སྲོང་བཙན་སྒམ་པོ།
བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེས་གཙོ་བོ་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་ཀྱི་ངོ་བོ་རིག་གནས་རྩ་བརླག་གཏོང་བཞིན་པར་ངོ་རྒོལ་སྤེལ་བ་ཉག་ཅིག་ཡིན་ནའང་། གཞོན་ལྷན་གྱིས་འདི་ལྟར་གོང་གི་རྩ་དོན་སྒྲུབ་བྱ་འདི་གཉིས་ལ་ཁྱད་གསོད་ཀྱིས་ལས་འགུལ་སྤེལ་འཆར་འདི་གཞོན་ལྷན་རྒྱུན་ལས་རིམ་བྱོན་གྱི་བྱས་རྗེས་ནག་བསུབ་བཏང་བ་དང་། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་རིང་བོད་ལ་རང་སྐྱོང་ཐོབ་རྒྱུར་གཏོར་བརླག་བྱས་པ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་སྐུ་ཚེ་འདིར་བོད་དུ་གདན་འདྲེན་ཞུ་འདོད་མེད་པ་དང་། དེ་དག་ལེགས་འགྲུབ་བྱུང་རྒྱུར་ཆེད་མངགས་གཏོར་བརླག་བྱེད་ཀྱི་ཡོད་པ་རེད།
གཞོན་ནུ་ལྷན་ཚོགས་ཀྱིས་ད་དུང་ཤེས་བཞིན་བྱིས་པ་བསམ་མེད་ཀྱི་ལས་ཀ་མ་བྱེད་རོགས། ད་དུང་འདི་མུར་མུ་མཐུད་གནང་བ་ཡིན་ན། ང་ཚོསབཀའ་སྤྱི་གཉིས་ལ་སྙན་ཞུ་བརྒྱུད་བོད་མིའི་མངོན་འདོད་ལ་བརྩི་བཀུར་བྱེད་ཀྱི་མེད་པའི་གནས་སྟངས་འདིར་འགན་ཁུར་ངེས་པར་དུ་དགོས་པའི་འགན་བབ་འཚོལ་ཞིབ་བྱ་རྒྱུ་ཡིན་ལ། དེ་དང་འབྲེལ་ནས་གཞོན་ལྷན་དང་གྲི་ཁ་ཁ་ཤ་སོ་སོ་བྱེད་དགོས་ཀྱང་ལམ་ཁ་མ་ནོར་བ་ཞིག་འདེམས་འདོད་ཡོད།
༡ རྒྱ་ནག་གི་རྒྱལ་དར་མེར་བསྲེགས་ཏེ་རྒྱ་རིགས་ས་ཡ་མང་པོར་ཕོག་ཐུག་བཏང་བས་འགན་གཞོན་ལྷན་གྱིས་ཁྱེར་ཐུབ་ཀྱི་ཡོད་དམ།
༢ བོད་རང་བཙན་རྩོད་སྟངས་ཐད་དེ་སྔའི་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་གྲོས་ཆོད་སྔ་ཕྱི་ཁག རྒྱལ་སྤྱིའི་ཁྲིམས་དོན་མཁས་པའི་བོད་ཀྱི་ལོ་རྒྱུས་བཞེད་ཕྱོགས་བཅས་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ཀྱི་ཆ་ནས་རྒྱུ་ཆ་འདང་ངེས་ཀྱི་སྤོབས་པ་ག་རེ་ཡོད་དམ།
༣ ད་ལྟའི་བོད་ནང་གོས་ཆེན་སྣུམ་བསྲེས་ཀྱི་མི་སེར་སྤེལ་བའི་སྲིད་བྱུས་དང་དེའི་མཇུག་འབྲས་བཅས་ལ་གཞོན་ནུ་ལྷན་ཚོགས་ལ་འཕྲལ་ཕུགས་གཉིས་ཀྱི་འགོག་ཐབས་ཐབས་ཤེས་གང་དག་ཡོད་དམ།
༤ བོད་ཀྱི་ཆོས་རིག་སྲུང་སྐྱོབ་དང་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུའི་ཐད་གཞོན་ནུ་ལྷན་ཚོགས་ལ་ལས་འཆར་དང་ཐབས་ལམ་དམིགས་བསལ་བ་གང་དག་ཡོད་དམ།
༥ ཁྱེད་ཚོས་དོན་དངོས་རང་བཙན་རྩོད་ཀྱི་ཡོད་དམ། བོད་གཞུང་དང་༧གོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་དེ་ཉིད་ལ་ཞིབ་འཇུག་མ་བྱས་པར་མཐའ་གཅིག་ཏུ་དགག་པ་དང་དེའི་མདུན་བསྐྱོད་ལ་གཏོར་བརླག་གཏོང་གི་ཡོད་དམ།
༦ རྒྱ་ནག་གཞུང་གིས་གཞོན་ནུ་ལྷན་ཚོགས་ཀྱི་ཁ་ཕྲལ་དང་དྲག་སྐུལ་བྱ་བའི་རྣམ་འགྱུར་ཐོན་བཞིན་པ་རྒྱལ་སྤྱིའི་སྤྱི་ཚོགས་སུ་གསལ་བསྒྲགས་བྱེད་བཞིན་པར་ཁ་གཏད་ཀྱི་བདེན་དོན་གང་དག་ཡོད་དམ།
༧ གཞོན་ལྷན་གྱིས་ཐབས་ལམ་དང་དངོས་ཡོད་གནས་ཚུལ་དང་མི་བསྟུན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་ལས་འཆར་མང་པོ་རྩོམ་བཞིན་པས། བོད་ནང་གི་ད་ལྟའི་གནས་བབ་ཡག་ཏུ་འགྲོ་རྒྱུར་འགན་ག་ཚོད་ཁྱེར་ཡོད་དམ། གནོད་འཚབ་ཚད་ལས་འདས་པ་བསྐྱལ་བཞིན་པར་ངོས་ལེན་བྱེད་ཕོད་དམ།
༨ བོད་མི་མང་བརྒྱ་ཆའི ༩༠་གོ་གྲངས་ཀྱིས་དབུ་མའི་ལམ་ཡིད་ཆེས་ཀྱིས་རང་སྐྱོང་གི་གནས་བབ་རྩོད་ལེན་བྱེད་བཞིན་པར་འགན་ག་ཚོད་ཁྱེར་ཡོད་དམ། ད་བར་དེ་ལ་གཏོར་བརླག་ཚད་ལས་བརྒལ་བ་བཏང་བར་ངོས་ལེན་བྱེད་ཕོད་དམ།
༩ ༧གོང་ས་མཆོག་གི་རྒྱལ་སྤྱིའི་དངོས་ཡོད་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་རང་སྐྱོང་གི་ལམ་ཁ་ནས་བོད་གཞིས་བྱེས་མཉམ་འཛོམས་འབྱུང་འཆར་དང་། ལྷག་པར་བོད་མི་མང་གིས་ཁོང་གི་སྐུ་ཚེ་འདིར་གཞིས་བྱེས་མཉམ་འཛོམས་བྱུང་བར་འབད་བརྩོན་བྱེད་བཞིན་པར་མཐའ་གཅིག་ཏུ་མི་མཐུན་པའི་ལས་ཀ་བྱེད་དགོས་དོན་ག་རེ་ཡིན་ནམ།
༡༠ དོན་དམ་༧གོང་ས་མཆོག་བོད་དུ་ཕེབས་ཏེ་བོད་མི་མང་དང་ལྷན་འཛོམས། རང་གི་ས་ཐོག་ནས་རང་གི་ཆོས་རིག་སྲུང་སྐྱོབ་ཀྱི་རང་སྐྱོང་ངོ་མའི་གནས་བབ་མི་ཐོབ་རྒྱུའམ། དེ་མི་སྤྲོད་རྒྱུའི་རྒྱ་ནག་གཞུང་ལ་ག་དུས་ཡིན་ནའང་ལག་ཆ་མང་པོ་བེད་སྤྱོད་དུ་འཇུག་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།
འདི་དག་ལ་ལན་འདེབས་ཁ་གསལ་མེད་ཚེ་ང་ཚོས་མི་མང་ནང་གཞོན་ལྷན་གྱི་ལས་འགུལ་དང་འབྲེལ་བ་གཅོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ལྷག་པར་ཧོལ་རྒྱུགས་ཆེ་བའི་ལས་འཆར་ལ་ཁ་གཏད་གཅོག་གི་ཡིན།
སྲོང་བཙན་སྒམ་པོའི་བསམ་ཚུལ་འདི་བཀླགས་པ་ཡིན། མདོ་དོན་སྙིང་པོ་དེ་ཧ་གོ་མ་སོང་།
འོན་ཀྱང་། ང་ལ་ཡང་དྲི་བ་གཉིས་ཡོད་།
དང་པོ།
སྲོང་བཙན་སྒམ་པོ་མི་སྒེར་བ་རེད་དམ་ཡང་ན་ཚོགས་པ་འདྲ་བོ་རེད་། འབྲི་མཁན་སྲོང་བཙན་སྒམ་པོ་ཡིན་རུང་། རྩོམ་གྱི་ནང་དུ་”ང་ཚོ་དང་ང་ཚོས་”ཟེར་བའི་ཐ་སྙད་བེད་སྤྱོད་བཏང་འདུག
གཉིས་པ།
སྲོང་བཙན་སྒམ་པོས། “འདི་དག་ལ་ལན་འདེབས་ཁ་གསལ་མེད་ཚེ་ང་ཚོས་མི་མང་ནང་གཞོན་ལྷན་གྱི་ལས་འགུལ་དང་འབྲེལ་བ་གཅོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ལྷག་པར་ཧོལ་རྒྱུགས་ཆེ་བའི་ལས་འཆར་ལ་ཁ་གཏད་གཅོག་གི་ཡིན།” གསུངས་འདུག འདི་སྲོང་བཙན་སྒམ་པོའི་བྱེད་སྟངས་རེད་དམ།
གསུམ་པ།
ངེད་ཀྱི་བསམ་ཚུལ་ལ། དབུ་མའི་ལམ་དང་རང་བཙན་གྱི་དབར་ན། དམག་རྒྱག་རྒྱུ་ཡོད་ནི་མ་རེད་བསམ། ད་། གཙོ་བོ་རྡ་ལམ་ས་ལའི་ཆབ་སྲིད་པ་ཁྱེད་ཚོས་ལྟོས་ར། དེ་ཙམ་ཡིན།
སྲོང་སྒམ་པོ་ལགས་ཀྱིས་དྲི་བ་གནད་འགག་ཅན་ཁ་ཤས་ཤིས་བཏང་འདུག་ཡ། གཞོན་ནུ་ལྷན་ཚོགས་ལ་དངོས་གནས་འགན་ཆེན་པོ་ཡོད་པ་རེད། ཡང་ཁྱེད་ཀྱིས་གཞོན་ལྷན་ལ་སྐྱོན་བརྗོད་ཀྱི་ཚིག་མཚོན་མང་པོ་ཞིག་བད་སྤྱོད་བཏང་འདུག་པ་དེ་འདྲ་རང་ངོས་ལེན་བྱ་ཐབས་བྲལ། འོན་ཀྱང་བོད་མི་བརྒྱ་ཆ་མང་ཤོས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་པས་མ་ཚད་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ན་དེས་བློ་ཡིད་ཚིམས་པ་དང་། དེ་ལ་འདོད་མོས་ཡོད་པ་ཤ་སྟག་རེད། དེས་ན་ངས་དྲི་བ་འདི་ལ་ད་དུང་ཁ་སྣོན་ཞིག་རྒྱག་རྒྱུར། བོད་རྒྱ་གཉིས་ཕན་གྱི་ཐབ་ལམ་འདི་ང་ཚོའི་ཕྱོགས་ནས་ད་དུང་འགྱུར་བ་གང་ཡང་མ་བཏང་བར་མེ་ཚིགས་མེར་གཏུགས་བྱས་ནས་འགྲོ་བཞིན་ཡོད་ཅིང་། ནམ་ཞིག་བོད་རྒྱ་ཞི་མོལ་གྱི་ལམ་ནས་འགྲིག་མཐུན་བྱུང་ནས་བོད་མིའི་ད་ལྟའི་མངོན་འདོད་འགྲུབ་སོང་ན། དེ་དུས་ད་དུང་གཞོན་ལྷན་གྱིས་རང་བཙན་གྱི་ལས་འགུལ་འདི་མཚམས་འཇོག་གི་རེད་དང་མ་རེད།
དེ་ནས་འབོད་སྐུལ་ཞིག་ཞུ་རྒྱུ་ལ་སྤྱི་སྒེར་གཉིས་ཕྱོགས་ནས། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས་ལ་ལས་འགུལ་རེ་སྤེལ་ཐུབ་ན་ལེགས།
