འཇམ་དབྱངས་དཀར་པོ།
(ཁྱད་དུ་འཕགས་པའི་ཤིང་ཏོག་འདི་གསུམ་གྱིས་ཁྱེད་ཀྱི་པགས་པ་གཞོན་དུ་གཏོང་བར་བྱེད། ཁྱེད་ཀྱི་དགའ་ཤོས་ཀྱི་ལོ་ན་རྫོགས་མཚམས་སུ། སླར་ཡང་ཁྱད་དུ་འཕགས་པའི་ཤིང་ཏོག་འདིའི་རིགས་ལ་ཚོད་ལྟ་གྱིས།)
ལུམ་འབྲས་སྔོན་པོ།(Blueberries)
ལུམ་འབྲས་ཆུང་ཆུང་འདིར་འཕྲོད་བསྟེན་ལ་འདང་ངེ་བཞིན་པའི་ནུས་པ་ཁ་ཤས་ཡོད་ཀྱང་། ང་ཚོས་ནུས་པ་དེ་གང་དུ་འགོ་བཙུགས་པ་མི་ཤེས། ལུམ་འབྲས་སྔོན་པོ་ལ་བཅུད་རྩི་ C ཡོད་ཁར། ཁྲག་གི་འཁོར་སྐྱོད་ཆ་སྙོམས་པ་དང་། ཁྲག་རྫས་དང་ཚྭ་རྫས་བཅས་འདྲེན་པར་བྱེད་པའི་གཏེར་རྫས་ཤིག་དང་མཚུངས་པར་མ་ཟད། ཤིང་ཏོག་གང་དག་གིས་གཟུགས་པོ་རྒས་པ་ལ་རྒོལ་བར་ཡང་བྱེད། དེ་བཞིན་དུ་ཤིང་ཏོག་ཐམས་ཅད་དང་སྔོ་ཚལ་གྱི་རིགས་ལ་དངུལ་མདོག་ལྕགས་ཀྱི་འབྱུང་རྫས་དཀར་པོ་ཚད་མཐོ་བོ་ཡོད་པས། ལུས་པོའི་ནང་གི་གཤེར་གཟུགས་ཕྲ་ཕུང་སྙོམས་པར་བྱེད་ཅིང་། གཟུགས་པོར་དབུགས་ཀྱིས་རྒྱངས་པ་ལ་ཁ་གཏད་བཅགས་ཏེ་སྟངས་འཛིན་བྱེད།
*སྣུམ་ལྡན་སིལ་ལྗང་། (Avocado)
མི་སུ་ཡང་སྣུམ་ལྡན་སིལ་ཏོག་ལ་དགའ་བ་དེ་གཏམ་བཟང་ཞིག་རེད། སྣུམ་ལྡན་སིལ་ཏོག་བཅུད་རྩི་ E ཡིས་ཕྱུག་ཅིང་། དེས་པགས་པ་སྲུང་སྐྱོབ་དང་གདོང་སྐྲང་འགོག་པར་མ་ཟད། མེད་དུ་མི་རུང་བ་ནི་དེས་གཟུགས་པོར་དྲོད་སྟེར་བ་དང་། སྐྲ་དང་པགས་པ་ལ་བཀྲག་མདངས་སྟེར་བར་བྱེད། ཤིང་ཏོག་འདི་ལ་ Bc དང་ M སོགས་ཀྱི་བཅུད་རྩི་སྣེ་མང་ལྡན། གང་དེ་པགས་པའི་ཕྲ་ཕུང་གསར་བསྐྱེད་རྙིང་སྲུང་ལ་ཧ་ཅང་གལ་ཆེ་བར་མ་ཟད། དེས་ཁྱོད་ལ་གཞོན་ཉམས་ཀྱི་བཞིན་རས་སྟེར་བར་བྱེད།
རྒྱ་སྲན། (Kidney beans)
