ཨ་རིག་དགེ་མཐོང་།
(སྤྱིར་བཏང་ནང་ཆོས་ལས། གཞན་ལ་ཕན་མ་ཐོགས་ན་གནོད་མ་སྐྱེལ་ཅེས་པའི་དཔེ་ལྟར། བོད་ཀྱི་རྩ་དོན་ཐད་ནས་ཀྱང་ཕན་མ་ཐོག་ན་གནོད་མི་སྐྱེལ་རྒྱུ་ནི་གལ་ཆེའོ།།)
གོང་གི་འདི་བསམ་འཆར་གྱི་བརྗོད་དོན་སྙིང་བསྡུས་ཡིན།
སྤྱིར་བཏང་དམངས་ཁྲོད་དུ་བཤད་རྒྱུན་ཞིག་ལ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་སྲོལ་ཡོད་པ་ལྟར། གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་བརྙེས་པ་ནས་ད་ལྟའི་དབར་དུ་ལས་འགུལ་རབ་དང་རིམ་པ་གནང་ཞིང་ཕལ་ཆེ་བ་བོད་ཀྱི་རྩ་དོན་ལ་ཕན་པའི་རྒྱུ་རུ་གྱུར་ཡོད་ལ་ཁག་ཅིག་དེ་ལས་ལྡོག་སྟེ་རྩ་དོན་ལ་གནོད་པར་གྱུར་ཡོད། གང་ལྟར་གོང་གི་དཔེ་ལས་གསལ་བར་ཤེས་ནུས།
གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ལ་མཚོན་ནས་ཞུས་ན། ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གལ་ཆེན་མང་བོ་ཞིག་ནང་དུ་ཞུགས་མྱོང་ཡོད་པ་དང་། དེའི་ནང་གི་ཁག་ཅིག་བོད་ཀྱི་བཀའ་ཁྲི་གཙོས་བཀའ་བློན་དང་སྤྱི་འཐུས་སོགས་ཀྱི་ལས་སྣེ་མཐོ་རིམ་གྲས་སུ་ཐོན་མྱོང་། ཡིན་ན་ཡང་། གཞོན་ནུ་ལྷན་ཚོགས་ཀྱི་ནང་དུ་རྩ་དོན་ལ་ལྡོག་ཕྱོགས་ནས་འགྲེལ་བཤད་སྣ་ཚོགས་བརྒྱབས་ཏེ་རྒྱ་ནག་གི་ལག་ཆ་ཨང་དང་ཤོས་ལྟ་བུ་གྱུར་བ་ཡང་རེ་ཟུང་ཡོད། ང་རང་ཉིད་ལ་མཚོན་ན་དུས་རྒྱུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དགའ་བོ་ཡོད་པ་དང་གཞོན་ནུ་ལྷན་ཚོགས་ཀྱིས་སྤེལ་བའི་ལས་འགུལ་ཆེ་ཤོས་ཕལ་ཆེ་བ་ལ་དང་བླང་སྒོ་ནས་མཉམ་ཞུགས་བྱས་ཡོད། གཞོན་ནུས་ལས་འགུལ་སྤེལ་པ་དང་ང་དེ་ལ་མཉམ་ཞུགས་བྱས་པ་ནི་ཁ་རིན་བརྩི་མི་དགོས་པར་འགན་འཁྲི་ཞིག་རེད་བསམ། གཞོན་ནུའི་ཚོགས་གཙོ་གཞོན་ལ་འདས་མ་ད་གསུམ་ལ་ཤེས་འཇོན་གཉིས་ལྡན་དང་ཅི་ཡང་མི་ཤེས་པར་ཨུ་ཚུགས་མཁྲེགས་འཛིན་ཅན་སོགས་མི་འདྲ་བ་ཡོད་མྱོང་ལ་འབྱུང་སྲིད། ཡང་གཞོན་ནུའི་དབུས་རྒྱུན་དག་མ་གྲོས་བསམ་པ་གཅིག་མཐུན་གིས་ལས་འགུལ་སྤེལ་བ་དང་བོད་ཀྱི་རྩ་དོན་གླེང་བ་སོགས་བྱུང་མྱོང་ཡོད་ལ་ནང་ཁུལ་མཐུན་མི་མཐུན་དང་། གཅིག་གི་ལས་འཆར་ལ་གཅིག་གིས་རྒྱབ་སྐྱོབ་མེད་པ་ལྟ་བུའི་ཞབས་འདྲེན་ཞུ་མྱོང་བ་མིག་མཐོང་ལག་ཟིན་རེད།
ཉིས་སྟོང་བརྒྱད་ལོར་བོད་ནང་གི་ཞི་བའི་སྒེར་ལངས་ཆེན་མོའི་སྐབས་སུ་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་མི་མང་འདུ་ཚོགས་ཀྱི་སྒེར་ལངས་ཐེངས་ཤིག་བྱས་པ་ནི་ངས་བལྟས་ན་ལོ་རྒྱུས་ཀྱི་རྡོ་རིང་ཞིག་དང་། མི་མང་ལ་ཆབ་སྲིད་ཀྱི་གོ་རྟོགས་ཐེངས་ཤིག་སྤེལ་བར་ངོས་འཛིན་བྱས་ཡོད། འོན་ཀྱང་ལས་འགུལ་དེ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་ཡོད་མེད་ཀྱི་ཐད་ནས་བཤད་དཀའ་མོད། མི་མང་ལྷན་འཛོམས་དེ་ངས་ངོས་ནས་ལས་འགུལ་གལ་ཆེན་ཞིག་དང་བོད་ནང་གི་སྤུན་ཟླ་ཚོ་ལ་གདུང་སེམས་མཉམ་སྐྱེད་རང་ལ་ངོས་འཛིན་བྱས་ཡོད། ད་དུང་སྒོ་དྲུག་སྐལ་བཟང་གིས་གཏམ་བཤད་དེ་ཡང་དོན་མཐུན་དང་མི་རིགས་ཀྱི་སེམས་ཁམས་འགུགས་པའི་ཁྱད་ཆོས་ལྡན་པར་ཚོར། གཞོན་ནུས་དུས་རྒྱུན་ལས་འགུལ་རབ་དང་རིམ་པ་སྤེལ་བ་ཡོངས་གྲགས་རེད། ཡིན་ནའང་ངའི་རྨོངས་བློར་འཆར་ཚུལ་ལྟར་ན་ གཞོན་ནུས་མི་མང་ལ་བག་ཆགས་འཇོག་ཐུབ་པའི་ལས་འགུལ་གཅིག་སྤེལ་བ་རེད། དེ་ནི་ཆབ་སྲིད་ཀྱི་གནད་དོན་ལ་བསམ་བཞིན་དཔྱད་པ་བཏང་ནས་སྤེལ་བ་མིན་པར་རྟག་དང་རྟེན་འབྲེལ་རང་འགྲིག་སྲོལ་ཡོད་པ་ལྟར། གཞོན་ནུས་དུས་རྒྱུན་༧གོང་ས་མཆོག་གི་དུས་དབང་སྐབས་དག་ཏུ་ཆོས་ཞུ་བ་ལ་སྣེ་ལེན་བྱས་པ་དང་སྐད་གཏོང་སའི་ལས་ཁུངས་བཙུགས་པ་དེ་རེད། བོད་པ་འདི་སྤྱིར་བཏང་མངོན་སུམ་དང་མཐོང་ཆོས་ལ་དགའ་བ་ལས་ལྐོག་གྱུར་དང་ཕྲ་བའི་རིགས་ལ་ལྟ་མི་ཤེས། དེའི་ཕྱིར་དེའི་ཐད་ནས་མི་མང་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་ལས། གཞོན་ནུས་དུས་རྒྱུན་གནང་པའི་ཕྱག་ལས་ཕྲ་མོ་དག་གིས་མི་མང་ལ་བག་ཆགས་དེ་ཙམ་སྤྲད་ཐུབ་མེད།
བོད་ནང་གི་མེ་བསྲེགས་ལས་འགུལ་འདི་མགོ་བརྩམས་ནས་བཟུང་ངས་གཞོན་ནུ་ལྷན་ཚོགས་ལ་རེ་བ་བརྒྱབས་ཏེ་ལས་འགུལ་ཞིག་གི་སྣེ་ཁྲིད་པར་ཡིད་ཆེས་བྱས་ཡོད། ཡོད་པ་བཞིན་ལས་འགུལ་ཁག་ཅིག་སྤེལ་སོང་མོད་རྒྱ་ཆེ་བ་དང་གཏིང་ཟབ་པ་ཞིག་ད་དུང་སླེབས་མ་སོང་། ཁ་སང་གཞོན་ནུའི་བོད་ནང་གི་མེ་བསྲེགས་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་རིམ་ཁག་ཅིག་གྲ་སྒྲིག་བྱས་ཡོད་པ་དང་། དེ་ལ་མི་མང་མཉམ་ཞུགས་ཡོང་བའི་འབོད་བརྡ་དང་གསལ་བསྒྲགས་ལྟ་བུ་ཞིག་དྲ་ལམ་ནས་མཐོང་།
ལས་འགུལ་དེའི་ནང་གི་ཕལ་ཆེ་བ་ལ་རྗེས་སུ་ཡི་རང་དང་མཉམ་ཞུགས་བྱ་རྒྱུ་ནི་བོད་མི་དག་གི་འགན་འཁྲི་ཞིག་ཏུ་གྱུར། དེའི་ནང་གི༼རང་བཙན་མ་འཐོབ་བར་རྒྱ་ནག་གི་རྒྱལ་དར་མེར་བསྲེཊ་གཏོང་རྒྱུ་ཡིན༽ཞེས་གདེང་ཚོད་ཀྱིས་བཤད་འདུག་ལ། མ་འོངས་པའི་ལས་འགུལ་ཕྱོགས་ཀྱི་གལ་ཆེ་ཤོས་ལྟ་བུར་བགྲངས་འདུག དེས་ན་དེའི་ཐད་ནས་རང་གི་བསམ་འཆར་ཞིག་གཞོན་ནུ་ལྷན་ཚོགས་ལ་ཞུ་འདོད་བྱུང་ལ། དེ་ཡང་ཕན་སེམས་དང་གུས་བཀུར་ཡོད་པའི་ཐོག་ནས་བཤད་ན། ང་ཚོས་ལས་འགུལ་ཅི་སྤེལ་ན་མནོ་བསམ་གཏོང་རྒྱུ་གལ་ཆེ་བ་དང་འཕྲལ་ཕུགས་དང་རྩ་དོན་ལ་ཕན་མིན། ༧གོང་ས་མཆོག་གི་ཐུགས་དགོངས་དང་མཐུན་མིན། ད་དུང་བོད་ནང་གི་གནས་སྟངས་ལ་ཁ་ཕྱོགས་རྒྱུ་དང་། རྒྱལ་སྤྱིའི་འགྲོས་ལ་ལྟ་རྒྱུ་སོགས་ནི་གལ་ཆེན་ནང་གི་དོན་ཆེན་རེད། རྒྱུ་མཚན་དེ་དག་ལ་བསམ་གཞིག་བཏང་ན་རྒྱ་ནག་གི་རྒྱལ་དར་མེར་བསྲེཊ་གཏོང་རྒྱུ་ནི་འཕྲལ་ཕུགས་ལ་གནོད་པ་མ་ཟད། རྒྱལ་བའི་བཀའ་དང་འགལ། རྒྱལ་སྤྱིའི་འགྲོས་དང་མི་མཐུན་པ། མི་རིགས་གཉིས་ཀྱི་འགལ་ཟླ་རུ་འགྱུར་རྒྱུ། རྩ་དོན་ལ་ཕན་རྒྱུ་ལས་གནོད་རྒྱུ་མང་བ་ཡིན་ཏེ། དཔེར་ན། ང་ཚོས་ག་དུས་ཡིན་ན་བསམ་བློ་གཏོང་དགོས་ས་ནི་ང་ཚོའི་རྩ་དོན་དེ་རང་མི་རིགས་ཀྱིས་འབད་བརྩོན་ལ་རག་ལས་པ་ལས་རྒྱལ་ཁབ་གཞན་ཞིག་གིས་རང་གི་ཁེ་ཕན་བཞག་ནས་བོད་ཀྱི་རྩ་དོན་ལ་རོགས་རམ་ནམ་ཡང་བྱེད་མི་སྲིད།
གཉིས་ནས་ང་ཚོའི་རྩ་དོན་གྱི་ཁ་ཕྱོགས་ས་དང་གྲོས་བྱ་ས་ནི་རྒྱ་ནག་ལས་མ་འདས་སོ །། དེས་ན་རྒྱ་ནག་གི་དཔལ་འབྱོར་གྱི་འཕོ་འགྱུར་དང་། མི་མང་གི་སེམས་ཁམས་བཅས་ལ་བརྟག་རྒྱུ་ལས་གཞན་མེད། ལྷག་པར་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་པའི་རྒྱ་ནག་གི་ཤེས་ཡོན་པ་དང་ཆབ་སྲིད་པ། བསམ་བློ་པ། རྩོམ་པ་པོ་དང་། མང་ཚོགས་དཀྱིས་མ་བཅས་མང་གཙོ་དོན་དུ་གཉེར་མཁན་དང་དེ་ལ་དགའ་མཁན། ༧གོང་ས་མཆོག་ལ་དད་ཞེན་ཆེ་བའི་རིགས་ལ་བོད་ཀྱི་ད་ལྟའི་གནས་སྟངས་དང་འདས་ཟིན་པའི་ལོ་རྒྱུས་སྐྱུར་མོ་དེ་དག་ར་སྤྲོད་རྒྱུ་ལས། རྒྱ་ནག་མི་མང་དང་གོང་གི་མང་གཙོ་དོན་གཉེར་བ་དག་གི་སེམས་ལ་སྡུག་འཇོག་རྒྱུ་དང་། བག་ཆགས་ངན་པ་བགོ་རྒྱུ་སོགས་ནི་མ་ཡིན་ནོ། །རྒྱལ་ཁབ་སུ་ཡིན་ན་ཡང་རང་གི་རྒྱལ་དར་དང་རང་གི་སྐད་ཡིག་ལ་བརྩི་བཀུར་ཡོད་ཡོད་པ་རེད། དེ་ལ་ནམ་ཡང་མི་དགའ་མཁན་ཡོང་མི་སྲིད། དེའི་ཕྱིར་ཁོ་ཚོའི་སྙིང་གི་དཀྱིལ་ན་འོད་ལམ་མེར་བཞད་པའི་སྐད་ཡིག་དང་མིག་ལམ་ན་ཕྲ་ལམ་མེར་མངོན་པའི་རྒྱལ་དར་མེ་བསྲེགས་གཏོང་བ་དང་རྡོག་རོལ་བཏང་ན་ཁ་རོག་གེར་འདུག་མི་སྲིད།
དེའི་ཕྱིར་ད་ཐེངས་ཀྱི་གཞོན་ནུའི་ལས་འགུལ་དག་ལས་༼རང་བཙན་མ་འཐོབ་བར་རྒྱ་ནག་རྒྱལ་དར་མེར་བསྲེཊ་གཏོང་རྒྱུ་ཡིན་༽་ཞེས་པའི་ལས་འཆར་འདི་ཕྱིར་བསྡུ་གནང་རོགས། ང་ཚོའི་ཁྱེད་ཅག་ལ་རེ་བ་རྒྱག་ས་ཡོད་པའི་དབང་དུ་བཏང་ནས་ཞུ་བ་འཐེན་པ་དང་། བསམ་འཆར་བཏོན་པ་ཡིན་ལ་བསམ་འཆར་འདི་ནི་དྲ་ལམ་དུ་ཕལ་ཆེ་བའི་བཏོན་འདུག་པས་ན། ཁྱེད་ཅག་གིས་ཀྱང་རང་གི་ལས་འཆར་ཡིན་དང་དེ་ལ་འགྱུར་བ་མི་གཏོང་ཞེས་ཨུ་ཚུགས་མི་གནང་རྒྱུ་རེ་བ་ཆེ། གང་ལྟར་མུ་མཐུད་ནས་ཨུ་ཚུགས་བྱས་ན་ང་ཚོ་མི་མང་རང་གིས་ཀྱང་སོ་སོའི་རྣམ་དཔྱོད་བེད་སྤྱོད་བཏང་སྟེ་རྩ་དོན་ལ་བསམ་བློ་གཏོང་རོགས། འདི་ནི་རྒྱལ་བའི་བཀའ་དང་འགལ་བ་མ་ཟད། རྒྱལ་སྤྱིའི་མཐོང་སྣང་ལ་མཛེས་བོ་མེད་ལ་བོད་དོན་རྒྱབ་སྐྱོབ་པ་གང་མང་ཞིག་ཀྱང་ཕྱིར་འཐེན་བྱ་ངེས། དེར་མ་ཟད་གྲྭ་བཙུན་རིགས་འདིའི་ནང་དུ་ཞུགས་ན་ཞབས་འདྲེན་རེད། གང་ཞེ་ན་ནང་ཆོས་ཀྱི་གཞི་རྩ་གཞན་ལ་ཕན་མ་ཐོག་ན་གནོད་མི་སྐྱེལ་རྒྱུ་དེ་རེད། འདི་ནི་གཅིག་ཐེངས་ན་མི་རིགས་གཉིས་ཀྱི་འགལ་ཟླར་གྱུར་ཏེ་མ་འོངས་པ་ན་ཡུལ་ལུང་ཁྲག་གི་མི་བསྒྱུར་བའི་ངེས་པ་གཏན་ནས་མེད་ལ། ལྷག་དོན་བོད་ནང་གི་སྤུན་ཟླ་དག་གིས་འདི་ལ་ཁ་ཕྱོགས་ནས་ད་ལྟའི་འཚེ་མེད་ཞི་བའི་ལས་འགུལ་དེ་དྲག་པོའི་ངོ་བོར་དན་དན་འགྱུར་སྲིད། དེ་ལྟར་ན་རང་གཞན་གཉིས་ཕོངས་ཡིན་པ་སྨོས་མེད་རེད། མདོར་ན། ལས་འགུལ་འདི་མུ་མཐུད་ནས་སོང་ན་བོད་ནང་གི་ལས་འགུལ་དྲག་པོའི་ངོ་བོར་འགྱུར་རྒྱུ་དང་། མི་རིགས་དབྱེ་འབྱེད་དང་དམར་གསོད་དང་གཏུབ་རྡུང་། འཕྲོག་བཅོམ་གྱི་ལས་ཀ་དག་གི་རྨང་གཞི་ཡིན་པས་གཟབ་རོགས།
གལ་སྲིད་གཞོན་ནུའི་ང་ཚོས་ད་ནས་བཟུང་དྲག་པོ་བྱེད་དགོས་རྒྱུ་འདུག སྔོན་སྤུན་ཟླ་མང་བོ་དམར་གསོད་བཏང་བ་དང་བཙོན་བཅུགས་གཅར་རྡུང་འོག་ནས་འདས་གྲོངས་ཟིན་པ་རེད་ལ། ད་ལྟའི་དུས་སུ་ཡང་བོད་ནང་གི་སྤུན་ཟླ་ཚོའི་མགོ་ཐོག་ཏུ་དམྱལ་ཁམས་དངོས་ལྟ་བུ་ཞིག་ཐོན་འདུག དེས་ན་བཟོད་སྒོམ་བྱ་ཐབས་མེད་ཟེར་ན། སྐད་ཆ་དེ་དག་ནི་བདེན་པ་རང་རེད། བོད་ཀྱི་འདས་པ་དང་ད་ལྟའི་ལས་འགུལ་འདི་འཚེ་མེད་ཞི་བ་ཡིན་པས་དར་ཁྱབ་དང་རྒྱལ་སྤྱིའི་ལྡིང་ཆ་ན་མཐོང་ཡོད་པ། རྒྱ་ནག་གིས་ལམ་སེང་ལག་འགུལ་ཏེ་སྡེབ་གསོད་བྱེད་མ་བདེ་བར་ལྷག་ཡོད། གལ་སྲིད་དྲག་པོའི་ལམ་ཁུར་སོང་ན་འཇིགས་སུ་རུང་བའི་མཚོན་ཆ་དང་བཟོད་དཀའ་བའི་ན་ཟུག་མྱོང་མཁན་དེ་སུ་རེད། བོད་ནང་གི་སྤུན་ཟླ་ཚོ་ལས་བཙན་བྱོལ་གྱི་ཁ་རྒྱགས་བཤད་མཁན་ཚོ་ནི་མ་ཡིན་ནོ། ། རྒྱ་ནག་གིས་ཉིན་གཅིག་དུས་གཅིག་ལ་དེང་གི་བརྡ་འཕྲིན་ཡོངས་བཀག་སྡོམ་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་བོད་མི་ཚོ་དམར་གསོད་མི་གཏོང་བའི་ངེས་པ་གཏན་ནས་མེད། དེ་དུས་ཀྱང་རང་དབང་ལུང་བ་ནས་གཞན་གྱི་རྒྱལ་དར་མེ་བསྲེགས་བཏང་ནས་འདུག་རྒྱུ་ཡིན་ནམ། གྲ་སྒྲིག་གཞན་ཡོད། བོད་པ་གཅིག་ཀྱང་མ་ལྷག་ཀྱང་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་ཡིག་ཆ་དེ་དག་ཡིག་ཚགས་ནས་ནམ་ཡང་མི་ཡལ་ལ་རྒྱལ་སྤྱིའི་ལྡིང་ཆ་ནས་བོར་མི་སྲིད། དེ་ལྟར་འདི་ནས་སེམས་ལ་གང་དྲན་དང་ཁ་ནས་གང་བཤད་མིན་པར་བོད་ནང་གི་མེ་བསྲེགས་ལ་བསམ་བློ་གཏོང་རྒྱུ་དང་། བོད་ནང་ནས་རང་ལུས་མེ་བསྒྲོན་ནས་མེ་འབར་ན་བཙན་བྱོལ་ནས་གཞན་གྱི་རྒྱལ་དར་མེ་བསྲེགས་ཏེ་དུ་བ་འཕྱུར་རྒྱུ་ཡིན་ནམ།
མཐའ་དོན། ལས་འགུལ་འདི་གཅིག་པོ་ཕྱིར་འཐེན་བྱ་རྒྱུ་ནི་བོད་རིགས་མང་བོ་ཞིག་གི་ཚབ་ཏུ་རེ་སྐུལ་ཞུས་པ་ཡིན། འདི་ནི་དུས་བབ་ནས་གཞོན་ནུའི་ལས་འཆར་ཁག་ཅིག་མཐོང་སྟེ་སེམས་ཀྱིས་མ་བཟོད་ནས་བྲིས་པ་ལས་གཞན་གཞོན་ནུ་ལ་བརྩི་བཀུར་མེད་པ་དང་ཁ་ལན་སློག་པ་ལྟ་བུ་ཞིག་ལ་ངོས་འཛིན་མི་གནང་རྒྱུ་མཁྱེན། དེའི་ནང་དུ་ནོར་འཆུག་ཡོད་སྲིད་པས་དགོངས་དག་ཞུས་པ་དང་ལྷན་དུ་ལམ་སྟོན་དང་གླེང་མོལ་སོགས་ལ་རེ་བ་ཆེ།
དོན་ཡོད་ཅིག་གསུངས་ནས་འདུག རྒྱབ་སྐྱོར་ཡང་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ།།
གཞོན་ལྷན་ལ་མི་དང་ཆབ་སྲིད་ཀྱི་བསམ་བློ་འདྲ་ཡོད་ན་འགྱུར་བ་འཕྲལ་དུ་གཏོང་དགོས་སོ།།
ཨི་རན་ནང་དུ་ཁ་ཆེ་མི་དམངས་ཀྱིས་དབྱིན་ཇིའི་རྒྱལ་དར་མེར་བསྲེགས་དང་ཨི་རག་ཏུ་ཨ་རིའི་རྒྱལ་དར་མེར་བསྲེགས་བཏང་བའི་ངོ་རྒོལ་འདིའི་རིགས་ཀྱིས་ཕན་ཚུན་ལ་ཞེ་འཁོན་སློང་བྱེད་ཅིག་ཏུ་གྱུར་ཡོད། རྒྱ་གཞུང་གིས་གཞོན་ནུའི་སྒྲིག་འཛུགས་ནི་འཇིགས་སྐུལ་བར་ངོས་འཛིན་པ་དང་། ད་ཐེངས་བོད་ནང་གི་མེ་ལྕེ་ལས་འགུལ་དེ་གཞོན་ནུའི་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱས་པ་རེད་ཅེས་ཟེར་གི་མེད། ཏཱ་ལའི་བླ་མས་བརྒྱུད་སྐུལ་བྱས་པ་རེད་ཟེར་གི་ཡོད་པ་རེད། དོན་དག་ངོ་མ་རྒྱ་གཞུང་གིས་བོད་མིའི་ཐོག་ལ་སྲིད་ཇུས་དམ་བསྒྲགས་བྱེད་པའི་དབང་གིས་བོད་རང་ས་ནས་ལས་འགུལ་འདི་དག་བྱུང་བ་ཡིན་པ་ལས་ཕྱི་ལོགས་ནས་བྱུང་བ་མ་རེད། རྒྱལ་དར་མེར་བསྲེགས་ཀྱི་ལས་འགུལ་འདི་ཕན་ཚུན་ལ་ཁོང་ཁྲོ་སློང་བ་ལས་ཕན་ཐོགས་ཤིག་མ་རེད། དམིགས་རྒྱང་རིང་བའི་དགོངས་པ་ཡག་པོ་བཞེས་དགོས།
རྒྱ་མིས་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་རྡོག་རྫིས་གཏོང་ཆོག་ན། ང་ཚོས་རྒྱ་ནག་གི་རྒྱལ་དར་མེར་ཅིའི་ཕྱིར་སྲེག་མི་ཆོག ཞེ་འཁོན་སློང་མི་ཉན་ན་ལས་འགུལ་གང་ཡང་མ་སྤེལ་ན་དགའ་འོ། །
ཨ་རིག་དགེ་མཐོང་ཞེས་པས་གསུངས་པར་རྒྱབ་སྐྱོར་ཡོད། གཞོན་ལྷན་གྱིས་སྐབས་རེ་གླེན་རྟགས་བརྩེས་པའང་མངོན་སུམ་རེད། རྒྱ་ནག་གི་རྒྱལ་དར་མེར་སྲེག་གིས་ཕན་མི་ཐོགས་པ་ཟུར་བལྟས་ལེབ་མཐོང་རེད། འོན་ཀྱང་དེས་འཕྲལ་ཕུགས་གང་ལའང་གནོད་རྒྱུ་ཡིན་པ་བྱིས་པ་ལོ་བཅུ་གྲངས་སོན་པས་ཀྱང་མཁྱེན་མདོག་ཁ་པོ་རེད། རྒྱའི་རྒྱལ་དར་མེར་སྲེག་གཏོང་རྒྱུའི་ལས་འགུལ་གྱིས་རྒྱ་ནག་མི་མང་ལའང་གནོད་ཀྱི་རེད། ཁོང་ཚོར་གནོད་ན། གཞོན་ནུས་རྒྱུན་དུ་༸གོང་ས་མཆོག་གི་དགོངས་པ་ཤར་སྐྱོད་གནང་གི་ཡིན་གསུངས་པ་དང་ཏག་ཏག་བསྡད་མེད་པ་རེད། ༸གོང་ས་མཆོག་གིས་རྒྱུན་དུ་རྒྱ་ནག་མི་མང་དང་མཐུན་འབྲེལ་གནང་སྟེ། མི་མང་ལ་བོད་ཀྱི་གནས་ཚུལ་ངོ་མ་གང་ཡིན་གསལ་བཤད་བྱེད་དགོས་པའི་དགོངས་པ་བླ་མེད་རྡོག་རོལ་དུ་མ་གཏང་རོགས་གནང་།
མེར་སྲེག་གི་ལས་འགུལ་ཞིག་སྤེལ་འདོད་ཡོད་ན། གསོབ་ཇེ་མང་བཟོས་པའི་སྟེང་དུ་རྒྱ་ནག་གི་དཔོན་ངན་དེ་དག་གདོང་ཁོ་ན་པར་སློག་བརྒྱབ་ནས་གཡོགས་པ་ཁག་མེར་སྲེག་བཏང་བ་ཡིན་ན། དེས་རྒྱ་ནག་མི་མང་ལ་གནོད་དཀའ།
རྒྱ་གར་མེ་སྲེག་གཏོང་མིན་གལ་ཆེན་པོ་གང་ཡང་མ་རེད། དེ་ནི་མིང་ཙམ་གྱི་ལས་འགུལ་སྤེལ་སྟངས་ཤིག་གམ་མི་དམངས་ཀྱིས་མཐོང་ས་ལ་ཁ་རྒྱགས་པ་བཤད་སྟངས་ཤིག་ལས། ཕན་ཐོགས་ཡོད་པ་ཞིག་མ་རེད། ད་ལོ་གཞོན་ནུ་ཚོགས་པའི་ས་མིག་མ་སྟོང་ཙམ་གྱི་ལས་འགུལ་རེ་སྤེལ་ཁུལ་གྱིས་ལྷིང་འཇགས་སེ་སྡོད་ཚུགས་པ་ལ། ན་ནིང་གཞོན་ནུ་ལས་བྱེད་ཁ་ཤས་ཀྱིས་ཟས་བཅད་ངོ་རྒོལ་བྱས་པ་དེ་ཚོ་ནི་མི་མང་གིས་ཁོ་རང་ཚོ་ཡག་པོ་མཐོང་ཆེད་ཡིན་པའི་སྒྲུབ་བྱེད་ཅིག་ནི། ད་ལོ་ཟས་བཅད་ངོ་རྒོལ་བྱ་དགོས་པའི་མིང་ཙམ་ཡང་གླེང་སློང་བྱེད་ཕོད་ཀྱི་མེད་པ་དེ་རེད། གཞོན་ནུ་ཚོགས་པ་ནི་མིང་གྲགས་ལ་དགའ་བའི་མི་རེ་གཉིས་ཤིག་གིས་ཁེ་དབང་འཐབ་རྩོད་བྱེད་སའི་རྐུབ་བཀྱགས་སྙིང་རྗེ་ཤོས་དེ་རེད། གཞོན་ནུ་ཚོགས་པས་བོད་མི་མང་དང་རྒྱལ་བ་རིན་པོ་ཆེར་ཕན་ཐོགས་མི་སྲིད།
ཨ་རིག་བན་རྒན་ལགས་ག་ཚོད་བར་དུ་རྒྱ་ནག་པོ་ལ་ཁ་ཡག་ངོ་དགའ་བཤད་ནས་འདུག་རྩིས་ཡོད།
གུང་ཁྲན་རང་ལུགས་གིས་ང་ཚོའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོ་དམར་བོ་མེ་ལ་གཞོབ་དགོས་ཐུག་པའི་འཇིག་བསྐུལ་དང་དྲག་གནོན་སོགས་བྱེད་ཆོག་ན་ང་ཚོས་ཁྲག་གིས་སྦག་པའི་དར་དམར་དེ་མེ་རུ་་སྒྲོན་མི་ཆོག་པའི་རྒྱུ་མཚན་ཅི་རེད། དར་དམར་དེ་ཙམ་མ་ཟད་པའི་པེ་ཅན་ཕོ་བྲང་གི་རྒྱ་དཔོན་ཧོས་གཙོས་པའི་དཔོན་ངན་ཆེ་དགུ་ཡོད་ཚད་མེ་རུ་བསྲེག་པའི་གོ་སྐབས་བྱུང་ནའང་དགའ་བཞིན་སྤྲོ་བཞིན་ཀྱི་ངང་ནས་བསྲེག་རྒྱུ་ཡིན།
མ་ཤི་གསོན་པོར་དམྱལ་བ་ཟག་སོང་ནའང་འགྱོད་པ་མེད། བདུད་རྒན་ཧོས་ཅན་ཐོའི་སྙིང་ཁྲག་དྲོན་མོ་ཁམ་གང་དང་སྙིང་ཤ་དྲོན་མོ་ཁམ་གང་ཟ་རྒྱུ་བྱུང་ན་ངའི་རེ་བ་འགྲུབ་སོང་ནི་ཡིན།
བོད་ཀྱི་གཞོན་ནུ་ཚོ་སེམས་ཤུགས་མ་ཆགས་དང་ དགྲ་ཤ་དམར་བོ་ལེན་དུ་འགྲོ།
ཨ་རིག་དགེ་མཐོང་ཟེར་བའི་མི་ངན་ཁ་ཤས་གཉན་དང་སྒྲ་བོ་ཨ་ཕ་དང་ལག་དམར་སྭོ་ཧ་དང་ལ་བརྩས་གོ་ལོགས་ཐུབ་པས་དབྱེ་བར་བྱེད་མི་ནུས་པའི་དུས་ལ་བསླེབ་འདུག་པས་བོད་ནང་གི་བོད་མི་དག་ལ་དགྲ་བོ་རྒྱ་གཞུང་གིས་བསད་གཅོད་རྡུང་བས་མནར་གཅོད་གཉུང་དང་གཉུང་བཞིན་པས་ཁྱེད་ཚོ་མི་ངན་དག་གིས་དགྲ་བོ་ལག་དམར་གཞུ་གི་རྒྱ་དར་ལ་ཤ་ཞེན་དང་བསྐྱེས་བསྐྱོང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
དགྲ་བོ་ལག་དམར་གཞུང་གི་རྒྱ་དར་སྐར་ལྔ་ཡི་འུག་ཏུ་བོད་མི་རིགས་ཀྱི་བླ་ཆེན་་དང་དཔོན་ཆེན་དེ་ག་ནང་བཞིན་མཁས་དབང་མུས་པོ་དག་གི་རྒྱུ་དངོས་རྩར་ཆེན་རིགས་དང་བླ་ན་མེད་པའི་ཁོར་ཡུག་དང་རིགས་གཞུང་བཅས་རྩ་མེད་བཟོས་ཟིན་པས་ཤུལ་ལུས་དག་མིང་མེད་དུ་བཟོ་བའི་ཇོས་འགོད་དང་བཀོད་བཞིན་པ་རེད།