རང་ཉིད་ཀྱི་མིང་སྐམ་ཙམ་ཡང་ཕྱི་ལ་སྟོན་མི་ནུས་ཤིང་ཡབ་མེས་དྲིན་པོ་ཆེ་ཞིག་གི་མཚན་བཟང་གཅོང་རོང་ན་དབྱུངས་བའི་ཐ་ཤལ་བ་ཁྱོད་ཉོན་ཨ། གཞིས་ལུས་སྤུན་མཆེད་དག་གིས་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་ཀྱི་ངོ་བོ་རིག་གནས་རྩ་བརླག་གཏོང་བཞིན་པར་ངོ་རྒོལ་སྤེལ་བ་ལ་གཞོན་ལྷན་གྱིས་གནོད་སྐྱོན་ག་རེ་བཏང་སོང་། ཤོད་དཱ། གཞོན་ལྷན་རྒྱུན་ལས་རིམ་བྱོན་གྱི་བྱས་རྗེས་ནག་བསུབ་ཅི་ཞིག་བཏང་སོང། སྨྲོས་དཱ། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་རིང་བོད་ལ་རང་སྐྱོང་ཐོབ་རྒྱུར་གཏོར་བརླག་བྱེད་མཁན་ཞིག་ཡོད་ན་དེ་ནི་རྒྱ་དམར་ཡིན་པ་ལས་གཞོན་ལྷན་མ་རེད། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་སྐུ་ཚེ་འདིར་བོད་དུ་གདན་འདྲེན་ཞུ་འདོད་མེད་མཁན་དེ་དགྲ་བོ་རྒྱ་དམར་རམ་ཁྱོད་རང་ཤུག་ལྡན་ཚོགས་པ་རེད་མ་གཏོགས་གཞོན་ལྷན་མ་རེད། དེ་དག་ལེགས་འགྲུབ་བྱུང་རྒྱུར་ཆེད་མངགས་གཏོར་བརླག་བྱེད་ཅིང་སྐྱབས་མགོན་རིན་པོ་ཆེར་རྒོལ་མཁན་དེ་རྒྱ་ཤུག་ཟུང་འབྲེལ་ཁྱོད་ཅག་་རེད། བོད་ནས་རང་ལུས་མེ་ལ་བསྲེག་ནུས་ཀྱང་འདི་ནས་རས་ལྷེབ་བུ་ཞིག་བསྲེག་མི་ནུས་ཤིང་མི་རུང་ཟེར་བ་འདི་ཚོ་རྒྱ་མིའི་ཉུལ་མ་ཡིན་པ་ཐག་གིས་ཆོད། རང་བཙན་རྩོད་རྒྱུ་ལ་སྤོབས་པ་ག་རེ་ཡོད་ཟེར་ན། གནའ་དུས་ནས་རང་ཉིད་ལ་ཡོད་པ་དེ་རང་ཉིད་ལ་དགོས་ཟེར་ནས་བདེན་པའི་འཐབ་རྩོད་ངོ་མ་དེ་ཡིན་པས་སྔར་མེད་ཀྱི་རང་སྐྱོང་རྩོད་པ་་ལས་སྤོབས་པ་བརྒྱ་ཕྲག་གིས་མཐོ། བོད་མི་མང་བརྒྱ་ཆའི ༩༠་གོ་གྲངས་ཀྱིས་དབུ་མའི་ལམ་ཡིད་ཆེས་ཀྱིས་རང་སྐྱོང་གི་གནས་བབ་རྩོད་ལེན་བྱེད་བཞིན་པར་ཟེར་བ་ལ་ཁ་སྐྱག་པས་ཆོད། གཞོན་ལྷན་དང་འབྲེལ་ཡོད་མདོ་དབུས་ཁམས་གསུམ་ན་ཡོད་ཅིང་དེ་དག་གིས་དངོས་ཡོད་ཤེས་གསལ་ལ་རང་བཙན་རྩོད་མཁན་ལ་རྒྱབ་སྐྱོར་བརྒྱ་ཆ་༩༠་གོ་གྲངས་ཡོད་འདུག་པ་ལས་རང་སྐྱོང་མི་དགོས་གསུང་མཁན་ཕལ་ཆེར་རེད། ད་དུང་སྤུན་མཆེད་གྲངས་ཀྱིས་མི་ཆོད་པས་རང་སྐྱོང་དགོས་ཟེར་མཁན་བྱེས་སོང་ཁྱོད་རང་ཚོ་རེད་མ་གཏོག་གཞིས་ལུས་ལ་རང་བཙན་མེད་ཀྱང་རང་སྐྱོང་མི་དགོས་ཞེས་གཏན་ཚིགས་དང་བཅས་པར་གསུང་མཁན་ཤིན་ཏུ་མང། འདི་དག་ལ་ལན་འདེབས་ཁ་གསལ་མེད་ཚེ་ང་ཚོས་མི་མང་ནང་གཞོན་ལྷན་གྱི་ལས་འགུལ་དང་འབྲེལ་བ་གཅོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཟེར་བ་ལ་ལྟོས་དང་སྙིང་རྗེ་ཤུག་ལྡན་ཚོགས་པ་ལས་སུ་ཞིག་ཁྱོད་ཚོའི་རྗེས་སུ་འོང་། ད་ནི་ཞིབ་མོས་བློས་དཔྱད་ན་མི་འདི་རིགས་ནི་གོང་ས་མཆོག་དང་གཞོན་ལྷན་བར་ལ་འགལ་ཟླ་བཟོ་མཁན་ངོ་མ་དེ་ཡིན་པ་ཐག་གིས་ཆོས་པས་ཡང་ན་རྒྱ་མིའི་ཉུལ་མ་རེད་ལ་ཡང་ན་དོལ་རྒྱལ་ཚོགས་མི་རེད་པས། སུ་ཡིན་མིན་འཚོལ་ཞིབ་འཐིལ་ཕྱིན་བྱེད་དགོས་པ་ལས་ཡན་པོར་འཇོག་མི་རུང་། ཨ་རིག་དགེ་མཐོང་ཟེར་བའི་མི་ངན་དེའང་དེ་གཉིས་གང་རུང་གི་ཁུངས་སུ་འདུ་ཞེས་སྔོན་ཆད་ནས་ཐོས་པས་དེ་ལ་འབྲེལ་ཡོད་ཚོས་བག་ཟོན་མཛོད། རྡོག་རྩ་ཆིག་སྒྲིལ་དང་། གདུང་སེམས་མཉམ་སྐྱེད་མེད་ན་ཁ་རོག་གེར་སྡོད་དང་སུ་ཞིས་གིས་ཁྱོད་ཚོར་གཙེས་མི་འོང་། དབྱེན་དཀྲུག་དང་ནང་དམེའི་ས་བོན་མ་འདེབས་རོགས་སྐུ་མཁྱེན།
སྤྱིར་བོད་རྒྱ་ཞི་མོལ་ཡོང་ཐབས་ལ་གཞུང་དམངས་ཚང་མས་འབད་འབུངས་བྱས་དང་བྱེད་བཞིན་པ་རེད། གཞོན་ལྷན་གྱིས་རང་བཙན་རྩོད་པ་དང་དབུ་མའི་ལམ་གྱིས་རང་སྐྱོང་རྩོད་པ་གཉིས་ཀ་བོད་རྒྱ་ཆེའི་མི་དམངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་རེད་མོད། དེང་སྐབས་དགོས་དབང་གིས་དབུ་ལམ་ལ་ཞུགས་མཁན་མང་པ་ཡང་ཡོངས་ཁྱབ་འདྲ་ཞིག་རེད།
གོང་དུ་དྲི་བ་འགའ་བཀོད་འདུག་པ་དེར་གཟོན་ལྷན་གྱི་ཡིག་འབྲི་བ་ཙོས་ལན་ཞིག་ཅིས་ཀྱང་ཡོད་ན་རབ་རེད་སྙམ།
སྤྱིར་ཁ་སྔོན་དུས་བབ་ཚང་གི་ཟིན་བྲིས་པ་འགས་གཞོན་ལྷན་ལ་ཁ་རྡུང་དྲག་པོ་བཏང་ནས་ཧ་ལམ་སྒོ་རྒྱག་དགོས་པ་འདྲ་ཞིག་བཤད་སོང་། དེ་རིང་གི་འདིས་ཀྱང་དེ་དང་འདྲ་མཚུངས་ཤིག་བཤད་ཀྱིན་འདུག གཞོན་ལྷན་གྱི་ལས་འགུལ་སྤེལ་དགོས་ན་ལྟ་བ་དོར་དགོས་པ་དང་། ལྟ་བ་མི་དོར་ན་ལས་འགུལ་སྤེལ་མི་དགོས་ལ། གལ་སྲིད་དེ་ལྟར་ལས་འགུལ་སྤེལ་བ་གཞོན་ལྷན་དང་མི་དམངས་ཁ་ཁ་བྱེད་དགོས་པ་དང་། བྱེད་དུ་འཇུག་གི་ཡིན་ཟེར་འདུག ངས་བསམ་ན་འདི་ཉེན་ཅན་གྱི་དགོངས་པ་ཞིག་ཡིན་ས་རེད། རྒྱ་ནག་གི་སྙིང་ལ་ཟུགས་པའི་ལས་འགུལ་རབས་དང་རིམ་པ་གཞོན་ལྷན་གྱིས་སྤེལ་དང་སྤེལ་བཟིན་པར་རྒྱ་དམར་གཞུང་གིས་ཁ་རྡུང་དྲག་པོ་བཏང་དང་གཏོང་བཞིན་ཡོད། ད་དུང་ཏཱ་ལའི་བླ་མ་དང་ཟམ་གདོང་རིན་པོ་ཆེ། གཞོན་ལྷན་གསུམ་དྲག་གཅོད་པ་ཡིན་རབས་སོགས་སྐད་ཆ་མང་པོ་བཤད་ཅིང་བརྒྱུད་ལམ་ཁག་ཏུ་བསྒྲགས། ད་དུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མདོར་ན་བཙན་བྱོལ་སྤྱི་ཚོགས་ཀྱི་ནུས་པ་དང་སྤྱི་ཚོགས་ཁ་ཐོར་དུ་གཏོང་དགོས་པ་དང་། དེའི་ཐད་ན་ནུས་པ་གང་ཡོད་འདོན་དགོས་སྐོར་རྒྱུ་གཞུང་གི་དམིགས་ཡུལ་ཉག་གཅིག་པོ་དེ་རེད། དེ་བས། བོད་ནང་དུ་རྒྱ་རྒོལ་ལས་འགུལ་རབས་དང་རིམ་པར་སྤེལ་བཞིན་པའི་སྐབས་འདི་འདྲ་ཞིག་ལ་ང་ཚོས་འདི་ནས་བོད་ནང་གི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཨེ་ཐུབ་ལྟ་རྒྱུ་ཕར་བཞག་ནས་ནང་ཁུལ་རྩོད་གླེང་གི་གཞི་ཆེན་པོ་འདི་འདྲ་གླེང་ཡོང་ན་ཧ་ཅང་མི་འཚམས་སྙམ། གལ་སྲིད་གཟོན་ལྷན་གྱི་ལས་འགུལ་མཚམས་བཞག་པ་དང་། དེ་རིང་ནས་གཞོན་གྱི་ནུས་པར་བཙན་བྱོལ་མི་མང་གིས་ངོས་ལེན་མེད་པར་རྒྱལ་སྐྱོར་དང་མཉམ་ཞུགས་མ་བྱས་པའི་ཉི་མ་དེ་ནས་བཟུང་། བོད་ནང་གི་ལས་འགུལ་དེ་ཚོ་ཡང་དོན་འབྲས་སོན་པ་ཞིག་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྱབ་སྒྲག་གང་འདྲ་ཞིག་འགྲོ་མིན། མ་འོངས་བོད་མིའི་འཐབ་རྩོད་དེ་གང་འདྲ་ཞིག་ཆགས་མིན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་གང་འདྲ་ཞིག་འཁྲིད་མིན་སོགས་ད་དུང་མུན་ཁུང་ན་གནས་འདུག་པས་ན། དེང་གི་སྐབས་འདིར་འདྲར་གཞོན་ལྷན་ལ་དགག་རྒྱག་གི་དུས་ཚོད་ཅིག་རེད་མི་འདུག་སྙམ།
མདོར་ན་དེ་རིང་གཞོན་ལྷན་གྱི་ལས་འགུལ་མཚམས་བཞག་རྗེས་བཙན་བྱོལ་ལམ་ཕྱི་སྡོད་བོད་མི་ཚོར་གྲགས་འགུལ་ཆེར་ཡོད་མི་སྲིད་སྙམ།
རྩོམ་ཡིག་རེ་འབྲི་རྒྱུ་རེག་ན་སྨྱུག་ཁ་རྒྱ་ལ་སྐོར་ན་བཟང་། རྒྱ་ནག་མི་དམངས་ལ་རྒྱའི་དར་ཆ་མེར་བསྲེགས་ཀྱིས་ཕོག་ཐུག་འགྲོ་གི་རེད་སོགས་ནི་རྒྱའི་སེམས་ཁྲེལ་བྱེད་ན་ལས་ང་ཚོའི་རང་གི་ཁ་གཏད་ལ་བློ་དཀྱེལ་དེ་འདྲ་ཡངས་མདོག་དགོས་དོན་ཨེ་ཡོད་ན། བོད་ནང་ལ་ཁ་གཡར་ནས་བཤད། བོད་ནང་གི་བོད་མིས་ཀྱང་རྒྱའི་དར་ཆ་དམར་པོ་ལན་གྲངས་སུ་མང་ཕབས་ཅི་ཐུབ་བྱེད་བྱས་དང་བྱེད་བཞིན་མི་འདུག་གམ།
སྲོང་བཙན་སྒམ་པོ་ལགས་ཀྱིས་ལྟ་བའི་དབྱེ་མཚམས་དང་། བྱ་སྤྱོད་ཀྱི་མཚམས་ཐིག་དྲང་འབྱེད་བྱས་འདུག ད་དུང་གཅིག་གིས་གཅིག་ལ་འགན་ཁྱེར་ཕྱོགས་བཅས་དྲི་བ་དང་ནག་འདེད་བྱས་འདུག ད་ཡིན་གདའ།
རྗོ་བོ་རིན་པོ། ཆོ་ཁོ་རང་མིན་འདུག དོན་མེད་རྙོག་དྲ་བཟོ་འདོད་རང་རེད་བཞག མི་ངན་ལ་མིང་ཆེ་ན་འབོད་མི་ངོ་ཚ་ཟེར། ད་དུང་མིང་ལ་སྲོང་བཙན་སྒམ་པོ་ཡིན་ན་གཅིག སྐད་ཆ་ཆོ་མེད། དྲེ་བ་ཆོ་མེད། ད་འདི་ག་རེ་ཡིན་ཟེར་གི་ཡོད་རེད། ཞོན་ལྷན་དང་བོད་རང་དབང་སློབ་ཕྲུག་ཚོགས་གཉིས་ལས་ལྷག་པ་། བཙན་བྱོལ་ནང་དུས་དང་དུས་ལ་ལས་འགུལ་ཡག་པོ་སྤེལ་མཁན་སུ་ཡོད། གཞོན་ལྷན་ནི་བོད་གཞུང་གི་རྒྱ་ཚ་མེད་དུ་མི་རུང་བ་རེད་གདའ། གཞོན་ནུ་བ་ཚོ་བློ་མ་ཕམ། འདི་ལ་ཁ་ཡ་མ་བྱེད། མུ་མཐུད་བོད་རང་དབང་གི་ཆེད་ལས་འགུལ་སྣ་མང་སྤེལ་རོགས་གནང། གཞན་ནུའི་དཔའ་བོ་གསུམ་ད་ལྟ་རང་སྲོག་འབན་ལ་བཙུག་ལས་འགུལ་སྤེལ་གི་ཡོད་གདའ། དཔའ་བོ་གསུམ་རྒྱལ་གྱུར་གཅིག བོད་རྒྱལ་ལོ།
ང་རང་གཞོན་གི་ཚོགས་མི་སོགས་གང་ཡང་མིན་གདའ། ང་རང་དབང་ཤོར་བའི་བརྕན་བྱོལ་བ་ཞིག་ཡིན། གསལ་བཤད་ཙམ་ཞུ།
དུས་བབ་ཚང་གི་མཆན་བུ་དེ་འདིར་འདུག
ཤར་ཕྱོགས་ཁུག་རྟ།
༢༠༡༢/༠༢/༢༨ ཉིན་འདོན་སྤེལ་བྱས།
ངས་ཐོག་མར་ཁྱེད་ཚོའི་ལས་དོན་དེ་བོད་ལ་ཕན་ཐོག་མིན་ལ་མ་ལྟོས་པར་འཚམས་འདྲི་ཞུ་རྒྱུ་ཡིན། དེ་དང་འབྲེལ་ནས་ཁྱེད་ནས་མེ་ལྕེ་ལས་འགུལ་ཐད་བྲིས་པའི་བསམ་ཚུལ་ལ་ཞིབ་ལྟ་བྱས་པ་ཡིན། ཕོ་ཁྱོ་གའི་སྐད་ཆ་གསལ་བོ་ཞུས་ན། བསམ་ཚུལ་གྱི་འཁོར་འགྲོས་འདི་ལས་མེད་པ་ཞིག་གིས་སྲོག་དོར་ཀྱང་ཆོག་གི་འདུག་ལ་མ་དོར་ནའང་ཁྱད་པར་མེད་པ་གསལ་བོ་རེད་འདུག་པས། སྤྱིའི་རྒྱབ་ལྗོངས་ནས་ངེད་ལ་གླེང་སློང་བྱ་རྒྱུའི་འདུན་པ་གང་ཡང་མེད།