བྱེ་བྲག་ཏུ་རྒྱ་སྲན་གྱི་རིགས་ལ་མཚོན་ན། རྒྱ་སྲན་རེ་རེ་ལྕགས་རིགས་ཁམས་རྫས་དང་ཏིག་ཚའི་རྫས་ཀྱིས་ཕྱུག དེ་ཐམས་ཅད་ཀྱིས་མཁྲིས་ཞག་ཉུང་དུ་གཏོང་བར་མ་ཟད། སྙིང་གི་ན་ཚའི་རིགས་ལ་འཐབ་སྟེ་སྲུང་བར་བྱེད། ཡིན་ན་ཡང་དེ་ནི་སྤྲི་དཀར་གྱི་རྫས་ཀྱིས་ཀུན་ལས་རྒྱལ་ཡོད། རྒྱ་སྲན་སྐམ་པོའི་རིགས་ལ་དེ་བས་ཀྱང་སྤྲི་རྫས་དཀར་པོའི་རྫས་ཀྱིས་གང་ཡོད་མོད། དེ་བས་ཀྱང་ལུས་པོ་བདེ་ཐང་ཕུན་སུམ་ཚོགས་པ་མངའ་བར་བྱེད། གྲང་ཚལ་གྱི་ནང་ལ་ལྡུག་པའམ། ནམ་ཡིན་ཡང་ཚལ་རིགས་དང་དམར་ཚའི་ནང་ལ་བླུགས་ཆོག
potassium: ལྕགས་རིགས་ཁམས་རྫས། དུག་སེལ་དཀར་པོ།
cell: འབྱུང་རྡུལ་ཕྲ་མོ། ཕྲ་ཕུང་། ཕྲ་རྡུལ། འདི་སྐྱེ་ལྡན་ཀུན་གྱི་རྨང་གཞིའི་གྲུབ་རྫས་གཙོ་བོ་ཞིག་ཡིན།
protein: སྤྲི་དཀར། སྐྱེ་ལྡན་རྣམས་ཀྱི་ཕྲ་ཕུང་ལ་མེད་དུ་མི་རུང་བའི་བཅུད་རྫས་ཤིག་ཡིན།
chilli: དམར་ཚ།
* Avocado: སྣུམ་ལྡན་སིལ་ལྗང་། འདི་ཏོག་དེའི་ཁྱད་ནུས་ཀྱི་ཆ་ལ་བརྟེན་ནས་བཏགས་པ་ཡིན། གལ་སྲིད་སྔར་ནས་བོད་ཀྱི་སྐད་ལ་འདིར་མིང་ཡོད་ན་གསུང་བར་ཞུའོ།། སིལ་ལྗང་། སིལ་ཏོག་ལྗང་ཁུའི་བསྡུས་མིང་དུ་བཀོལ་བ་ཡིན།
ཁ་སྒྲུང་སྙན་པོ་འདྲ་བཤད་འདུག་ཐུགས་རྗེ་ཆེ་།
ཤིང་ནགས་ཀྱི་འཕྲོད་དུ་སྐྱེས་པའི་བྱ་བྱེའུ་ཟ་རྒྱུ་ཚང་མ་་མི་ལ་བདག་གི་ཨ་ཡོད་་མི་ལ་བདག་པའི་དབང་དུ་བཏང་ཀྱང་་འཇུ་གི་ཨ་ཡོད་།
ཧམ་སེམས་ཆེ་དྲག་ན་ནག་པོའི་བདུག་དང་འཕྲད་ཡོང་ངོ་།
རྒྱ་སྲན་ཤིང་ཏོག་ཏུ་གཏོགས་སྟངས་དེ་མི་ཤེས་ཀྱང་། སེམས་བཟང་གི་ཆེད་རྩོམ་དེ་ཡི་རིགས་ཤིནད་ཏུ་ཕན།
ལུམ་འབྲས་སྔོན་པོ།(Blueberries)
*སྣུམ་ལྡན་སིལ་ལྗང་། (Avocado)
རྒྱ་སྲན། (Kidney beans)
