ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཚེས་༢༩ཉིན། ལྡི་ལི་གསར་བའི་གནམ་ཐང་ནས་། དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཨ་རིར་ཕྱིར་སློག་བཏང་འདུག གནམ་ཐང་གི་ལས་བྱེད་པས་། ཁོང་ཕྱིར་སློག་གི་བཀའ་རྒྱ་དེ་ཐད་ཀར་རྒྱ་གར་གཞུང་གིས་བཏང་བ་རེད་ལབ་འདུག
ཚེ་དབང་རིག་འཛིན་ལགས་ལགས་། ཉེ་ཆར་ནེའུ་ཡོག་གི་རྒྱལ་ཚོགས་འགྲམ་དུ་། དུས་ཡུན་ངེས་མེད་ཀྱི་གཞོན་ནུའི་ཟས་བཅད་ངོ་རྒོལ་ཟླ་གཅིག་དེ་བཀོད་སྒྲིག་གྲུབ་རྗེས། རྒྱ་གར་དུ་ལོག་པ་དང་ཁོང་ལ་རྒྱ་གར་དུ་ལས་ཀ་བྱེད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་ཚང་མ་ཡོད་རུང་། དེ་དག་ལ་བརྩི་མེད་སྒོས་ཨ་རིར་ཕྱིར་སློག་བཏང་འདུག
གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གནད་དོན་འདིའི་ཐད་། རྒྱ་གར་གཞུང་གིས་རྒྱ་ནག་དང་མཉམ་དུ་འབྲེལ་བ་བྱེད་དུས་་གདེང་ཚོད་དགོས་བ་མ་ཟད་། ང་ཚོས་རྒྱ་གར་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ལ་ངེས་པར་དུ་བསྐྱར་ཞིབ་བྱེད་དགོས་བའི་དུས་ཚོད་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་བརྗོད་འདུག
ང་ཚོའི་ལོ་ཤས་སྔོན་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་མང་དག་སྤེལ་ཏེ་རྒྱ་གར་འདི་བཞིན་སྐྱབས་བཅོལ་བོད་མིས་གནས་ཚང་ཡག་ཤོས་དང་། ཞི་བདེའི་རང་དབང་ཆེ་ཤོས་རེད་ཅེས་ཚང་མས་གླེང་བཞིན་ཡོད་ཀྱང་དེང་སྐབས་རྒྱ་གར་གཞུང་ཕྱོགས་ནས་ཀྱང་བོད་མིར་རང་དབང་བཀག་སྡོམ་དང་། རྒྱ་དམར་ལ་ངོ་དགའ་བཤད་བཞིན་པ་འདི་ལ་ལྟས་ན་ད་ནི་བོད་མི་ཚང་མ་གནས་ཚང་འདི་ལས་གནས་སྤོ་བྱ་རྒྱུ་དུས་ལ་སླེབས་འདུག དྲིན་ཆེ་ན་ཕར་ཆེ་ཚུར་ཆེ་རེད་ཧ་ལས་རྒྱུ་གང་ཡང་མེད། སྡུག་པོ་བཏང་རང་དབང་འཕྲོགས་ན་རྒྱ་དཀར་ནག་ལ་དབྱེ་བ་སྤུ་ཙམ་མེད། རྒྱ་དམར་གྱི་ཁ་ཡ་གཙོ་བོ་གཞོན་ནུ་ཚོགས་པ་རེད་དེས་ལས་འགུལ་ལ་རྒྱ་གར་གཞུང་ངོས་ནས་གནོན་ཤུགས་སྤྲད་ན་དེ་ཧ་ཅང་གི་བློ་ཚབ་བྱེད་དགོས་པ་ཞིག་རེད། ད་ནི་བོད་མི་ཚང་མ་བསམ་བློ་གཞན་ཞིག་གཏོང་བའི་དུས་ལ་བབས་པ་མ་རེད་དམ།