ངས་རང་གི་ལངས་ཕྱོགས་དང་གཞིས་བྱེས་བོད་མིའི་བསམ་འདུན། བཙན་བྱོལ་གྱི་མི་ལོ ༥༠ ལྷག་གི་བཞུད་འགྲོས་ལ་ཞིབ་ལྟ་བྱས་ནས་ཁྱེད་ཚོ་ཟས་བཅད་ངོ་རྒོལ་པ་དག་ལ་ག་རེ་བརྗོད་འདོད་སོང་ཞེ་ན། ཁྱེད་རྣམས་ནི་དངོས་གནས་དེ་རིང་སང་ཉིན་གྱི་བོད་མིའི་མངོན་འདུན་ལས་རྒྱབ་ཀྱིས་ཕྱོགས་པའི་ཁ་ཕྲལ་བ་ཞེ་ཅིག་རེད་ལ། རང་ལུས་མེར་བསྲེགས་བཏང་བའི་དཔའ་བོ་དག་གི་དཀྱིལ་སྙིང་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། རིག་གནས་ངོ་བོ་ངོས་འཛིན་སྣུམ་གྱིས་ཟོས་པ་ལྟ་བུའི་མི་སེར་སྤེལ་བའི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པ་གཉིས་དང་ཅི་ཙམ་འབྲེལ་བ་ཡོད་མེད། ནུས་བ་ཐོན་མེད་ཞིབ་ཏུ་བསམ་བློ་གཏོང་དགོས་པ་ཞིག་རེད།
རང་བཙན་གྱི་མངོན་འདོད་ནི་དེང་སང་བསམ་ཚུལ་ཙམ་གྱི་ངོ་བོར་གནས་ཡོད། བསམ་ཚུལ་ཙམ་གྱིས་ཅི་གང་མི་འགྲུབ་པ་དང་འགན་འཁྱོག་གི་མེད་པ་ཁྱེད་ཚོ་དག་ལ་གསལ་ཞིང་གསལ་བ་ལྟར། ཅི་སྟེ་ཁྱེད་ཚོ་ཁ་ཕྲལ་བ་ཉུང་ཤས་ཀྱི་བྱེད་སྟངས་འདི་རིགས་གོང་གི་རྩ་དོན་གཉིས་སྒྲུབ་རྒྱུར་རྒྱ་ནག་གཞུང་གི་ལག་པ་འཕྱི་སར་འགྱུར་བཞིན་པ་འདིའི་འགན་ཁུར་ཡོད་ཚད་ཁྱེད་ཚོ་ལྟ་བུ་དག་ལ་ཡོད་པ་རེད། དེ་ལས་ཀྱང་དེང་གི་བོད་མིའི་མངོན་འདོད་སྒྲུབ་རྒྱུར་གེགས་རྐྱེན་དུ་ཕྱིན་པ་ཡིན་ན་འགན་དེ་མི་འཁུར་རང་འཁུར་ཆགས་ཀྱི་རེད།
ངས་དགའ་ལྡན་ཕོ་བྲང་བའི་བྱུང་རབས་ནས་བཤད་ན་འདྲ་ལ། བཙན་བྱོལ་མི་ལོ་ལྔ་བཅུ་ལྷག་གི་བྱུང་རབས་ནས་བཤད་ན་འདྲ་ལ། ༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་ལས་ཆོལ་ཁ་གསུམ་ལ་བཀའ་དྲིན་ཆེ་བ་མེད་ལ། ཐ་ན། ད་ལྟ་ཁྱེད་རང་ཡོད་སའི་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བའི་སྙན་ཞུ་དང་པོ་ ༡༩༥༩ ལོར་རེད། དེར་གསལ་གཟིགས་ཀྱིས་བསམ་བློ་ཞིག་བཏང་བ་ཡིན་ན། སྐབས་དེར་ས་མཚམས་ཅི་ལྟར་བཅད་འདུག ཡིན་ནའང་༧རྒྱལ་མཆོག་འདིའི་ཐུགས་སྟོབས་རྒྱས་མཚམས་ཅི་ལྟར་ཐག་གིས་བཅད་ཅིང་སྐབས་དང་དུས་སུ་དགོངས་གཞི་གང་བཏོན་ལས་ལྷག་ཅིག་བོད་སྐྱོབ་ཐབས་ལམ་མེད་པ་རིག་པ་དང་དངོས་ཡོད་གཉིས་ནས་གསལ་རྟོགས་ཐུབ་ངེས་ལ་སོང་། མ་མཐར་ཁྱེད་ཚོ་ཁ་ཕྲལ་བ་དག་གིས་༧རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་འདི་བོད་དུ་གདན་འདྲེན་ཞུ་རྒྱུར་འགན་ཞིག་ཅི་ནས་ཀྱང་ཁྱེར་རོགས།
ཁྱེད་ཚོའི་ཟས་བཅད་ངོ་རྒོལ་ནི་འགན་ཁུར་མེད་པའི་བསམ་ཚུལ་འཛིན་མཁན་གྱི་ལས་ཀ་བྱ་སྟངས་ཤིག་དང་། གཞུང་མང་ལ་འགན་ཁུར་ཡོད་པའི་བསམ་ཚུལ་དང་མི་སྣ་གང་ཡང་མིན་གཤིས། གལ་སྲིད་དེ་ལྟར་གཤེགས་སོང་བ་ཡིན་ན། ལོ་རྒྱུས་ཀྱིས་ཅི་ཞིག་གསལ་ཁ་གནང་མིན་ད་དུང་ཐེ་ཚོམ་འབའ་ཞིག་གི་གནས་སུ་མཆིས།
ངེད་ནི་དབུ་མའི་ལམ་གྱི་དགོངས་དོན་བརྒྱུད་༧གོང་ས་བཅུ་བཞི་པ་ཆེན་པོ་བོད་དུ་གདན་འདྲེན་ཞུ་མཁན་དང་། ཆོས་རིག་རྩ་ཡལ་གཏོང་འཆར་ལ་རང་སྐྱོང་གི་ཐོབ་ཐང་འོག་སྲུང་སྐྱོབ་བྱ་མཁན་ཞིག་ཏུ་སོང་། ༢༠༠༨ ལོར་སྤྲད་པའི་བསམ་འཆར་ལ་མཇུག་གནོན་རྒྱག་གཅིག་འཆོང་གཅིག་བྱ་མཁན་ཞིག་རང་བཞིན་གྱིས་ཆགས་ཡོད་པས། ད་ལྟ་གཞོན་ལྷན་གྱི་དར་དམར་མེར་བསྲེགས་དང་ཁྱེད་ཚོའི་ལས་འགུལ་འདི་རིགས་ནི་ཁ་ཕྲལ་ལོག་སྤྱོད་ཀྱི་བྱ་བ་ཡིན་པ་ངས་མུ་མཐུད་གསལ་བཟོ་གནང་ངེས་ཡིན།
ངས་གཞོན་ལྷན་སོགས་ཀྱིས་བྱ་བ་ལ་བཟང་ངན་གྱི་ཁ་ཚོན་གང་ཡང་གཅོད་མི་ཐུབ། འོན་ཀྱང་མངོན་འདོད་ནི་རང་དབང་རང་སྐྱོང་མ་རེད།རང་བཙན་གཙང་མ་རེད།དེ་ཁྱེད་ཀྱིས་ཤེས་པར་བྱས་ནས་སྐད་ཆ་ཤོད་ཞུ་གི་ཡོད། ཁྭ་ཏ་ཁ་ཏ་བ་ལ།
ངས་ཁ་སྔོན་ཞུ་ཟིན་ཙམ་ཡིན། དེང་སང་མང་གཙོ་ཚད་ལྡན་གྱི་དྲ་རྒྱའི་ཚབ་ཏུ་དམར་ཤོག་མགོ་འཁྲེགས་ཀྱི་རྣམ་ཐར་ཟིན་པ་འདི་ཅིས་ལན་པ་ཡིན་ནམ།
ལན་དང་པོ། གྲོག་མ་སྔོན་པོར་ཕོག་ཐུག་སོང་ན་དེ་ཧང་སངས་དགོས་པ་ཞིག་མ་རེད། དེའི་ཕྱིར་དྲི་བ་དེ་ལ་རིན་ཐང་མི་འདུག
ལན་གཉིས་པ། ཁ་སང་འབར་བའི་སེང་ཕྲུག ༢༣ པོ་དེ་ཡིན་ལ། ད་དུང་ཡང་འདི་ལྟར་མེ་ལ་འབར་བཞིན་པའི་མི་སྟོན་རྒྱུ་ཡོད་ལ། དུས་གསུམ་དུ་འགྱིང་བའི་གངས་རི་དང་། བསྐལ་བའི་བར་གནས་པའི་རྒྱལ་རབས་ཀྱི་བྱུང་བ་ཡོད།
ལན་གསུམ་པ། དེ་ལ་ཐབས་ལམ་ཐབས་ཆས་ཡན་ལག་ཡོངས་སུ་རྫོགས་པ་ཡོད་པ་མ་ཟད། བོད་རང་བཙན་བླངས་རྗེས་ཀྱི་བོད་རྒྱལ་ཁབ་ཆེན་པོའི་དཔལ་འབྱོར་གྱི་མ་རྐང་ཚུན་ཆད་བསྡུ་རུབ་རྒྱག་བཞིན་པ་ཡིན།
ལན་བཞི་པ། རྒྱ་དར་མེ་ལ་བསྲེགས། རྫུན་ཕུགས་བདེན་པས་བརྟོལ་ནས་འགོག་ཐབས་ཀྱི་ཐབས་ཆས་ཡོངས་སུ་རྫོགས་ཡོད།
ལན་ལྔ་པ། ང་ཚོས་རང་བཙན་ཁོ་ན་རྩོད་ཀྱིན་ཡོད།
ལན་དྲུག་པ། ད་ལྟའི་བར་དུ་འཚེ་བའི་ལས་ཀ་གཅིག་ཀྱང་བྱས་མ་མྱོང་བ་དང་། ད་དུང་མུ་མཐུད་ནས་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ན་བརྒྱུད་ཀྱིན་པ་ནི་དངོས་ཐོག་བདེན་འཚོལ་གྱི་བདེན་དཔང་ཤ་སྟག་ཡིན།
ལན་བདུན་པ། ང་ཚོས་དངོས་ཡོད་གནས་ཚུལ་ལ་མ་བསྟུན་པར་བསྒྲགས་གཏམ་དང་ལས་འགུལ་གཅིག་ཀྱང་སྤེལ་མྱོང་མེད་པ་མ་ཟད། ད་ལོ་དགུན་གྱི་དུས་སུ་བོད་ཁུལ་གྱི་ས་ཆ་ལ་ལར་མེ་ཏོག་གངས་ལྷ་བཞད་ཀྱིན་པ་ཆོས་ཉིད་ཀྱི་སྔ་ལྟོས་ཤིག་ལ་བསམ་གྱིན་ཡོད་ལ། ད་ལྟ་བོད་མི་ཕོན་ཆེ་ཞིག་གཉིད་སངས་ནས་ཚེ་སྲོག་གིས་བོད་རང་བཙན་གྱི་མེ་ཕུང་བསྒོང་བཞིན་པ་ནི་བོད་ཀྱི་གནས་བབ་ཡག་ཏུ་འགྲོ་བའི་རྟགས་མཚན་ཤ་སྟག་ལ་ངོས་འཛིན་བཞིན་ཡོད།
ལན་བརྒྱད་པ། དབུ་མའི་ལམ་ལ་ཡིད་ཆེས་ཡོད་ན་རང་བཙན་ལ་ཡིད་ཆེས་མེད་པས་མ་ཁྱབ། ད་བར་གཞོན་ནུའི་ངོས་ནས་བོད་མིའི་མངོན་འདོད་ལ་གཏོར་བརླག་གཅིག་ཀྱང་བཏང་མ་མྱོང་།
ལན་དགུ་བ། རྒྱལ་སྤྱིའི་འགྱུར་བ་བལྟས་ན་བོད་རང་བཙན་རྩོད་རྒྱུ་ཡོད་པ་གསལ་བོ་ཡིན་པ་མ་ཟད། ཐོབ་ངེས་ཡིན་པའང་ཤིན་ཏུ་གསལ་བས་ང་ཚོས་རྩོད་བཞིན་ཡོད་ལ། ང་ཚོས་ཀྱང་གོང་ས་མཆོག་སྐུ་བཞུགས་བཞུགས་ོཔའི་སྐབས་ལ་བོད་དུ་གདན་འདྲེན་གྱིས་བོད་རང་བཙན་ཐོབ་པའི་གཏམ་བཟང་གིས་འཛམ་གླིང་ཁྱོན་ལ་བཀྲམ་རྩིས་ཡིན།
ལན་བཅུ་པ། གྲོག་མ་སྔོན་པོའི་ལག་ཆར་གྱུར་ཨེ་འགྲོ་ལ་ང་ཚོ་ནམ་ཡང་འཇིགས་ཀི་མེད། རང་སྐྱོང་སོགས་ནི་གྲོག་མ་སྔོན་པོའི་རྩ་ཁྲིམས་ནང་ནས་གནའ་ཞིག་ནས་སྤྲད་བཞག་པ་ཞིག་རེད། དེ་སྤྲད་ནའང་ང་ཚོ་མི་དགོས། སྲོང་བཙན་རྫུན་མ་རང་གིས་ཁྱེར་དང་ཆོག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚབ་ཏུ་གནམ་ཐར་རྒྱལ་གྱིས།
གྲོགས་པོ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
རྡ་རམ་ས་ལའི་ཆབ་སྲིད་པ་ཟེར་བ་དེ་ཅུང་འཁྱོག་གི་མི་འདུག ཅང་ཤེས་ཀྱི་མེད། ཕྱི་རྒྱལ་ནང་བཞིན་ཅིག་ད་ག་བ་ག་བ། དེའི་ཐད་ཆེ་བཤད་ཅང་རྒྱག་འདོད་མེད།
སྲོང་བཙན་སྒམ་པོའི་བསམ་ཚུལ་དེ་ཁ་སྔོན་དུས་བབ་དྲ་བ་ནས་རྣག་ཐོག་ཁབ་གཙགས་སུ་སོང་བས། ཆེ་ཕྲ་ཚང་མས་དོ་སྣང་གནང་བཞིན་པ་གཞིར་བཞག་གིས་འདིར་གོག་ནས་བཀོད་པ་ཡིན།
སྤྱིར་བཏང་རང་བཙན་པ་དང་ལམ་དབུ་མ་པས་རང་རང་གི་འགྲོ་ཕྱོགས་འདུག་ཕྱོགས་ཡག་པོ་ཞིག་ཤེས་ན་བཟང་གི་རེད་ལ། དེ་དང་འབྲེལ་ནས་བསམ་ཚུལ་ག་རེ་ཡིན་ན་ལྷུག་བརྗོད་བྱས་ན་དེ་བས་འོས་ཤིང་འཚམས་པ་ཞིག་རེད། ངས་དེང་གི་བོད་མིའི་མངོན་འདོད་དང་ཁ་ཕྲལ་བའི་བྱ་སྤྱོད་ལ་འཛིན་པའི་བསམ་ཚུལ་ཁ་གསལ་བོས་བྲིས་པ་དྲ་གྲོགས་སྟག་གིས་འདིར་ཚུར་བཀོད་འདུག དེ་ག་རང་ཡིན། ཁ་ཞེ་གཉིས་མེད་ཡིན། ཕྱི་གསལ་ནང་གསལ་ཡིན། འདས་མ་ད་གསུམ་གང་དུའང་རང་གི་ལངས་ཕྱོགས་དང་བསམ་ཚུལ་ཐད་ཐབས་ལམ་ག་འདྲ་ཞིག་ནས་ཀྱང་བསམ་ཚུལ་ལྷུག་བརྗོད་ཐུབ་ངེས་ཡིན། ད་བར་ར་མིན་ལུག་མིན་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ལས་འགུལ་སྤེལ་སྟངས་དེས་ང་ཚོར་གནོད་རྐྱེན་ལས་ཕན་གང་ཡང་བཏགས་ཡོད་པ་མ་རེད་འདོད། གང་ལྟར་དབུ་མའི་ལམ་ལ་ཡིད་ཆེས་ངེས་པ་བརྟན་པོ་ཡོད་མཁན་དག་ནི་ཁ་ཕྲལ་བ་མིན་པ་གསལ་བོ་རེད།
བོད་རང་དབང་སླར་གསོའི་ཆེད་དུ་འདས་མ་ད་གསུམ་ལ། བློ་བཟང་ཆོས་འབྱོར་ཁྱོད་ཀྱི་ལྟ་བ་དང་དམིགས་ཡུལ། དགོས་པ་དང་རྒྱུ་མཚན། འཆར་གཞི་དང་ལག་སྟར་སོགས་ག་རེ་ག་རེ་ཡོད་དྲང་པོ་དྲང་ཤག་གི་ལམ་ནས་ཅིག་ཤོད་རོགས་གནང་དེ་ནས་རེ་བ་ཡིན།
སྙོག་དྲ་ཡོད་ཚད་དར་ཆ་མེར་བསྲེགས་ལས་བྱུང་བ་རེད། དར་ཆ་མེར་བསྲེགས་ཀྱི་ལས་འགུལ་དེས་བོད་མི་ཚོར་ཕོག་ཐུག་བཏང་འདུག དེར་དྲི་བ་བཏང་འདུག ད་ལན་རྒྱོབ།
རང་གྲོལ་ལགས།
༼༡༥༽ རང་གྲོལ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༨ གི་ཆུ་ཚོད་ ༤ སྐར་མ་ ༥༥
སྙོག་དྲ་ཡོད་ཚད་དར་ཆ་མེར་བསྲེགས་ལས་བྱུང་བ་རེད། དར་ཆ་མེར་བསྲེགས་ཀྱི་ལས་འགུལ་དེས་བོད་མི་ཚོར་ཕོག་ཐུག་བཏང་འདུག༽
ཅེས་པ་འདི་བདེན་པ་ཨེ་ཡིན་ནམ། རྒྱའི་དར་དམར་མེར་བསྲེགས་པས་བོད་མི་ཚོར་ཕོག་ཐུག་གང་ན་བཏང་འདུག བོད་མི་ཉི་ཤུ་རྩ་གྲངས་ཀྱིས་རང་ལུས་མེར་བསྲེགས་གཏང་སྟེ་རྒྱ་དམར་གྱི་བཙན་གནོན་པ་ངོ་རྒོལ་བྱས་པས་རྒྱ་ནག་གཞུང་གཉིས་ལ་ཕོག་ཐུག་མ་གཏོང་མ་ཐུབ་པར། ཕྱི་སྡོད་བོད་མིས་རྒྱ་གུང་ཁྲན་ཏང་གི་དར་ཆ་དམར་པོ་དེ་མེར་བསྲེགས་ན་རྒྱ་མི་རིགས་ས་ཡ་མང་པོ་དང་། དེའི་མི་ཚད་བོད་མི་ཚོར་ཡང་ཕོག་ཐུག་འགྲོ་དོན་ཨེ་ཡོད་ན། བོད་ནང་ནས་རྒྱའི་དར་དམར་དེ་རྒྱུགས་པའི་རྩེ་ནས་མར་ཕབས་ཏེ་བོད་ཀྱི་རྒྱལ་དར་ཡར་བསྒྲེངས་པ་དེས་ཁྱོད་ལ་ཕོག་ཐུག་གཏང་ཡོད་ཀྱི་རེད་ལ། ད་ངོ་མ་འདི་ཚོས་ཅི་ཞིག་འདོད་ཅིང་བཤད་ཀྱིན་པ་མི་ཤེས་ཀི
ཤར་ཁུག་གིས་བཤད་པ་ལྟར་རྒྱུ་མཚན་རེ་རེ་ནས་བཤད་ན་བགྲོ་གླེང་གི་རྣམ་པའི་ཐོག་ནས་གསལ་དཀྲོལ་གང་ཡོད་བྱས་ཆོག་གི་རེད་མོད། སྐད་ཆ་མགོ་སྔ་མེད་པར་༼སྙོག་དྲ་ཡོད་ཚད་དར་ཆ་མེར་བསྲེགས་ལས་བྱུང་བ་རེད། དར་ཆ་མེར་བསྲེགས་ཀྱི་ལས་འགུལ་དེས་བོད་མི་ཚོར་ཕོག་ཐུག་བཏང་འདུག༽ཟེར་བ་འདིའི་དོན་ནི་ཁ་སྔོན་གཞོན་ལྷན་གྱིས་དབུ་ཁྲིད་པའི་དྷ་སའི་ལས་འགུལ་དེའི་སྐབས་སུ་རྒྱའི་དར་དམར་མེར་བསྲེགས་བཏང་པ་དེར་དམིགས་ནས་ཡིན་སྲིད་མོད། དེའི་སྔ་རྗེས་གང་ནའང་གཞོན་ལྷན་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱས་དང་བྱེད་མཁན་གྲངས་ཚད་ངེས་ཅན་ཞིག་ཡོད་པས་ན། བོད་མི་ཚོར་ཕོག་ཐུག་བཏང་འདུག་ཟེར་བ་སུ་ལ་ཕོག་ཐུག་གཏང་པ་རེད། མི་རེ་ཟུང་གཞིར་བཟུང་ནས་སྤྱི་ལ་སྡོམ་ཚིག་ལྟ་བུའི་སྐད་ཆ་དེ་འདྲ་མི་བཤད་པའི་རེ་བ་ཆེ།
གཅན་བཟོད་རྒྱམ་ལགས།
དར་དམར་མེ་ལ་བསྲེགས་པ་དེ་དོན་དངོས་རང་གི་མགོ་གཅོག་ཏུ་གྱུར་ཡོད། ང་ཚོ་དངོས་གནས་རས་དམར་པོ་ཞིག་མེ་ལ་བསྲེགས་པས་འཇོན་ཐང་ལས་མེད་ཀྱང་། དར་དམར་དེ་ཁ་གཡར་ནས་འབྲེལ་མོལ་མི་བྱེད། ༧ཏཱ་ལའི་བླ་མ་ཁ་ཕྲལ་བ་རེད་ཅེས་གཅིག་མཇུག་གཉིས་མཐུད་དཔང་རྟགས་ར་སྤྲོད་སྟོན་རྒྱུ་རྒྱ་ནག་གིས་ཐག་གིས་བཅད་པ་ཡིན་ན། དེས་ང་ཚོ་ཁོང་བོད་དུ་གདན་འདྲེན་ཞུ་རྒྱུ་ག་ཚོད་འགོར་འགྱངས་འགྲོ་ཡི་རེད་དམ། ཆབ་སྲིད་ཀྱི་གཡོ་འཁྲབ་འདི་བསམ་ས་ནས་མི་སྨིན་པར་མ་བསམས་ས་ནས་སྨིན་ཡོང་གི་འདུག་གཱ།
སྲོང་བཙན་སྒམ་པོའི་དྲི་བ་བཅུ་འདི་གནད་འགག་ཆེ་བར་འདོད། གཞོན་ལྷན་དབུས་རྒྱུན་ནས་གསར་འགོད་བརྒྱུད་ལམ་ནས་ལན་གནང་ཐུབ་ན་ཡག་པོ་འདུག ཁོང་གིས་གནད་བཏོན་པ་དང་སྤྱི་ཚོགས་ནང་བསམ་ཚུལ་ཡོད་པ། ནམ་རྒྱུན་མགོ་རྨོངས་ནས་འགྲོ་སྡོད་མཁན་རྣམས་ལ་ཞིབ་ཏུ་བསམ་བློ་གཏོང་དགོས་པའི་དྲི་བ་ཞིག་བཀོད་འདུག ང་ཚོས་མུ་མཐུད་ལྟོས་ཆོག
དྲྭ་འབུ་འགའི་སྐད་ཆ་བཤད་སྟངས་དང་ལས་ཀ་ལས་སྟངས་སོགས་ལ་ཞིབ་ཏུ་བསམས་ན་བོད་རང་བཙན་ཕར་ཟད་རང་སྲིད་རང་སྐྱོང་ཡང་མི་རེག་ཁོ་ཐག་རེད། རྐང་བཙུགས་ནས་དཀྲིགས་ཤིང་འཕེན་གྱིན་ཡོད་ན་ང་ལ་ཅིང་བཤད་ཀྱི་མེད། དེ་མིན་ན་བྱུང་རྒྱལ་དུ་མི་སྨྲ་བའམ་མི་འབྲི་བར་མི་རིགས་འདི་ལ་འགན་ཞིག་འཁུར་རོགས་གནང། ལྷག་པར་ཤར་ཕྱོགས་ཁུག་རྟ་ས་ཕྱོགས་གང་དུ་ཡོད་ན་དེ་ན་རྙོག་དྲ་ཡོད་ནི་རེད། ངས་འདི་ལྟར་བཤད་ན་སྨྲ་བརྗོད་བཀག་འགོག་བྱས་སོང་ཟེར་སྲིད་མོད། སྨྲ་བརྗོད་རང་དབང་ལའང་འགན་དབང་དང་ཐོབ་ཐང་ཞིག་ཡོད་ཀྱི་རེད་བསམ་གི། འགས་བརྗོད་གསལ་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དགྱ་ནག་གི་རྒྱལ་དར་མེ་བསྲེགས་བཏང་བས་རྒྱ་མི་དམངས་ལ་ཕོག་ཐུག་འགྲོ་མིན་དང་བོད་རྒྱ་གྲོས་མོལ་བྱེད་མིན་བཤད་ཀྱིན་འདུག འདིའི་ཐད་ལ་སྐད་ཆ་ཞིག་བཤད་འདོད་བྱུང། བོད་རྒྱ་གྲོས་མོལ་བྱེད་མི་བྱེད་དང་འབྲས་བུ་སྨིན་མ་སྨིན་དེ་རྒྱལ་དར་མེ་བསྲེགས་ལྟ་བུ་ཞིག་ལ་རེག་ལས་ཡོད་ན་བོད་རྒྱའི་དཀའ་ངལ་བསེལ་རྒྱུ་ལས་སླ་བོ་ཞིག་རེད། བོད་རྒྱའི་དཀའ་ངལ་བསལ་དགོས་ན་བོད་ཕྱོགས་ནས་རྒྱ་ཕྱོགས་ལ་གྲོས་མོ་མི་བྱེད་ཐུབ་མེད་ཅིག་བྱ་དགོས་དགོས་ནི་རེད། དེ་མིན་གྲོས་མོལ་བྱེད་ཀྱང་འབྲས་བུ་ཡོད་ནི་མ་རེད་བསམས་ཀི་ཡོད། རྒྱའི་མི་དམངས་ཀྱི་སེམས་ལ་ཕོག་མ་ཕོག་ཟེར་བ་དེ་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་སྤེལ་ནས་ཕོག་འགྲོ་བ་ཞིག་མ་རེད། བོད་པ་རྒྱ་མིའི་སེམས་པ་སྔ་མོ་ནས་རྒྱ་གཞུང་ཕོག་གི་བཅུག་ཡོད་པ་རེད། ཡིད་མི་ཆེས་ན་ཕྱི་ལོ་༢༠༠༨ ཀྱི་རྗེས་སུ་རྒྱ་ཡུལ་ནས་རྒྱ་མི་ཚོས་བོད་ལ་འཛིན་པའི་འདུ་ཤེས་ཅི་འདྲ་ཞིག་ཡིན་མིན་བརྩད་གཅོད་བྱས་ན་ཤེས་ཐུབ། བོད་པ་ཞིག་ཡིན་པའི་ཅ་ནས་རང་གི་མི་རིགས་ལ་འགན་ཡོད་པའི་ཆ་ནས་རྒྱའི་སྲིད་གཞུང་དང་རྒྱའི་མི་རིགས་ལ་ཕོགས་ཡོད་པ་རེད། དེ་ལྟ་དེར་ལྟར་ན་ཞི་རྒོལ་ཆེན་མོ་བྱུང་བ་ཡང་ནོར་འཁྲུལ་རེད་ལ་མི་རིགས་འདི་ཆེད་དུ་སཔའ་བོ་དཔའ་མོ་༢༣ གྱིས་གཅེས་སྲོག་མཆོད་མེར་ཕུལ་བ་ཡང་ཁྱེད་ཅག་ལ་དོན་མེད་ཡིན་རྒྱུ་རེད། གང་འཚམས་སོང་ན་ཁྱེད་ཅག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལས་འགུལ་མ་སྤེལ་རོགས་ཟེར་རྒྱུ་རེད། ཁྲིམས་གཏུགས་བྱ་རྒྱུ་ཡིན་ཟེར་འདོག་ཁ་བོ་འདུག ལས་འགུལ་སྤེལ་ན་རྒྱ་མི་རིགས་ལ་ཕོག་གི་རེད་ཟེར་འདོག་ཁ་བོ་འདུག
ད་མིན་འདུག་ངུ་ཤོར་ས་རེད། རང་དབང་ཟེར་ན་་་་་freedom་་་ ལ་གོ་དགོས། སྤྱིར་བཏང་ངས་གོང་ལ་རང་བཙན་དང་རང་སྐྱོང་དབུ་ལམ་སོགས་ཀྱི་སྐོར་གང་ཡང་བཤད་མེད་། རེད་དེ། དྲང་པོ་མིང་ཅན་ནས་མ་དྲང་གཏམ་ཞིག་བཀོད་འདུག གལ་ཏེ་བོད་ལ་རང་བཙན་གཙང་མ་རེག་ན་རང་དབང་ཐོབ་གི་ཡོད་མ་རེད་པས། བོད་ལ་རང་དབང་ཟེར་བ་ནི། བོད་ཕྱི་ནང་གཉིས་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པ་ཚང་མའི་དགོས་འདོད་ཡིན་པར་འདོད། བོད་ཀྱི་བདེན་མཐའ་ཟེར་ན་འང་རང་དབང་ལ་གོགོས། ཁྱེད་རང་གིས་བཤད་པ་རང་སྐྱོང་་་་Autonomy་་་་ཐོབ་ན་ཡང་བོད་ལ་རང་དབང་ཆ་ཞིག་ཐོབ་ཀྱི་རེད། མ་ནོར་བ་གྱིས། ང་ཚོ་བོད་མི་ཚང་མ་ཡོངས་མའི་སྤྱི་དོན་དེ་བོད་རང་དགོས་རེད་གདའ། ཐབས་ཇུས་གང་དགེའི་ཐོག་ནས། སྤྱི་སྒེར་སུ་ཡིན་ན་འང། རང་དབང་དོན་དུ་བརྩོད་དགོས་རེད་གདའ། ཁྭ་ཏ་ལ་ཡེད་མ་ཆེས་དྲྭ་གྲོགས་རྒན་པ་ཚོར་བྲིས་ན་འགྲིག ཁྱུད་རྣམས་པས་དད་དུ་ལེན་ནས་གཅིག་གསུང་རོགས་གནང། ང་ལ་གསུང་རོགས་གནང་ཡོ་སྲང་བྱེད་ངེས་ཡིན། དེ་བཞིན་ཁོང་ལ་འང་གསུང་དགོས་འདུག་ན་གསུང་རོགས་གནང། ཐུགས་རྗེ་ཆེཻ།
སྲོང་བཙན་སྒང་པོས་དོན་དངོས་ཐོག་བོད་རིགས་ལ་ཕན་པ་གཅིག་དང་དམིག་གསལ་གཞིས་ལུས་བོད་མི་དེ་ཚོ་ལ་དངོས་གནས་སེམས་ཁུལ་དང་བསམ་ཤེས་གི་སྐད་ཆ་ཞིག་རང་ངོས་ནས་ངོས་འཛིན་ཞུ་གི་ཡོད། དོན་དངོས་ཐོག་ང་ཚོས་འདི་དང་བོད་ནས་དྲག་ལས་གི་ལས་འགུལ་ཅི་ཙམ་སྤེལ་ཙམ་རྗེས་མ་རང་ཐོག་ལྷུང་བ་ཤ་ལྟག་རེད། བཙོན་དུ་ཙུད་པ་དང་སྲོག་ཤོར་བ་རྗེས་མ་དགོན་པ་དང་མི་སེར་ལ་བཏང་འཛིན་ནན་པོ་བྱས་པ་སོགས་དངོས་གསལ་རེད། ང་ཚོས་བོད་མི་རིགས་གི་བདེ་སྐྱིག་ཅད་དུ་རེད་མ་གཏོག་སྡུག་ལ་སྦྱར་ཡ་གི་ཆད་དུ་མ་རེད་པ། ལས་འགུལ་གང་ཡིན་ཀྱང་ཕན་པའི་རྒྱུ་རུ་འགྲོ་གི་འདུག་དང་གནོད་པའི་རྒྱུ་་འགྲོ་གིའདུག་་དེ་རྟག་སྤྱད་བྱེ་ཡ་དེ་གལ་ཆེན་པོ་མཐོང།
