རིག་འཛིན།
ང་དགུའི་གཡུལ་སའི་ཁྲོད།
ནགས་ཁྲོད་ཀྱི་སྟག་རྒོད་བཞིན་ངར་བའི་དཔའ་རྒོད་ཚོས།
འཇིགས་ཞུམ་དང་ཉམས་ང་ཡི་ནས་མེད་པར།
ཞི་བདེ་ལྷ་བྱ་སྲུང་བའི་དཔའ་རྒོད་དེ་དག
དུས་ད་ལྟ་རྫོགས་བཞིན་གདའ།
གཞོན་རབས་ཚོ།
ང་དགུའི་གཡུལ་སའི་ཁྲོད།
བྲེལ་འཚུབ་དང་ཧུར་རྒྱུགས་ཡེ་ནས་མེད་པར།
རྣམ་དཔྱོད་ཀྱི་སྒྲོན་མེ་འབར་པའི་དཔའ་རྒོད་ཚོས།
ནོར་གླིང་ཕོ་བྲང་དུ།
ཐབས་བརྒྱ་བྱུས་སྟོང་གི་འཐབ་ར་བསྒྲིགས་ཏེ།
གངས་ཅན་པའི་ལྷ་སྐལ་སྲུང་བའི་དཔའ་རྒོད་ཚོ།
དུས་ད་ལྟ་རྫོགས་བཞིན་གདའ།
གཞོན་རབས་ཚོ།
ང་དགུའི་གཡུལ་སའི་ཁྲོད།
མིང་དོན་མཚུངས་པའི་དཔའ་རྒོད་ཚོས།
ར་སྨད་གྲུ་ཁ་ནས་དགྲ་ཕྱོགས་ཀྱི་མདུང་རྩེ་བླངས་ཏེ།
གངས་རིའི་མགོན་སྐྱབས་སྲུང་བའི་དཔའ་རྒོད་ཚོ།
དུས་ད་ལྟ་རྫོགས་བཞིན་གདའ།
གཞོན་རབས་ཚོ།
ང་དགུའི་གཡུལ་སའི་ཁྲོད།
རྒྱལ་ཞེད་ཀྱི་ལྷག་བསམ་ཕྱུག་པའི་དཔའ་རྒོད་ཚོས།
གཡུལ་རྒྱལ་ལྷུན་རྩེ་རྫོང་དུ་ལོ་རྒྱུས་ཀྱི་རྡོ་རིང་བཙུགས་ཤིང་།
ཕྱག་ན་པད་མོའི་བཀའ་སྲུང་སྒྲུབ་པའི་དཔའ་རྒོད་ཚོ།
དུས་ད་ལྟ་རྫོགས་བཞིན་གདའ།
གཞོན་རབས་ཚོ།
ང་དགུའི་གཡུལ་ས་ནས་ཡོང་བའི་དཔའ་རྒོད་ཚོས།
དཀའ་སྤྱད་གདུང་བ་རྒྱབ་ཏུ་བསྐྱུར་ཏེ།
གངས་རིའི་མགོན་པོའི་ཐུགས་དགོངས་སྒྲུབ་བཞིན།
རྒྱུད་མེད་ཀྱི་ས་མཐའ་འདི་ནས།
གདོང་དམར་བོད་མི་ལེགས་བྱུང་སྲུང་བའི་དཔའ་རྒོད་ཚོ།
དུས་ད་ལྟ་རྫོགས་བཞིན་གདའ།
གཞོན་རབས་ཚོ།
ང་དགུའི་གཡུལ་ས་ནས་ཡོང་བའི་དཔའ་ཚོས།
གནས་མལ་གྱི་དཀའ་སྡུག་ཁྱད་དུ་བསད་དེ།
གངས་ཅན་པའི་ཕུག་མདུན་གྱི་སླད།
སྐུ་ཚེའི་ཧྲིལ་པོ་ལེགས་སྐྱེས་སུ་འབུལ།
ཀ་རྡོག་སྒང་གསུམ་གྱི་ལམ་བཟོ་བ་དེ་དག
དུས་ད་ལྟ་རྫོགས་བཞིན་གདའ།
གཞོན་རབས་ཚོ།
གླུ་ཨ་ལ་ཐ་ལ་རེད་ཐ་ལ་ངག་གི་འགུག་གླུ་རེད།