གྲོགས་པོ་ཚོ། ད་རེས་མན་མོ་བན་སིང་གི་གཞུང་གིས་གནང་སྟངས་འདི་བོད་དོན་ལ་ག་ཚོད་གནོད་མིན་མི་ཤེས་ཏེ། རྒྱ་གར་རང་གི་ཆེ་མཐོང་དང་སྒམ་ཚུགས། དམངས་གཙོའི་ཆེ་མཐོང་སོགས་ལ་རྒྱལ་སྤྱིའི་ནང་ངོ་ཚ་ཉོས་ཟིན་པ་རེད། རྒྱལ་ཁབ་འདིས་བོད་པ་ལ་ཕན གནོད་གཉིས་ཀ་རེས་མོས་བྱེད་གི་ཡོད། གང་ལྟར་མ་འགྲིག་པ་གཅིག་གིས་རེ་ཐག་ཆོད་པ་ལྟར་འུ་ཐུག་སྡུག་སྐད་མ་སྐྱོན་ན་ལེགས་སྙམ།
མན་མོ་ཧན་སིང་ལ་བཅོས་རོགས།
རེད་རེད་རྒྱ་དམར་གཞུང་ལ་ངོ་དགའ་མི་བཤད་མཁན་རྒྱལ་ཁབ་འམ་ས་ཆ་ཞིག་གང་ན་ཡོད་དམ།
ཧ་ཧ་་ལ་རྒྱ་དམར་གཞུང་ལ་ངོ་དགའ་མི་བཤད་མཁན་ས་ཆ་འམ་ཡང་ན་རྒྱལ་ཁབ་ཞིག་ཡོད་དམ་སྨོས་ཤིག
ང་ཚོ་བོད་པའི་གནས་ཚང་ཡང་དེ་རིང་དམར་པོ་རྒྱ་གཞུང་གི་ངོ་ལ་ལྟ་དགོས་པ་ཆགས་འདུག་ཁག་མེད་དེང་སེང་མི་ཚང་མ་དངུལ་གྱི་ཁེ་ཕེན་རྗེས་སུ་ཆུ་རྒྱུག་རྒྱུག་རེད་རྒྱ་གར་བའི་རང་མདོག་མངོན་སོང་ང་ཚོ་དེ་རིང་ནས་བཟུང་ཡུ་རིབ་ཁག་ལ་གནས་པོ་བྱེད་དགོས་པ་ཆགས་གཞི་བཀོད་དགོས་པ་རེད་རྒྱ་གར་བལ་ཡུལ་ར་ཤི་ཡ་གསུམ་ནི་རྒྱ་ནག་གི་གདོང་ལ་མ་ལྟས་རང་ལྟས་རེད་འདུག
ཨ་ཁ་རྒྱ་གར་གཞུང་གིས་རང་ཉིད་ཀྱི་ཆེ་མཐོང་རང་ཉིད་ཀྱིས་མེད་པ་བཟོ་བཞིན་འདུག བོད་མིའི་རང་དབང་ལ་སྡུག་རོལ་ཇི་ཙམ་བཏང་བས་དམར་གཞུང་གུང་ཁྲན་གྱི་རྒྱབ་སྐྱོར་ལ་འགྲོ་བ་དང་། དེས་དམར་པོའི་ལྟ་བ་འཛིན་པའི་རྒྱ་གར་གཞུང་འོག་གི་མི་སྣ་ཁག་ལ་སེམས་ཤུགས་སྤེལ་གཞིར་འགྱུར་ནས་རྒྱ་གར་གཞུང་ལ་སྔར་ལས་མའོ་ཚོགས་པས་དཀའ་ངལ་ཆེ་བ་སྤྲོད་ངེས་རེད།།
རྒྱ་གར་གྱིས་ད་རེས་གཞོན་ནུ་ཆོགས་གཙོ་ཨ་རིར་ཕྱིར་བཏང་བ་དེ་རྒྱ་དཀར་ནག་གི་གནད་དོན་འགྲིག་འཇག་གི་ཆེད་དུ་རྒྱ་ནག་ལ་ངོ་དགའ་སྤྲེལ་ལད་ཀྱི་སྲིད་ཇུས་འཛིན་པ་ཞིག་ཡིན་རུང་། འོན་ཀྱང་དེས་གནད་དོན་འགྲིག་འཇག་གི་ཐད་ལ་གང་ཡང་མི་ཕན་པ་མ་ཟད་རྒྱ་ནག་གིས་རྒྱ་གར་ལ་ལྟ་བའི་ལྗིད་འཁོག་གི་གདིང་ཆོད་དེ་ཇེ་ཡངས་སུ་ལྟ་སྟངས་བརྟན་པོ་ཞིག་མུ་མཐུད་ཆགས་རྒྱུ་རེད་། དེ་ལས་ད་རེས་མན་མོ་ཧང་སིང་མཆོག་གིས་རྒྱ་ནག་ལ་འཛིན་སྟངས་འཁྲེགས་ཙམ་བྱས་ན་ཧུ་ཅིང་ཐོའི་ངག་ནས་ཅི་ཞིག་འཐོན་རྒྱུ་འདུག་ལྟ་བའི་སྲིད་ཇུས་འཛིན་སྟངས་གི་རིགས་ལམ་གསར་པ་ཞིག་རྙེད་སྲིད་། ད་རེས་ཧུ་ཅིན་ཐོ་རྒྱ་གར་ལ་སླེབས་པ་དེ་། ཉེ་འཆར་རྒྱ་བོད་ས་མཙམས་སུ་རྒྱ་ནག་གིས་དྲག་པོའི་དམག་སྦྱོང་བྱས་པ་དང་རྒྱ་ནག་གི་དམག་འཐབ་གནམ་གྲུ་༢་རྒྱལ་མཆམས་བརྒལ་ནས་རྒྱ་གར་གྱི་ས་ཆར་བཙན་འཛུལ་གྱིས་སྐོར་གཡེངས་བྱས་ཏེ་རྒྱ་གར་གྱི་སྲིད་ཇུས་འཛིན་སྟངས་དེ་ལ་གདིང་ཙོད་ལེན་པའི་དུས་འདིར་ཧུ་ཅིང་ཐོས་རྒྱ་གར་གྱིས་བྱེད་སྟངས་དང་མན་མོ་ཧང་སིང་གི་ངག་ནས་ཅི་ཞིག་འཐོན་རྒྱུ་ལ་ཉན་ཞིབ་ཆེད་དུ་ཡིན་སྟབས་རྒྱ་གར་གཞུང་གི་བྱེད་སྟངས་ཆུ་ནང་བཞིན་གྱི་སླ་པོ་དེ་ཆེས་ཤིན་ཏུ་ནོར་འཁྲུལ་ཆེན་པོ་ཞིག་ཆགས་པ་རེད་།
གྲོགས་པོ་ཚོ། རྒྱ་གར་གྱི་ད་རེས་བྱེད་སྟངས་དེ་འཛམ་གླིང་རྒྱལ་ཁབ་ཚང་མའི་བྱེད་སྟངས་ཞིག་རེད། ཧུ་ཅིང་ཐོ་ག་རྒྱལ་ཁབ་གང་དུ་འགྲོ་ཡང་རྒྱལ་ཁབ་དེས་གནས་ཚུལ་མི་ལྷག་པ་བྱེད་ངེས་རེད། ད་རེས་ལ་མཚོན་ན་འཇམ་དཔལ་ལགས་ཁོང་གིས་སྐུ་སྲོག་བཏང་བ་དེས་རྒྱ་དཀར་ནག་གཉིས་ཀ་ཡོམ་ཡོམ་དུ་འགུལ་བ་རེད། དེར་བརྟེན་ང་ཚོ་དགའ་འོས་པ་ཞིག་རེད།
མཆན་གཉིས་པ་མེ་ཏོག་དཀར་པོས་བཏབས་པ་དེ་དེ་འདྲས་གནད་ལ་ཁེལ་བོ། དོན་དངོས་དེ་ག་རང་རེད།
ད་ང་ཚོའི་ཨ་རུ་ན་ཅལ་མངའ་སྡེ་དང་ལ་དགས་སོགས་རྒྱ་ནག་ཁོངས་གཏོགས་རེད་ལབ་དགོས་འདུག རྒྱ་གར་ལ་སྤེལ་ལད་ཁྲབ་དགོས་མི་འདུག
རྒྱ་དཀར་ནག་གཉིས་ཁྱི་སྐྱག་ནང་ལ་གཙང་གཙོག་ཡོད་པ་མ་རེད། གཅིག་གིས་བོད་བཙོང་།གཅིག་གིས་བོད་འཕྲོག ཐ་ན་རྒྱ་གར་བས་གནས་ཚང་གཡར་གླའང་བོད་མིའི་ཚེ་སྲོག་གི་འཇལ་ཡོད།།
མངའ་རིས་ཕྲིན་ལས་ལགས། གནས་སྤོས་གང་དུ་བྱས་དགོས། གང་འདྲ་སེ་བྱས་སམ། སུས་འ྄ཐེན་གྱི་རེད། སུས་་བཏང་གི་རེད། ཚང་མ་སོ་སོ་ཁ་འཐོར་ནས་འགྲོ་རྒྱུ་ཡིན་ནམ། ཡང་ན་བཙན་བྱོལ་བོད་མི་འབུམ་གཉིས་ལྷག་ཡུ་རོབ་ལུང་པ་ག་པར་གཏོང་གིན་ཡིན། མ་ཟད་ཡུ་རོབ་གྱི་རྒྱལ་ཁབ་ག་གི་རྒྱ་ནག་དཔལ་འབྱོར་གྱི་འབྲེལ་ལམ་མིན་འདུག བོད་མི་འབུམ་ཕྲག་མང་པོར་ལོ་ངོ་ལྔ་བཅུ་ལྷག་ལ་བཀའ་དྲིན་བསྐྱང་བ་དེ་མ་དྲན་པར། གཞོན་ཚོགས་ཀྱི་འགོ་ལས་གཅིག་ཐེངས་གཅིག་ཕྱིར་སློག་པར་རྒྱ་གར་ཡག་པོ་མིན་པ་དང་། རྒྱ་དཀར་ནག་གཅིག་པ་རེད་ཅེས་སེམས་ལ་བསམ་ཐུབ་ཀྱིའང་མ་རེད་ལ། བསམ་ནའང་ཁ་ནས་བཏོན་ཐུབ་ཡེ་ཞིག་མ་རེད། བྱིས་པ་ལོ་བརྒྱད་ཀྱི་རྙོག་གཏམ་བཤད་འཚམས་འཇོག་རོགས།