ཤར་ཕྱོགས་ཁུག་རྟ་ཟེར་བ་དེ་ཆབ་སྲིད་པ་ཞིག་མིན་ཡང་། བཙན་བྱོལ་ནང་གི་འཁོར་ཕྱོགས་ལ་རྒྱུས་ཆེ་ནོ་ཁོ་ཐག་རེད། དེར་ཚང་མ་འཁོར་འགྲོ་གྱིན་འདུག མ་བོས་རང་འདུས་རང་རེད། ཁོང་གི་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་གླེང་ཕྱོགས་དང་རྩོད་པ་རྒྱག་སྟངས་དངོས་གནས་ཤེས་ཀྱིན་འདུག དེ་ངས་ཁས་བླངས་པ་ཡིན། མུ་མཐུད་ནས་ཡིན། ཨ་མའི་བུ། མིས་ག་རེ་ལབ་ཀྱང་། ཁྱེད་ཀྱིས་ད་ལྟའི་ཁྱེད་ཀྱི་བསམ་ཚུལ་དང་ལངས་ཕྱོགས་འགྲོ་སྟངས་འདི་མ་བརླག བུ་བློ་ཁོག་ཅན་ཞིག་ཡིན་ཐག་ཅོད་རེད། ང་ཁྱེད་ལ་འབོད་སྐུལ་ཞུ་རུ་ཆེད་དུ་ཡོང་བ་ཡིན།
བློ་བཟང་ཟེར་བ་འདིས་དངོས་གནས་བསམ་བློ་ཤེས་ཀི་འདུག མི་འདིས་བཤད་པའི་སྐད་ཆར་གཟིགས་དང་། ༼དོན་དངོས་ཐོག་ང་ཚོས་འདི་དང་བོད་ནས་དྲག་ལས་གི་ལས་འགུལ་ཅི་ཙམ་སྤེལ་ཙམ་རྗེས་མ་རང་ཐོག་ལྷུང་བ་ཤ་ལྟག་རེད། བཙོན་དུ་ཙུད་པ་དང་སྲོག་ཤོར་བ་རྗེས་མ་དགོན་པ་དང་མི་སེར་ལ་བཏང་འཛིན་ནན་པོ་བྱས་པ་སོགས་དངོས་གསལ་རེད། ང་ཚོས་བོད་མི་རིགས་གི་བདེ་སྐྱིག་ཅད་དུ་རེད་མ་གཏོག་སྡུག་ལ་སྦྱར་ཡ་གི་ཆད་དུ་མ་རེད་པ། ལས་འགུལ་གང་ཡིན་ཀྱང་ཕན་པའི་རྒྱུ་རུ་འགྲོ་གི་འདུག་དང་གནོད་པའི་རྒྱུ་་འགྲོ་གིའདུག་་དེ་རྟག་སྤྱད་བྱེ་ཡ་དེ་གལ་ཆེན་པོ་མཐོང།༽
དོན་དངོས་ཐོག་བསལ་བློ་ནང་དུ་འདི་འདྲ་ཞིག་མ་གཏོགས་འཁོར་གྱི་མེད་པ་ཡིན་ནམ།
དགྲ་བོ་རྒྱ་དམར་གྱིས་ཞེ་ནག་ས་གཙོ་བོ་དེ་གཞོན་ལྷན་ཡིན་པ་དངོས་ཡོད་ཡིན་ཞིང་། ད་དུང་༸གོང་ས་མཆོག་དང་། བཀའ་ཁྲི་ཟུར་པ་ཟམ་གདོང་བླ་མ། སྲིད་སྐྱོང་བ་བློ་བཟང་སེངྒེ་སོགས་རང་རེ་བོད་ལ་ཨ་ཡོད་ནང་གི་ད་ཡོད་ཚོ་གཞོན་ནུ་ལྷན་ཚོགས་ཀྱི་ཁུངས་སུ་ཡོད་ཅེས་རྒྱ་མིས་རྟག་པར་བཤད་ཀྱིན་ཡོད་པ་དེའི་རྒྱབ་ལྗོངས་དེ་རུ་གོ་བ་ཟབ་མོ་ཞིག་ཡོད་པ་ནི། ཀྲུང་གོ་ཚང་༸གོང་ས་མཆོག་ལ་མི་ཞེད་ཀྱང་གཞོན་ནུ་ལྷན་ཚོགས་ལ་སྐྲག་སྣང་འཕར་མ་ཞིག་ཡོད་པའི་བརྡ་མཚོན་ཞིག་རེད། གཞོན་ལྷན་གྱི་ལས་དོན་ལ་ཡོ་བསྲང་ཙམ་ནི་མཁས་དབང་དག་གིས་བྱེད་འོས་པ་ཡིན་མོད་ཀྱང་། བླུན་པོ་སྲོང་བཙན་རྫུན་མ་དང་དེའི་དགའ་ཕྱོགས་ལ་གོ་རྒྱུ་ཏིལ་འབྲུ་ཙམ་ཞིག་མེད་པ་མ་ཟད་ཡ་ལན་ཕྲ་མོ་ཙམ་ཞིག་བྱེད་མི་དགོས། ད་དུང་ཁོང་ཚོས་རེ་དོན་རྣལ་མ་ནི་གཞོན་ལྷན་རྩ་མེད་བཟོ་རྒྱུ་དེ་ཡིན་པ་ཕྱི་གསལ་ནང་གསལ་ཡིན་པ་ཐམས་ཅད་ཀྱིས་མཁྱེན་ནས་བག་ཟོན་མཛོད། གཞོན་ལྷན་གྱིས་ཁྱི་འཁྱམས་དེ་ཚོའི་རིགས་ལ་ཡ་ལན་ཙམ་ཡང་སྤྲོད་དགོས་དོན་མེད་དོ་ཞེས་འབོད་བསྐུལ་ཞུ། འོན་ཀྱང་ཁོ་བོ་ནི་གཞོན་ལྷན་གྱི་ལས་སྣེ་མོ་བ་གང་ཡང་མ་ཡིན་པར་གསར་འབྱོར་རྣལ་མ་ཞིག་ཡིན་པས་གཞིས་ལུས་ཀྱི་ཆ་རྒྱུས་མི་ཆུང་བ་ཞིག་ཡོད་དོ།
གཅིག
ངའི་སྐད་ཆ་དེས་ཆབ་སྲིད་པ་ཚོར་ཕོག་ཡོད་ན་དེ་འགྲིག་འདུག ཤར་ཕྱོགས་ཁུག་རྟ་ལ་དམིགས་བསལ་ཕོག་དགོས་བ་དེ་འདྲ་ཡོད་མ་རེད་དྲན།
ཡིན་གཅིག་མིན་གཅིག ནང་ཁུལ་ལ་འཁྲུག་པ་མ་བརྒྱབ་ན་དོན་དག་འགྲུབ་གི་མེད་པ་རེད་དམ། གོང་གི་དྲི་བ་གཏོང་སྟངས་ལ་བལྟས་ན། སྲོང་བཙན་སྒམ་པོ་དང་ཁོང་གི་ཚོགས་པའི་དམིགས་ཡུལ་དང་ལངས་ཕྱོགས་ཀྱང་། བརྩི་བཀུར་ཞུ་འོས་བ་དེ་འདྲ་ཨེ་ཡིན་དྲན།
ངའི་དྲི་བ་གཉིས་ལ་ལན་གནང་ན། ངས་ཀྱང་སྲོང་བཙན་སྒམ་པོའི་མཉམ་དུ་བགྲོ་གླེང་བྱེད་ན་འདོད་གི་
ང་ལ་དགོས་རྒྱུ་ནི། སྲོང་བཙན་སྒམ་པོ་ཡང་ཕྱི་གསལ་ནང་གསལ་དགོས་རྒྱུ་དེ་ཡིན།
གཉིས
ང་ནི་། དངོས་མིང་བརྒྱབ་ནས་བསམ་ཚུལ་བཤད་ན། བསམ་ཚུལ་མི་མཐུན་རུང་བརྩི་བཀུར་ཞུ་མཁན་གྱི་གྲས་ཡིན། གཞོན་ལྷན་ལ་དྲི་བ་གཏོང་ན། སྨྱུག་མིང་མ་བརྒྱབ་ན་དྲི་བ་གཏོང་མི་ཐུབ་པ་ག་རེ་རེད་། དཔེར་ན། ཁ་སྔོན་རྒྱ་ནག་གི་རྒྱལ་དར་མེ་བསྲེགས་ཀྱི་སྐོར་ལ་ཨ་རིག་དགེ་མཐོང་གིས་གདོང་ལ་བུད་ནས་བསམ་ཚུལ་བཤད་སོང་ང་། དེ་འདྲ་དགོས་རེད་དྲན།
གལ་ཏེ་དགྲ་ལ་གནོད་བྱེད་ན། རང་ལ་ཡོན་ཏན་ལྡན་བྱ། དེ་ཡི་དགྲ་ཡི་སེམས་སྲེད་ཅིང། རང་ལ་བསོད་ནམས་འཕེལ་བ་འགྱུར། དེ་སང་དམིགས་གསལ་ངོ་རྒོལ་ཡིན་ན་ཡང་ཀུན་སྤྱོད་ལ་རྟགས་སྤྱད་དགོས་གི་འདུག། ང་ཚོ་ཚོང་མས་དེ་སང་འཛམ་སྟེང་གི་ཀུན་སྤྱོད་ཕྱེར་ལྟང་དང་རང་ཕྱོགས་ལ་ཁེ་ཕན་དང་གཞན་ཕྱོགས་ལ་ལྡ་ལན་གང་འདྲ་སྐྲོད་དགོས་མིན་བསམ་ཞིབས་ནན་ཏན་དགོས་གི་འདུག། དེ་སང་མི་རྗེ་བློ་བཟང་སེང་གེ་གི་གསུང་བ་ནང་བཞིན་བོད་མི་རིགས་གི་ཤེས་རིགས་དང་སྤྱི་ཚོགས་སྲ་བསྟན་གོང་ས་མཆོག་བོད་ལ་བདེན་འདྲེན་ཞུ་བ་སོགས་འབད་བཙོན་བྱས་པ་གལ་ཆེ།
གྲོགས་པོ་དོན་བཀྲ་ལགས།
ང་སྲོང་བཙན་སྒམ་པོའི་བསམ་ཚུལ་ལ་མོས་མཐུན་མེད་ན། ངས་དུས་བབ་ངོས་ནས་ཚུར་ཁྱེར་ཡོང་དོན་ཡོད་པ་མ་རེད། ང་ཤར་ཕྱོགས་ཁུག་རྟ་སྒེར་ནས་སྲོང་བཙན་གྱི་དོན་ཚན་བཅུ་འདི་བསམ་གཞི་ཅན་དུ་མཐོང་ཡོད། ངས་སྲོང་བཙན་གྱི་ཚབ་བྱེད་མི་ཐུབ་ན་ལས་ཁྱེད་ལ་གླེང་རོགས་མེད་འདོད་དགོས་དོན་ཁྱོན་ནས་མེད། རྡ་རམ་ས་ལ། རྡ་རམ་ས་ལ་ཟེར་བ་འདི། བོད་ནས་ཚུར་སླེབས་ཏེ་གང་འཚམས་འགོར་རྗེས། གསར་འབྱོར། གསར་འབྱོར་ཟེར་བའི་ཚིག་འདི་དང་འདིའི་ནང་དོན་དང་ལོས་མཚུངས་འདོད་ཀི སྐད་ཆ་འདི་མོ་ལས་སླ་བོར་བཤད་རྐྱང་གང་ནས་ཡིན་ཡང་། ནུབ་ཕྱོགས་ནས་ཐོབ་ཐང་ལོངས་སུ་སྤྱོད་དྲག་པ་དེས་ཀྱང་ཡིན་སྲིད་ཀྱང་། ནམ་ཞིག་ཁྱེད་ནས་འགན་མི་ཁུར་ཟེར་མདོག་ཁ་བོ་མ་རེད།
སྲོང་བཙན་གྱི་ཚིག་གི་ནང་དུ་ང་ཚོ་དང་ང་ཚོས་ཟེར་བ་དེ། བར་དེར་དར་དམར་མེར་བསྲེགས་སྐབས་ཀྱི་ཁོར་ཡུག་དང་འབྲེལ་ནས་བྱུང་བར་འདོད། དེ་ནི་ཁོང་ལ་ཚོགས་པ་དང་ཕྱོགས་ཁག་ཡོད་དགོས་པའི་དོན་དག་མ་རེད་འདོད།
གཉིས་པ་སྲོང་བཙན་གྱི་བྱེད་སྟངས་དེ་ག་རང་རེད་འདོད། དེ་དཔེ་མི་སྲིད་པའི་ཡག་པོའང་རེད། མི་མང་གར་ཁྲིད་མིན་པ་ཞིག་བྱུང་ན་བོད་ཀྱི་དོན་དག་ལ་ཕན་གྱི་རེད། ལས་འགུལ་དང་ལས་འགུལ་མི་འདྲ་ལ། དར་དམར་བསྲེགས་མཁན་དང་དར་དམར་འཕྱར་མཁན་གང་ནས་འདྲ། དེ་བས་རང་རང་ཁོངས་གཏོགས་ཀྱི་ས་མཚམས་གསལ་བོ་བཟོས་ན་དགའ་ནི་རེད། དེ་རྣམ་དཔྱོད་དང་ལྡན་པ་རེད་འདོད་ཀི
དེ་བཞིན། དབུ་མ་དང་རང་བཙན་བར་དུ་རྩོད་རྒྱུ་ཡོད་པ་མ་རེད། བརྒྱུད་རིམ་ནས་འགྱུར་བ་ཐེབས་པའི་སྲིད་བྱུས་རིགས་ལྟར་སྤྱི་མཚུངས་རེད། ཡིན་ནའང་། ད་ལྟ་བོད་ཀྱི་མདུན་ལམ་གྱི་འགན་དབུ་མའི་ལམ་གྱིས་བསྣམས་ཡོད། དེ་ཚུར་བསྙོན་འཛུགས་སྐུར་འདེབས་ག་ཚོད་བྱས་མིན་ཁྱེད་ལའང་གསལ་ངེས་སྟབས། གལ་སྲིད་རྩོད་རྒྱུ་ཞིག་ཡོད་ན་རྩོད་མ་ཆོག་པ་གང་ཡང་མི་འདུག་བསམས། ཞེ་བསམ་པས་རྩོད་ཐུབ་ན་དེ་བས་ཀྱང་ཧྲ་གི
སྲོང་བཙན་སྒམ་པོ་ཕྱི་གསལ་ནང་གསལ་ཅན་མིན་རུང་། ཤར་ཕྱོགས་ཁུག་རྟས་སྲོང་བཙན་གྱི་དྲི་བ་དེ་དག་བསམ་གཞི་ཅན་དུ་མཐོང་འདུག དེ་ལ་དགའ་བསུ་ཞུ།
གཞན་པ་ཚོ་ངས་དོན་དག་རྡོག་རྡོག་འདྲ་བོ་མ་གོ་ཐ། ངོ་མས་ཡིན། གཞན། རྣམ་དཔྱོད་ཅན་ཟེར་བ་དེ་ལ་ང་ཡང་དགའ་།
འོན་ཀྱང་། སྲོང་བཙན་སྒམ་པོའི་དྲི་བའི་མཇུག་ཏུ། “འདི་དག་ལ་ལན་འདེབས་ཁ་གསལ་མེད་ཚེ་ང་ཚོས་མི་མང་ནང་གཞོན་ལྷན་གྱི་ལས་འགུལ་དང་འབྲེལ་བ་གཅོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ལྷག་པར་ཧོལ་རྒྱུགས་ཆེ་བའི་ལས་འཆར་ལ་ཁ་གཏད་གཅོག་གི་ཡིན།” བྲིས་འདུག འདི་མི་རྣམ་དཔྱོད་ཅན་ཚོའི་བྱེད་སྟངས་ཤིག་ཨེ་ཡིན་དྲན་།
ཁྱེད་ཚོས་རྣམ་དཔྱོད་བེད་སྤྱོད་གཏོང་ཐུབ་ན་དེ་གས་འགྲིག གཞན་། ང་ལ་རྩོད་རྒྱུ་ཕལ་ཆེར་མི་འདུག
