ཟླ་བ་གཞོན་ནུ།
གཞོན་ནུ་ཁོལ་ནི་ལེགས་སྦྱར་གྱི་སྙན་དངགས་ཆེན་མོ་<<སྐྱེད་བྱེད་བུ་མོ་འཕྲོག་པ>>ཞེས་པའི་སྙན་དངགས་མཁན་ལགས་ཤིང་། སྐྱེད་བྱེད་བུ་མོ་བྱ་བ་རོལ་རྙེད་མའི་མིང་གི་རྣམ་གྲངས་དང་། དགའ་བྱེད་ཀྱི་ཆུང་མའོ།། སྙན་ངག་དེའི་བརྗོད་པར་བྱ་བ་ནི་དྲང་སྲོང་གྲོག་མཁར་གྱིས་མཛད་པའི་གནའ་བོའི་སྙན་ངག་རིང་མོ་<<དགའ་བྱེད་ཀྱི་བརྒྱུད>>ཅེས་པར་རོལ་རྙེད་མ་དགའ་བྱེད་དང་ལྷན་དུ་ནགས་སུ་དཀའ་ཐུབ་ལ་སྤྱོད་པའི་ཚེ། སྲིན་པོའི་རྒྱལ་བོ་ལིངྐ་མགྲིན་བཅུས་ཕྲོགས་པའི་གཏམ་རྒྱུད་འབྱུང་བ་དེ་གཙོར་བྱས་ནས་རྒྱན་གྱིས་རབ་ཏུ་བཅིངས་པའི་ལེའུ་ཉི་ཤུའི་བདག་ཉིད་ཅན་ཞིག་གོ། བརྗོད་བྱའི་སྙིང་བོ་རཱ་མ་ཡཱ་ཎ་དང་ཕལ་ཆེར་གཅིག་ཏུ་སོང་བས་རེ་རེ་ངོ་སྤྲོད་པའི་དགོས་པ་མ་མཐོང་།
དེ་ཡང་སིངྒ་ལའི་སྐད་དུ་བསྒྱུར་བའི་<< སྐྱེད་བྱེད་བུ་མོ་འཕྲོག་པ>>ཞེས་པ་དེར་གཞོན་ནུ་ཁོལ་ནི་ཤྲཱི་ལངྐའི་རྒྱལ་བོ་གཞོན་ནུ་དབྱིངས་ཀྱི་སྡེ་(༥༡༣-༥༢༢)ཡིན་པར་བཤད་པའི་འདོད་ཚུལ་དེ་ལ་མོས་མཐུན་གནང་འདུན་ནའང་། མཁས་པ་ཕལ་མོ་ཆེ་དེར་མོས་མཐུན་མི་གནང་བ་ཡིན། སྙན་ངག་གི་བསྟན་བཅོས་དེར་སྙན་དངགས་མཁན་གྱི་མཚན་ཐོག་མཐའ་བར་གསུམ་གང་དུ་ཡང་མི་འབྱུང་ནའང་། དེའི་མཇུག་ཏུ་ཡབ་ཀྱི་མཚན་མཱ་ནི་ཏ་བྱ་བ། མཁས་པ་ཙམ་དུ་མ་ཟད། གཡུལ་གྱི་ལས་ལའང་ཤིན་ཏུ་མཛངས་པ་ཞིག་ལགས་ཤིང་། ལངྐཱའི་རྒྱལ་བོ་གཞོན་ནུ་རིན་ཆེན་ལགས་ཀྱི་དམག་དཔོན་ཞིག་ཡིན་པ་དང་། གཡུལ་ས་རང་སྲོག་བློས་བཏང་བའི་དཔའ་རྒོད་ཅིག་ཡིན་པར་གསལ། རང་གི་ཡབ་ཆུང་དུས་ནས་གྲོངས་ཟིན་པ་དང་རང་ཉིད་ཆུང་དུས་ནས་བཟུང་ནད་ཀྱིས་མནར་བས། ཁོང་གི་ཁུ་བོ། མཚན་ལ་ཆུ་འཛིན་ཟེར་བ་ཞིག་དང་བྱང་ཆུབ་རྩེ་མོ་ཟེར་བ་གཉིས་ཀྱིས་ཁོ་རང་བརྩེ་བས་བསྐྱངས་པར་གསལ། ཆུང་དུས་ནས་ནད་ཀྱིས་བཟུང་བྱ་བ་དེ་ནད་གང་ཡིན་གསལ་ཁ་མེད་ནའང་། བརྒྱ་ཕྲག་དགུ་བར་བྱུང་བའི་<<སྙན་ངག་དཔྱོད་པ>>ཞེས་བྱ་བའི་མཛད་པ་པོ་རྒྱལ་བོ་ཏོག་གིས་ཇི་སྐད་དུ། “མེདྷཱབིརུདྲཀུམཱརདཱསཱདཡཿ ཛཱཏྱནྡྷཿ” (མཛངས་པ་དང་རབ་ཏུ་དྲག་པོ། གཞོན་ནུ་ཁོལ་སོགས་ནི་དམུས་ལོང་ངོ་།།) ཞེས་དམུས་ལོང་ཡིན་པར་བཤད་པས། ནད་ཀྱིས་མནར་བ་ཞེས་པ་དམུས་ལོང་ཡིན་པར་གོ
བཤད་ཚུལ་གཞན་ཞིག་ལ་སྙན་དངགས་འདིའི་མཛད་པ་པོ་ནག་མོ་ཁོལ་ཡིན་པར་ཡང་་བཤད། སྤྱིར་གཞོན་ནུ་ཁོལ་ནི་ནག་མོ་ཁོལ་གྱི་རྗེས་སུ་བྱོན་པ་སྟེ། ཕལ་ཆེར་བརྒྱ་ཕྲག་ལྔ་བའི་ནང་དུ་བྱོན་པར་བཞེད། སློབ་དཔོན་ཉི་སྣང་ལས་སྔོན་དུ་དང་། མཱ་གྷའི་རྗེས་སུ་བྱོན་པར་འདོད་པ་ཡིན།
གཞོན་ནུ་ཁོལ་གྱི་འཁྲུངས་ཡུལ་ནི་ཀཱཉྩི་པུར་ཞེས་པར་འདོད་ཅིང་། སྙན་ངག་དེའང་ས་དེར་བརྩམས་པར་བཞེད་ཅིང་། འདི་ནི་བདག་ཅག་ལ་རབ་ཏུ་གྲགས་པ་<<སྙན་ངག་མེ་ལོང་མ>>ཡི་མཛད་པ་པོ་དབྱུག་པ་ཅན་འཁྲུངས་སའང་ཡིན།
དེ་ཡང་ཁོང་གི་རྩོམ་རྩལ་ནི་ནག་མོ་ཁོལ་དང་མཚུངས་པར་བཤད་ཅིང་། ཁོང་ནག་མོ་ཁོལ་ལ་དད་མོས་ཆེན་པོ་ཡོད་པ་ཡོངས་སུ་གྲགས་པ་ཡིན། <<སྐྱེད་བྱེད་བུ་མོ་འཕྲོག་པ>>ཞེས་པ་འདིས་ནག་མོ་ཁོལ་གྱི་<<གཞོན་ནུ་འབྱུང་བ>>ལ་ཡང་འགྲན་དུ་བཟོད་པར་རྗེས་རབས་མཁས་པ་དག་སྨྲ། དེ་ཡང་<<ལེགས་བཤད་རིན་ཆེན་མཛོད>>ཅེས་པའི་ཚིགས་བཅད་ཅིག་ཏུ།
(ཛཱནཀཱིཧརཎཾ ཀརྟུཾ རགྷུབཾཤེ པུརཿསྠིཏེ།
ཀབིཿ ཀུམཱརདཱསོ བཱ རཱབཎོ བཱ ཡདི ཀྵམོོ།།)
ར་གྷུའི་གདུང་མདུན་གནས་བཞིན་དུ།།
སྐྱེད་བྱེད་བུ་མོ་འཕྲོག་ནུས་པ།།
རྩོམ་མཁན་གཞོན་ནུ་ཁོལ་བའམ།
ཡང་ན་སྲིན་པོ་སྒྲ་སྒྲོགས་ཉིད།།
ཞེས་ཆེ་བསྟོད་ཆེན་པོ་གནངས་ཡོད་པའོ།། དེའི་དོན་ནི་<<ར་གྷུ་བཾ་ཤ>>སྟེ་<<ར་གྷུའི་གདུང>> ཅེས་པ། ར་གྷུའི་རིགས་ཀྱི་གདུང་རྒྱུད། དགའ་བྱེད་ཟླ་བ་མདུན་དུ་ཡོད་བཞིན་དུ་སྐྱེད་བྱེད་བུ་མོ་སྟེ་རོལ་རྙེད་མ་འཕྲོག་ ནུས་མཁན་སྤོབས་པས་དགེ་བ་ཅན་ཞིག་ཡོད་ན་ནི། དེ་ནི་སྲིན་པོ་སྒྲ་སྒྲོགས་ཡིན་ཞེས་པ་དང་། དོན་གཞན་ནི་ནག་མོ་ཁོལ་གྱི་<<ར་གྷུ་བཾ་ཤ>>སྟེ་<<ར་གྷུའི་ གདུང>>ཅེས་པའི་སྙན་ངག་གི་བསྟན་བཅོས་སྔུན་ལ་ཡོད་བཞིན་དུའང་། <<སྐྱེད་བྱེད་བུ་མོ་འཕྲོག་པ>>ཞེས་པའི་སྙན་ངག་གི་བསྟན་བཅོས་ བྱེད་ནུས་མཁན་སྤོབས་པས་དགེ་བ་ཅན་ཞིག་ཡོད་ན་ནི། གཞོན་ནུ་ཁོལ་ལོ་ཞེས་སྒྲ་དོན་གཉིས་ཀ་སྦྱར་བ་ཞིག་གོ།
འདིའི་སྐོར་མཁས་དབང་དགེ་ཆོས་མཆོག་གི་གཏམ་རྒྱུད་གསེར་ཐང་དུ་སྦྱར་རྒྱན་ཡིན་ལུགས་འབྱུང་ནའང་སྦྱར་ཚུལ་ཇི་ལྟར་ཡིན་གསུངས་མེད་པས་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་གི་ཞལ་ནས་ཐོས་པ་བཞིན་སྦྱར་བའོ།།
ལེགས་སྦྱར་སྐད་དུ། སྙན་དངགས་དག་ལ་ཐོས་བསམ་མཛད་པ་པོ་དག་ལ་གཟེངས་བསྟོད་མཆིས།
་
སློབ་དཔོན་རྟ་དབྱངས་དང་། སློ་དཔོན་ནག་མོ་ཁོལ་ཞེས་རྒུ་གར་གྱི་སྙན་རྩོམ་པ་གཉིས་ལས་གཅིག་གཅིག་ལ་སྙན་རྩོམ་ཚིག་འགྲོས་ཀྱི་ཤན་ཞུགས་པར་བཤད། སུ་སྔོན་དུ་བྱུང་། ཚད་མས་རྟོགས་དཀའ་ཡང་། ལོ་རྒྱུས་རགས་པའི་སྒོ་ནས། སློབ་དཔོན་རྟ་དབྱངས་སྔོན་བྱུང་ཡིན་དགོས། འདི་ཉིད་ཀྱིས་མཛད་པའི་སངས་རྒྱས་ཀྱི་སྤྱོད་པ། ཞེས་དང་། མཛེས་དགའ་བའི་སྙན་དངགས།་ཞེས་དང་། ཤཱ་རི་བུའི་རབ་བྱེད། ཅེས་པ་ཤོག་ལྷེ་ཁ་ཤས་རྙེད་སོན་བྱུང་བར་བཤད་པ་ཙམ་ལས་གང་དུ་ཡོད་མེད་ཆ་མ་རྟོགས་ལགས་སོ།
་
ཀུ་མཱ་ར། ཞེས་པ་བོད་སྐད་དུ། དོན་སྒྱུར་གྱི་དབང་གིས། གཞོན་ནུ། ཞེས་བསྒྱར། དཔེར་ན། དྷརྨ། ཞེས་པ་ཆོས་ཞེས་བསྒྱུར་པ་ལྟ་བུའོ། ཀུ་མཱ་ར། ཞེས་པ་སྒྲ་བཤད་ཀྱི་སྒོ་ནས། ངན་པ་གསོད། ཅེས་བསྒྱུར་དགོས་སྙམ། དེང་ཡང་དགེ་བ་ལ་རྒྱ་གར་དུ། ཀུ་ཤ་ལ། ཞེས་པ་ངན་སེལ་ཞེས་པ་དོན་བསྒྱུར་དབང་གིས་དགེ་བ་ཞེས་བྱའོ།
གཅིག་གཅིག་ལ་ཅེས་པར་གཅིག་གིས་གཅིག་ལ། ཞེས་ཞུས་དག་བྱས་སོ།
རྨད་དུ་བྱུང་བའི་ལེགས་བཤད་དུ་གོ ལྷག་པར་གུས་རང་རྒྱ་གར་གྱི་ལོ་རྒྱུས་ཀྱི་ལོ་ཚིགས་ལ་རྨོངས་པ་ཆེ་བས་བློ་བསྐྱེད་ཀྱང་འདུག