ཚོགས་གཙོ་མཆོག་གི་ཤེས་འཇོན་བློ་སྟོབས་ལ་རྒྱ་ནག་གི་མགོ་ཁྲིད་ཚོ་ཡང་ཧ་ལས་ཡོད་ཚོད་ཡིན། བོད་མི་ཚོ་གསེར་གསེར་དུ་ཤེས་ནས་གོང་བཀུར་ཞབས་འདེགས་རྡོག་རྩ་གཅིག་སྒྲིལ་ལ་འབད་གལ་ལོ།
གཞོན་ལྷན་གྱིས། བོད་རང་བཙན་དམིགས་ཡུལ་བསྒྲགས་པས་ཀྱང་ཡིན་མི་སྲིད་པ་མིན་ལགས།
ཨ་རོགས་ཚོ་བློ་ཕམ་ད་ཡོད་ཞི་རེད་དེ་ ཡིན་ནོའང་རང་ཉིད་ཟ་མ་བཟའ་སའི་སྡེར་མའི་ནང་རྩོག་པ་གཏོང་མི་ཉན་ལེ་བཞིན་ རྒྱ་གར་རྒྱལ་ཁབ་ལ་གང་བྱུང་ཟེར་མི་ཉན་ བོད་དེ་རྒྱལ་རབས་ནང་དཀའ་ངལ་ཆེ་ཤོས་ཕྲད་དེ་བོད་མིར་ངོ་ཤེས་པ་གནམ་དང་ས་མིན་ལེ་མེད་པར་འུ་ཐུག་གིས་སྐྱེ་མ་སྐྱེ་ཧུད་གཏོང་བའི་སྐབས་དེར་ ཁྱིམ་ཚེས་རྒྱ་གར་བཀའ་དྲིན་ཅན་གྱིས་༧གོང་ས་མཆོག་དང་བོད་མི་སྐྱབས་བཅོལ་བར་རྒྱ་གར་ནང་གནས་ཚང་གཡར་བའི་བཀའ་དྲིན་གྱིས་མི་ལོ་༥༠ ལྷག་སྐུ་མགྲོན་ལྟ་བུ་གཅེས་ཉར་གྱིས་གསོ་སྐྱོངས་བྱས་པས་མི་ཚད་ ད་ལྟ་རྒྱ་གར་གཙོས་ཕྱི་རྒྱལ་ཁག་ནང་བཙན་བྱོལ་གྱི་སྒྲིགས་འཛུགས་སྲ་གཏན་དུ་གནས་དེ་འཛམ་གླིང་ནང་བོད་མིའི་ཐབས་བརྩོད་མུ་ཐུད་དུ་གནས་ཐུབ་པ་དེ་རྒྱ་གར་གཞུང་གིས་བཀའ་དྲིན་ཡང་རེད་། དབང་ཤུགས་དྲག་སྤྱོད་ཅན་གྱི་རྒྱལ་ཁབ་ཞིག་གིས་འགོ་ཁྲིད་ཞིག་རྒྱ་གར་དུ་ཡོང་སྐབས་དེས་ཉེན་སྲུང་དང་ ཆེས་མཐོང་སོགས་ལ་གནོད་གཞི་མི་འབྱུང་བའི་འགན་ཞིག་རྒྱ་གར་གཞུང་ལ་ཡོད་པ་དང་ དེ་བཞིན་ཉེ་བའི་ལོ་དུས་ནང་ས་ཆུ་གནམ་གསུམ་ནས་ རྒྱ་ནག་གིས་རྒྱ་གར་ལ་རྙས་བཅོས་དང་རྡིག་ར་ལན་མང་བསྐུལ་སྟབས་རྒྱ་གར་རང་ཉིད་ཞེས་ནས་རྒྱ་ནག་ལ་སྤྲེལ་ལད་བཤད་དགོས་ལེའི་གནས་སྟང་ཞིག་ཆགས་ནས་རྒྱ་གར་ལ་ཁག་ཡོད་ལེ་མ་རེད་ །
རྒྱ་གར་གཞུང་གི་བྱེད་སྟངས་ད་རེས་དངོས་གནས་དམངས་གཙོའི་བྱེད་སྟངས་དང་འགལ་བ་རེད་།
རྒྱ་གར་གཞུང་དྲུག་བཅུ་རེ་གཉིས་ལོའི་ནེའེ་ཧ་རུའི་ནོར་འཁྲུལ་དེའི་རྗེས་སུ་སྐྱར་དུ་མི་འགྲོ་བའི་རེ་བ་ཡོད།
ད་རེས་རྒྱ་གར་གཞུང་གིས་གཟི་བརྗིད་ལྡན་པའི་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་གནམ་ཐང་ནས་ཕྱིར་སློག་བཏང་བ་གཅིག་པུས་ཀྱང་གཞོན་ནུས་རྒྱ་ནག་ལ་གནོད་ཤུགས་སྤྲོད་བཞིན་ཡོད་པར་གསལ་པོ་མཚོན་ཐུབ། ད་དུང་མུ་མཐུད་ནས་ང་ཚོས་སྤྱི་ཚོགས་ཀྱི་ལས་རིགས་སྣ་མང་དུ་ཡོད་པའི་གངས་ཅན་པ་ཚོས་ཕྱོགས་གང་ཅིའི་ཐད་ནས་རྒྱ་གཞུང་ལ་ངོ་རྒོལ་སྣ་མང་སྤེལ་དགོས།