ལྷ་ཡར་མཁྱེན་སྤྱན་རས་གཟིགས་དབང་མཁྱེན།
མ་རིག་པའི་རྨོང་པ་གསལ་དུ་གསོལ།
ས་དེ་ས་ངོ་མ་ཤེས་ན་ཁ་རྡའི་རྒྱ་ཤོག་རིང་པོ་རེད།
རབ་གསལ་ཚང་གིས་ས་ཆ་རེད།
གླུ་ཨ་ལ་ཐ་ལ་རེད་ཐ་ལ་ངག་གི་འགུག་གླུ་རེད།
ལྷ་ཡར་མཁྱེན་སྤྱན་རས་གཟིགས་དབང་མཁྱེན།
མ་རིག་པའི་རྨོངས་པ་གསལ་དུ་གསོལ།
ས་དེ་ས་ངོ་མ་ཤེས་ན་ཁ་བརྡའི་རྒྱ་ཤོག་རིང་པོ་རེད།
རབ་གསལ་ཚང་གི་ས་ཆ་རེད།
ཡིག་མཁན་གྱིས་ཡིག་རྩལ་ངོམས་ས་རེད་
སྤྱི་དོན་གྱི་གྲོས་གླེང་བྱེད་ས་རེད་།་
ཀླད་མེད་གྱི་ཞེན་ཁོག་བྱེད་ས་རེད།
དེ་ནས་ཉོན་རིགས་འཛིན་ལགས་།
ལས་མཚར་རྒྱུ་གསུམ་དེ་མཚར་ནས་འདུག
གནའ་སྔ་མོའི་དང་བླང་དཔའ་རྒོད་ཚོའི་།
བློ་སྟོབས་ནི་དེང་དུས་མི་འདུག་པས་།
བོད་བསོད་ནམས་ཟད་པའི་རྟགས་སུ་འདུག
ད་བོད་དེ་རྒྱ་ཡི་དབང་དུ་འདུས།
ཕོ་རྒོད་ཚད་མུན་པའི་བཙོན་དུ་བཅུག
རྒྱལ་གཅེས་ཀྱི་སེམས་ཤུགས་ཆག་ནས་འདུག
ད་ཅི་འདྲ་བྱེད་དམ་རིགས་འཛིན་ལགས།
རི་བོ་ཧི་མ་ལ་ཡིའི་ཕ་རོལ་ན།
ཁྲག་དམར་འཁྱིལ་བའི་ལོ་རྒྱས་དང་ དེའི་ལྗོངས་སུ་གནས་པའི་གངས་ཅན་པས། རི་སྤྱང་གི་མཆེ་བར་ནས། ཅི་འདྲིའི་མང་པོ་ཞིག་གི་རྒྱལ་ཕམ་བརྩད་མྱོང་འང་། སྤུན་ཟླ་ཚོ། ཡིད་ལ་བཟུང་དང་། སྐྱི་གཡའ་བའི་འདས་དོན་གྱི་ལོ་རྒྱས་དེ་དག་ང་ཚོའི་བསྐལ་བའི་བར་དུ་བརྗེད་མི་ཉན། གཤེགས་ཟིན་པའི་དཔའ་རྒོད་རྣམས་ལ་རྗེས་དྲན་བྱེད།
སྤུན་ཟླ་ཚོ་གངས་རིའི་ཕ་རོལ་ན་ཡབ་མེས་ཚོའི་དུར་ས་ཡོད། ང་ཚོའི་ཡུལ་གྱར་གྱི་འཚོ་ལ་དུང་བ་མེད། བོད་མི་ཚོ་རང་གི་ཕ་ས་མ་བརྗེད། ང་ཚོ་གངས་ཅན་པ་ཞེས་པ་མགོན་མེད་སྐྱབས་མེད་ཞིག་མིན། ང་ཚོའི་ཕ་ཡུལ་རྒྱ་ནག་དམར་གཞུང་གི་འབགས་རྩོག་བཟོ་བཞིན་འདུག་ད་ང་ཚོ་སད་རན། ཡུལ་གྱར་གྱི་འཚོ་བ་ནས་མི་ཚེ་མ་བསྐྱར་ཕ་ས་ཕ་ཡུལ་དུ་ལོག་དགོས་སྤུན་ཟླ་ཚོ།