་་་་གཞོན་ནུ་དབྱིངས་ཀྱི་སྡེ་(༥༡༣-༥༢༢)ཡིན་པར་བཤད་པའི་་་་ མི་སྐད་གྲགས་ཅན་གྱི་ལོ་རྒྱུས་སྐྱི་ལོ་ཚད་ལོ་བརྒྱད་དགུ་ལ་མི་འདུག་པས་ཡང་བསྐྱར་དཔྱད་པར་འཚལ། དེའི་སྐོར་ལ་ངས་ནི་མི་ཤེས།
གཞོན་ནུ་ཁོལ་དང་ནག་མོ་ཁོལ་གཉིས་ཀྱི་བར་ལ་དགེ་སློབ་ཀྱི་འབྲེལ་བ་ཡོད་པ་ཞིག་དགེ་རྒན་དམ་པ་དག་གི་གསུང་ལས་ཐོས། ད་དུང་གཞོན་ནུ་ཁོལ་ཧ་ཅང་ང་རྒྱལ་ཆེ་བ་དང་ཁོང་གིས་ནག་མོ་ཁོལ་ཟུར་ཟ་བྱས་བའི་སྙན་ངག་ཚིགས་བཅད་གཅིག་དགེ་རྒན་གྱིས་བྲིས་ཏེ་ཟིན་བྲིས་སུ་བཏབ་ཡང་དྲན་ངོས་སུ་འདུག གཞན་ཁོ་བོ་དཔེ་ཀློག་དང་བྲལ་ཏེ་མི་ལོ་དྲུག་བདུན་ཙམ་སོན་པས་འདི་ཡིན་དེ་མིན་གྱི་དཔྱད་གཞི་གང་མེད་དོ།།
ཀརཏ་ཀརད་ཨ་བྷས། །
ཇརྨཏི་ཧྰོཏ་སུ་ཇན། །
རས་རི་ཨ་ཝཏ་ཇཏ། །
སིར་པར་པརཏ་ནི་སྰན། །
སྙན་ངག་འདི་སུས་བརྩམས་པ་རེད། བོད་སྐད་དུ་ཇི་ལྟར་བསྒྱུར་དགོས་སམ། ལགས།
དེ་བཞིན།
རྦ་ར་ ཧུ་ཨ་ ཏོ་ ཀྱྰ་ ཧུ་ཝ། །
ཇེ་སེ་ པེར་ ཁ་ཇུར། །
པང་ཁ་ནི་ སེ་ ཆ་ཡ་ ན་ མི་ལི། །
ཕལ་ ལ་གི་ ཨྰ་དྰི་་ དུར། །
ཀརཏ་ཀརད་ཨ་བྷས། །
ཇརྨཏི་ཧྰོཏ་སུ་ཇན། །
རས་རི་ཨ་ཝཏ་ཇཏ། །
སིར་པར་པརཏ་ནི་སྰན། །
་
ཁ་སྐད་དུ།
ཡང་སེ་ཡང་སེ་སྦྱངས་ན། །
བླུན་པོའང་མཁས་པར་འགྱུར་ངེས། །
ཁྲོམ་རྡོའི་སྒང་གི་ཐག་པ། །
ཕར་འཐེན་ཚུར་འཐེན་ཉག་ཐོན། །
་
རྦ་ར་ ཧུ་ཨ་ ཏོ་ ཀྱྰ་ ཧུ་ཝ། །
ཇེ་སེ་ པེར་ ཁ་ཇུར། །
པང་ཁ་ནི་ སེ་ ཆ་ཡ་ ན་ མི་ལི། །
ཕལ་ ལ་གི་ ཨྰ་དྰི་་ དུར། །
་
མཐོན་པོ་ཆགས་ནའང་གང་་བྱས། །
ཁ་ཇུར་སྡོང་པོ་བཞིན་དུ། །
ལོ་མས་གྲིབ་ནག་མི་ཕན། །
ཤིང་ཏོག་སྐྱེས་ཀྱང་མི་སྙོབ། །
་
འདིར་དག་བཅོས་ལ་དགའ་བསུ་ཡོད་དོ།། །
རྒྱ་གར་གྱི་སྙན་དངགས་མཁན་པོ་དྰས་གསུམ་ནི།
་
ཀ་ལི་ དྰས།
སུར་ དྰས།
ཏུལ་སི་ དྰས།
་
འདི་དག་གི་སྙན་ཚིགས་རེ་བཟུང་། ཧིན་སྐད་སློབ་དེབ་ནང་ལ་བཀོད་ནས་སློབ་བཞིན་ཡོད་རེད། ང་ཚོ་བོད་རིགས་ཀྱིས་ཀྱང་་་་་་་་་