ང་ཚོས་དུས་རྟག་དུ་ཡིད་ཆེས་དང་རེ་བ་བཅོལ་སའི་རྒྱ་གར་དམངས་གཙོའི་གཞུང་གིས་ད་རེས་ང་ཚོ་བོད་པ་ལ་ལྟ་སྟངས་འདི་གང་འདྲ་ཞིག་འགྱུར་བ་སོང་བ་རེད་དམ་ཞེ་ན། ལྟ་སྟངས་འདི་ལ་བལྟས་ན་རྒྱ་གར་གཞུང་གིས་སྔར་ནས་ད་བར་རྒྱ་དམར་སྲིད་གཞུང་གི་གཡོ་སྒྱུའི་རྫུ་འཕྲུལ་གྱི་རྒྱབ་མདུན་མ་མཐོང་བའི་དན་རྟགས་གསལ་པོ་ཞིག་དང་རྒྱ་དམར་སྲིད་གཞུང་ནས་མི་འགྱངས་བར་རྒྱ་གར་ལ་ཡང་འདྲེ་ལག་བརྐྱང་རྒྱུའི་སྔ་ལྟས་ཤིག་མ་རེད་དམ།
རྒྱ་གར་གཞུང་གིས་བོད་ཀྱི་གཞོན་ནུའི་སྤྱི་ཁྱབ་ཚོགས་གཙོ་སྐུ་ཞབས་ཚེ་དབང་རིག་འཛིན་ལགས་གནམ་ཐང་ནས་བཀག་འགོག་ཕྱིར་སློག་བྱས་པ་དེ་གཅིག་པུས། གཞོན་ལྷན་གྱི་ལས་འགུལ་ལ་ནུས་པ་ལྡན་ཡོད་པ་མཚོན་ཐུབ་ལ།གནད་དོན་དེས་བོད་དོན་རྒྱལ་སྤྱིའི་ཐོག་དྲིལ་བསྒྲགས་ཡོང་རྒྱུར་ཕན་ཐོགས་ངེས་ཅན་ཡོང་ངེས།
རྒྱ་གར་གཞུང་གིས་ད་ལན་གནས་སྐབས་ལྡི་ལིའི་ནང་བོད་མི་ཚོར་དམ་སྲུང་གནང་བ་ནི་རྒྱ་གར་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐུ་མགྲོན་ལ་ཆེ་མཐོང་སྲུང་བརྩི་མཚོན་བྱེད་ཙམ་ཡིན་པ་ལས་གཞན་དམིགས་ཡུལ་གང་ཡང་མེད་པ་ཤེས་གསལ་རེད།
སྤྱིར་རྒྱལ་ཁབ་ཚང་མར་སོ་སོའི་འདོད་དོན་འགྲུབ་རྒྱུའི་སྲིད་དོན་རེ་རེ་ཡོང་ངེས་ཡིན་ལ། དཔེར་ན། འཛམ་གླིང་ནང་སྟོབས་ཆེན་གྱི་རྒྱལ་ཁབ་ཨ་རི་དང་། དཔལ་འབྱོར་ཡར་རྒྱས་ཕྱིན་ཟིན་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་མང་པོའི་ནང་སྲིད་དོན་དེ་དག་གི་འོག་ནས་བོད་མི་སྐྱབས་བཅོལ་བ་ཚོའི་ངོ་སྤྲོད་ལག་དེབ་ནང་དུ་རྒྱལ་ཁོངས་མི་རིགས་འབྲི་སའི་རེའུ་མིག་ནང་། people’s republic of china རྒྱལ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མིང་བྲིས་པ་མ་གཏོགས། Tibetan བོད་མི་ཟེར་བ་དེ་མེད་པ་ཆགས་འགྲོ་གི་ཡོད་པ་རེད།
འོན་ཀྱང་རྒྱ་གར་གྱི་བོད་མིའི་ངོ་སྤྲོད་ལག་དེབ་ཁག་ནང་ད་ལྟའང་ Tibetan བོད་མི་ཟེར་བཀོད་བཞིན་ཡོད་པ་དེ་ནི་རྒྱ་གར་གཞུང་གི་སྲིད་ཇུས་ངོ་མ་དེ་མཚོན་ཐུབ་ཀྱི་ཡོད།
