀྱི་ཡོད་སྟབས། སྒྲིག་འཛུགས་ཤིག་གི་ངོ་བོའི་ཆ་ནས་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་གནས་བབ་ཆ་ནས་བར་ལམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་བཞག་ནས་མི་མང་ལ་ཐུགས་བརྩེ་བ་ཆེན་པོའི་ཐོག་ནས་བཀའ་དྲིན་བླ་མེད་དུ་བསྐྱངས་ནས་མ་འོངས་པར་བོད་མིའི་ངོས་ནས་བསམ་ཤེས་ཐུབ་པ་ཡིན་ན། ༸གོང་ས་མཆོག་གིས་ང་ཚོར་ལམ་ཀ་ཧ་ཅང་བཟང་པོ་ཞིག་བསྟན་གནང་མཛད་ཡོད། ཅེས་ཞུ་རྒྱུ་ཡིན།།
བཞུགས་གྲལ་གདན་ཐོབ་ལས་གལ་ཆེ་བ་མི་མང་གི་འཚོ་བའི་ལས་དོན་ལ་ལྷག་བསམ་རྨ་མེད་ཀྱིས་འགན་འཁུར་གནང་རྒྱུ་དེ་གལ་ཆེན་ཡིན་པ་ངོས་འཛིན་ཞུ་གི་ཡོད་།
དེ་རིང་ནས་གདན་ཐོབ་འཐབ་རྩོད་མཇུག་སྒྲིལ་བའི་རེ་བ་ཡོད། རྗེས་མ་ནས་འདིའི་སྐོར་གླེང་མ་དགོས་པ་ཞིག་བྱུང་ན་ཡག་པོ་འདུག གདན་ཐོབ་བརྩད་ནས་ལོ་ཁ་ཤས་ཕྱིན་སོང་། མཐའ་མའི་ཐག་གཅོད་ཡིན་པར་སྨོན།
རྒྱ་ནག་ནང་ཆབ་སྲིད་གྲལ་རིམ་གྱི་འཐབ་རྩོད་མེ་ལྟར་འབར་བཞིན་པ་དང་བཙན་བྱོལ་ནང་གདན་ཐོབ་གོ་གནས་ཀྱི་འཐབ་རྩོད་ཡོད་པ་ཤེས་མ་སོང་།
སློབ་བཟང་སངས་རྒྱས་སྲིད་སྐྱོང་ལ་སླེབས་པ་ནས་བཟུང་གདན་ཐོབ་འཐབ་རྩོད་ཁོ་ན་བྱས་པ་རེད། ཐ་མར་གདན་ཐོབ་མཐོ་ཤོས་དེ་ཁོ་རང་ལ་ཐོབ་སོང་བས་གནས་སྐབས་རིང་བོད་ཀྱི་རྩ་དོན་ཐོག་ལས་ཀ་ཅུང་ཟད་རེ་བྱེད་ཐུབ་པའི་རེ་བ་རེད།
སྲིད་སྐྱོང་ནི——- ཆབ་སྲིད་ཀྱི་འཛིན་སྐྱོང་ལ་གོ་དགོས
བཙན་བྱོལ་སྲིད་དབང་སྒེར་འཛིན་པས་འགན་དབང་དེ
བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ལས་ཚབས་ཆེ་བ་འདུག །
བེ་རི་རིག་པའི་རྡོ་རྗེ། བླ་རྒན་ཁྱེད་ངོ་མ་ཤ་ཚ་དགོས་པ་ཞིག་འདུག ནང་གི་དེ་ཉིད་ཡོངས་རྫོགས་ཕྱི་ལ་སྟོན་ཡ་ཇེ་མང་ནས་ཇེ་མང་རེད་འདུག ད་དུང་ཇོ་ནང་ཚང་ཁ་ལ་ཁུར་ནས་མགོ་བདེ་ཆབ་སྲིད་འཁྲབ་རྩིས་བྱེད་པ་ངུ་ཤོར་ཡ་ར་ངང་རེད།
གོང་ས་མཆོག་སྐུ་ཚེ་བཞུགས་རིང་བོད་གཞུང་ཟེར་བ་ཞིག་ཀྱང་ཡོད། དེ་ནས་དེ་རྒྱ་གར་གཞུང་གིས་སྒོ་བརྒྱབ་རྒྱུ་གཏན་འཁེལ་བྱུང་འདུག་བྱས་ཙང་ད་ལ་སྐྱིད་པོ་ཐོངས། བོད་གཞུང་དེ་གཞུང་འབྲེལ་མེད་པའི་སྐྱིད་སྡུག་ཚོགས་པ་བཟོས། དེ་དག་ཁ་སྟོར་ནས་མི་དམངས་ཚོགས་པ་༩༧བཟོ་རྒྱུ་རེད་འདུག དེ་རྒྱ་གར་གཞུང་གི་བཀའ་རེད།