ཁོང་ཚོས་དེ་དག་ནུས་དུས་བཙན་བྱོལ་ལ་ཡོད་པའི་གཞོན་ནུ་ཚོགས་པས་ལག་དམར་སྐར་ལྔའི་རྒྱ་དར་མེ་རུ་གསེག་མི་རུང་བའི་རྒྱུ་མཚན་གང་ཡིན་ནམ། བཙན་བྱོལ་ལ་ཡོད་པའི་གཞོན་ནུ་ཚོགས་པ་ནི་རང་གི་རྒྱལ་ཁབ་དང་མི་རིགས་དག་གི་མ་འོང་སོན་རྩ་བལྟ་བུ་གཞོན་ནུ་ཆུ་གཅིག་ཡིན། རང་ཉིད་ནི་གཞོན་ནུ་ཚོགས་པར་འཛུར་ཞུགས་ཞབས་ཞུ་མ་གཉོང་ཏེ་ཡིན་ན་ཡིན་བདག་གི་ཡིད་ཆེས་དང་རེ་བ་བློ་གཏད་བྱེད་ས་གཞོན་ནུ་ཚོགས་པ་དང་བོད་ཀྱི་གཞོན་ནུ་དག་ཡིན་དེ་དག་ལ
སུ་ཁ་གཏད་དུ་ལང་ཡོང་ན་ཡང་གུས་རང་ཉིད་ཀྱིས་དུས་ནམ་ཡང་ཐལ་བར་མི་གཏོང་ཁོ་ཐག་ཡིན་།།
ལས་འགུལ་མ་རྩོམ་གོང་ལ། གཞོན་ནུ་ལྷན་ཚོགས་ཀྱིས་བསམ་བློ་ཐོངས། མཐུན་འབྲེལ་ཕྱོགས་ལ་བསམ་བློ་ཐོངས་། རྒྱ་བོད་གཉིས་ཀ་ལ་བསམ་བློ་ཐོངས། རེ་བ་བཟང་ས་ལ་བསམ་བློ་ཐོངས། བསམ་བློ་ཐོངས། རྒྱ་དང་མམཐུན་ན་ཡང་བོད་དང་མཐུན་པ་གྱིས། བསམ་བློ་ཐོངས། འགྱོད་པ་རྗེས་ལ་ཡོང་ན་་་་་་་་་་
གཞོན་ནུ་ཚོགས་པ་དང་བོད་ཀྱི་གཞོན་ནུ་དག་གིས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་ལས་མགོ་གང་སྤལ་ན་ཡང་ཁྱེད་ཅག་ལ་གདུང་སེམས་མཉམ་སྐྱེད་ཡོད་ཁྱེད་རྣམས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་བབས་འོས་དང་འགེན་ཕྲི་ནི་ཁྱེད་རྣམས་ལ་ཡོད་ཞུར་དུ་འགོག་རྐྱེན་བྱེད་ཉིན་མི་ངན་ཁ་ཤས་ཀྱིས་འཐེ་བརྟོགས་བྱེད་སྲིད་ཀྱང་དུས་ནམ་ཡང་ཞུམ་དགོས་དོན་མེད་ང་ཚོ་ལ་བདེན་པ་དང་རྒྱུ་མཚན་ཡོད་ནམ་ཞིག་བདེན་མཐའ་དེ་གསེལ་ངེས་རེད་། གཞོན་ནུ་ཚོགས་པ་དང་བོད་ཀྱི་གཞོན་ནུ་དག་རྒྱལ་གྱུར་གཅིག་བོད་རྒྱལ་ལོོོོོོོོོོོོོོོོོོོོ
ངའི་སེམས་ཀྱི་རེ་བ་དག་བཤད་ས་ཡོད་སའི་གཞོན་ནུ་ལ་འབོད་སྐུལ་ཞུས་པ་ཡིན། དེ་དང་ལྷན་དེའི་ལྡོག་ཕྱོགས་ནས་བསམ་འཆར་འདོན་མཁན་བྱུང་ན་དེ་ཡང་རང་དབང་རང་རང་གི་ལྟ་ཚུལ་ཡིན་པས་ང་ལ་དམིགས་བསལ་གྱི་གནོད་རྒྱུ་གང་ཡང་མེད། གང་ལྟར་བསམ་བློ་ཞིག་བཏང་སྟེ་ལས་འགུལ་དེ་གཅིག་པོ་ཕྱིར་འཐེན་བྱས་སོང་ན་དེའི་འཐུས། དྲ་གྲོགས་ཚོ་ཕེབས་པར་ནས་དགོངས་ཚུལ་གསུངས་པ་ཧ་ཅང་དགའ་ཡོད།
ཨ་དགེའི་རྩོམ་ཡིག་མགྱོགས་ཀློག་ཅིག་བྱས་པ་ཡིན། འོན་ཀྱང་གོ་རྒྱུ་ཡོད་པ་བརྒྱ་ཆ་ལྔ་བཅུ་དང་མེད་པ་བརྒྱ་ཆ་ལྔ་བཅུ་རེད། རྒྱ་མིའི་དར་ཆ་མེ་ལ་བསྲེག་མི་ཆོག་ཟེར་བ་ནི་རྒས་འཁོགས་དག་གི་བསམ་བློའི་བྱིན་རླབས་ཙམ་ལས་རང་རིགས་ལ་ཞེན་ཆགས་སམ་ཕན་པའི་ཐབས་ཤིག་མིན། གནའ་བོའི་ངག་རྒྱུན་ལ། སྟག་ཡ་ཁ་ཡོད་ན་མ་ཁ་ཡོད། རི་ཕ་རི་ཡོད་ན་ཚུར་རི་ཡོད། ཅེས་པ་ལྟར་དགྲ་བོ་རྒྱ་དམར་ཚོས་སྐྱབས་མགོན་བླ་མའི་སྐུ་པར་རྡོག་བརྫིས་དང་མེར་བསྲེག་བཏང་དུས་བོད་མའི་སེམས་ངོགས་ན་ཚོར་སྣང་ཅི་ཞིག་འོང་མིན་མི་ཤེས་འདུག་པ་འདྲ། དེས་ན་ཁྱོད་ཚོའི་རྒྱལ་དར་མེ་ལ་བསྲེག་པ་ལས་བརྒྱ་འགྱུར་ཞིག་ང་ཚོའི་བླ་མའི་སྐུ་པར་རྡོག་བརྫིས་བཏང་བ་དང་སྤུན་གྲོགས་དམར་གསོད་བཏང་བ། ཆོས་དང་རིག་གཞུང་བསྣུབ་པ་སོགས་ཤ་ཐོག་གི་མེ་བཙའ་ཞིག་འོན་གིན་འདུག་ཅེས་པའི་བརྡ་ལེན་ཙམ་ཞིག་ཡིན། ད་དུང་གཞིས་ལུས་སྤུན་ཟླ་རང་སྲོག་མེ་རུ་གཏོང་ནུས་མཁན་ཡོད་ན་བོད་ཀྱི་རྒྱལ་ས་ལྷ་ས་ལྟ་བུར་ཡོང་ནས་མེ་ལ་བསྲེག་དགོས་པའི་ལམ་སྟོན་བྱེད་ནུས་ན་ཤི་བ་རླབས་ཆེ་ཞིང། བྱས་པ་གཟི་བརྗེད་ཆེ། གཞོན་ནུ་ལྷན་ཚོགས་ཀྱི་ལམ་དེ་ནོར་ཡོད་ན་བོད་གཞིས་བྱེས་གཞིས་ཀའི་ལམ་ཡོད་དོ་ཅོག་ནོར་ཡོད་བ་ཐག་གིས་ཆོད་དོ་ཅེས་མགྲིན་པ་བསྲིང་ན། ཨ་རིག་ཚང་ལ་ཚག་སྒྲ་དང་
ལྡིར་སྒྲ་ཅི་འདུག་ལྟའོ།
ཞལ་ལུ་དཀར་པོ་ལགས་ཕེབས་པར་དགའ་བསུ་ཡོད། ཁོ་བོས་སྔོན་མ་༼མི་རིགས་མཐུན་སྒྲིལ་ལ་ཕྱོགས་གཉིས་ཀྱིས་གཟབ་དགོས༽་ཞེས་པའི་རྩོམ་ཡིག་སྤེལ་བ་མ་ཟད། དེ་ནི་རྒྱ་བོད་མཛའ་འབྲེལ་མཐུན་གྱི་དེབ་ཅིག་གི་ནང་དུ་བཀོད་ཡོད། ད་དུང་རྒྱ་ཡིག་དང་དབྱིན་ཡིག་བོད་ཡིག་གསུམ་སྟེང་ན་ཡོད། དེའི་བརྗོད་དོན་ནི། རྒྱ་ནག་པ་ཁག་ཅིག་གིས་༧གོང་ས་མཆོག་གི་སྐུ་པར་ཞིག་ལ་ཕག་མགོ་བཟོས་ནས་ཐག་པའི་འདྲུད་འཐེན་བྱེད་ཀྱིན་པ་ཞིག་མཐོང་བས་བོད་ནང་གི་སྤུན་ཟླ་རྩོམ་པ་པོ་གང་མང་གིས་རྒྱ་ཡིག་དྲ་ཚིགས་དེ་དག་བརྒྱུད་ཐད་ཀར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད། ང་ཐེ་བའི་བོད་མི་མང་བོ་ཞིག་གིས་དེ་མཐོང་བས་སེམས་པ་བློང་བློང་བོར་གྱུར། དེའི་ཕྱིར་རང་སྟེང་ནས་དཔེ་བླངས་ནས་རྒྱ་ནག་གི་རྒྱ་དར་དང་སྲིད་འཛིན་སོགས་ཀྱི་པར་མེ་བསྲེགས་མ་གཏོང་ལབ་ཡིན། དེ་རེད།
ད་ལྟ་བསམ་ན་རྒྱ་ནག་གི་སྲིད་འཛིན་སོགས་ཀྱི་པར་མེ་བསྲེགས་གཏོང་འོས་ཀྱང་རྒྱ་དར་ནི་དམར་ཕྱོགས་ཀྱི་དབང་འཛིན་སྒེར་གཅོད་པ་དག་ཁོ་ནའི་མ་ཡིན་པས་དེ་མེ་བསྲེགས་བཏང་ན་རྒྱ་རིགས་སྤུན་ཟླ་ཚོ་ལ་ཕོག་འགྲོ་བར་དོགས་པ་ཙམ་ཡིན། གང་ལྟར་བུ་ངར་མེ་བསྲེགས་གཏོང་རྒྱུ་ཟེར་ན་རང་དབང་ལུང་བ་ན་ཡོད་པས་ཅི་བྱེད་ཕལ་ཆེར་རང་དབང་རེད། དེ་ལ་བཤད་རྒྱུ་མེད། འོན་ཀྱང་གཞོན་ནུ་ནི་ཚོགས་པ་ཞིག་དང་རེ་བ་རྒྱག་ས་ཞིག་ཡིན་པས་བསམ་འཆར་བཤད་པ་གོང་དུ་སྨོས་ཟིན། བདེ་མོ།
ཨ་རིག་དགེ་མཐོང་ལགས་ཁྱེད་ཀྱིས་ཅིའི་ཕྱིར་ཨུ་ཚུགས་རྒྱག་ནས་ལག་དམར་གྱི་དར་དམར་འདི་མེ་རུ་བསེགས་མི་རུང་ཟེར་བ་ཡིན། ང་ཚོ་བོད་མི་རིགས་འདི་ལ་སྐར་ལྔའི་དར་དམར་འདི་མགོ་ཚུགས་ནས་བརྗོད་མི་ནུས་བའི་གོད་ཆགས་བྱུང་བ་རེད་མཁྱེན་ལྡན་གྱི་དཔའ་བོ་རྒྱ་མི་རིགས་ཀྱི་ཤེས་ཡོན་པ་དག་གིས་ཀྱང་བརྗོད་དང་བརྗོད་བཞིན་པ་རེད་དེ་ནི་ནོར་འཁྲུལ་ཡིན་པ་ལག་དམར་ཁོ་ན་མ་གཏོགས་བསམ་ཤེས་དང་ཉེན་ཤེས་ཐུབ་ཀྱི་རེད
ཨ་དགེས་བཤད་པར་གནས་ལུགས་རི་ལས་མཐོ།། ཐན་ཁེ་ཡོས
ཨ་དགེས་དོན་མཐུན་ཞིག་བཤད་འདུག ཡི་རངས་ཞུ། གཞོན་ལྷན་གྱིས་ཐུགས་གནང་དགོས། བོད་རྒྱ་མཐུན་ལམ་བཟོ་དགོས་པ་ལས་རྒྱ་མི་རིགས་དོ་ཕོག་གིས་ཅི་ཕན། དེ་ལས་མ་མཐའ་མི་འཇོན་ནའང་རྒྱ་དམར་གུང་ཁྲན་གཞུང་ལ་གནོད་པའི་ལས་འགུལ་ཅུང་ཙམ་རེ་སྒྲུབ་ནུས་ན་ཅེས་མ་རུང་།
༄༅།།ཨ་རིག་དགེ་མཐོང་ཟེར་བའི་མི་འདི་སྨྱོ་འདུག །རྒྱ་མིའི་རྒྱལ་དར་མེར་བསྲེག་བཏང་བས་རྒྱ་མིར་གནོད་ཀྱི་་ཅེས་སྐད་ཆ་བཤད་དགོས་དོན་གང་ཡིན་ནམ། རྒྱ་མིས་བོད་མི་ག་ཚོད་བསད་སོང་ངམ། དགོན་པ་ག་ཚོད་གཏོར་སོང་ངམ། བོད་མིར་གདུག་རྩུབ་བཏང་དང་གཏོང་བཞིན་པ་འདི་ལམ་སེང་ཚམ་འཇོག་དགོས་ཅེས་རྒྱ་མི་ལ་ཕར་བཤོད་དགོས་པའི་སྐད་ཆ་དེ་མ་བཤད་པར། བོད་མིས་རྒྱ་མིར་ཞི་རྒོལ་གྱི་རྒྱལ་དར་མེར་བསྲེགས་པ་དེར་ཁྱོད་ཀྱི་འཚེ་བ་བཤད་ཀྱི་ཡོད་དམ། ད་དུང་བོད་ཀྱི་གཞོན་ནུ་ཚོགས་པར་སྐྱོན་བརྗོད་དང་ཟུར་བཟའ་བྱེད་པ་དེ་ནོར་བ་རེད། ཁྱོད་ཀྱིས་ཁ་ཤར་ལ་བལྟ་རྒྱུ་དེ། སྟུག་ཚང་ལ་བལྟ་གི་འདུག ། ཕྱི་མི་བོད་དོན་རྒྱབ་སྐྱོར་བྱེད་མཁན་ལ་གནོད་ཀྱི་ཡོད་ལུགས་བཤད་ནས་རྒྱ་མིར་རྣམ་འགྱུར་བསྟན་དགོས་པའི་བཟོ་བསྟན་གྱི་འདུག ། ཕྱི་ལོ་༡༩༤༩ལོ་ནས་བོད་མིར་རྒྱ་མིར་མཐུན་ལམ་དང་འབྲེལ་ལ་མ་གང་དྲག་བྱས་པ་རེད། རྒྱ་མིའི་གཡོག་པོ་རྒྱུག་ནས་རྒྱ་མིར་ལམ་བཟོ་བྱས་པ་རེད། རྒྱ་མིར་བཟའ་འབྲུ་རོགས་རམ་བྱས་པ་རེད། རྟ་དྲེལ་བཏང་ནས་རྒྱ་མིའི་སྐྱེལ་འདྲེན་བྱས་པ་རེད། རྒྱ་མིའི་ལམ་སྣ་འཁྲིད་དེ་བོད་ནང་འཛུལ་པ་རེད། རྒྱ་མིར་བསྡོད་ཁང་གཡར་ཚོང་བྱས་པ་རེད། འོན་ཀྱང་དེ་རྣམས་ལ་དྲིན་ལན་གསབ་རྒྱ་ཕར་བཞག་ཐ་ན་༡༩༥༩ལོའི་ཟླ་༣པའི་ནང་བོད་ཀྱི་རྒྱལ་ས་བཙན་བཟུང་བྱས་པ་རེད། དེ་ཚོ་ཧ་གོ་གི་མི་འདུག་གམ། རྒྱ་མིར་ངོ་རྒོལ་བྱེད་པ་དང་རྒྱལ་དར་མེར་བསྲེག་བྱེད་པ་འདི་སུས་བཟོས་པ་རེད་དམ། ཕ་རོ་བཟའ་རྒྱུ་རྒྱ་མིའི་རྒྱལ་དར་མེར་བསྲེག་པར་སྐྱོན་བརྗོད་པྱེད་པ་འདི་ཡ་མཚན་རེད། ཁྱོད་ལ་རྒྱ་མིའོ་སྒོར་མོའམ། ཡང་ན་རྒྱ་མིའི་སྟུ་མཇེ་གང་རུང་ལ་ཡིད་གཏིང་ནས་མཚིམས་པ་ཞིག་ཡིན་ངེས་འདུག །ཇི་སྲིད་བོད་དེ་རང་དབང་མ་བྱུང་བར་དེ་སྲེད་དུ་རྒྱ་མི་གུང་ཁྲན་ལ་ངོ་རྒོལ་དང་དེའི་
དར་དམར་བསྲེག་རྒྱུ་ཡིན།།
ཨ་རིག་དགེ་མཐོང་ལགས། ཁྱོད་ཀྱིས་གསུངས་པ་ལ་རྒྱབ་སྐྱོར་ཡོད། གཞོན་ནུ་ཚོགས་པས་ཐག་གཅོད་དང་ཚོགས་མི་དག་གིས་་དེ་འདྲའི་སྐད་ཆ་བརྗོད་པ་ནི་སྐབས་ཐོག་གི་ཚོར་ཤུགས་ཆེ་རུ་ཕྱིན་པ་མིན་ནམ། དོན་དངོས་ལ་ཁྱོད་ཀྱིས་བརྗོད་པ་བཞིན་རྒྱ་ནག་གི་རྒྱལ་དར་མེ་བསྲེགས་གཏོང་བ་དེས་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་གྱི་སྙིང་ལ་ནད་ཚ་བཟོ་ལས་བོད་ཀྱི་མ་འོངས་པའི་བདེན་དོན་ལ་ཕན་པར་དཀའ། ༧གོང་ས་མཆོག་གིས་ཀྱང་གསུངས་མྱོང་སྟེ། རྒྱ་ནག་མི་དམངས་ལ་ཡིད་ཆེས་ཡོད་མོད། རྒྱ་ནག་སྲིད་གཞུང་ལ་ཡིད་ཆེས་མེད་ཟེར་བ་དེས་རྒྱ་ནག་མི་དམངས་དང་བོད་མི་རིགས་ཀྱི་མཐུན་ལམ་དམ་དུ་གཏོང་དགོས་པ་ཞིག་སྟོན་གྱི་འདུག་བསམ་ཀི