རྒྱ་གཞུང་གིས་དུས་རྟག་ཏུ་གཞོན་ཚོགས་སྐྲག་ཁུལ་གྱིས་བོད་མི་འགའ་རེར་གསང་བ་ཤོར་བའི་ཚུལ་གྱིས་གཞོན་ཚོགས་ལསེམས་འཚབ་ཞེ་དྲག་ཡོད་ཁུལ་གྱི་རྣམ་པ་སྟོན་གྱིས་ཡོད། མ་ཟད་རྒྱ་གར་ལྟ་བུར་གཞོན་ཚོགས་ལ་དོ་དམ་བྱས་དགོས་པའི་བརྡ་ཞིག་ཀྱང་གཏོང་གིན་ཡོད། དེ་དག་གི་རྒྱབ་ཀྱི་ཇུས་གཞི་གཙོ་བོ་དེ་ནི་ད་བར་གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་ནས་གང་ཡང་མ་འཇོན་པ་དང་དེ་ལས་ལྡོག་ཏེ་གཞོན་ཚོགས་ལ་ཞེ་དྲག་སྐྲག་ཁུལ་བྱས་ཏེ། བོད་མི་རྣམས་རང་གཞུང་ལ་ཡིད་ཆེས་བརླག་འཇུག་པ་དང་གཞོན་ཚོགས་རེ་བ་བཅོལ་ནས་བོད་མི་མང་ཆེ་བས་རང་བཙན་རྩོད་སྒོ་བཙུག་ཚེ་རྒྱལ་སྤྱིའི་རྒྱབ་སྐྱོར་སོགས་ཀྱང་ཤོར་ངེས་ལ་བརྟེན། ད་བཟོད་བོད་དོན་ཐད་གང་དྲན་དྲན་བྱ་དགོས་བསམ་པའི་སྲིད་ཇུས་ཧ་ཅང་བརྣག་པོ་ཞིག་འདིང་བཞིན་ཡོད་པ་ཤེས་ཐུབ་པ་ཟད་དེ་ལ་གདོང་ལེན་བྱས་ཐུབ་པ་དགོས།
དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་འཇམ་དཔལ་ཡེ་ཤེས་ལགས་རྣམ་གཉིས་ཀྱིས་ཞལ་ཆེམས་ཕྱག་བསྟར་གནང་སྟེ་༧གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་སྒྲུབ་པ་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད། མང་བཀུར་རང་གཞུང་གི་ལངས་ཕྱོགས་རྩ་དོན་དུ་བཟུང་སྟེ་ཚེ་སྲོག་ཀྱང་བློས་བཏང་སོང་ནའང་། གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་གཞོན་ནུའི་རང་བཙན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་གསེར་ཡིག་གིས་འབྲི་འོས་པ་ཞིག་ཡིན་ལབ་ན་དོན་དག་ག་རེ་རེད་དམ། སྐུ་མཁྱེན་རང་བཙན་ཁ་ལ་ཁྱེར་པའི་ཚོང་པ་ཁ་ཤས་ལགས། དཔའ་བོ་དེ་དག་གི་ཆོད་སེམས་དང་སྙིང་སྟོབས་བྱས་རྗེས་ཐད་ནག་ཚོང་མགོ་བདེ་མ་བྱེད་རོགས། དངོས་གནས་སྐྱུག་བྲོ་ཡི་འདུག རང་བཙན་པར་བསྒྲགས་པ་རྣམས་ཀྱིས་ཀྱང་ད་ནི་ཆིག་སྒྲིལ་བྱ་རོགས། དངོས་གནས་ཆིག་སྒྲིལ་བྱ་བའི་དུས་ཚོད་སླེབས་འདུག བོད་གཞུང་མང་དང་ཆིག་སྒྲིལ་བྱ་རོགས། དཔའ་བོ་དཔའ་བོ་ ༣༢ ཀྱི་དགོངས་དོན་དང་ཆིག་སྒྲིལ་ཅི་ནས་ཀྱང་བྱ་རོགས།