སྲོང་བཙན་སྒམ་པོ་ཟེར་བ་ཁྱོད་བཟི་བ་རེད་དང་སྨྱོ་བ་རེད། ཁྱོད་ཀྱིས་གཞོན་ནུ་དང་གྲི་ཁ་ཁ་དང་ཤ་སོ་སོ་བྱེད་ཀྱི་ཡིན་ཟེར་གྱི་འདུག་དེ་ཁྱེད་རང་གི་འདོད་པ་རེད་ཡིན་ནའང་ཁྱོད་ཀྱིས་གཞིས་བྱེས་བོད་མི་དང་གཞོན་ནུ་བར་དཀྲུགས་ཤིང་དུ་འགྲོ་བའི་སྐད་ཆ་ཁུངས་མེད་མང་པོ་དེ་འདྲ་ལ་ནམ་ཡང་ངོས་ལེན་མེད། རྒྱ་ནག་གིས་གཞོན་ནུ་དགྲའི་གཙོ་བོར་འཛིན་གྱི་ཡོད་རེད་ཁྱོད་ཀྱིས་ཡང་དེ་ལྟར་འཛིན་ན་ཁྱོད་སུའི་ཕྱོགས་སུ་འགྲོ་མིན་ལ་བསམ་བློ་གཏོང་ཨ།
སྲོང་བཙན་སྒམ་པོ་ཟེར་བ་དེ་ཤར་ཕྱོགས་ཁུག་རྟ་ཡིན་པ་འདྲ། གཞོན་ལྷན་གྱི་ཐུགས་ལ་ཞོགས།
ང་ཆུང་ཆུང་སྐབས་ཀྱི་སློབ་དེ་གཅིག་དྲན་བཅུག་སོང། དེའི་ནང་དགའ་གཞེན་གསུམ་བཞི་གཅིག་ཡོད་པ།
དཔེར་ན། སྐར་ལྔའི་དར་དམར་ལ་དགའ། ཀྲུང་གོ་གུང་ཁྲན་གཏང་ལ་དགའ། མེས་རྒྱལ་ལ་དགའ་ཟེར་བ་སོགས་ཡོད།
སྲོང་མིང་ཅན་ད་དུང་དའི་བག་ཆགས་དོར་ཐུབ་མེད་པ་འདྲ། དེས་ན་སྐེ་དར་དམར་པོ་རྒྱན་ནས་ཕེབས།
གཞོན་ལྷན་ནས་ད་བར་ཕྱག་ལས་གནང་བཞིན་པར་རྒྱབ་སྐྱོར་ཡོད།
རང་བཙན་དབུ་མའི་འཐབ་རྩོད་ཟེར་བ་འདི།།
དོན་གནད་མ་འཆུན་དབུ་མ་འགྲེལ་མཁན་ཚོས།།
ཡས་བཤད་མས་བཤད་ཁུངས་སྣེ་མ་རྙེད་དང་།།
འདས་པ་མངོན་སུམ་ལྐོག་གྱུར་མ་འོངས་གཉིས།།
དཔྱད་སྟོབས་རིག་པས་མ་ཞུ་ནད་རྟགས་ཤིག།
གཞོན་ནུའི་རྒྱལ་དར་སྲེག་པའི་རྒྱ་རྒོལ་དང་།།
དབུ་མས་རྔ་རྡུང་རྒྱལ་ཚོགས་གཉིད་དཀྲོག་གཉིས།།
བོད་དོན་འཐབ་རྩོད་བྱེད་ལ་ཁྱད་མེད་པས།།
ནང་ཟིང་མ་སློང་དཔྱོད་ལྡན་གྲོགས་དག་ཀྱེ།།
མ་དཔྱད་དབུ་མར་ཞེན་པའི་སེམས་ཁམས་དག།
ཞིབ་ཀྱིས་བཙལ་ན་གཞོན་ནུའི་མདུན་ས་འདིར།།
གདོང་དང་མིང་ཙམ་སྟོན་པའི་དཔལ་གདེང་ཙམ།།
མེད་པའི་སྲོང་བཙན་སྒམ་པོ་འདི་ཀོ་སུ།།
གཞོན་ལྷན་དང་དེ་བའི་རྗེས་འབྲང་པ་ཁྱོད་ཚོས་གཞིས་ལུས་བོད་མི་དེ་ཚོའི་ཆད་དུ་ལས་ཅི་བྱས་དང་ཕན་ཅི་ཐོགས་དེ་སྔ་ལོ་མང་པའི་ནང་ལ་གྲུབ་འབྲས་་སྟོན་ཡ་ཡོད་ན་་གསུངས་རོག་གནང། གལ་སྲིད་མེད་ན་ལང་ཕྱོགས་འགྱུར་བ་གཏང་རོག། གཞིས་ལུས་བོད་མི་དང་མི་རྗེ་བློ་སེང་གི་རེ་བ་ནང་བཞིན་གོང་ས་མཆོག་བོད་ལ་ཕེབ་པའི་ལམ་ཕྲང་དེ་དོག་པོ་མ་གཟོ་རོག་གྱིས། ཐུགས་རྗེ་ཆེ།
གཞོན་ལྷན་གྱི་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར་ཡོད་ཀྱང་། རང་བཙན་ལང་ཕྱོགས་ལ་རྒྱབ་སྐྱོར་མེད།
བོད་ཀྱི་དོན་དུ་ལས་འགུལ་སྤེལ་མཁན་སྤྱི་དང་སྒེར་སུ་ཡིན་ཀྱང་རྒྱབ་སྐྱོར་ཡོད་ལ་དེར་ངོ་རྒོལ་བྱེད་མཁན་སུ་ཡིན་ཀྱང་ངོས་ལེན་མེད།
མདོར་བསྡུས་བཤད་ན། སྲོང་བཙན་སྒོམ་པོ་གཙོའི་དབུ་མའི་ལས་འགུལ་པ་འགས་༧གོང་ས་མཆོག་གི་ཐུགས་དགོངས་རྟོགས་ཡོད་མདོགས་ཀྱི་བོད་གཞོན་ལྷན་དང་རང་བཙན་ལྟ་བ་འཛིན་མཁན་མི་སྒེར་སོགས་ལ་ཁ་བརྡུང་གཏོང་བཞིན་པ་ནི་དོན་ལ་རྒྱ་མའི་མེ་མདའ་ལས་ལག་ཆ་ཡག་བྱོས་ཤིག་ཆགས་ཡོད། ལན་རེ་ཁྱོད་ཚོས་བཤད་སྟངས་ལས་ང་ངོ་མ་སེམས་པ་སྐྱོ་མྱོངས། ཡང་སྐབས་རེ་གད་མོ་ཤོར་མྱོངས། གང་ཡིན་ཞེ་ན། གཅིག་ནས་ཁྱོད་ཚོས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཟུར་ཙམ་ཧ་གོ་གིན་མི་འདུག་ལ། གཉིས་ནས་ཁྱོད་ཚོས་རྒྱ་ནག་གི་སྲིད་ཇུས་དང་དེའི་དམིགས་ཡུལ་གྱི་དྲི་ཙམ་ཡང་ཁྱོད་ཚོས་མྱོང་མི་འདུག། གསུམ་ནས་ཁྱོད་ཚོས་༧རྒྱལ་བ་རིན་པོ་ཆེ་དང་བོད་ནང་གི་དཔའ་བོ་དཔའ་མོ་ཚོའི་འབོད་སྒྲ་རྣ་ཐོས་ཙམ་ཡང་མེད་པ་འདྲ། ངས་ཁྱོད་ཚོར་དྲི་བ་འགའ་འདྲི། ཉིས་སྟོང་བརྒྱད་ལོར་༧གོང་ས་མཆོག་གིས་རྒྱ་ནག་མི་དམངས་ལ་ད་དུང་ཡིད་ཆེས་བརླགས་མེད་ཡིན་ནའང་རྒྱ་ནག་གི་དབང་འཛིན་པ་ཚོར་ཡིད་ཆེས་གྲབ་རུ་གྲབ་རུ་འགྲོ་གིན་འདུག་་་ག་རེ་བྱས་ནས་གསུང་བ་རེད? ལོ་དེར་བོད་རྒྱལ་ཡོངས་དམིགས་བསལ་ཚོགས་འདུ་ག་རེ་བྱས་ནས་བསྐོང་བ་རེད? སྐབས་དེ་དེའི་གྲོས་ཆོད་ག་རེ་བཞགས་ཡོད་རེད? བོད་ནང་གི་རང་ལུས་མེ་སྒྲོན་མཁན་ཚོས་ཞལ་ཆེམས་ག་རེ་བཞགས་ཡོད་པ་ཁྱོད་ཚོས་མཐོང་བྱུང་ནམ? དཔེར་ན་བླ་བསོད་བྷ་ལགས་ཀྱི་ཞལ་ཆེམས་ལས་་ཐམས་ཅད་ཀྱིས་མཐུན་སྒྲིལ་ལག་སྡང་སྤྲེལ་ནས་བོད་མི་རིགས་ཟེར་མ་འོངས་པར་འོད་སྟོང་གཟི་བྱིན་འབར་པའི་རྒྱལ་ཁབ་ཞིག་ཏུ་བསྐྲུན་ཐུབ་རྒྱུ་འདི་དཔའ་བོ་དཔའ་མོ་རྣམས་ཀྱི་ཐུགས་བཞེད་ཡིན་གསུང་བ་གོ་བྱུང་ངམ? འདྲི་ཚིག་འདི་སྲོང་བཙན་གཙོའི་ཁོའི་རྗེས་འདེད་པ་མགོ་འཐོམས་ཚོ་དྲིས་བ་ཡིན། གལ་སྲིད་དྲིས་ལན་ཡོད་ན་དགའ་བསུ་ཞུ། ད་དུང་ཁྱོད་ཚོས་མི་རིགས་ཤིག་གི་རང་དབང་ཇི་ལྟར་བརྩོལ་ལེན་བྱེད་དགོས་མིན་གྱི་ལོ་རྒྱུས་དང་རིག་ལམ་གང་ཡང་ཤེས་ཀྱིན་མི་འདུག་ཅེས་ལབ་ཤོར་བྱུང། མཐའ་དོན་རང་ཉིད་ཀྱི་ཞེ་འདོད་གཅིག་ནི་་་གཞོན་ལྷན་གྱིས་རང་བཙན་རྩོལ་ལེན་གྱི་ནུས་ཤུགས་ག་ཚོད་ཚད་མཐོ་རུ་ཕྱིན་ན་ད་གཟོད་དབུ་མའི་ལམ་ལ་ཡང་གསོན་ཤུགས་རེ་རྒྱུས་བའི་རེ་བ་ཡོད། དེ་མིན་ཁྱོད་ཚོས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཕྱི་སྡོད་པ་ཚོ་བོད་ཡུལ་ལ་ལོག་གི་འཇོགས་རོགས་ལབ་ན་ཡང་རྒྱ་མས་ནམ་ཡང་ཁ་ཡ་བྱེད་སྲིད་ནི་མ་རེད། དཔེར་ན་བཀའ་ཁྲི་ལགས་དེ་སྔོན་རྒྱ་ནག་ལ་ཕེབས་དུས་་་བོད་ལ་གནས་མཇལ་ཅིག་འགྲོ་ཆོག་པའི་མཆོག་མཆན་ཅིང་རེག་མེད་པ་ཁྱོད་ཚོས་ཨེ་ཤེས་ལགས། དེ་བས་ག་ལ་ཚད་སྐུ་ཚབ་ཚོ་ཡང་དེ་མཚུངས་རེད་་་་གནད་དོན་འདི་ཚང་མ་ཧ་གོ་བར་ཅེས་ནས་ད་གཟོད་ཁྱོད་ཚོས་སྐད་ཆ་བཤད་ན་འོས་སྙམ།
ཆུ་བ་འཕྲིན་བཟང་ལགས།
ཁྱེད་ནས་ཅིག་ཤེས་མདོག་མདོག་བྱས་ན་མཆོད་ག་རེ་འདུག རང་བཙན་པ་ལྷ་བཟང་ཚེ་རིང་གིས་ག་རེ་ག་རེ་ལབ་སོང་། དབུ་མའི་ལམ་ལ་ག་རེ་ལབ་སོང་། དེ་འཛིན་མཁན་གང་ཟག་རྣམས་ལ་ག་རེ་ལབ་སོང་། དེ་ནས་ཨ་མདོའི་ཀླུ་མཁར་བྱམས་དང་ཁམས་པའི་དོན་གྲུབ་ལྷ་དར་གཉིས་ཀྱིས་ག་རེ་ལབ་སོང་། ༧རྒྱལ་བ་རིན་པོ་ཆེར་ག་རེ་ལབ་སོང་། དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་རྣམས་ལ་ག་རེ་ལབ་སོང་། འགུ་ལོག་དམ་ཆོས་ཞེས་ཨ་མདོའི་གྲྭ་བ་ལྷག་བསམ་ཅན་དེར་སྐྱ་མིན་སེར་མིན་ཟེར་བ་ལྟ་བུ། ཟེར་རྒྱུ་མ་རེག་པ་དང་ཟེར་ས་མ་རེག་པ་མ་གཏོགས་ཅི་ཡང་ཟེར་བའི་བྱ་སྤྱོད་རྣམས་བཙན་བྱོལ་སྤྱི་ཚོགས་ཧྲིལ་བོར་གསལ་བོ་རེད་མི་འདུག་གམ། ད་བར་ཁོང་ཚོར་ཁ་གཏད་ག་རེ་བཅག་སོང་། ལྷ་བཟང་ཚེ་རིང་སྨྱོན་པ་ཆགས་གྲབས་འདུག ཀླུ་མཁར་བྱམས་བདག་མེད་ཆགས་གྲབས་འདུག དོན་གྲུབ་ལྷ་དར་གཞོན་ལྷན་དབུས་རྒྱུན་ལ་འཆམ་པོ་ག་ཚོད་ཅིག་འདུག་གམ། འདི་རྣམ་སྨིན་རེད།
དེ་བས་ཁོང་ཚོས་ད་བར་ཁ་གཏད་མི་གཅོག་པར་ད་གཞི་ནས་གཅོག་དགོས་དོན་ག་རེ་རེད་དམ། ཁྱེད་ནས་ཅིག་བཤད་རྒྱུ་ཡིན་འགོ་འཚོས་པ་གནོང་མ་གཏོགས་དཀྲུག་ཤིང་ཆགས་ཀྱི་རེད། འདིའི་སྙོག་དྲ་པེ་ཚ་བོ་རེད་གདའ།
དར་དམར་བསྲེགས་པ་སོགས་པའི་གཞོན་ལྷན་གྱི་ལས་ཀ་འདི་དག་གི་མཇུག་འབྲས་ཚང་མ་རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་འགལ་གྱི་ཡོད་པ་རེད། ཁོང་ཚོ་ཁ་ཕྲལ་བ་ཁ་རྒྱག་ཚོས་རྫིག་གཏམ་འདྲ་བཤད་ནས་ཡལ་འགྲོ་བའམ་ཤི་འགྲོ་ཡི་རེད། དེའི་རྗེས་སུ་འགན་དེ་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་དབུར་ལྷགས་ཀྱི་ཡོད་པ་རེད། ལྷག་པར་ད་ལྟའི་སྐབས་སུ་ལས་ཀ་འདི་རིགས་བོད་གཞུང་མང་གཉིས་ཀྱི་མངོན་འདོད་དང་མི་མཐུན་པའི་ཆ་རེད། བོད་གཞུང་མང་གི་མངོན་འདོད་ལ་འགན་ཁུར་ན་རང་རང་གི་ལས་མཇུག་རང་རང་གིས་སྐྱོང་དགོས་ཀྱི་རེད། ལས་ཀ་འདི་རིགས་དང་འབྲེལ་ནས་བོད་སྤྱིའམ་གཞུང་མང་གཉིས་ཀའི་ད་ལྟའི་མངོན་འདོད་ལ་དོ་ཕོག་འགྲོ་བའམ། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུར་འགོར་འགྱང་ཕྱིན་ན་རྦད་དེ་འཕྲོ་བརླག་རེད། དེ་བས་ལས་ཀ་ག་རེ་བྱེད་ནའང་བསམ་བློ་གཟབ་ནན་བྱེད་རོགས།