རྒྱལ་ཁབ་སུ་ཞིག་གི་མི་རིགས་ལ་མཚོན་ནའང་རང་ཉིད་ཀྱི་རྒྱལ་དར་ལ་བརྩེ་བ་དང་བརྩི་མཐོང་ལོས་བྱེད། དེས་ན་རྒྱ་ནག་མི་དམངས་ཀྱིས་རང་ཉིད་ཀྱི་རྒྱལ་དར་ལ་བརྩི་མཐོང་བྱེད་བཞིན་ཡོད་པས་དེ་ལ་ཕོག་ཐུག་བཟོ་མི་རུང་། དེ་ལས་གཞོན་ནུའི་ཚོགས་པའི་ངོས་ཐད་ནས་སྐབས་ཐོག་གི་ཛ་དྲག་རང་བཞིན་གྱི་བྱ་འགུལ་འདི་ལ་གདུང་སེམས་མཉམ་བསྐྱེད་བྱེད་ན་གོ་སྒྲིག་དང་འཆར་གཞི་ཡོད་པའི་སྒོ་ནས་བོད་ནང་དུ་བསྐྱོད་དེ་དཔའ་བོ་དཔའ་མོ་དག་དང་མཉམ་དུ་རང་ལུས་མེ་བསྲེགས་ཀྱི་བྱ་འགུལ་ཞུགས་ཐུབ་ཚེ་ཧ་ཅང་གི་དོན་སྙིང་དང་རིན་ཐང་ཆེ། ཁ་བཤད་དོན་ལ་གནས་པའི་གཞིས་ལུས་མི་མང་ལ་རྒྱབ་སྐྱོར་བྱས་པ་རེད།
ལ་་་་་་་་་ཞིག་ཆད་འདུག
ཨ་རིག་དགེ་མཐོང་ལགས་ཀྱི་དགོངས་ཚུལ་ནི་ཡང་དག་པ་དང་མངོན་སུམ་བདེན་པ་རེད། ང་རང་ཡང་དེ་བཞིན་བསམ་ནས་ཡོད། ཁྱེད་རང་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད་པ་མ་ཟད། ད་ལྟ་དུས་ཚོད་གཏོགས་ཙམ་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཀྱང་ངེས་པར་དུ་ཐུགས་བསམ་བཞེས་རོགས། རྒྱལ་དར་མེར་བསྲེག་གི་ལས་འགུལ་དེའི་བོད་ཀྱི་རྩ་དོན་ཐོག་གནོད་པ་མ་གཏོགས་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པ་གསལ་པོ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཚུད་པའི་ང་ཚོ་ཚང་མ་ནི་རང་དབང་ལུང་པར་ཡོད་པའི་སྲོག་གི་ཉེན་ཁ་མེད། འོན་ཀྱང་ལས་འགུལ་དེ་འདྲ་སྤེལ་བའི་རྗེས་ལ་བོད་ནང་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་སྲོག་ལ་ཉེན་ཁ་བརྒྱ་ཆ་བརྒྱ་ཡོད་པ་རེད། ད་ལྟ་སོ་སོའི་ནང་དུ་ཡོད་མཁན་ཚོ་ཚང་མ་བཙོན་ཁང་ནང་དུ་སླེབས་ངེས་དང་ད་ལྟ་བཙོན་ཁང་དུ་ཡོད་པ་རྣམས་ལ་ཉེས་བརྡུང་མང་བ་རགས་ངེས་རེད། ང་ཚོ་རང་དབང་ལུང་པར་ཡོད་པ་རྣམས་ནས་ལས་འགུལ་ག་འདྲ་སྤེལ་ཡང་བོད་ཀྱི་རྩ་དོན་དང་བོད་ནང་གི་བོད་མི་ཚོའི་གནས་སྟངས་གཞི་ལ་བཞག་ནས་བསམ་བློ་གཏོང་རྒྱུ་དང་ལས་འགུལ་སྤེལ་རྒྱུ་ཤིན་ཏུ་ནས་གལ་ཆེ། ད་རེ་གཞོན་ལྷན་ནས་ལས་འགུལ་འདི་ཕྱིར་འཐེན་བྱེད་པ་ཡིན་ན་གཞོན་ལྷན་ལ་མང་ཚོགས་ཀྱི་མུ་མཐུད་ཡིད་ཆས་སྡོད་ངེས་རེད། གང་ཡིན་ཟེར་ན་ནོར་འཕྲུལ་མི་ལ་འོང་སྲིད། ནོར་འཕྲུལ་ཧ་གོ་རྗེས་དེ་ལ་བསྒྱུར་བ་མི་གཏོང་ནས་མུ་མཐུད་ཨུ་ཚུགས་བྱེད་ན་མང་ཚོགས་ཀྱི་ཡིད་ཆས་བརླག་ངེས་རེད། འདི་ནི་ཉེན་བརྡ་ཤུགས་ཆེ་གཅིག་ཡིན།
ད་ཁྱེད་ཚོ་ཚང་མ་རང་འདོད་ཁོ་ན་བཤད་ནས་འདོད། རང་ངོས་ནས་གནད་ལ་འཕིག་པའི་བསམ་འཆར་གཅིག་ཀྱང་འདོན་མི་ཐུབ་ན་གཙོག་གེར་བཟུགས་ན་མཛེས་སོ།
གཉན་གཡག་ཕྲུག་ལགས།
རྒྱའི་རྒྱལ་དར་མེར་བསྲེག་གཏོང་རྒྱུའི་ལས་འགུལ་ནས་ཚུར་ལ་འབྲས་བུ་ག་འདྲ་ཞིག་རེ་བ་རྒྱག་གི་ཡོད་དམ། ཁྱེད་ཀྱི་བསམ་བློ་ཕྲུ་གུ་ཆུང་ངུའི་བསམ་བློ་ལྟ་བུ་ཡིན་འདུག་པའི་ཁྱེད་རང་ལ་ཕྲུ་གུ་ཆུང་ཆུང་གཅིག་ཏུ་འཛིན་ནས་ངའི་འགྲེལ་བརྗོད་བྱེད་ཆོག
གལ་ཏེ་ཁྱེད་རང་གི་ནང་ལ་སྟོབས་ཆེན་མི་མང་པོ་འཛུལ་ཡོང་ནས་ཁྱེད་ཀྱི་ནང་མི་ཆ་ཚང་འཛིན་བཟུང་བྱས་རྗེས་ཁྱེད་རང་ནང་གི་ཨ་ཕ་དེ་ཡིན་པར་རང་ཉིད་ཀྱི་ནང་དང་ནང་མི་སྐྱོབ་ཆེད་ས་ཆ་གཞན་དུ་བྲོས་ཕྱིན་པ་རེད། དེ་ནས་དུས་ཚོད་གང་འཚམས་ཞིག་ནས་ཁྱེད་རང་གི་ཕྱི་ལོག་ནས་རོགས་པ་གང་མང་འཚོལ་སྒྲུབ་བྱས་རྗེས་རང་ཉིད་ཀྱི་ནང་དང་ནང་མི་སྐྱོབ་ཏུ་འོང་གྲབས་བྱེད་པའི་སྐབས། མི་གཞན་ཞིག་གི་ཧ་གོ་བཞིན་དུའམ་ཧ་མི་གོ་བཞིན་དུ་ཁྱེད་རང་གི་ནང་དང་ནང་མི་བཙན་འཛུལ་བྱེད་མཁན་ལ་གནོད་པ་སྐྱེལ་བ་ཡིན་ན། ཁྱེད་ཀྱི་ག་རེད་བྱེད་ཀྱི་ཡིན་ནམ། ཁྱེད་ཀྱི་མི་དེ་ལ་རོགས་པ་བྱེད་ནས་ད་དུང་གནོད་པ་སྐྱེལ་གྱི་ཡིན་ནམ། དེའི་འབྲས་བུ་ག་འདྲ་ཞིག་ཡོང་གི་རེད་དམ། གལ་ཏེ་ཁྱེད་ཀྱི་དེ་འདྲ་བྱེད་ན་ཁྱེད་རང་ཁྱིམ་ཚང་དེའི་ཨ་ཕ་གླེན་པ་གཅིག་ཏུ་ངོས་འཛིན་བྱེད་ཆོག བསམ་བློ་ཡག་པོ་གཏོང་དང།
ད་ཡང་དགེ་མཐོང་ཟེར་བ་འདིའི་གཞད་ཕུག་ངོ་མ་དེ་ག་རེ་ཡིན་མིན་གསལ་པོ་ཞིག་ངོས་འཛིན་ཐུབ་མ་སོང་གང་ལ་ཟེར་ན་ཁོས་བྲིས་པའི་བརྗོད་བྱ་རྣམས་བློ་བུར་དུ་གང་དྲན་ཐམ་ཅད་ཡིག་ཐོག་ཏུ་བཀོད་པ་ནི་ཚིག་ཉོག་ཁོ་ན་ལས་མ་འདས་སོ།
གོང་གི་གཙོག་གེར་བཟུགས་ན་མཛེས་སོ། ཟེར་བ་དེ་གཙོག་གེར་བཞུགས་ནར་བཅོས་རོག་གནང་།
ད་འདི་ཙམ་གྱིས་ལས་ཀ་གཅིག་ལ་འགྲོ་དགོས་བྱང་སོང་ངོ་།
བསྟན་འཛིན་པདྨ་ལགས་རྒྱ་མིའི་རྒྱལ་དར་མེར་བསྲེག་གཏོང་རྒྱུའི་ལས་འགུལ་འདིའི་བོད་པ་ཚོར་གྱོང་ལས་ཁེད་མེད་ཚུལ་གསུངས་འདུག འདི་ལ་གསལ་བཤད་གཅིག་ངེས་པར་དུ་དགོས་པ་འདུག་དེ་ཡང་དེ་སྔོན་མི་རིགས་སམ་རྒྱལ་ཁབ་སུ་འདྲ་ཞིག་ལ་རྒྱལ་དར་མེར་བསྲེག་བཏང་སྟེ་གྱོང་རག་ཚུལ་གསུང་རོག་གནང་ལོ།
ཨ་རིག་དགེ་མཐོང་ལགས་ཀྱིས་བསམ་ཚུལ་ཡག་པོ་གསུངས་འདུག རྩོམ་ཐུང་འདིར་མཆན་འདེབས་མཁན་ཕལ་མོ་ཆེ་ཞིག་གིས་ད་དུང་སྤྱི་ཚོགས་གཉིས་ཇི་ལྟར་བྱས་ན་འགལ་ཟླར་འགྱུར་བ་དང་། ཇི་ལྟར་བྱས་ན་མཐུན་ལམ་ཡོང་བའི་ཐད་ལ་བསམ་བློ་ཙམ་ཡང་བཏང་མི་འདུག་ཅེས་བཤད་རྒྱུ་ཡིན། ལྷག་པར་ལོ་རབས་དགུ་བཅུའི་རྗེས་དང་ལྷག་པར་ཉིས་སྟོང་ལོ་ནས་བཟུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ནུས་པ་ཐོན་པའི་ལས་འགུལ་ཅི་ཡང་སྤེལ་མ་ཐུབ་པར་མ་ཟད། མི་རིགས་གཉིས་དང་རྒྱལ་ཁབ་གཉིས་ཀྱི་བར་ཐག་ཇེ་རིང་དུ་འགྲོ་བའི་ལས་འགུལ་དང་བསྒྲགས་གཏམ་འབའ་ཞིག་སྤེལ་བཞིན་འདུག་པ་འདིས་དྲང་བདེན་ལ་ཁ་ཕྱོགས་པའི་མི་སུ་ལ་ཡང་བློ་ཕམ་བཟོས་ཡོད་ཀྱི་རེད།
ཨ་རིག་དགེ་མཐོང་ལ་རྒྱབ་སྐྱོར་ཡོད། གཞོན་ནུ་ལྷན་ཚོགས་ཀྱི་ཀུན་སློང་ང་དོགས་པ་ཡོད། ཁོང་ཚོའི་རང་བཙན་གྱི་རྨང་གང་ལ་འཇོག་དགོས་ནི་རེད། དེ་སྔའི་དགའ་ལྡན་ཕོ་བྲང་གིས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མ་ཐུག་པར་ཆབ་མདོའི་མན་ལ་བདག་པོ་རྒྱབ་མེད་པ་དེང་སང་གི་ཁྲིམས་དང་ལོ་རྒྱུས་གཉིས་ཀའི་ཡིག་ཆར་གསལ་བོ་རེད། གཞོན་ལྷན་གྱིས་སྔ་མོར་བོད་རང་སྐྱོང་ལྗོངས་སམ་དགའ་ལྡན་ཕོ་བྲང་གི་རང་བཙན་བཤད་ཀྱི་ཡོད་པ་རེད།
༧རྒྱལ་མཆོག་བཅུ་བཞི་པས་ལོ་རྒྱུས་ནག་ཉེས་དེ་དག་གཙང་ཕྱག་གིས་རང་སྐྱོང་གི་ལམ་ཁ་འདེམས་པ་དེ་བོད་རང་གི་ལྗིད་ཁོག་ཡོངས་སུ་མཁྱེན་ནས་དགོངས་ཚུལ་བཏོན་པ་ཞིག་རེད། དེར་བོད་མི་མང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་མ་ཟད་ཁོང་སྐུ་ཚེ་འདིར་བོད་དུ་ཕེབས་རྒྱུར་ཚང་མས་ཚེ་སྲོག་བཏང་ནས་འབད་བརྩོན་བྱེད་བཞིན་པ་ཡིན། ཡིན་ནའང་། གཞོན་ནུ་ལྷན་ཚོགས་བོད་མི་མང་གི་མངོན་འདོད་རྩ་ཆེན་པོ་དེར་ཅིའི་ཕྱིར་གཏོར་བརླག་ཁ་གཏད་གཅོག་གི་ཡོད་པ་རེད་དམ། འདི་ཚང་མས་ཡིད་ལ་འཛིན་དགོས་པ་ཞིག་རེད། ཁོང་ཚོ་དོགས་པ་ཟ་ས་མང་པོ་འདུག
ཨ་རིག་འདི་ངོ་མ་ཁ་ཐུག་བཤད་ཐུབ་པའི་གླིང་གི་དགའ་བདེ་ཆོས་སྐྱོང་བེར་ནག་འདྲ་ཞིག་རེད། གཞོན་ནུ་ཚང་གི་ཚོར་བ་དང་བྱིས་པའི་ལས་ཀ་འདི་དག་ངོ་མ་དགོད་ཤོར་སྤྱད་རེད། འདི་ཚང་ལ་སློབ་སྟོན་པ་ཞིག་ཀྱང་མེད་པ་འདྲ། ཨ་རིག་གིས་སློབ་སྟོན་གནང་བ་དེ་གནད་ལ་འཁེད་འདུག ཨ་རིག་ལགས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཁྱོད་ལྟ་བུའི་སློབ་སྟོན་པ་ཞིག་དགོས་ཀྱིན་འདུག
བདེན་པའི་བརྒྱབ་ལང་ལགས།
རྒྱ་མིའི་རྒྱལ་དར་མེར་བསྲེག་གཏོང་རྒྱུའི་ལས་འགུལ་འདིའི་བོད་པ་ཚོར་གྱོང་ལས་ཁེད་མེད་ཚུལ་ནི་གསལ་པོ་རེད།འཛམ་གླིང་རྒྱལ་ཁབ་སུ་ཝི་སི་དང། ཨོས་ཀྲི་རི་ཡཱ། ནིའུ་ཛཱི་ལེནྜ། ནོར་ཝཱེ། མེཀ་སི་ཀཱོ་ ཉི་ཧོང། ཇཱར་མ་ནཱི། ཕཱ་རན་སཱི། ཕཱིན་ལེནྜ། ཌེན་མཀ ཀོརོ་ཤི་ཡ་ལ་སོགས་པའི་རྒྱལ་ཁབ་མང་པོའི་ནང་རྒྱལ་ཁབ་ཀྱི་རྒྱལ་དར་མེར་བསྲེག་གཏོང་རྒྱུ་ནི་ཁྲིམས་འགལ་དུ་བརྩི་ཡི་ཡོད་པ་དང་དེ་བཞིན་དེ་དག་བྱེད་མཁན་ཚོར་དངུལ་གྱི་ཉེས་པ་ཡོད་པ་མ་ཟད་ལོ་གཉིས་གསུམ་གྱི་ཁྲིམས་བཅད་ཀྱང་གཏོང་གི་ཡོད།