རྒྱ་གཞུང་གིས་དུས་རྟག་ཏུ་གཞོན་ཚོགས་ལ་སྐྲག་ཁུལ་གྱིས་བོད་མི་འགའ་རེར་གསང་བ་ཤོར་བའི་ཚུལ་གྱིས་གཞོན་ཚོགས་ལ་སེམས་འཚབ་ཞེ་དྲག་ཡོད་ཁུལ་གྱི་རྣམ་པ་སྟོན་གྱིས་ཡོད། མ་ཟད་རྒྱ་གར་ལྟ་བུ་ལ། གཞོན་ཚོགས་ལ་དོ་དམ་བྱས་དགོས་པའི་བརྡ་ཞིག་ཀྱང་གཏོང་གིན་ཡོད། དེ་དག་གི་རྒྱབ་ཀྱི་ཇུས་ངན་གཙོ་བོ་དེ་ནི་ད་བར་གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་གཞུང་ནས་གང་ཡང་མ་འཇོན་པ་དང་དེ་ལས་ལྡོག་ཏེ་གཞོན་ཚོགས་ལ་ཞེ་དྲག་སྐྲག་ཁུལ་བྱས་ཏེ། བོད་མི་རྣམས་རང་གཞུང་ལ་ཡིད་ཆེས་བརླག་འཇུག་པ་དང་གཞོན་ཚོགས་ལ་རེ་བ་བཅོལ་ནས་བོད་མི་མང་ཆེ་བས་རང་བཙན་རྩོད་སྒོ་བཙུག་ཚེ་རྒྱལ་སྤྱིའི་རྒྱབ་སྐྱོར་སོགས་ཀྱང་ཤོར་ངེས་ལ་བརྟེན། ད་བཟོད་བོད་དོན་ཐད་གང་དྲན་དྲན་བྱ་དགོས་བསམ་པའི་སྲིད་ཇུས་ཧ་ཅང་བརྣག་པོ་ཞིག་འདིང་བཞིན་ཡོད་པ་ཤེས་ཐུབ་དགོས་པ་མ་ཟད་དེ་ལ་གདོང་ལེན་བྱས་ཐུབ་པ་དགོས།
རང་བཙན་རྩོད་གནང་བ་དེ་ཧ་ཅང་གི་རླབས་ཆེན་ཞིག་ཏུ་བརྩི་བཞིན་ཡོད། གང་ལགས་ཟེར་ན་རང་བཙན་འཐབ་རྩོད་པར་རྒྱབ་སྐྱོར་རང་སྐྱོང་དང་བསྡུར་ན་ཞེ་དྲག་ཉུང་ཉུང་རེད། མ་ཟད་སྲིད་གཞུང་ངམ་རྒྱལ་ཁབ་ཞིག་གིས་ངོས་ནས་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པ་དེ་ཧ་ལམ་མེད་པ་དང་ཆ་རེད། གནས་ཚུལ་འདི་འདྲ་ཞིག་ཏུ་གྱར་ཡོད་རུང་རང་གི་ཐོབ་ཐང་དང་རང་གི་མངོན་འདོད་དེ་དཀའ་ཚེགས་ཤལ་མ་ལི་ཡི་རི་ལྟ་བུ་ཞིག་ལ་ཐུག་ནའང་འཛེགས་སྙམ་པའི་ཆོད་སེམས་བརྟན་པོ་ཡོད་པ་ནི་ཤིན་ཏུ་བསྔགས་པར་འོས་པའི་གནད་དོན་ཞིག་རེད་སྙམ།
འོན་ཀྱང་རང་བཙན་སྐབས་སུ་ལམ་དབུ་མ་ནི་ཐབས་ལམ་ཞིག་ལས་མིན་པ་དང་སྒྲུབ་བྱ་དངོས་ནི་རང་བཙན་ཡིན་པར་བསྒྲག་པ་ནི་ཆེ་མཐོང་ལྡན་པའི་འཐབ་རྩོད་གནང་སྟངས་ཞིག་རྩ་ནས་མ་རེད།
ད་ལྟའི་སྐབས་རང་བཙན་དང་དབུ་མའི་ལྟ་གྲུབ་བར་གྱི་དཀྲུག་གཞི་ཁོ་ན་ལས། གཅིག་སྒྲིལ་ལ་ཕན་པའི་མཆན་འདེབས་རྒྱུ་མེད་ཁར། བོད་དོན་ཐོག་ནུས་པ་ཧ་ཅང་ཆེ་བའི་གཞུང་འབྲེལ་མིན་པའི་གཞོན་ནུ་ཚོགས་པར། སྐྱོན་བརྗོད་བྱེད་མཁན་རྣམས་ནི་སུ་འདྲ་ཞིག་གི་ལས་དོན་འགྲུབ་བཞིན་ཡོད་མེད་ཐེ་ཚོམ་སྐྱེ་གཞིར་འགྱུར།།