དབུ་མའི་ལམ་གྱི་གྲུབ་འབྲས་མ་ཐོན་པའི་གནོན་རྐྱེན་ཅིག་ཕྱོགས་འདི་ན་ལྷགས་ཀྱི་ཡོད་པ་རེད། བོད་རྒྱ་ཞི་མོལ་ལ་དེ་བས་ཀྱང་གནོད་སྐྱེལ་ཚབས་ཆེན་ཐེབས་ཀྱི་ཡོད། དེང་གི་རྒྱལ་སྤྱིའི་ཆབ་སྲིད་ནང་རྒྱ་ནག་གཞུང་ལ་ལག་པ་འཕྱི་ས་འདི་འདྲ་ཞིག་ལས་དགོས་ཀྱི་ཡོད་པ་མ་རེད། དེ་བས་ཆབ་སྲིད་ལས་ན་ལས་ཤེས་པ་གནང་རོགས།
སྤྱིར་སྲུང་བཙན་གྱི་བསམ་ཚུལ་ཅི་ཡིན་མ་ཤེས། འོན་ཀྱང་གཞོན་ཚོགས་ལ་རྗེས་འདེད་དང་ཚ་འདྲི་བྱས་ན་ལམ་སེང་རྒྱ་དམར་དང་དོ་རྒྱལ་བའི་མིང་གིས་བསྙད་ཡོང་ན་འོས་པ་རང་དུ་མ་མཐོང་། ནམ་རྒྱུན་གཞོན་ནུ་གཅིག་པོ་མ་རེད། གཞུང་སྒེར་སུ་ཞིག་གིས་ཀྱང་བོད་དོན་ཆེད་ལཧ་གང་བརྩམས་ལ་མི་མང་གི་དངོས་ནས་དོགས་སློང་དང་། ཚ་འདེད་བྱ་རྒྱུ་གལ་ཆེན་རེད་ལ། དེ་ལ་སྐབས་ཐོག་དེ་ག་རང་དུ་ཁ་གསལ་གྱི་ལན་འདེབས་བྱ་གལ་ཡང་ཧ་ཅང་ཆེ་སྙམ། དཔེར་ན་ད་ཐེངས་གཞོན་ནུས་བློ་སྤོབས་ཆེན་པོས་ལན་རྒྱག་དགོས་པ་རེད། ཕལ་ཆེར་སྣང་མེད་ལྟ་བུར་འཇོག་གི་རེད་འདོད། དངོས་གནས་བྱས་ན་གཞོན་ལྷན་གྱི་གོ་སྐབས་རེད།
སྲོང་བཙན་ཟེར་བ་དེ་ནོར་བ་ཡིན་ས་རེད། གསང་གཙན་རེད། གསང་བའི་བཙན་བྱོལ་ཡིན་པས་རེད།
རྙོགས་ཁྲ་ཡོད་ཚད་དར་ཆ་མེར་བསྲེགས་ལས་བྱུང་བ་རེད། དར་ཆ་མེར་བསྲེགས་བཏང་བས་བོད་མི་ཚོར་ཕོག་ཐུག་གཏང་ཟེར་བ་བདེན་པ་རེད། གཞོན་ནུ་གཙོས་པའི་རྒྱལ་གཅེས་པ་ཚོས་དགྲ་བོ་རྒྱ་དམར་དར་ཆ་མེར་བསྲེགས་གཏང་བར་རྟེན་སྲོང་བཙན་མིང་ཅན་གཙོས་རྒྱ་ཁྱི་ཁག་གཅིག་ལ་ཕོག་ཐུག་བྱུང་ན་ནི་ཁོ་ཚོ་ཡང་རིགས་བོད་པ་ཡིན་པས་སོ། །
རང་གྲོལ་ལགས།། བདེན་པ་རེད་ལྷ་བཟང་ཚེ་རིང་སྨྱོན་པ་ཆགས་པ་རེད་ལ་་ཀླུ་མཁར་ཡང་སྨྱོ་ལ་ཡོད་དེ་མིན་ད་རུང་མང་པོ་ཞིག་སྨྱོ་དང་སྨྱོ་དང་བཞིན་པ་རེད། ཁོང་ཚོ་སྨྱོན་པ་ལོས་ཆགས་་ཁྱོད་ཚོ་མིག་ཡོད་གི་ཡོད་གི་གཡང་ལ་མཆོངས་བཞིན་པ་མཐོང་དུས། ངོ་མ་བཤད་ན་ང་ཡང་སྨྱོ་ལ་ཡོད་་་་གང་ལྟར་བཤད་འདོད་པ་གཅིག་ནི་མང་མས་མཉམ་རུབ་བྱེད་རྒྱུ་གལ་ཆེ་སྙམ་་་་་་
ད་ཡིན་ན་ལྟན་མོ་འདུག་ཡ
བལྟ་བ་མི་འདྲ་བའི་དབང་གི་གཞན་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་དང་དམའ་འབེབས་བྱེད་ན་མི་འགྲིགས། འོན་ཀྱང་ཁྱེད་རང་གི་བསམ་ཚུལ་་ལྷུག་པོ་བཤད་མཆོག
རང་གི་ལྟ་བ་དང་མི་མཐུན་པ་རྒྱུ་མཚན་དུ་འཛིན་ཏེ་གཞོན་ནུ་ཚོགས་པའི་ལས་འགུལ་ལ་གཞི་མེད་ཀྱི་སྨྱོན་གཏམ་ཤོད་ཀྱིན་བསྡད་ན་ཕན་ཐོགས་མེད། ད་ལྟའི་ཆར་བོད་ལ་ཕན་པའི་ལས་འགུལ་དང་། རྒྱ་མི་གུང་ཁྲན་ལ་གནོད་པའི་ལས་འགུལ་ཞིག་སྤེལ་ཐུབ་ན་འགྲིག་པ་རེད། གཞོན་ནུའི་ལས་འགུལ་འདིའང་བདེན་པ་དང་ཞི་བའི་ལས་འགུལ་ཞིག་ཡིན་པ་ལས་དྲག་པོའི་ལས་འགུལ་མིན་པ་ལོ་ངོ་ལྔ་བཅུའི་ལས་སྡོམ་ལས་དཔོག་ཐུབ། གཞོན་ནུ་ཚོགས་པར་དགྲ་མཐོང་མཐོང་བྱེད་པ་ནི་བཙན་རྒྱལ་གུང་ཁྲན་དམར་པོའི་ལྟ་བ་ཡིན། ཕྱོགས་སུ་ལྷུངས་པའི་གོང་གི་མཆན་འབྲི་མཁན་་འགས་ཀྱང་གུང་ཁྲན་གྱི་དཔུང་རོགས་བྱེད་པ་ནི་ཡ་མཚན་ཞིག་མ་རེད་དམ། རྒྱ་མི་དམར་པོས་ད་བར་ཡིན་ཚད་མིན་ཚད་ཀྱིས་བྱི་རིལ་དང་བུ་རམ་སྤྲད་ནས་མགོ་སྐོར་བཏང་བ་རེད། ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་རྒྱ་མི་གུང་ཁྲན་ལ་སློག་དགོས་པ་ལས་ནང་ཁུལ་སློག་ན་ཟིང་འཁྲུག་གི་རྒྱུ་རུ་འགྲོ།
༧གོང་ས་མཆོག་ནས།
བོད་མི་ཚོ། རང་ཡུལ་འཕྲོག་མཁན་དགྲ་བོ་སྣང་མེད་དུ་བཞག་ནས་བོད་མི་ནང་ཁུལ་ཚིག་སྐམ་སྟོང་བཤད་ཀྱི་འཐེན་འཁྱེར་བྱེད་པ་དང་གཅིག རང་རིགས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་ཁུར་བོར་ཏེ་རང་ཉིད་གཅིག་པུ་རང་མགོ་གང་ཐོན་བྱེད་པ་གཉིས། ད་ལྟ་བོད་མི་རིགས་སྤྱིའི་བདེ་སྡུག་གནས་སྟངས་ཛ་དྲག་གང་འདྲ་ཞིག་ཡོད་པ་ངོས་མ་ཟིན་པར་འབྱོར་ལྡན་རང་དབང་ཅན་གཞན་དག་ལ་དཔར་བཀབ་རྒྱས་སྤྲོས་སྐྱིད་འདོད་བྱེད་པ་དང་གསུམ་ནི་ཤིན་ཏུ་འཁྲུལ་ཚབས་ཆེ་བས་མནོ་བསམ་ནན་ཏན་གཏོང་དགོས།
ད་རེས་གི་དམག་ཁྲུག་འདིའི་ནང་ཞུགས་འདོད་མེད་ཀྱང་མ་ཞུགས་ན་རང་གི་ལངས་ཕྱོགས་སྨག་རུམ་ནས་ལུས་འགྲོ་གི་འདུག སོང་ཙང་། རང་གི་ལྟ་ཚུལ་སྨག་དཀྱིལ་ནས་མི་འཇོག་ཆེད་ཁ་དམག་ནང་ཁྱུག་ཙམ་ཞུགས་གི་ཡིན།
ངས་སྲོང་བཙན་སྒམ་པོའི་གསུང་ལ་ཉན་རྗེས་ཞམ་གྱི་མཆན་བུ་རྣམས་ལ་འང་ག་ལེར་བལྟས་པ་ཡིན། རི་བོང་ཅལ་འདྲོགས་ཟེར་བའི་སྒྲུང་དེ་ཡིད་ལ་ཐག་སེ་འཁོར་བྱུང་། རང་རེའི་མི་རིགས་འདི་སྔ་མོ་ནས་རྟག་དཔྱད་ཞིབ་མོ་བྱེད་རྒྱུའི་གོམས་གཤིས་མེད་ཙང་རི་བོང་ཅལ་འདྲོགས་གི་སྒྲུང་དེ་བྱུང་བ་རེད། དུས་དེང་སང་ད་དུང་ཡང་སྲོལ་ངན་དེ་མི་ཉམས་རྒྱུད་འཛིན་བྱེད་པ་འདི་ཨ་ཡ་མཚན་་་དྲན་བྱུང་།
རང་ཉིད་ཀྱི་འཇོན་ཐང་ལ་ཆ་བཞག་ན་གཞོན་ནུའི་ལས་འགུལ་དང་ལངས་ཕྱོགས་ལ་རྒྱབ་སྐྱོར་མི་ཞུ་ག་མེད་རེད། ཡིནན་ཡང་མི་རིགས་ཤིག་གི་གཞོན་རབས་ཚབ་མཚོན་ཚོགས་སྡེ་ཞིག་ལ་མཚོན་ན་ལྕགས་གི་སྙིང་བུ་དང་ཐོ་བའི་ཁུ་ཚུར་འདྲ་ཞིག་མེད་ན་གཏམ་བརྗོད་ཟློས་འདྲ་བའི་ལས་འགུལ་ཡང་ནས་ཡང་དུ་འཁྲབ་པ་འདྲ་བོ་འདི་དག་ལ་བསམ་ན་གཉིད་ཁུག་རྒྱུ་དང་ཀླད་རྒྱངས་བྱེད་རྒྱུ་ཡོང་གིས། མི་ཆུང་ང་ལྟ་བུ་ལ་དེ་ལྟར་ཡིན་ན་སྲོང་བཙན་སྒམ་པོལྟ་བུ་ལ་ཨ་ཅང་ཅང་།
ངས་མཐོང་སྣང་མིན་ན་གཞོན་ནུའི་ལས་འགུལ་དག་ནི་གྲི་ངན་ལག་པ་སྡང་ཟེར་པ་དང་འདྲ་བོ་འདུག རྣོ་ཕར་ལ་མ་ཟུག་ཚུར་ལ་ཟུག་གིན་འདུག གསལ་པོར་བཤད་ན་ཁ་ཕྱོགས་གཏད་ས་པེ་ཅིང་ལ་འཁོར་མི་འདུག་རྡ་རམ་ས་ལར་འཁོར་འདུག ཡིན་ན་ཡང་རྐང་བཙུགས་ནས་མ་རེད། ཁ་ཕྱོགས་གི་སྲིད་ཇུས་མ་རྙེད་པ་རེད།
སྲོང་བཙན་སྒམ་པོའི་དྲི་བ་རྣམས་དུས་དང་རན་པ་རེད་བསམ། ལས་འགུལ་གྱི་ཁ་ཕྱོགས་མ་རྙེད་པར་འགྲོ་བ་དག་ནི་མིག་ཕྱེད་ག་བཙུམ་ཕྱེད་ཀ་གདང་ནས་འགྲོ་གི་ཡོད་པའི་རྟགས་རེད། སྐབས་འདིར་གདོང་ལ་ཆུ་གྲང་མོ་ལྕོགས་གཅིག་བླུགས་བཞག་ན་མིག་གཉིས་དེ་ཆེན་པོ་གདང་གི་རེད། མིག་གཉིས་གིས་ཡག་པོ་ཅིག་ལྟ་གི་རེད། ཡག་པོ་ཅིག་བལྟས་ནས་ཕྱིན་ན་འགྲོ་ས་དེར་བསླེབས་གི་རེད། ཕྱིར་སྐོར་རྒྱག་གི་མ་རེད། སྲོང་བཙན་སྒམ་པོའི་དྲི་བ་དེ་ཚོ་མིག་གདང་བྱེད་གི་ཆུ་གྲང་མོ་དང་འདྲ་བོ་རེད། ཁོང་གིས་ཟེར་ཡག་ལ་ལམ་ལ་འགྲོ་དུས་མིག་ཕྱེས་ནས་མདུན་དུ་ལྟོས་ཤིག་ཟེར་པ་གཅིག་པ་རེད། ད་དེ་རེད། ཅལ་འདྲོགས་པ་ཚོ་ཞེ་དྲག་ཞེ་དགོས་གི་མ་རེད། གཙོ་བོ་དེ་མདུན་ལ་འགྲོ་དུས་མིག་གདང་ནས་འགྲོ་དགོས་གི་རེད། ཀི་བཏབ་མ་བཏབ་ཡོག་མ་རེད། མདུན་གི་དུང་ནང་ལ་མ་ཟགས་པ་བྱེད་དགོས་གི་རེད།
སྲོང་བཙན་སྒམ་པོ་ཞེས་པའི་ཁྱི་ལ་སེང་གེའི་མིང་བཏགས་མཁན་འདིས་བཤད་སྟངས་དེ་དབང་ཆ་གཅིག་བསྡུས་རིང་ལུགས་པའི་བཤད་སྟངས་དང་འདྲ་སེའེ་འདུག་ག། འོ་ན་བོད་ནང་གི་མེ་ལྕེའི་ནང་གི་འབོད་སྒྲ་བོད་རང་བཙན་གཙང་མ་ཡིན་ཞེས་པ་དེ་ཁྱོད་ཀྱིས་མ་བྲིས་པར་དོན་མཚན་གཉིས་སུ་བསྡུ་དགོས་དོན་ག་རེ་རེད། ཡང་ཅིག་མིན་ན་ཁྱོད་ཞར་སོང་བ་རེད་འོན་སོང་བ་རེད། དེ་འདྲའི་གཞིས་ལུས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་མངོན་འདོད་ཀྱི་འབོད་སྒྲ་ལ་བཟོ་བཅོས་བྱེད་སྟངས་འདི་བོད་གདོང་འཁྱེར་བའི་རྒྱ་འདྲེ་མིན་ན་ཅི་རེད། དར་དམར་མེར་བསྲེགས་བཏང་བར་གུང་ཁྲན་རྙིང་རླུང་མ་ལངས་གོང་ནས་ཁྱོད་དེ་འདྲའི་རྙིང་རླུང་ལངས་དོན་ག་རེ་རེད། ལར་ནས་གུང་ཁྲན་གྱིས་བོད་མི་རིགས་ཀྱི་རྒྱུ་ནོར་ལོངས་སྤྱོད་ཁ་རྗེ་དབང་ཐང་བཅས་པར་གཏོར་བཅོམ་འཕྲོག་གསུམ་བྱས་པ་མ་ཟད་རྡུང་བརྡེག་ཚ་ནན་དང་བཙོན་འཇུག་དམར་གསོད་བཏང་ཆོག་ན་དར་དམར་མེར་བསྲེགས་གཏོང་མི་ཆོག་པའི་རྒྱུ་མཚན་ག་རེ་རེད། མ་ཟད་བོད་ནང་གི་མེར་བསྲེགས་ཀྱི་དོན་རྐྱེན་འདི་རྒྱ་མི་གུང་ཁྲན་མེད་ན་བྱུང་མི་སྲིད་པ་མ་རེད་པས། བྱས་ཙང་གུང་ཁྲན་གྱིས་བོད་མི་གསོན་བསྲེགས་གཏོང་ཆོག་པ་ལས་མེད་པར་དར་དམར་ཅིག་མེར་བསྲེགས་གཏོང་མི་ཆོག་ཟེར་ན་མགོ་གཏད་རིང་ལུགས་པའི་རྣམ་འགྱུར་ཡ་མ་བརླ་ཅན་གྱི་མགོ་གཉིས་མ་འདི་ཚོར་ཞེ་རེ་སུན་གི། ད་དུང་ངས་གོ་སྐབས་རག་ན་དར་དམར་མི་ཚད་རྒྱ་དམར་དེ་ཚོ་མེར་བསྲེག་གཏོང་འདོད་ཡོད། ང་ལ་ཕ་བསད་པའི་དགྲ་ཤ་ཡོད་ལ་མ་བསད་པའི་ཤ་འཁོན་ཡོད་ད་དུང་ཕུ་ནུ་མིང་སྲིང་བསད་པའི་སྙིང་ནད་ཡོད། ཧ་གོ་ཨེ་ཐལ།