དེ་མ་ཟད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་མེར་བསྲེག་གི་ལས་འགུལ་དེ་འདྲར་ལོ་གསུམ་གྱི་ཁྲིམས་བཅད་ཡོད། རྒྱལ་ཁབ་དེ་ཚོའི་བོད་མིའི་རྒྱལ་དར་མེར་བསྲེག་གི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་རེད་དམ། དེ་ལས་ལྡོག་ཏེ་བོད་མི་རྣམས་བཙོན་འཇུག་བྱེད་ངེས་རེད། དེ་ནས་བོད་ནང་གི་བོད་མི་ཚོར་ཡོད་བཞིན་པའི་སྡུག་བསྔལ་དང་དཀའ་ངལ་ལ་ཁ་སྣོན་མ་རྒྱབ་རོགས་གནང།
གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་བྱེད་རྣམས་ནས་དངོས་གནས་དྲངས་གནས་བོད་ཀྱི་རྩ་དོན་ཐོག་ཕན་ཐོག་ཡོང་བའི་ལས་འགུལ་ཞིག་སྤེལ་འདོད་ཡོད་ན། ཁྱེད་རྣམས་ཚང་མའི་བོད་ཀྱི་ལོ་གསར་དང་དེའི་རྗེས་ཀྱི་གཞུང་འབྲེལ་དགུང་སེང་རྣམས་རང་ཁྱིམ་དུ་མ་བསྡད་པར་བོད་ཀྱི་རྩ་དོན་ཐོག་གི་ལས་ཀ་བྱེད་དུ་ལས་ཁུངས་སུ་ཕེབས་རོགས་གནང། དེ་ནི་ལས་འགུལ་ཚང་མའི་ནང་ནས་ལས་འགུལ་ཤུགས་ཆེ་ཤོས་གཅིག་རེད།
སྙིང་བསྡུས།
ང་ཚོ་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ཆེད་དུ་བོད་མི་སེམས་ཤུགས་ཡོད་པ་རྣམས་གནས་དགོས་ཀྱི་རེད། དེ་བཞིན་འཛམ་གླིང་གི་རྒྱབ་སྐྱོར་དགོས་ཀྱི་རེད། དེ་ནས་རྒྱ་ནག་མི་མང་དང་ཤེས་ཡོན་པ་རྣམས་ཀྱི་རྒྱབ་སྐྱོར་ཡང་ཧ་ཅང་གི་དགོས་གལ་ཆེ་བ་ཞིག་རེད། དེ་གསུམ་ཡོང་བ་ལ་རྒྱའི་རྒྱལ་དར་མེར་བསྲེག་གི་ལས་འགུལ་གྱིས་གནོད་པ་ཤུགས་ཆེ་གཏོང་གི་རེད། སྐུ་མཁྱེན། ཚང་མ་རྡོག་རྩ་ཆིག་སྒྲིལ་གནང་རོགས།
གཞོན་ནུའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད། དར་ཆ་མ་བསྲེགས་བཞག་ནས་མ་ཕན་ན་ད་བསྲེགས་ནས་ཕན་གྱི་ཨེ་འདུག་ལྟ་ལོས་དགོས། སྤྱིར་རྒྱ་མི་དམངས་ཀྱི་བློ་རང་ཕྱོགས་སུ་ཁུག་ཐུབ་ན་བཟང་ཤོས་ཡིན་མོད། རྒྱ་ནག་མི་དམངས་རྨོངས་གཉིད་ལས་མ་སད་ཀྱི་བར་དར་ཆ་དམར་པོ་དེ་སྲེག་ནའང་འདྲ་མ་སྲེག་ནའང་འདྲ་གང་ལྟར་ང་ཚོ་ལ་དགྲ་རུ་འཛིན་གྱི་རེད། ཁོང་ཚོ་གཉིད་ལས་སད་ན་ཁོ་ཚོས་ཡང་དར་ཆ་དམར་པོ་དེ་སྲེག་གི་རེད། དེར་བརྟེན་གཞུན་ནུའི་ལས་འགུལ་ལ་རྒྱབ་སྐྱོར་ཡོད། ཡང་ངས་འདི་ན་ཨ་རིག་ལགས་གཙོ་བོར་བྱས་པའི་ཁ་བརྡའི་མཆན་བུ་བ་རྣམས་ལ་གོ་བརྡ་ཞིག་སྤྲད་འདོད། དེ་ཡང་མང་པོ་ཞིག་གིས་༢༠༠༨ནས་རྒྱ་མི་དམངས་མང་པོ་ཞིག་བོད་མི་ལ་སྡང་བ་དེ་རྒྱའི་དར་ཆ་སྲེག་པ་དང་དཔལ་འབར་འཕྲོག་པ་སོགས་ལ་བརྟེན་པར་ངོས་འཛིན་གྱི་འདུག འོན་ཀྱང་དོན་དངོས་ནི་རྒྱ་གཞུང་གི་བརྙན་འཕྲིན་ཁག་ལས་བོད་མིས་བོད་དུ་ཡོད་པའི་རྒྱ་རིགས་བསད་ཚུལ་དང་རྡུང་ཚུལ། འཕྲོག་བཅོམ་བྱེད་ཚུལ་བསྒྲགས་པ་ལ་བརྟེན་ནས་ཡོང་བ་རེད་མ་གཏོགས། ང་ཚོས་དར་ཆ་དམར་པོ་མེ་ལ་བསྲེགས་པ་དང་དཔལ་འབར་འཕྲོག་པ་རྒྱ་མི་དམངས་ཀྱིས་ཧ་གོ་ཡང་ཡོད་མ་རེད།
ཨ་རིག་གི་བུ་གཙོ་བྱས་ནས་ངོ་མ་རྒྱལ་བ་རིན་པོ་ཆེའི་གསུངས་བརྩི་མཁན་དག་ལ་རྗེས་སུ་ཡི་རང་ཞུ་་་་ཁྱེད་ཚོ་ནས་དུས་ནམ་ཡང་ལས་འགུལ་མ་སྤེལ་རོགས་མ་རྟོགས་རྒྱ་མི་ལ་ཁོང་ཁྲོ་སློང་ཀི་རེད་་་་་་་རྒྱ་མི་དག་གིས་བོད་མི་དམར་གསོད་དང་རྒྱལ་བ་རིན་པོ་ཆེའི་སྐུ་པར་མེ་བསྲེགས་་་བོད་ནང་ལས་འགུལ་འདྲ་མིན་སྤེལ་ཆོག་ན་ང་ཚོའི་རྒྱ་དར་མེ་བསྲེགས་ཟིག་བཏང་ན་ག་རེས་མ་ཆོག་པ་ཡོད་་་་་་ཀོ་རི་ཡ་ནས་རྒྱའི་སློབ་ཕྲུག་དག་གིས་བོད་ཀྱི་རྒྱ་དར་ག་རེས་བྱས་སོང་མཐོང་བྱུང་ངམ་་་་་ཉེ་སྔོན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་ཏུ་ནས་རྒྱ་མི་དག་གིས་བོད་ཀྱི་སློབ་ཕྲུག་བཅར་རྡུང་བྱེད་སྐབས་སྐད་འབོད་ག་རེ་རྒྱག་གི་ཡོད་པ་གོ་བྱུང་ངམ་་་་གཞོན་ནུ་ནས་རྒྱ་དར་མེ་བསྲེགས་བཏང་ན་མ་འགྲིག་ན་་ཁྱེད་ཚོའི་རྒྱ་དར་རྒྱབ་ལ་ཁུར་ནས་སོང་ལོ་་་ཧཧཧཧཧཧཧཧཧཧ
ཨ་རིག་ཚང་རྣ་བ་ཟོད་ཨ། ཁྱོད་དང་འུ་གཉིས་མི་མཐུན་པའི་ལྟ་བ་ཞིག་ལ་རྒྱབ་སྐྱོར་སུ་རེག་ཙམ་དང་ལང་ཕྱོགས་སུ་མང་ཙམ་མིན་པར་ཡིན་ལུགས་ཀྱི་གཏམ་ལ་མགོ་སྔས་ཤིང་། ནུས་སྟོབས་ཀྱི་དཔའ་ལ་རྐང་དྲེད་དགོས། ཁྱོད་ཀྱིས་རྒྱ་ཡི་དར་དམར་མེ་ལ་བསྲེག་ན་རྒྱ་རིགས་མི་དམངས་ལ་ཕོགས་འགྲོ་དོགས་ཀྱི་དོན་ཆུང་ཉི་ཚེ་བ་དེ་དང་རྒྱ་མིའི་དཔོན་ངན་གྱི་འདྲ་པར་མེ་ལ་བསྲེག་ནའང་རུང་བར་འདོད་པའི་སྐད་ཆ་གཉིས་པོ་ནི་གཅིག་གི་རྫུན་རྐུབ་གཅིག་གིས་བརྡོལ་བ་དེ་ཅི་འདྲ་ངོ་མཚར་ཆེ་བ་ལ། ལར་གཞོན་ལྷན་གྱིས་མ་འཇོན་ས་དང་མ་འཇོན་ས་གཉིས་ཀ་ཡོད་པ་ནི་ཆོས་ཉིད་རེད། འོན་ཀྱང་གཞོན་ལྷན་གྱིས་ངོས་ནས་རྩུབ་ཙམ་ཞིག་དང་རང་གཞུང་གི་ངོས་ནས་འཇམ་ཙམ་བྱས་ཏེ་བོད་ཀྱི་འཐབས་རྩོད་ནུར་འགྲུས་དགོས་པའི་ཆབ་སྲིད་འདི་ཙམ་སེམས་ལ་མི་མངའ་བཞིན་ད་དུང་ཡིན་ལུགས་དང་མིན་ལུགས་ཀྱི་ཀི་ཤར་འདེབས་པ་ནི་དགོད་རེ་བྲོ་ལ་ངུ་རེ་བྲོ། ད་དུང་ཁྱོད་ཀྱིས་ཤོད་འདོད་ཀྱི་ཀུན་སློང་དལ་མི་ཅག་ན་གཞོན་ལྷན་གྱི་རང་བཙན་རྩོད་མི་ཆོག་སྟེ་རྒྱ་རིང་མི་དམངས་ལ་ཕོག་པའི་ཕྱིར་རོ་ཟེར་་བཞིན་འདུར་རྒྱུག་བྱོས་དང་དེ་ནས་ཁྱོད་ཀྱི་སྒྲུང་གཏམ་མཇུག་ཡོངས་སུ་རྫོགས་པ་་ཡིན་ནོ། གཞོན་ལྷན་རྒྱལ་ལོ།། རང་བཙན་རྒྱལ་ལོ།
འཇོན་ས་དང་མ་འཇོན་ས་་་་་་་་་་་་་་་་ནོར་བཅོས་
བཀུར་འོས་དྲ་གྲོགས་དག་གིས་དགོངས་ཚུལ་ལྷུག་བརྗོད་གནང་བར་དགའ་ཡོད། ལྷག་པར་རང་དང་ལྟ་ཚུལ་མི་མཐུན་པ་ཚོས་ཁ་གསལ་དོན་གསལ་གྱིས་རང་རང་གི་ལྟ་ཚུལ་བརྗོད་པ་ལེགས། གཞན། ཁག་ཅིག་གིས་རྒྱ་རིགས་དང་རྒྱ་ནག་གི་དཔོན་ངན་རིགས་ངོས་ཟིན་མི་འདུག་པ་འདི་བྱ་བཙོག་ག ངའི་ནི་བསམ་ཙམ་བརྗོད་པ་ཡིན། ཁྱེད་ཚོས་ཀྱང་རང་གི་བསམ་འཆར་ཤོད། དེ་ནས་རྒྱ་དར་མེ་བསྲེགས་ཀྱི་ལས་འགུལ་ལ་མཉམ་ཞུགས་གནོངས། ང་ཚོའི་བསམ་ཚུལ་མཐུན་མི་དགོས་པ་བདེན་པ་རེད། རྒྱ་དར་མེ་བསྲེགས་བཏང་ན་བོད་ནང་གི་སྤུན་ཟླ་ཚོའི་བདེ་སྡུག་ཇེ་ཐུ་འགྲོ་ངེས་རེད། ང་ཚོས་འདི་ནས་ག་དུས་མེ་བསྲེགས་བསྲེགས་དང་ག་རེ་བཤད་བཤད་རེད། ཡིན་ནའང་དེའི་ལས་ལན་སུས་མྱོང་གི་རེད་བོད་ནང་གི་སྤུན་ཟླ་ཚོས་མྱོང་གི་རེད། དེའི་ཕྱོགས་ནས་ཐུགས་བསམ་བཞེས་རོགས་ཞུ། གཞན་བོད་རང་བཙན་ཞེས་ཁ་གཡང་ཙམ་ངས་ཀྱང་འབོད།
མཆན་འབྲི་བཀོད་མཁན་འདི་ཆོ༹་ནི་རླུང་བུའི་དཀྱིལ་གྱི་ཤིང་ལོ་དང་གཅིག་མཆུ༹ངས་རེད་འདུག་པས
རླུང་གིས་ཁ་ཕྱོགས་གང་བསྒྱུར་མ་གཏོགས་རང་ཉིད་ཀྱི་སྒ་ཆི༹གས་ཀྱིས་རང་ཆུ༹གས་ཐུབ་ཐབས་དཀའ་
ཆོས་བསྒྲུབ་ལས་འགུལ་མར་མེ་ཁྲོམ་བསྐོར་ཕྱོགས་བསྐྱོད་ལས་འགུལ་དར་ཆ་མེ་སྲེག་ལས་འགུལ་སོགས་གང་དང་གང་འདྲ་ཞིག་སྤེལ་ཀྱང་མ་འགྲིག་པའི་རྐྱེན་བརྗོད་མ་གཏོགས་མི་འདུག་
ཅིའི་ཕྱིར་འདི་ལྟའི་བསམ་ཆུ༹ལ་ཡོང་གི་ཡོད་དམ་ད་དུས་ཡིན་ན་རྒྱལ་བའི་བཀའ་རྐྱང་རྐྱང་ལབ་
བོད་མི་ཞིག་ཡིན་བའི་ཆ་ནས་ཆོ༹གས་པ་སོ་སོའི་དམིག་ཡུལ་དང་བྱེད་ལས་ལ་དཔག་པའི་ལས་འགུལ་སྤེལ་བར་
འགོག་ཐབས་དང་མི་སྒེའི་ཡིད་སེམས་མ་འགུལ་པའི་རིགས་ལ་གནོན་ཤུགས་སྤྲད་པ་དང་སྣང་བརྙན་ངན་པའི་རིགས་མི་ཡོང་པའི་ཐད་ཐུགས་དགོངས་བཞེས་དགོས་ད་ཡང་ན་ལས་འགུལ་ག་འདྲ་ཞིག་སྤེལ་དགོས་སམ་
འང་ཁྱེད་ཅག་གི་འདུན་ན་རྒྱ་ནག་མི་དགའ་བའི་ལས་འགུལ་མཐུང་འདོད་མེད་པ་རེད་དམ་དེ་ལྟ་ཡིན་ཆེ༹་་ཁྱེད་ཅག་གི་འདོད་བློ་དང་མཐུན་པའི་ལས་འགུལ་དེ་གང་འདྲ་ཞིག་སྤེལ་དགོས་
བོད་ནང་གི་སྤུན་ཟླ་ཚོས་མྱོང་བཞིན་པའི་ལོ་ཟླ་དེ་ནི་ཐུང་གི་ཟེར་ན་ལྔ་བཅུ་ཙམ་དང་རིང་གི་ཟེར་ན་ལྔ་བཅུ་ཙམ་རེད། ད་དུང་འུ་ཅག་གིས་ཅི་ཡང་མི་རུང་ལ་ཅི་ཡང་མི་ཉན་ཟེར་ནས་དལ་ཅག་གེར་བསྡད་མཛོད་དང་། དགྲ་བོ་ཚོས་བོད་པ་ཚོ་སྙིང་རྗེ་ད་ནི་ཁྱོད་ཚོས་རང་བཙན་མི་དགོས་ཞེས་མང་ཁ་མཐུན་གྱིས་ཁ་ནས་ཤོར་སོང་། རང་སྐྱོང་ཐེབ་ཆག་ཅིག་ངེད་ཚོས་སྤྲད་དོ་ཟེར་ནས་འུ་བུ་ཅག་ཕ་གཞིས་སུ་སྐད་གཏོང་ངེས་ཡིན་ལེ་ཆེ། དེ་ལས་ཐབས་ཤིག་ཅི་ཡོད། གཞིས་ལུས་སྤུན་མཆེད་དག་གིས་གཅེས་པའི་ལུས་སྲོག་ཀྱང་ཞུགས་འབུལ་མཛད་དགོས་པའི་སྐལ་ངན་གྱི་སྐབས་སུ་ཁ་ཚ་དགོས་གཏུག་གི་ལས་འགུལ་སྣ་གཅིག་མེད་པ་མ་ཟད་དྲག་འགུལ་མ་བྱེད་རྒྱ་རིགས་ལ་ཕོགས་ཀྱི་རེད། ཨ་རོགས་ཚོ་དྲག་འགུལ་མ་བྱེད། ཨ་ཚུམ་ལ་ལག་ཟུང། གོ་ཨི་ཐལ་ཟེར་ནས་གཅིག་གིས་གཅིག་ལ་སྡར་ཆུ་ལུད། གཟིམས་འཇག་གནང། གདོད་མའི་གཉིད་མོ་ཆེ་ལ་སད་པའི་དུས་ཤིག་ནམ་ཡང་མེད་དོ།
གཞོན་ནུས་མི་དམངས་ལས་འགུལ་དེ་སྤྱི་ལོ་༢༠༠༧ ལོའི་ནང་རེད་མ་གཏོགས་༢༠༠༨ལོ་ མ་རེད་ཅེས་གསལ་བཤད་ཐུང་ངུ་ཞིག་བྱས་འདོད་སོང་།