གནད་དོན་ཡོད་པའི་རྒྱུ་མཚན་མ་བཀོད་པར། ཁོ་དེའི་ཕྱོགས་གཏོགས་རེད། མོ་དེའི་ཤོག་ཁ་རེད་ཅེས་བརྗོད་པས་ཅི་ཡང་མི་ཕན། རྒྱུ་མཚན་རྣལ་མ་མེད་ན་མ་བཀོད་ན་ཆོག་པ་ལས་ངེས་པར་དུ་ཁག་འདོགས་བཀྲིས་དགོས་དོན་མེད་སྙམ།
བོད་རང་བཙན་ཡིན་པ་ཡང་མ་སྒྲུབ་
མ་ཡིན་པ་ཡང་མ་སྒྲུབ་
གཉིས་ཀ་དག་ག་པར་
གཉིས་མེད་ཡང་ག་པར་
གྱ་ཡི་འོག་ལ་ཡང་མ་ཡིན་
བོད་པ་གཙང་མ་ཡང་མ་ཡིན
ཁམས་པའི་འོག་ལ་ཡང་མིན་
དབུས་གཙང་འོག་ལ་ཡང་མིན་
གྱ་གར་དང་ གྱ་མའི་དབུས་ལ་ཡིན་ན་ གང་ཡིན་ གསུང་དང་།
རོང་ཚ་ཁྱོད་རོང་པ་ཡིན་པ་ཡིན་ས་རེད། བོད་རང་བཙན་ཡིན་པ་ཁྱོད་ཀྱི་མ་ཤེས་པ་འདྲ། མ་གཞི་ཁྱེད་རང་གི་སྐད་ཆ་གོ་རྒྱུ་མི་འདུག བསྡུས་གྲའི་སྐབས་སུ་ཡིན་ལོག་མིན་ལོག་དང་གཅིག་པ་རེད་འདུག ཡང་ན་ཤེར་ཕྱིན་གྱི་མདོ་ཚིག་དཔེ་བླངས་པ་འདྲ།
ད་ལྟ་རང་བཙན་དང་དབུ་མ་བརྩོད་ས་ལ་སླེབ་མི་འདུག
རང་བཙན་དང་ལམ་དབུ་མའི་འཐབ་རྩོད་དེ་ངེས་པར་དུ་འཇམ་མི་ཉན། ཇི་སྲིད་དེ་ལྟའི་འཐབ་རྩོད་དེ་འདྲ་ཞིག་ཡོད་ཕྱིན་བོད་དོན་རྩོད་པའི་ངར་དེའང་མ་ཉམས་པར་ལྷག་རྒྱུར་ཚད་མས་ངེས་ཡོད། དགོན་སྡེ་དང་བཤད་གྲྭ་གྲོས་ཚོགས་དང་བགྲོ་གླེང་སོགས་སུ་ཇི་སྲིད་རྩོད་པས་བརྡར་ཤ་ལེགས་པོར་གཅོད་ཐུབ་པ་དེ་ཚོད་གྱི་སྒྲོ་འདོགས་ཆོད་པོ་དང་། གནས་དོན་གསལ་པོ། དེ་བཞིན་ཁ་ཚོན་གཅོད་བདེ་བ་སོགས་ཡོང་བའི་ཁྱད་པར་ཡོད།
ཚོགས་གཙོ་བཀག་འདུག་ཀྱང། ཆོས་སྲིད་གང་ཐད་ནས་རྒྱ་གར་གཞུང་དམངས་གཉིས་ཀ་རང་ཅག་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་དགོས་པ་མ་ཟད་ནམ་ཡང་རྗེད་མི་ཉན། རང་ས་གཞན་གྱིས་འཕྲོག་ནས་གཞན་ཡུལ་སྐྱབས་བཅོལ་སྡོད་པའི་སྐབས་འདིར་རང་ཡུལ་ནང་བཞིན་ད་བར་སྡོད་རྒྱུ་བྱུང་བར་བཀའ་དྲིན་ཆེན་པོ་རེད། ད་ཆ་རྒྱ་དཔོན་རྒྱ་གར་ལ་འབྱོར་བ་ཡང་རྒྱ་དཀར་ནག་གཉིས་ཀའི་ཁེ་ཕན་ཆེན་པོ་ཞིག་གི་ཆེད་ཡིན་པས་རང་རེ་ཚོས་རྒྱ་གར་གཞུང་ལ་འགོག་རྐྱེན་ཕྲན་བུ་བཟོ་སྲིད་པ་དོགས་པས་དེ་ལྟར་བྱུང་བ་ལས་གཞན་གང་ཡང་མིན་པས། དོན་འདི་ལ་རང་རེ་ཚོས་ངེས་པར་བཟོད་སྒོམ་བྱེད་དགོས་འདུག།
རྒྱ་གར་གྱི་སྲིད་བློན་མགོ་བཏུམས་ཧོན་ལོག་གི་ཡོད་པ་འདྲ། སྐད་འདི་རྒྱ་གར་སྲིད་བློན་ལ་ཕུལ།