འཇམ་དབྱངས་དཀར་པོ་ལེགས་ཀྱིས་ནུས་ལྡན་འབྲས་བུ་གསུམ་གྱི་ངོ་སྤོད་ལ་ལེགས་གསོལ། བོད་ཀྱི་རྩམ་པ་ཡང་མཆོག་ཏུ་གྱུར་པ་ཡིན་པས། ཛ་རར་རྩམ་པ་ཟ་བ་ཐག་བཅད། གྲོ་དང་། རྒྱ་གྲོ་དག་གི་པགས་པ་རྩད་ཅན་དུ་བརྩིས་ཏེ། ཟ་ན་ལུས་ཁམས་བདེ་བར་འགྱུར། ༡༩༧༠ དྷ་སར་སྤྱི་ཐབ་ཞིག་ཏུ་གྲོ་ཞིབ་དཀར་པོ་རྐྱང་རྐྱང་བཀོལ་བས་ཁོ་བོས་སྤྱི་ཐབ་ཀྱི་ཟན་སྤང་དགོས་བྱུང་ངོ་།
འཇམ་དབྱངས་དཀར་པོ་ལགས་ནས་འཕྲོད་བསྟེན་གྱི་ཤེས་བྱ་རྒྱུན་མཁོ་ཅན་ངོ་སྤྲོད་གནང་བ་ཙམ་མ་ཡིན་པར། ཐ་སྙད་རྒྱུན་མཁོ་ཅན་སྐོར་ཞིག་ངོ་སྤྲོད་གནང་སོང་། ཐུགས་རྗེ་ཆེ།
ལུམ་འབྲས་སྔོན་པོ།
སྣུམ་ལྡན་སིལ་ལྗང་།
རྒྱ་སྲན།
བཅུད་རྩི།
མཁྲིས་ཞག
སྤྲི་དཀར།
འདི་དག་བློ་ལ་བཟུང་ནས་ཡིག་ཐོག་དང་ངག་ཐོག་ནས་བཀོལ་ཐབས་བྱེད་རྒྱུ་ཡིན།
རྒྱ་སྲན་འདི་ལ་སྲན་ལེབ་ཅེས་བརྗོད་ན་ལེགས་པར་མཐོང་། བོད་སྐད་ནང་སྲན་ལེབ་ཀྱི་ཐ་སྙད་ནི་ཡོད་ཡོད་པ་རེད་ལ། དོན་དུ་སྲན་མ་དེ་ལེབ་མོའི་དབྱིབས་ཅན་དུ་ཡང་འདུག་པས་ཡིན།
གང་ལྟར་འགྱུར་ལེགས་ཅན་གྱི་རྒྱུན་མཁོའི་ཤེས་བྱ་སྤེལ་བར་དགའ་གུས་ཡོད།
རྒྱ་སྲན། (Kidney beans) ཅེས་པ་འདི་ལ། བོད་གདོད་མའི་བོན་སྨན་ནང་་་ཞོ་ཤ་རྣམ་གསུམ་་་ཞེས་པ་ཞིག་གསལ་ཡོད་པས། རྒྱ་སྲན་འདི་ལ་ཕལ་ཆེར་་་མཁལ་མ་ཞོ་ཤ་་་ཞེས་སུ་འབོད་སྲོལ་ཡོད་རབས་ཅིག་ཐོས། དེ་བདེན་པ་ཡིན་ནམ། ཞོ་ཤ་རྣམ་གསུམ་གང་ཡིན་པ་ཤེས་མཁན་ཡོད་ན་འབྲི་རོགས་གནོངས། མཁས་དབང་པད་མ་འབུམ་ལགས་ཀྱིས་བློ་ལ་བཟུང་ནས་ཡིག་ཐོག་དང་ངག་ཐོག་ནས་བཀོལ་ཐབས་བྱེད་རྒྱུ་ཡིན་གསུངས་འདུག་པས། རྒྱ་སྲན་ལ་་་མཁལ་མ་ཞོ་ཤ་་་སྔ་མོ་ནས་བོད་རང་གི་བོན་སྨན་ནང་འབོད་སྲོལ་ཡོད་པ་བདེན་ན། དེ་ཡང་བློ་ལ་བཟུང་ནས་ཡིག་ཐོག་དང་ངག་ཐོག་ནས་བཀོལ་ཐབས་གནང་རོགས་ཞུ་རྒྱུ་ཡིན། བཀའ་དྲིན་ཆེ། །
མཁལ་མ་ཞོ་ཤ། མཆིན་པ་ཞོ་ཤ། སྙིང་ཞོ་ཤ་དང་གསུམ་མོ།
བཀྲ་ཤིས་བདེ་ལེགས