ཨ་རིག་དགེ་མཐོང་ལགས་ཀྱིས་དགོངས་ཚུལ་ཡག་པོ་གསུངས་འདུག རྒྱབ་བསྐྱོར་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྐབས་རེ་ལས་འགུལ་སྤེལ་ཕྱོགས་ལ་སྐྱོན་ཆ་དང་ནོར་འཕྲུལ་ཡོད་པ་དེ་འདྲ་ཏན་ཏན་འདུག སྤྱི་ཡོང་གི་ཆ་ནས་གཞོན་ནུའི་བོད་མིའི་སེམས་ཁམས་ལ་བཟོས་པའི་བག་ཆགས་དེ་ཚོ་ནི་གོང་ནས་ཨ་དགེས་དྲངས་ཟིན་པས་བསྐྱར་བཟློས་བྱེད་མི་དགོས། འོན་ཀྱང་བོད་མིའི་རྩ་དོན་དེ་འགྲུབ་ཆེད་བོད་མི་རིགས་འདི་ལྡོག་རྩ་ཆིག་བསྒྲིལ་བྱེད་རྒྱུ་ལས། ལས་འགྲུལ་གཙོ་འདོན་བྱེད་རྒྱུ་དེ་མིན། གཙོ་བོ་ལས་འགུལ་སྤེལ་བ་དེ་ནད་ཐོག་སྨན་ཁེལ་གནང་རྒྱུ་དེ་ཡིན། ད་ལྟའི་ཆར་བོད་ནང་གི་གཞིས་ལུས་དཔའ་བོ་ཕོ་མོས་ཚད་མཐོའི་བློས་བཏང་བྱས་པ་དེ་ཚོ་ལ་རྒྱབ་བསྐྱོར་དང་དེ་ཚོ་ཆུད་ཟོས་སུ་མ་འགྲོ་བ་གནང་གལ་ཆེ། ལྷག་པར་དུ་ང་རང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ཁ་སུ་བདེ་མི་བྱེད་པར་འཕྲལ་ཕུག་རྒྱང་གསུམ་ལ་བསམ་བློ་ཞིབ་ཏུ་གཏོང་རྒྱུ་དེ་གལ་ཆེ། བཙོན་བྱོལ་སྒྲིག་འཛུགས་འདི་ལ་མཚོན་ན་ད་བར་དུ་༧གོང་ས་མཆོག་གི་བཀའ་གསུངས་བསྒྲུབས་ནས་ཡོད་པ་ནས་ཡོད་པ་དང་། ཡོད་པ་ནས་དྲ་རྒྱས་ཐག་ཆོད་ཅིག་བྱུང་ཡོད་མོད། དེ་བཞིན་བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱིས་གཏན་ལ་ཕབས་པའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་གསུམ་པའི་ནང་བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་རང་བཞིན་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་རྒྱུ་ཡིན་པ་ཐག་བཅད་ནས་གཏན་འབེབ་གནང་བ་བཞག་པ་དེ་ལ་རང་གཞན་ཚང་མས་དགོངས་པ་བཞེས་རྒྱུ་དེ་རེད། འཚེ་བ་མེད་པ་ཟེར་པ་དེ་ལའང་གཞི་རིམ་མང་ཚོགས་ཀྱིས་ངེས་པར་དུ་ལག་བསྟར་བྱེད་ཕྱོགས་ལ་ཏན་ཏན་ཡིད་གཟབ་དགོས། འཚེ་བ་མེད་པ་ཟེར་པ་དེ་ག་འདྲ་ཞིག་ལ་ཟེར་མིན་དེ་ངེས་པར་དུ་མཁྱེན་དགོས། རྒྱ་ཕྱོགས་ནས་༧རྒྱལ་བའི་སྐུ་པར་མེར་བསྲེགས་པ་དང་། རྡོག་རྫིས་བཏང་བ། བོད་ཀྱི་རྒྱལ་དར་མེར་བསྲེགས་པ་བཅས་ལ་ལན་དུ་རྒྱ་ནག་གི་རྒྱ་དར་མེར་བསྲེགས་ནས་ལེན་འདེབས་བྱེད་དགོས་ཟེར་ན། འོ་ན་རང་རིགས་སྤུན་ཟླ་བགྲངས་ལས་འདས་པ་དམར་གསོད་བཏང་ཡོད་པའི་ལན་དུ་རྒྱ་མི་རིགས་ཕར་དམར་གསོད་གཏོང་གི་ཡིན་ཟེར་རམ་ལབ་ནས་དྲི་བ་བཏོན་ན་ལན་གང་འདེབས། ཕར་ཕྱོགས་ནས་གང་བྱས་མིན་ལ་མ་ལྟོས་པར་རང་ཕྱོགས་ནས་རང་ཚུགས་འཛིན་རྒྱུ་གལ་ཆེ།
རྐྱང་ཕྲུག་ལགས་ཡོང་བར་དགའ་བསུ་ཞུ། ཉིད་ཀྱི་དྲི་བ་༼ རྒྱ་ཕྱོགས་ནས་༧རྒྱལ་བའི་སྐུ་པར་མེར་བསྲེགས་པ་དང་། རྡོག་རྫིས་བཏང་བ། བོད་ཀྱི་རྒྱལ་དར་མེར་བསྲེགས་པ་བཅས་ལ་ལན་དུ་རྒྱ་ནག་གི་རྒྱ་དར་མེར་བསྲེགས་ནས་ལེན་འདེབས་བྱེད་དགོས་ཟེར་ན། འོ་ན་རང་རིགས་སྤུན་ཟླ་བགྲངས་ལས་འདས་པ་དམར་གསོད་བཏང་ཡོད་པའི་ལན་དུ་རྒྱ་མི་རིགས་ཕར་དམར་གསོད་གཏོང་གི་ཡིན་ཟེར་རམ་ལབ་ནས་དྲི་བ་བཏོན་ན་ལན་གང་འདེབས། ཕར་ཕྱོགས་ནས་གང་བྱས་མིན་ལ་མ་ལྟོས་པར་རང་ཕྱོགས་ནས་རང་ཚུགས་འཛིན་རྒྱུ་གལ་ཆེ།༽ འདི་ལ་གོང་གིས་དཔའ་བློ་ཁོག་དང་བློ་འཆར་སྒོ སེམས་ཤུགས་ཅན་དག་གིས་དོན་དང་མཐུན་པའི་ལན་ཞིག་རྙེད་ན་ངའི་བསམ་ཚུལ་གྱི་ཟུར་ཞིག་རྩ་མེད་དུ་བཏང་ཟིན་པ་རེད།
ཨ་རིག་དགེ་མཐོང་ལགས་ནས་བསམ་བློ་ཞིབ་ཏུ་གཏང་ནས་ཟིན་བྲིས་ཡག་པོ་ཞིག་བྲིས་གནང་འདུག ངས་ཀྱང་དེ་ལྟར་བསམ་གྱིན་ཡོད། རྒྱུ་མཚན་གང་ཡིན་ཟེར་ན་རྒྱ་མིའི་རྒྱལ་དར་མེར་བསྲེགས་གཏང་ན་ང་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་དང་རེ་བ་ཆེ་ཤོས་རྒྱ་མི་རིགས་རྣམས་ཡིན། དེ་རྣམས་ཀྱི་སེམས་ལ་མ་དགའ་བ་ཞིག་ཆགས་ངེས། རྒྱལ་དར་གྱིས་རྒྱལ་ཁབ་དང་མི་རིགས་ཡོངས་རྫོགས་མཚོན་པ་ལས་སྲིད་གཞུང་གཅིག་པུ་མཚོན་ཐུབ་ཀྱི་མེད། ང་ཚོའི་འདས་པའི་ཕྱིན་པའི་མི་ལོ་ལྔ་བཅུའི་ལྷག་གི་འཐབ་རྩོད་དེ་རྒྱ་ནག་དམར་པོའི་སྲིད་གཞུང་དང་དེ་ལས་ཀྱང་དམར་ཤོག་ཀྱི་ལྟ་བ་འཁྲེགས་འཛིན་བྱེད་མཁན་འགོ་ཁྲིད་ཉུང་ཤས་ཞིག་ལས་རྒྱ་ནག་མི་མང་ལ་འཁོན་འགྲས་མེད་པ་མ་ཟད་མཐར་གཏུགས་ན་སྐྱིད་སྡུག་གཅིག་པ་ཡིན་པ་ཧ་གོ་དགོས། རྒྱལ་དར་མེ་བསྲེགས་རྒྱུ་ཕར་ཞོག་ཐ་ན་ངོ་རྒོལ་སྐབས་སུ་འབོད་ཚིགས་བསྒྲོགས་པ་ལའང་ཁྱད་པར་ཆེན་པོ་ཡོད་ཁ་སང་རྒྱ་ནག་གི་མ་འོང་པའི་སྲིད་འཛིན་ཤི་ཀྱིང་ཕེན་ཨ་རིའི་ལོ་སན་གྱི་ལེ་སུ་ལ་སླེབས་པའི་སྐབས་སུ་ང་ཚོ་བོད་རིགས་རྣམས་ཀྱིས་སྐད་འབོད་སྐབས་སུ། ༼ངོ་ཚ་མེད་པའི་རྒྱ་ནག་༽ཞེས་འབོད་པའི་སྐབས་སུ་རྒྱ་རིགས་བུ་མོ་ཞིག་ནས་ལྷོད་ལྷོད་ཀྱིས་ཁྱེད་རང་ཚོའི་ཁ་ནས་འབོད་སྟངས་དེ་ཡག་པོ་མི་འདུག ང་ཡང་རྒྱ་མི་རིགས་ཡིན། ཡིན་ནའང་བོད་པ་ལ་དགའ་བོ་ཡོད་ཁྱེད་རང་ཚོའི་དཀའ་ངལ་དེ་ངས་ཧ་གོ་གི་ཡོད། ངོ་ཚ་མེད་པའི་རྒྱ་ནག་དམར་པོའི་གཞུང་ཟེར་ནས་བོས་ན་རྒྱ་མི་རིགས་ཀྱི་སེམས་ཁམས་ལ་འཐད་ཀྱི་རེད་ཟེར། དེ་འདྲ་སོང་ཙང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་གལ་ཆེན་དོན་ཆེན་དུ་གནང་ནས་འཛམ་གླིང་གང་སར། ༼ རྒྱ་བོད་མཛའ་འབྲེལ་ཚོགས་པ་༽ ཞེས་པ་གསར་འཛུགས་གནང་ཡོད། དེ་རིང་མང་པོ་བཤད་མ་དགོས་པར་གང་ལྟར་ཀྱང་བཙན་བྱོལ་བོད་མི་མང་རྣམས་ལ་དམངས་གཙོའི་ལམ་བུ་ཞིག་ཡོད་ན་ངེས་པར་ཅན་གྱིས་གཞོན་ལྷན་ནས་ད་ལོ་རྒྱ་མིའི་རྒྱལ་དར་མེར་བསྲེགས་གཏོང་རྒྱུའི་ལས་འགུལ་དེ་གནས་སྐབས་ཕྱིར་བསྡུ་གནང་རོགས། ཐུགས་རྗེ་ཆེ། ངོས་ཀྱི་ལྷག་བསམ་དུང་ལས་དཀར་བའི་བསམ་ཚུལ་དེ་རྒྱལ་གྱུར་ཅིག
མགོ་ནག་མི་ཡི་སྐྱིད་སྡུག་གནམ་རྒན་མའི་ལག་རེད། ཡང་ཅིག་བཤད་ན། རང་དབང་ཐམས་ཆད་བདེ་བ་ཡིན།།གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།།ཞེས་གསུངས་པ་ལྟར་རང་དབང་དང་འདྲ་མཉམ་མིན་པ་ནི་འགྲོ་བ་མིའི་ངན་སྤྱོད་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་ལ། འཇིག་རྟེན་ལ་དར་རྒུད་ཇི་ཙམ་ཞིག་ཡོང་བ་ནི་ཆོས་ཉིད་རེད། དཀོན་མཆོག་གིས་ཀྱང་ལྡོག་ཐབས་མེད་པ་ནི་འཇིག་རྟེན་གྱི་དར་རྒུད་རེད། མི་རབས་གོང་མའི་བྱས་ཉེས་དེ་དག་མི་རབས་འདིའི་ཐོག་ལ་སྨིན་པ་ཡིན་ཙང་། མི་རབས་རྗེས་མ་དག་ལ་མུན་ནག་གི་ལམ་དུ་འགྲོ་མ་དགོས་བ་ཞིག་ད་ལྟ་ནས་མགོ་རྩོམ་དགོས་པ་དང་རང་གི་ཐོབ་ཐང་གི་ཆེད་དུ་ལས་འགུལ་མུ་མཐུད་དུ་སྤེལ་དགོས། ལས་འགུལ་དེ་ཡང་གཞན་གྱི་རྒྱུ་ནོར་མེར་བསྲེགས་དང་འཇིགས་སྐུལ་བ་ལྟ་བུ་མ་ཡིན་པར་འཚེ་བ་མེད་པའི་ལྟ་སྤྱོད་ལ་གཞི་བཅོལ་ནས་ལས་འགུལ་སྤེལ་དགོས། རང་གི་སྐད་ཡིག་དང་གོམས་སྲོལ། རང་གི་རིག་གཞུང་རྣམས་མི་རབས་རྗེས་མ་དག་ལ་བརྒྱུད་སྤྲོད་བྱེད་ཐུབ་དགོས། དེ་ལྟར་མིན་པ་རང་གི་རིག་གཞུང་དང་ཡ་རབས་ཀུན་སྤྱོད་བརླགས་སོང་ན་བོད་ལ་དེ་ལས་ཉེན་ཁ་ཆེ་བ་མེད། བདེན་པ་ང་ཚོར་ཡོད་པ་ལ་འཛམ་གླིང་མི་དམངས་ཀྱིས་ཆེ་མཐོང་དང་རྒྱབ་སྐྱོར་རག་དགོས་ན་གོང་ས་མཆོག་གི་ལམ་སྟོན་ཁོ་ན་ལས་གཞན་དུ་མ་དམིགས་སོ།
ཉིན་ཤས་སྔོན་ཨ་རིག་དགེ་མཐོང་ལགས་ཀྱིས་“རང་བཙན་མ་འཐོབ་བར་རྒྱ་ནག་རྒྱལ་དར་མེར་བསྲེཊ་གཏོང་རྒྱུ་ཡིན།”ཞེས་པར་དཔྱད་རྩོམ་སྤེལ་བ་ལེགས་ཀྱང་།བོད་གཞོན་ལྷན་ཚོགས་ཀྱིས་བོད་རྒྱ་མི་མང་གི་ཁྲག་དམར་རྒྱ་མཚོ་ལྟར་བསྐྱིལ་བའི་གུང་ཁྲན་དམར་གཞུང་གིས་དྲག་སྤྱོད་ཁོ་ནས་བོད་རྒྱའི་རང་དབང་འཕྲོག་སྟེ་དམར་དར་འདི་བསྒྲེངས་པར་བརྟེན་ཇི་སྲིད་རང་དབང་མ་ཐོབ་པར་དུ་བསྲེག་རྒྱུ་ཡིན་ཞེས་བཤད་པ་ལས།ཉིད་ཀྱིས་བཤད་པ་ལྟར་རྒྱའི་རིག་གཞུང་སྐད་ཡིག་སོགས་ལ་དེ་ལྟར་གསུངས་པ་རྩ་བ་ནས་མིན།ལྷག་པར་རྒྱ་ནག་མི་མང་ནི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ལྡན་པར་བརྟེན་དམར་དར་སྲེག་པའི་རྒྱུ་མཚན་གང་ལ་ཐུག་པ་ལོས་ཤེས་ཏེ་དོགས་པ་མེད་པ་ཞིག་གོ།འོན་ཀྱང་རྒྱ་གཞུང་གིས་དྲིལ་བསྒྲགས་ནི་ཉིད་ཀྱིས་བཤད་པ་ལྟར་ཏེ།དམར་གཞུང་ལ་ངན་སྨྲ་བྱས་ན་རྒྱ་ནག་མི་མང་ལ་བྱས་པས་མཚོན་དམར་པོའི་གྲུབ་ཆ་དག་ལ་མ་གུས་པ་ཡིན་ན་རྒྱའི་རིག་གཞུང་སྐད་ཡིག་སོགས་ལ་མ་གུས་པ་ལྟ་བུའིའི་གཡོ་སྒྱུའི་དྲིལ་བསྒྲགས་བྱས་པ་ནི་ཆོས་གོས་གྱོན་པའི་བྱི་ལའི་རྣམ་ཐར་བསྐྱངས་དང་སྐྱོང་བཞིན་པ་དང་གཉིས་སུ་མ་མཆིས་པ་རྒྱ་ནག་མི་མང་མ་ཟད།བོད་མི་རྣམས་ལ་མཚོན་ནའང་གསལ་ཐིང་ཐིང་དུ་ཡོད་པ་ཞིག་ཡིན།མ་གཞི་ནས་འདི་ཙམ་ཞིག་མ་གཏོགས་ས་ཆོད་ཤེས་ཆོད་མེད་པ་སྐྱོ་བའི་རྒྱུ་ལས་མ་འདས་ནའང་སྒྲུང་ཐུང་ཞིག་གིས་ངོ་སྤྲོད་བྱ་འདོད་བྱུང་།དེ་ཡང་སུམ་བཅུ་དུས་དྲན་སྐབས་ཤིག་བོད་རིགས་ཚོགས་གཙོས་དགེ་མཐོང་ལགས་ཇི་བཞིན་དུ་སྨྲ་ཞིང་ཆེས་ཉེན་ཚབས་ཆེ་རབས་བཤད་སོང་བར།རྨོ་རྨོ་ཞིག་གིས་ཕྱིར་ཚོགས་གཙོར་ང་ཚོ་བོད་མི་རྣམས་ལ་རས་དམར་ཙམ་གྱི་རིན་ཐང་ཡང་མེད་པར་གསོད་རྐྱང་བྱེད་ཆོག་ན་རས་དམར་ཞིག་བསྲེགས་པ་ལ་དེ་འདྲ་བྱེད་དགོས་དོན་ཅི་ཡིན་ཟེར།འདི་ཡང་རྒྱུ་མཚན་གཅིག་ཡིན་འདུགཡང་རྒྱ་རིགས་མི་མང་གི་འདུ་ཤེས་ལ་ཕོག་ཚུལ་བཤད་པ་ནི་རྒྱའི་རྒྱལ་དར་འདི་བྱུང་རབས་སོགས་ལ་རྒྱུས་མེད་པས་ལེན་པ་ཡིན་འདུག་སྟེ།རྒྱ་ནག་མི་མང་གི་སེམས་ནང་དུ་དུས་ནམ་ཡང་འདོར་མི་སྲིད་པའི་ན་ཟུག་ཅིག་ཡོད་པ་ནི་གུང་ཁྲན་གྱིས་དམར་དར་འདི་འཕྱར་ཏེ་རྒྱ་བོད་ས་ཡ་མང་བོ་ཉེས་མེད་ཉེས་འཛུགས་ཀྱིས་དམར་གསོད་བཙོན་འཇུག་སོགས་ཡ་ང་བའི་དྲག་སྤྱོད་བྱས་དང་བྱེད་བཞིན་པ་འདི་ཡིན་ལ།ཁྲག་མདོག་ལྡན་པའི་དམར་དར་འདི་ཡང་དེ་ལྟར་དམར་གསོད་ཀྱིས་བསྒྲེངས་པ་ཞིག་ཡིན་པས་ན།རྒྱ་ནག་མི་མང་འདི་ལ་དགའ་ཞེན་ཡོད་དོགས་ག་ལ་ཡོད་དེ་མེད་པ་ནི་ཚིག་ཐག་བཅད་ནས་བཤད་ཐུབ་པ་ཞིག་ཡིན།ལྷག་པར་རྒྱའི་འདུ་ཤེས་དང་།རིག་གཞུང་།སྐད་ཡིག་སོགས་དམར་དར་དང་ཆུ་ལ་ཆུ་བཞག་ལྟ་བུའི་དཔྱད་པ་བྱས་པ་མ་ལེགས་ཏེ།རྒྱལ་ཁབ་གང་ཞིག་གི་རྒྱལ་དར་ནི་སྐབས་སྐབས་ཀྱི་གཞུང་འཛིན་པས་བརྗེ་བསྒྱུར་བྱས་ན་འཐུས་པའི་རྒྱལ་ཁབ་ཀྱི་ཚབ་མཚོན་ཞིག་ཡིན་ལ།དེ་བས་རྒྱ་ནག་གུང་ཁྲན་གྱིས་གསར་དུ་བཟོས་པའི་དམར་དར་ནི་རྒྱ་ནག་དམར་གཞུང་གི་ཚབ་མཚོན་ཞིག་ཡིན་ནའང་དོན་ལ་ནི་རྒྱལ་ཁབ་ཀྱི་ཚབ་མཚོན་དུ་མི་མང་གི་ངོས་ནས་ངོས་ལེན་གཙང་མ་ཞིག་ཐོབ་པར་ཐེ་ཚོམ་ཆེའོ།།རྒྱ་ལ་དམར་དར་འདི་རྒྱ་ནག་རྒྱལ་ཁབ་ཀྱི་ཚབ་མཚོན་ཡིན་དུ་ཆུགས་ན་ཧོང་ཀོང་གིས་རྒྱལ་དར་འདི་མི་བསྒྲེངས་པའི་རྒྱུ་མཚན་ཅི་ཡིན་ནམ།དམར་ལུགས་ཀྱི་ཚབ་མཚོན་གང་ཞིག་ལ་སྐར་ལྔས་མི་རིགས་ཆེན་པོ་ལྔའི་ཚབ་མཚོན་བྱས་པ་ཞིག་ཡིན་པས་ཀྱང་བོད་གཞོན་ལྷན་ཚོགས་ཀྱིས་གསུངས་པ་ཤིན་ཏུ་མད་པར་བསྟན་ཡོད།དུས་རབས་ཀྱི་འཕོ་འགྱུར་ཐད་ནས་བཤད་ན་སང་ཉིན་རྒྱ་ནག་མང་གཙོར་འགྱུར་བ་ཡིན་ན་གོ་མིན་ཏང་གི་དར་ཆའམ་ཡང་ན་གསར་བ་ཞིག་བསྒྲེངས་སྲིད་པའི་རྒྱུ་མཚན་ཤིན་ཏུ་མང་མོད།དམར་གཞུང་ལ་དགའ་བའི་རྨོངས་རྒན་ཚོས་དེ་ལྟར་ཞེན་པ་མི་སྲིད་པའང་མིན།རྒྱ་ལ་དམར་དར་འདི་སྟེ་དམར་ལུགས་པའི་མཚོན་བྱེད་འདི་བརྗེ་བསྒྱུར་འཐུས་པའི་རང་བཞིན་ཞིག་ཡིན་ན་ནི་རྒྱའི་རིག་གཞུང་སོགས་ཀྱང་དེ་ལྟར་བརྗེ་བསྒྱུར་ཆོག་འཐུས་སུ་ཁས་ལེན་དགོས་ཤིང་།རྒྱ་ནག་མི་མང་གི་རང་གི་སྐད་ཡིག་རིག་གཞུང་ལ་འཛིན་པའི་འདུ་ཤེས་སོགས་ཀྱང་དེ་ལྟར་བསྒྱུར་ཆོག་པར་བརྗོད་ནུས་པ་ཞིག་ཏུ་སོང་བས།དེ་ལྟར་ཡིན་ན།དམར་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གཞུང་བརྗེ་བསྒྱུར་ཆོག་འཐུས་ལ་ངོ་རྒོལ་བྱེད་ཀྱིན་ཡོད་དམ་རྒྱབ་སྦྱོར་བྱེད་ཀྱི་ཡོད་ཅེས་འདྲི་འདོད་བྱུང་ལ།ཡང་ན་བརྗེ་བསྒྱུར་མི་འཐུས་པར་ཨུ་ཚུགས་བྱ་ཚེ་དོན་ལ་ནི་རྒྱ་ནག་མི་མང་རང་གི་མེས་བོའི་ཤུལ་བཞག་རྩ་མེད་བྱེད་མཁན་དང་དམར་གསོད་གཏོང་མཁན་གྱི་གཞུང་དང་དེའི་གྲུབ་ཆར་གྱུར་བའི་དམར་དར་སོགས་ལ་ཧ་ཅང་དགའ་བོ་ཡོད་ཟེར་རྒྱུ་ཨེ་ཡིན།དེ་མཚུངས་སུ་ཁྱོད་ལ་རིགས་པ་ཞིག་འབུལ་ཆོག་སྟེ།ཁྱོད་ཀྱིས་མོའོ་སྡིག་ཅན་ཞིག་ཏུ་བརྩིའམ་མི་བརྩི།སྔ་མ་ལྟར་ན་མོའོ་ཡིས་བཟོས་པའི་དམར་དར་ཡག་ལ་མོའོ་སྡིག་པའི་རྒྱུ་མཚན་ཅི་ཡོད།ཕྱི་མ་ལྟར་ན་ནི་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱ་བ་ལས་སྡིག་པར་ཡི་རང་བྱེད་ན་གསགས་ལ་མ་བྱས་པའི་ཉེས་པ་འབྱུང་ཉེན་མི་ཆེའམ།ཤིན་ཏུ་གཟབ་དགོས་པའི་གནད་ཀྱང་འདི་ན་ཡོད་དེ།མོའོ་ནི་མཁྱེན་གསལ་བཞིན་འཛམ་གླིང་སྟེང་ཉེ་རབས་ཀྱི་ཆེས་སྡིག་ཅན་ཞིག་ཏུ་ངོས་འཛིན་བྱས་པ་དེ་ལྟར་ཡང་།འཚེ་མེད་ཞི་བའི་རྗེས་འཇུག་པ་ཞིག་གིས་འདི་ལྟར་བཤད་ན་ངོ་མ་ཧང་སང་དགོས་པ་ཞིག་མ་རེད་དམ།མོའུ་དང་དམར་དར་འདི་གཉིས་ལ་འབྲེལ་བ་དེ་ཙམ་མེད་ཟེར་ན།ཉིད་ཀྱི་གྱོན་གོས་དམར་བོ་དེ་དང་སངས་རྒྱས་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད་དམ།མེད་ན་ནི་མི་རྣམས་ཀྱིས་གུས་བཀུར་ལྷོད་མེད་བྱེད་སྲོལ་ཡོད་པ་དེ།དགེ་བ་མི་མཐོང་ལགས་སྟེ།ཉིད་ཀྱི་འཇོན་ཐང་དུ་འགྱུར་དོགས་ཡོད་དམ།ཡོད་ཚེ་ཇི་སྐད་དུ།ཀླུ་ཡི་རྒྱལ་བོས་ཆར་ཕབ་ན།།ཞིང་བདག་རང་གི་དཔལ་དུ་བརྩི།།ཞེས་གསུངས་པ་ལྟར་དུ་འགྱུར་བ་མ་ཡིན་ནམ།གྲྭ་ལྭར་མ་གུས་ན་འཚེ་མེད་ཞི་བར་དགའ་བའི་བོད་པ་རྣམས་ཀྱི་བསམ་བློའི་འཛིན་སྟངས་ལ་ཕོག་གི་ཡོད་ན་ད་ལྟའི་དམར་གཞུང་གི་ཁྲག་དར་དམར་བོར་མ་གུས་ན་མོའོ་ལ་མ་གུས་པར་འགྱུར་བ་དང་དེའི་གཞུང་གི་སྒྲིག་འཛུགས་སོགས་སྟེ།དམར་གཞུང་གི་གྲུབ་ཆར་གྱུར་བའི་ཁྱད་ཆོས་རྣམས་ལ་མ་གུས་པར་འགྱུར་གྱི།རྒྱ་ནག་གི་རིག་གཞུང་དང་སྐད་ཡིག་སོགས་ལ་མ་གུས་པར་ཇི་ལྟར་སྒྲུབ་རྒྱུ་ཡིན་ནམ།ཡང་བསྐྱར་དངོས་མཐོང་གི་དོན་གནད་ཅིག་དཔེ་རུ་བཟུང་སྟེ་དེའི་ཐད་ནས་བཤད་ན།གོང་ས་མཆོག་གིས་གཞུང་ས་དགའ་ལྡན་ཕོ་བྲང་བའི་ཆོས་སྲིད་གཉིས་ཀྱི་དབང་ཆ་མཇུག་བསྒྲིལ་གནང་བ་འདི་རེད།མཛད་འཕྲིན་འདིས་ནི་བོད་ཀྱི་སྐད་ཡིག་རིག་གཞུང་མཇུག་བསྒྲིལ་བ་ཞིག་ཡིན་ཞེས་སྐད་གཟེངས་མཐོན་པོས་སྒྲོག་ཅིགམདོར་ན་འདི་ཙམ་གྱི་གནད་དོན་ཡང་མ་ཤེས་པར་བོད་གཞོན་ལྷན་ཚོགས་ལ་འདི་ལྟར་སྐྱོན་བརྗོད་བྱེད་པ་ནི་དགེ་སྡུག་ཕྱིན་ཅི་ལོག་ཏུ་སྤྱོད་པ་དང་དེའི་ཕྱོགས་གཏོགས་དང་བཅས་པའི་བློ་ལ་འཐད་ནའང་རང་དབང་དང་མང་གཙོར་དགའ་བའི་རྒྱ་བོད་སུ་ཞིག་གིས་ཀྱང་རྒྱ་ནག་དམར་གཞུང་གིས་བཤད་པ་དང་གཉིས་སུ་མཆིས་པའི་རྙོག་གཏམ་དག་ལ་ཉན་འདོད་ཡེ་ནས་མེད་དོ།།
གོང་དུ་ཨ་དགེས། འོ་ན་རང་རིགས་སྤུན་ཟླ་བགྲངས་ལས་འདས་པ་དམར་གསོད་བཏང་ཡོད་པའི་ལན་དུ་རྒྱ་མི་རིགས་ཕར་དམར་གསོད་གཏོང་གི་ཡིན་ཟེར་རམ་ལབ་ནས་དྲི་བ་བཏོན་ན་ལན་གང་འདེབས། ཟེར་ནས་མགོ་བོ་ཀེར་ན། འུ་ཐུག་པའི་སྐད་ཆ་དེ་ནི་དབུས་པ་བ་ཞིག་གིས་་གྱི་ནར་གྱི་སྐད་ཆ་དང་གཅིག་མཚུངས་སུ་སོང་བ་ལས། མདོ་ཁམས་ཀྱི་བུ་རྒོད་ཅིག་གིས་སྐད་དང་གཏན་ནས་མི་འདྲ་འོ། ཕྱི་ལོ་༡༩༥༩་ལོར་ཆུ་སྒང་གི་དཔའ་བོ་ཚོས་དགྲ་བོ་རྒྱ་དམར་དང་དམར་འཛིང་བྱས་ཏེ་སྡར་མ་དབུས་པའི་མི་རྣམས་་བྲོས་པའི་ལམ་བུ་བྱིན་པའི་སྐབས་དེར། གཞུང་ས་དགའ་ལྡན་ཕོ་བྲང་གི་མཐོ་རིམ་དཔོན་རིགས་ཕལ་མོ་ཆེ་ཞིག་དབུས་པ་ཡིན་པའི་རྒྱུ་མཚན་གྱིས་དགྲ་ལ་འཐབ་མ་ཕོད་པ་མ་ཟད་ཆུ་སྒང་ལ་མདེའུ་ཙམ་ཡང་སྤྲད་མ་ཕོད་པ་དེས། དེང་སང་ཆབ་སྲིད་ཀྱི་མཁས་དབང་ཚོས་དཔྱད་གླེང་དུ་དེ་ལས་ཉེས་ཆེ་བ་ཞིག་མི་འདུག་ཅེས་བཤད་པ་ནི་ཡོངས་གྲགས་རེད། གལ་ཏེ་སྐབས་དེ་དུས་དགྲ་བོའི་གཞུང་དང་རང་གཞུང་གཉིས་རྒྱལ་ཕམ་གྱི་སྐད་ཆ་ཙམ་མིན་པར་ཕན་ཚུན་ཨང་གསར་གྱི་དམག་གྲྭ་བསྒྲིག་ཅིང་ཞིབ་མོ་རྣམ་འཐག་གིས་སྒོ་ནས་འཐབ་རྩོད་རྣོ་ངར་ཞིག་བྱུང་ཡོད་ན་བྱུང་རབས་ལ་ལྗི་ཚད་བློར་མི་ཤོང་པ་ཞིག་ཡོད་ཟེར་བ་ལོས་བདེན། འདི་ནས་བརྩིས་པའི་ལོ་ངོ་ལྔ་བཅུའམ་བརྒྱའི་ནང་ཙམ་ལ་སླེབས་པའི་དུས་བོད་ཀྱི་སྲིད་དོན་བ་དེ་ཚོས་སྔོན་ཆད་གཞིས་ལུས་རྒྱ་རྒྱ་ཆེའི་མི་དམངས་ཀྱི་དྲག་འགུལ་ལྡང་བའི་སྐབས་དེར། བྱེས་འབྱོར་བ་ཚོས་ཅིའང་མི་རུང་ལ་ཅིའང་མི་ཉན་ཞེས་སྡར་ཆུ་བླུད་རན་བྱས་ཏེ་བསྡད་པ་དེ་ལས་གྱོང་ཆེ་བ་ཞིག་མི་འདུག་ཅེས་གསུང་བར་ངེས་སོ། ཀྭ་ཡེ་ཨ་རིག་ཚང་ཉོན་ཨ། དགྲ་བོས་ཁྱོད་ལ་སྟ་གྲི་རྣོན་པོ་ཞིག་བསྣུན་ཕྱིར་འཁྲིས་ལ་སླེབས་ཚར་ནའང་ཁྱོད་ཀྱིས་སྙིང་ཆུང་འཕར་ལྡིང་ཇེ་ཆེར་འགྲོ་བཞིན་དུ་ངུ་ངག་དང་བཅས་སྐུ་མཁྱེན་ང་མ་བསད་རོག་ཟེར་ནས་ཕྱག་རྒྱ་བཅའ་ནས་བསྡད་རྩིས་ཡིན་པས། དེ་མིན་སྐབས་དེ་དུས་བྱམས་པ་དང་སྙིང་རྗེ་སྒོམ་ནས་བསྡད་རྩིས་ཡིན་ཕྱི་མ་ཡིན་ན་འགྲིག་མོད་ཀྱང་དེ་མིན་པ་སུས་ཀྱང་ཁ་ཚོན་ཆོད། རང་ཉིད་མི་ཡིན་པ་ནང་བཞིན་དགྲ་བོའང་མི་ཡིན་པ་ལས་གནའ་བོའི་རྒན་རབས་ཚོའི་གཉན་པོའི་གསང་བ་ནང་བཞིན་མིན་པ་ཤེས་བཞིན་ད་དུང་ཡར་ལ་ཕོགས་དོགས་དང་མར་ལ་རེག་དོགས་བྱས་ཏེ་སྡུག་སྒུར་བྱོས། རང་རེའི་སྲིན་བློན་ལ་སྙིང་སྟོབས་ཨ་རིའི་སྤྱི་འཛིན་ཟུར་པ་བྷུ་ཤུ་ལྟ་བུ་ཞིག་ཡོད་ན་རེ་བ་ཞིག་བསྐྱ་རྒྱུ་ཡོད། དེ་མིན་ན་ཨ་རིག་ཚང་ལྟ་བུ་དེ་ཚོ་ནི་གླེང་རིན་་མེད་པའི་མི་རེད། དེ་ལས་བཟང་ཙམ་ཞིག་ལ་རེའང་ཆོད་རེ་ཟོས།