ད་ལྟ་བླ་མ་འདི་ཡོད་དུས། སྐྱིད་པོ་ཐོངས། གཞུང་ལོབས།། སྲིད་སྐྱོང་ལོབས། རྒྱ་གར་གཞུང་གད་མོ་ཤོར་གྱི་ཡོད་རུང་། བླ་མ་འདིའི་དབང་ཐང་གིས་ཅང་བྱེད་ཐབས་བྲལ། རྒྱ་གར་གྱི་དཔོན་རིགས་རྣམས་ད་ལྟའི་བོད་གཞུང་གི་དངུལ་དེ་དག་ཇི་ལྟར་བགོ་ཤ་རྒྱག་དགོས་མིན་སྒུག་ནས་གཉིད་ཁུག་གི་མེད་ཚོད།
༄༅། ཐུགས་རྗེ་གཟིགས། གདན་ཐོབ་ལ་གལ་ཆེ་དང་་་་རྩོད་པ་མ་རྒྱག་རོགས་གནང།
མི་ངོ་ཡང་ཚ། གདན་ཐོབ་ཀྱི་རྐུབ་བཀྱགས་དེ་ག་དུས་མེད་པ་ཆགས་མིན་ཧ་གོ་གི་མ་རེད།
ད་ལྟ་བླ་མ་བཀའ་དྲིན་ཅན་གྱི་ཐུགས་རྗེ་ལ་བརྟེན་ནས་རྐུབ་བཀྱགས་རྩོད་པ་རྒྱག་རྒྱུ་ཡོད་པ་རེད།
མཐོ་ས་ནས་རྕ་ཟ་དགོས་པ་དང། དམའ་ས་ནས་ཆུ་འཐུང་དགོས་པ་རེད།
སྔར་སྔ་མོ་བླ་མས་ཆོས་ར་ལ་།
དུས་དེང་སང་ཚན་ཚོགས་གཞས་ར་རེད་།
སྔར་སྔ་མོ་དཔོན་བཟང་ཁྲིམས་ར་ལ་།
དུས་དེང་སང་དངུལ་གྱི་འགྲོ་རྒྱུགས་རེད་།
སྔར་སྔ་མོ་ཇ་ཆང་འདྲེན་ས་ལ་།
དུས་དེང་སང་ཆུ་ཡང་དངུལ་ལ་བརྗེ་།
སྔར་སྔ་མོ་གཅིག་ཕན་གཅིག་གྲོགས་ལ་།
དུས་དེང་སང་གཅིག་གནོད་གཉིས་དགྲ་རེད་།
སྔར་སྔ་མོ་ངོ་ཚ་ཡ་རབས་ལ་།
དུས་དེང་སང་ཧམ་པ་སུ་ཆེ་རེད་།
་་་་་་་་་དང་པོ་དེར་སྲིད་སྐྱོང་མཆོག་དང་། དེ་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག ་་་་་་་
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་ནས་བཟུང་། རང་དོན་ཆུང་ཚག་ཟུར་དུ་བཞག་ནས་སྤྱི་དོན་ལ་འབད་པ་གནང་བའི་རེ་བ་བྱ་ཆོག་པའི་མཛད་བཟང་ཞིག་རེད། དགའ་བསུ་ཞུ།
ཁྲལ་གཞུང་ངོ་ཚ་མེད་པ་དང་།།
ནག་ཉེས་རྫབ་ཆེན་བསགས་པ་ཡི།།
སེང་གེར་དཔོན་པོའི་མིང་བཏགས་པ།།
སྨྱོན་པའི་ལག་ཏུ་རལ་གྲི་རེད།།
སྤྲེལ་ལད་འཁྲབ་ལ་བྱང་ཆུབ་པ།།
ནང་སྙིང་རང་དོན་ཁོག་བཅུག་གི།
བྱབ་མེད་བཀའ་དྲུང་ཚེ་སྟོབས་དེ།།
སྐྱག་པ་འཕྱི་བྱད་རྡོ་བ་འདྲ།།
སྲིད་སྐྱོང་བཀའ་ཡི་བློན་པོ་རྣམས།།
རང་ཚུགས་མེད་ལ་བློ་ཁོག་མེད།།
བྱབ་ཆུང་ཆུ་སྣ་གར་འཁྲིད་འགའ།།
མཉམ་དུ་བསྡུས་ཏེ་བཀའ་ཤག་ཟེར།།
ཨ་ཁ་འཇིག་རྟེན་གད་མོའི་གནས།།
གདན་ཐོབ་གཏམ་གྲགས་སྒྲུབ་པ་ལས།།
རྩ་དོན་ཐད་ལ་སྤུ་རྩེ་ཙམ།།
སྟོན་ཡ་མེད་པའི་བཀའ་ཤག་དེ།།
གླ་ཕོགས་ཟ་བའི་དཀོར་གཟན་རེད།།
སྔར་གྱི་བཟང་པོའི་ལམ་སྲོལ།།
དེང་སང་ཁྲམ་པས་གཏོར་སོང་།།
སྔ་མོའི་ཁྲིམས་ཀྱི་དབང་བསྒྱུར།།
དེང་སང་ངན་པས་བསུབ་སོང་།།
གདན་ཐོབ་ཨེ། ཧ་ཧ་་་་་ ས་འོག་གི་འབུ་སྲིན་དང་གངས་སྐྱིད་ཀྱི་ཁྱི་རྒན་ཚུན་ཚད་ནས་དགད་མོ་ཤོར་ཡག་རེད། ༧གོང་ས་མཆོག་མ་བཞུགས་པའི་ཉིན་མོ་དེ་ནས་ཚར་ཚར་བ་རེད། །