མིག་བརྒྱད་པས་དབྱེ་ཞིབ་ལ་རྗེས་སུ་ཡི་རང་ཞུ།
སྒང་བ་ཚང་གི་དོན་གོ་ནས་དཔྱད་གཏམ་དག་གསུམ་ཁོངས་ལྡན་ཞིག་སྤེལ་བ་ལེགས།
ཡིན་ནའང་ངའི་བསམ་འཆར་ལ་ད་དུང་དེ་ཙམ་གྱིས་འགྱུར་བ་མི་འགྲོ།
དེ་ནས་ཞ་ལུ་དཀར་པོ་ལགས་ཡོང་བར་དགའ་བསུ་མ་ཟད་ཡང་དང་བསྐྱར་ཕེབས་གནང་སྟེ་ལམ་སྟོན་ལྟ་བུ་གནང་བ་དགའ་ཡོད་མོད། དབུས་པ་ཞེས་པའི་ཚིག་འདི་ནམ་ཡང་བེད་སྤྱོད་མི་གཏོང་རྒྱུ་རེ་བ་ཆེ།
གཞན་ཕྲན་སོགས་ལ་ག་རེ་བཤད་ཆོག་ཆོག་དང་བྲིས་ན་རང་དབང་རེད་ལ་གནོད་རྒྱུ་ཅང་མེད། དབུས་པ་ངན་རབས་དང་མདོ་ཁམས་བཟང་རབས་ཟེར་དུས་ཆོལ་གསུམ་གཅིག་སྒྲིལ་གྱི་གོང་བུ་གཏོར་བཤིག་བཏང་བ་ཞིག་ཏུ་འགྱུར་སྲིད་པས་གཟབ་རོགས་ཞུ།
ལ་ལ་ ད་དྲྭ་འབུ་ཚོ་འཛངས་གི་ཡོད་ཀ། སྐད་ཆ་གསོན་པོ་དང་ཆེན་པོ་བཤད་ནི་མང་ག། དེ་ལས་སོ་སོའི་ཐད་ནས་བཤད་རྒྱུ་ལས་ལས་རྒྱུ་ཅུང་མང་དུ་བཏང་ན་མི་བཟང་གི ད་དུང་བསམ་བློ་བརྗེ་རེས་ཡིན་ན་ཅིག་ཟེར་ནས་རང་ཚོད་མ་ཟིན་པའི་གཏམ་དང་རང་ནུས་དམར་བརྗེན་བཏོན་ཡོད་པའང་ཤེས་ཀྱི་ཡོད་ས་མ་རེད། ཚོགས་པ་དང་མི་གཞན་ལ་མཛུལ་མོ་འཛུགས་རྒྱུ་ལས་སོ་སོར་མཛུལ་མོ་བཙུགས་ནས་ལས་ཀ་རེ་བྱ་ཐུབ་ན་ཡག་གི་ཡ།
རྒྱ་གར་མེ་སྲེག་གཏོང་མིན་གལ་ཆེན་པོ་གང་ཡང་མ་རེད། དེ་ནི་མིང་ཙམ་གྱི་ལས་འགུལ་སྤེལ་སྟངས་ཤིག་གམ་མི་དམངས་ཀྱིས་མཐོང་ས་ལ་ཁ་རྒྱགས་པ་བཤད་སྟངས་ཤིག་ལས། ཕན་ཐོགས་ཡོད་པ་ཞིག་མ་རེད། ད་ལོ་གཞོན་ནུ་ཚོགས་པའི་ས་མིག་མ་སྟོང་ཙམ་གྱི་ལས་འགུལ་རེ་སྤེལ་ཁུལ་གྱིས་ལྷིང་འཇགས་སེ་སྡོད་ཚུགས་པ་ལ། ན་ནིང་གཞོན་ནུ་ལས་བྱེད་ཁ་ཤས་ཀྱིས་ཟས་བཅད་ངོ་རྒོལ་བྱས་པ་དེ་ཚོ་ནི་མི་མང་གིས་ཁོ་རང་ཚོ་ཡག་པོ་མཐོང་ཆེད་ཡིན་པའི་སྒྲུབ་བྱེད་ཅིག་ནི། ད་ལོ་ཟས་བཅད་ངོ་རྒོལ་བྱ་དགོས་པའི་མིང་ཙམ་ཡང་གླེང་སློང་བྱེད་ཕོད་ཀྱི་མེད་པ་དེ་རེད། གཞོན་ནུ་ཚོགས་པ་ནི་མིང་གྲགས་ལ་དགའ་བའི་མི་རེ་གཉིས་ཤིག་གིས་ཁེ་དབང་འཐབ་རྩོད་བྱེད་སའི་རྐུབ་བཀྱགས་སྙིང་རྗེ་ཤོས་དེ་རེད། གཞོན་ནུ་ཚོགས་པས་བོད་མི་མང་དང་རྒྱལ་བ་རིན་པོ་ཆེར་ཕན་ཐོགས་མི་སྲིད
ཨ་རིག་གླེན་པ་ལ་ཞུ་རྒྱུར། བོད་པར་ག་དུས་ཡིན་ཡང་དྲག་གནོན་རྐྱང་རྐྱང་བྱས་ཡོད་པ་རེད། བོད་པས་ག་དུས་ཡིན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྐྱང་རྐྱང་ཁྲབ་དགོས་པ་ཅི་རེད། ཕྱི་ལོ་ ༢༠༠༢ བར་དུ་གསུམ་བཅུའི་དུས་དྲན་ནམ་ཡིན་ལ་རྒྱ་ནག་གི་རྒྱལ་དར་དང་། རྒྱ་དཔོན་ཚོའི་འདྲ་གཟུགས་མེར་སྲེག་བཏང་བར་འགྲིག་དང་མི་འགྲིག་གི་སྐད་ཆ་གཅིག་ཀྱང་ཡོད་མ་མྱོང་བ་རེད། དེའི་རྗེས་སུ་པེ་ཅིང་གི་གནོན་ཤུགས་ཐད་ཀར་རྡ་སའི་གངས་སྐྱིད་ཀྱི་ཟབ་གདོང་བླ་མའི་མགོ་ཐོག་ཏུ་སླེབས་པ་ནས་རྒྱ་དཔོན་ཚོའི་དགོངས་པ་ལྟར་བོད་ཕྱི་ནས་ཀྱང་མི་ཆོག་པ་ཇེ་མང་ནས་ཇེ་མང་དུ་ཕྱིན་པ་རེད། འོན་ཀྱང་རྒྱ་གཞུང་གིས་བོད་སར་དྲག་རྩུབ་ཇེ་ཆེ་ནས་ཇེ་ཆེར་བཏང་བ་རེད། ད་ལྟ་ཚད་ག་འདྲ་ཞིག་ཏུ་སླེབས་འདུག བསམ་བློ་ཡག་པོ་ཞིག་ཐོངས། ནམ་ཡིན་ཡང་ཚུལ་འཆོས་ཤིག་གིས་བཟི་ནས་མ་འདུག འཚེ་མེད་ཞི་བའི་རྒྱ་ལས་མ་འགལ་ན་ལས་འགུལ་ག་རེ་ཡིན་ན་སྤེལ་ཆོག་པ་རེད་ལ། སྤེལ་དགོས་རེད། གཞུང་ལ་གཞུང་གི་ལངས་ཕྱོགས་དང་ལྟ་བ་ཡོད་པ་རེད་ལ། ཚོགས་པ་ལ་ཚོགས་པའི་ལངས་ཕྱོགས་དང་ལྟ་བ་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱའི་རྒྱལ་དར་མེར་སྲེག་དགོས་པའི་རྒྱུ་མཚན་ཤེས་སམ། ངས་བལྟས་ན་རྩ་བ་ནས་རྒྱུས་ལོན་བྱས་མི་འདུག མ་ཟད་ཚོགས་པའི་ལངས་ཕྱོགས་དང་ལྟ་བ་ལ་བརྩི་བཀུར་ཅུང་ཙམ་ཡང་མ་བྱས་པའི་རྟགས་རེད། ག་དུས་ཡིན་ཡང་ཚོར་བ་རྐྱང་རྐྱང་གིས་སྤྱི་ཚོགས་ནང་ཕུ་དཀྲུག་མདའ་དཀྲུག་བྱས་ནས་ཁྱོད་ལ་ག་རེ་འཐོབ་རྒྱུ་ཡོད་པ་རེད།
ད་ནི་བོད་པ་འདི་ཚོ་བདག་ལས་གཞན་བཅེས་ཀྱི་བྱང་སེམས་བརྒྱུད་ལ་སྐྱེས་པའམ། ཡང་ན་བདག་གཞན་མཉམ་བརྗེས་ཀྱི་གོམས་པ་མངོན་དུ་སོང་བ་འདྲ། ཡང་ཅིག་མིན་ན་གུང་ཁྲན་གྱི་གསོལ་འཕོགས་ལེན་མཁན་མིན་དྲོ། གང་ལྟར་རྣམ་འགྱུར་ཡ་མ་བརླ་ཅན་གྱི་མགོ་གཉིས་མ་མང་དག་ཅིག་མངོན་སུམ་འཛེམས་མེད་ངང་ལས་འགུལ་ཚུན་ནས་སྟང་འཛིན་ནན་པོ་བྱེད་སྟངས་འདི་ཅི་འདྲའི་ཡིད་སྐྱོ་བ་ལ།
གླེན་པས་གླེན་པ་ཟེར་ན་དགོད་སྤྲོ་གི དངོས་གནས་ཤ་ཚ། ཚོར་སྣང་ཙམ་ལས་སྤྱི་ཚོགས་དང་རྒྱལ་སྤྱིའི་གནས་བབ་མི་ཤེས་པའི་དྲ་གྲོགས་གླེན་པ་འདི་ཚོ་སྡུག་པ་ལ། ད་ནི་བྱ་ཐབས་བྲལ་སོ་སོའི་འདོད་པ་ལྟར་བྱོས་ཏེ་རྒྱ་མའི་ཤོག་བུའི་རྒྱ་དར་རེ་ཉོས་ཏེ་མེ་བསྲེགས་ཐོངས་དང་རིན་གོང་ཆུང་ལ་མི་ཞིག་གིས་ཁབ་གཙག་ཅིག་མ་དགོས་ཀི་ཞིག་ཀྱང་བཏབ་ཀི་མ་རེད་ལོ། །
འདི་ཕན་ཚུན་བསམ་ཚུལ་ཤོད་རེས་བྱེད་ས་ལས་ནང་འཁྲུགས་བརྒྱབ་ས་མ་རེད། རང་རིགས་ལ་ཕན་སེམས་ཀྱི་སྐད་ཆ་འདྲ་ཤོད་རྒྱུ་མེད་ན་ཐུགས་ལྷོད་ལྷོད་མཛོད་ནས་བཞུགས་མཛོད་དང་སུས་ཀྱང་གཙེས་མི་འོང། ཨ་དགེ་ཁྱེད་ཀྱང་ཅི་དགའ་བྱོས། ངས་ཀྱང་ཅི་དགའ་བྱ།
ཞ་ལུ་དཀར་པོ་དུང་འདྲ་བོ་དགོངས་པ་ཚོམས་མི་ཉན་ཡ། མུ་མཐུད་ནས་ཤོད་དང་ཕྲིས།
དེང་གི་གཞོན་ལྷན་ནི། སྐབས་འཚོལ་རིང་ལུགས་པ་མིན་ནམ། དཔྱད་པ་གྱིས།
དེ་ལྟར་ཡིན་པར་མི་འདོད་ཀྱང་ད་ཐེངས་ཀྱི་ལས་འགུལ་ནང་གི་འདི་གཅིག་བུ་ལ་བསམ་གཞིག་གནང་རོགས་ཞུ། གཞོན་ལྷན་ལགས།
དྲྭ་གྲོགས་ལྷན་རྒྱས་ཀྱིས་བགྲོ་གླེང་གནང་བའི་ཡེ་གེ་ཚང་མ་ཀློག་ཁོམས་མ་བྱུང་རུང་། ཐོག་མའི་ཨ་རིག་དགེ་མཐོང་གི་རྩོམ་ཡིག་དེ་ཀློག་པ་ཡིན། ཕུག་རྒྱང་རིང་པོར་གནོ་བསམ་གཏོང་ནས་བྲིས་པའི་རྩོམ་ཡིག་ཞིག་རེད། སུ་ལའང་རྒྱུ་མཚན་ཡག་པོ་རེ་ཡོད་པ་གདོན་མི་ཟ་ནའང་། རང་དཔེ་རང་ལེན་ཞིག་བྱས་ན། གུང་ཁྲན་རིང་ལུགས་ལ་ངོ་རྒོལ་བྱེད་མཁན་ཞིག་གིས་ང་ཚོ་བོད་ཀྱི་རྒྱལ་དར་སྲེག་ཅིང་རྡོག་བརྫིས་གཏོང་སོང་ན། བོད་པ་རྣལ་མ། བོད་ཀྱི་རྒྱལ་དར་གྱི་ལོ་རྒྱུས་ཤེས་མཁན་ཞིག་ཡིན་ན་སེམས་ཀྱི་ནང་དུ་ཚོར་བ་ཅི་འདྲ་ཞིག་སྐྱེ་ཡོང་གི་རེད།
ང་ཚོས་ཀྱང་རྒྱའི་མི་སེར་ལ་ཐུག་ཕོག་འགྲོ་བའི་རིགས་ལ་གཟབ་གཟབ་དགོས་པ་སྣང་། རྒྱུ་མཚན་ནི་སེང་གེ་སྟོབས་ཤུགས་ཇི་ལྟར་ཆེ་རུང་། གྲོག་མ་མང་པོས་ཟོས་པའི་གཏམ་བརྒྱུད་ལ་ལྟོས།
འཛམ་གླིང་ཕྱེད་ཀ་རྒྱ་མི་རེད། གུང་ཁྲན་གྱི་སྐར་ལྔའི་དར་ཆ་དེ། མེ་སྲེག་གཏོང་བ་མཐོང་ན། རྒྱ་མི་རྒྱ་ཆ་དགུ་བཅུ་ལྷག་བོད་ཀྱི་ཐོག་ཏུ་ཁོང་ཁྲོ་ཟ་བ་ལས་རྒྱབ་སྐྱོར་བྱེད་མཁན་མི་འོངས།
གུང་ཁྲན་གྱིས་བོད་ལ་བཙན་གནོན་བྱེད་པ་ལ་རྒྱ་མི་སེར་གྱི་རྒྱབ་སྐྱོར་ཐུབ་ཐུབ་པའི་ཆ་རྐྱེན་ཡག་ཤོས་དེ་བོད་ཀྱི་གཞོན་ནུ་ཚོགས་པས་ཉིན་ལྟར་རྒྱའི་རྒྱལ་དར་མེ་སྲེག་གཏོང་བའི་ལས་འགུལ་དེ་འགྱུར་བ་ཐེ་ཚོམས་མེད། དེར་བརྟེན་གཞོན་ལྷན་གྱིས་ཀྱང་ལས་འགུལ་སྤེལས་ཕྱོགས་ལ་ད་དུང་ཕྱི་མེད།
ཨ་རིག་དང་ཨ་རུག་གི་ལྟ་བ་ཅན་ཚོ།
ཕུག་རྒྱང་རིང་བོའི་བསམ་བློ། སུ་ཞིག་གི་དོན་ལ། རྒྱ་གཞུང་དང་རྒྱ་མི་ལ་ཕོག་ཐུག་མ་གཏང་ན། ང་ཚོ་མུ་མཐུད་རྒྱའི་བཙན་འོག་ནས་འདུག་ཐུབ་པའི་་ཕུག་རྒྱང་རིང་བོ་དེ་ཡིན་ནམ་གང་།
ངོ་ཚ་རྒྱུ་མེད་ཀི་ཡ།
58གོང་རོལ་ནས་རྒྱ་གཞུང་དང་རྒྱ་མི། ང་ཚོའི་སྒང་ལ་རླུང་བླངས་བའི་མི་ཚད། གསོད་འདོད་པ་རྣམས་བསད། གཏོར་འདོད་པ་རྣམས་གཏོར།
གང་ལྟར་ཁྱོ་ལ་དགྲ་ཤ་ཞིག་རྩོད་རྒྱུ་མེད་པ་འདྲ། མང་པོ་བཤད་པའི་དགེ་བ་ཆུང་།
ཕོག་ཐུག་མེད་པའི་འཐབ་བརྩོད་ནི་འཇུག་འབྲས་མེད་པའི་64ཡིན་པ་ད་དུང་མ་ཤེས་སམ།
བོད་མི་མི་རེ་ངོ་རེ་ཡིས་རང་གི་ནུས་ཚོད་ཀྱིས་དགྲ་བོ་ལ་སྡང་སེམས་འཛིན་པ་ནི་དགའ་དགོས་བའི་མ་འོངས་པའི་རེ་བ་མ་རེད་དམ།
བོད་དོན་འདི་བོད་ཀྱི་ལག་ན་ཡོད་པ་ལས་རྒྱ་ནག་དང་ཐུག་མེད་པ་ཤེས་ཡོད་དམ
གནམ་སྔོན་པོ་ཁྱེད་ལ་མྱིག་མི་འདུག་གམ། རྒྱ་ནག་མི་རིགས་དང་རྒྱ་ནག་དཔོན་རིགས་སྒེར་གཅོད་པ་ཚོ་ལ་ཁྱབ་ཆེ་ཆུང་ཡོད་ལ། བོད་ས་འཕྲོག་མཁན་དང་བོད་མི་དམར་གསོད་གཏོང་མཁན་ནི་དཔོན་ངན་སྒེར་གཅོད་པ་དག་ལས་རྒྱ་ནག་མི་མང་མ་ཡིན་པར་མཁྱེན་པར་མཛོད།
དྲ་གྲོགས་ཚོ་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་མ་འཐོབ་བར་རྒྱ་ནག་རྒྱལ་དར་མེར་བསྲེཊ་གཏོང་ན་མི་འགྲིགས་་གང་ཡང་ཡོད་བ་མ་རེད། དེ་ཡང་ལང་ཕྱོགས་ཅིག་རེད་དེ་ཡག་པོ་རེད། གཞན་ཆབ་སྲིད་ཚོགས་པ་མང་་པོ་ཡོད་རེད། ང་ཚོའི་སྤྱི་ཚོགས་སྟེང་ཆབ་སྲིད་ལས་ཀ་ཞིག་ལས་ཐུབ་མཁན་་མེད་པ་གསལ་བོ་ཡིན་པ་དེ་ལྷག་ཞིག་གང་བ་ཡོད་རེད།