མདོ་དོན་བཤད་ན་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་དཀའ་རྙོག་སེལ་འདོད་ནམ་ཡང་མེད་པ་རེད་ལ་འབྲེལ་མོལ་སྒོ་ཡངས་པོར་ཕྱེ་ཁུལ་གྱིས་རྒྱལ་སྤྱིར་མགོ་བསྐོར་གཏོང་བཞིན་པ་མ་ཟད་ལྷག་པར་དུ་རེ་བའི་མིག་འབུར་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་རང་སྐྱོང་ལ་གཏད་མཁན་གྱི་བོད་བཙན་བྱོལ་བ་ཚོར་མགོ་བསྐོར་གཏོང་བཞིན་གཏོང་བཞིན་༧སྐུ་མདུན་སྐུ་ཚེའི་འཕེན་པ་རྫོགས་རྒྱུར་ངང་བསྒུག་བྱེད་བཞིན་པ་རེད། བྱས་ཙང་དམར་ཤོག་སྲིད་གཞུང་འགྱུར་བ་མ་ཕྱིན་བར་དུ་རང་བཙན་རང་སྐྱོང་གཉིས་ཀ་འབྲས་བུའི་དོན་ལ་མཉམ་གནས་རེད། དེ་བར་དྲི་བ་དང་པོ་དེ་ཚར།
༢༽ དགའ་ལྡན་ཕོ་བྲང་སྲིད་གཞུང་མཇུག་བསྒྲིལ་ཚར་བ་རེད་ལ་དེའི་ལོ་རྒྱུས་བཤད་དགོས་དོན་མེད། རྒྱལ་སྤྱིས་ངོས་ལེན་ཡོད་མེད་ལ་མི་ལྟོས་པར་བོད་རང་གི་རྒྱལ་རབས་ལོ་རྒྱུས་ཡོད་པ་རེད་ལ་དེ་ཚོ་བོད་པ་རང་གི་གུས་བརྩི་ཆེན་པོ་བྱེད་དགོས་པ་རེད། དཔེར་ན་གུང་ཁྲན་གྱིས་རྫུན་བརྒྱ་བསྒྲགས་ནས་བདེན་པར་འགྱུར་གྲབས་བྱེད་ཀྱི་ཡོད་པ་རེད། ང་ཚོས་བདེན་པ་བརྒྱ་བསྒྲགས་ནས་བདེན་པའི་འོད་སྣང་འབར་བ་ཅིས་མི་བྱེད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་རྒྱབ་བསྐྱོར་གྱིས་ད་བར་ནུས་པ་ག་ཚོད་ཐོན་སོང་སྡོམ་རྩིས་ཅིག་ངེས་པར་དུ་བརྒྱགས་དགོས་པ་རེད། ལོ་རབས་བརྒྱད་བཅུ་དགུ་བཅུ་ནས་ད་བར་བོད་ནང་གི་གནས་སྟངས་ཇེ་སྡུག་ནས་ཇེ་སྔུག་མ་གཏོགས་ཡར་རྒྱས་ནམ་ཡང་ཕྱིན་ཡོད་པ་མ་རེད། བོད་རྒྱ་འབྲེལ་མོལ་གྱི་རྒྱུད་རིམ་ནང་ཅིག་ལྟོས་དང་དེ་དེ་བཞིན་བོད་ནང་གི་གནས་སྟངས་ནི་ཛ་དྲག་ཆེ་རུ་ཆེ་རུ་རེད། རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་དེ་ཚོ་དངོས་ཡོད་མཁས་པ་ཡིན་ན་བོད་རང་གི་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ལ་གཞིར་བཞག་ནས་བཤད་ན་ང་ཚོས་དུས་ནམ་ཡང་ངོས་ལེན་ཡོད་ལ་མཁས་པ་མིང་དོན་མཚུངས་པ་རེད། དེ་མིན་རྒྱལ་ཚོགས་ལ་ཅིག་ལྟོས་དང་ཁྲིམས་དྲང་པོ་ཞིག་དང་ཡང་དག་པ་ཞིག་རྩ་བ་ནས་ཡོད་པ་མ་རེད།
༣༽ ད་ལྟའི་བོད་ནང་གོས་ཆེན་སྣུམ་བསྲེས་ཀྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ང་ཚོ་བོད་ཀྱི་མི་རབས་གསར་པ་ཚོས་མཐའ་ཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ལ། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ཞེས་ལབ་ཀྱི་ཡོད་ལ་བོད་ནང་སྐར་ལྔའི་དར་དམར་མཐོང་མཐོང་རིག་རིག་མེད་པར་བཟོ་དགོས་ཞེས་མུ་མཐུད་མེར་བསྲེགས་གཏོང་གི་ཡིན་ལ་སུ་ལ་ཕོག་ཐུག་སོང་ན་ཡང་སྡུག་གྱོང་བགྱིས། འོ་ན་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་བསྡད་ན་གོས་ཆེན་སྣུམ་བསྲེས་མིན་པར་དར་སྒམ་ནང་བསྒྲིལ་ནས་གཞལ་ཡས་ཁང་ནང་འཇོག་གི་རེད་བསམ་གི་ཨེ་འདུག། འོ་ན་ཁྱོད་ཀྱིས་གུང་ཁྲན་ལ་སྤྲེལ་ལད་ཇི་ཙམ་འཁྲབ་ཀྱང་མི་སེར་སྤེལ་བའི་སྲིད་ཇུས་ལ་འགྱུར་བ་གཏོང་བའི་ཐབས་ལམ་སྣ་གཅིག་ཀྱང་འདོན་མི་ཐུབ་པ་ཅི་རེད། མི་འདི་ཚོ་སྔ་འདང་ཕྱི་འདང་རྒྱགས་མི་ཤེས་ཐག་ཆོད་རེད། ལན་གཞན་རྣམས་དུས་ཁོམས་བྱུང་བ་དང་ག་ལེར་བརྒྱབ་ཆོག།
འདོད་ལྷ་ཁམས་པ་ཁྱོད་མིག་ཡ་གཅིག་རང་བལྟས་ནས་འགྲོ་ན་པེ་ཅིང་གི་སྐྱག་དོང་ནང་ཟགས་རྒྱུ་ཉག་ཅིག་རེད། བྱས་ཙང་རི་བོང་ཅལ་འདྲོགས་འདྲ་འདྲ་རེད་མི་འདུག་གས།
སྲོང་བཙན་རྫུན་མ་ལ། གལ་ཆེའི་དྲི་བ་བཞི།
༡༽གཞིས་ལུས་མི་དམངས་ཀྱི་འབོད་ཚིག་ལ་རང་བཙན་དགོས་ཟེར་རམ་རང་སྐྱོང་དགོས་ཟེར།
༢༽རང་བཙན་གཡུག་ནས་རང་སྐྱོང་རྩོད་ན་རང་སྐྱོང་ཐོབ་པའི་གདེང་ཚོད་ཅི་ཡོད།
༣༽ཟམ་གདོང་དང་བློ་སེང་སོགས་ཀྱི་ལྟ་བ་དེ་རང་བཙན་གྱི་ལྟ་བ་་མིན་པའི་གཏན་ཚིགས་ཡང་དག་ག་རེ་ཡོད།
༤༽གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ལ་གཞོན་ལྷན་ལས་བཟང་ཙམ་ཞིག་ག་རི་ཡོད།
ད་དུང་དྲྭ་གྲོགས་ཚོས་མཁྱེན་དགོས་ངེས་ཤིག་ལ། སྲོང་བཙན་ཟེར་བ་དེ་གཞན་སུ་ཡང་མ་ཡིན་པར་ཤར་ཕྱོགས་ཁུག་རྟ་རེད། ཁོའི་རྒྱབ་ལྗོངས་ན་སྤྱི་འཐུས་ཟླ་བ་ཚེ་རིང་གི་ལྐོག་གཡོའི་དུག་ཁྲག་ཡོད་ཅིང་དེ་ནི་མཐར་གཏུག་ན་དབུ་མའི་ལམ་རྒྱབ་སྐྱོར་ཚོགས་པ་ཟེར་བའི་ཚོགས་པ་ག་གེ་མོ་ཞིག་ལ་ཐུག་འོང། ཟླ་ཚེས་དམིགས་ཡུལ་ངོ་མ་དེ་གཞོན་ལྷན་གྱི་ཚོགས་གཙོ་དང་ཚོགས་གཞོན་ཁམས་པ་ཡིན་པའི་ཕྲག་དོགས་གི་སྦྲུལ་ལྕེ་བརྐྱང་བ་རེད་ལ་ད་དུང་དེ་སྔོན་ཚོགས་མི་ཞིག་ནང་ཁུལ་མ་འཁྱམ་ནས་ཕྱི་འབུད་བཏང་བས་རེད། དེའང་དབུས་གཙང་ཡིན་པ་སོགས་རྒྱུ་མཚན་དུ་མ་ཞིག་བང་སྒྲིག་ནས་ཡོད།
ཐད་བསྐོས་ཕྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཚེ་འགོ་བར་གཞུག་གསུམ་ཀ་ལ་ཆོལ་ཁ་ནང་ཁུལ་དཀྲུག་ཤིང་བརྒྱབ་རྒྱུ་དེ་ནི་ཁོང་གི་ཐུགས་རྩེ་གཏོད་ས་དེ་རེད། ད་དུང་ཁོས་བློ་སེང་ལ་དགྲ་བོར་འཛིན་པའི་མི་བུ་དག་གསོག་ཉར་བྱེད་བཞིན་པ་ནི་ཆེས་སྐྱུག་བྲོ་དང་ཐབས་སྐྱོ་བོ་ཆགས་ཡོད་དོ།
དྲ་གྲོགས་རྣམ་པ་ལགས།
ཁྱེད་ཚོ་ཕེབས་ནས་བསམ་ཚུལ་གླེང་བ་དགའ་ཡོད། ཕྲན་ཤར་ཕྱོགས་ཁུག་རྟ་སྒེར་ངོས་ནས་དབུ་མའི་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན། དེ་ཡོད་སྟངས་ཁ་བརྡ་རིམ་པས་བྱས་ན་གསལ་བོ་ཡོང་གི་རེད།
༡ ད་ལྟའི་བོད་མི་མང་གི་མདུན་ལམ་ལ་འགན་ཁུར་ཡོད་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང་འགལ་ཟླའི་ལས་དོན་ནམ་བྱུང་ལ་ད་བར་སྤྱན་ཞལ་བཙུམས་ནས་བཞུགས་པ་རེད། ང་ལ་དེ་འདྲའི་བཟོད་སྲན་མི་འདུག
༢ དབུ་མའི་ལམ་གྱི་ཕྱིར་དུ་ལངས་ཕྱོགས་གཞན་པ་གཉའ་གཅོག་པའི་འདོད་པའང་མེད། གཉའ་གཅོག་ཐུབ་ཀིའང་མ་རེད། ལས་དེ་ལྟར་བྱས་ན་ག་རེ་བྱུང་མིན་ལོ་རྒྱུས་ཀྱང་ཡོད་པ་རེད།
༣ ཁྱིམ་ཚང་གཅིག་གི་ནང་མི་མང་ཁའི་གྲོས་དོན་ལ་སྤུན་ཟླ་ཉུང་ཤས་ཀྱིས་ག་དུས་ཡིན་ནའང་། ལྟོས་མེད་ཁྱད་གསོད་ཞེ་ཅིག་བྱས་ཆོག་པ་རྩ་བ་ཉིད་ནས་མེད། དོན་དག་གིས་སྤུན་ཟླ་རིང་དུ་ཐུང་དུ་འགྲོ་བ་ཆོས་ཉིད་རེད། ང་ཚོ་འཇིག་རྟེན་པ་རྐྱང་རྐྱང་རེད།
༤ ང་དང་ང་འདྲ་བ་བོད་མི་མང་ཆེ་བས་བོད་རིགས་ཡོངས་ལ་དོན་དམ་གྱི་རང་སྐྱོང་རྩོད་ཀྱི་ཡོད། བསམ་ཚུལ་དེ་༧གོང་ས་མཆོག་དང་གཞུང་མང་གིས་ ༡༩༦༢ དང་། ༡༩༧༢། ༡༩༧༩ ལོ་བཅས་རིམ་པར་གསལ་བཏོན་བརྒྱུད་མི་མང་གིས་གཏན་འབེབས་གནང་ཡོད། ཞི་བའི་དོན་ཚན་ལྔ་ནས་སྐྱོང་བསམ་འཆར་བར་རྒྱལ་སྤྱི་དང་རྒྱ་ནག་གི་གནས་བབ། རང་ཕྱོགས་ཀྱི་ལྗིད་ཁོག་རྒྱབ་ལྗོངས་དང་བཅས་པར་གཞིགས་ནས་དུས་བསྟུན་མཁས་མཛངས་ཀྱི་འགྱུར་བ་རིམ་པར་ཕྱིན་ཡོད།
༥ མཐའ་མའི་འབབ་ས་༼རང་སྐྱོང་གི་བསམ་འཆར་༽ཡིག་ཐོག་ནས་འཛམ་གླིང་ཡོངས་བསྒྲགས་ཐོག་༢༠༠༨ ལོར་རྒྱ་ནག་གཞུང་ལ་སྤྲད་ཟིན། རྒྱ་ནག་གིས་དེ་ལ་རྣམ་དཔྱོད་དང་ཁྲིམས་མཐུན། ཆབ་སྲིད་ཀྱི་ཆོད་སེམས་ལྡན་པའི་ལན་གནང་ཐུབ་མེད་པས། གདུག་རྩུབ་དང་དྲག་སྤྱོད་དབང་ཤེད། དཔལ་འབྱོར་བསླུ་བྲིད་མ་གཏོགས། དོན་དངོས་རང་རེའི་གཞུང་མང་རྣམ་པར་རྒྱལ་ཡོད།
༦ བོད་གཞུང་མང་གཞི་རྩ་དེར་བརྟན་པོ་དང་ཡིད་ཆེས་ཆེན་པོའི་ཐོག་གནས་མུས་ཡིན་པས། རྒྱ་ནག་གི་རྒྱལ་དར་མེར་བསྲེགས་རྒྱུའི་གནས་བབ་ཁྱོན་ནས་སླེབས་མེད། དེ་ལས་ལྡོག་སྟེ་དེ་དག་དང་འགལ་བའི་ལངས་ཕྱོགས་འཛིན་དགོས་པ་ཡིན་ལ། འཛིན་བཞིན་ཡོད།
༧ དར་དམར་བསྲེགས་མཁན་དང་འཕྱར་མཁན་གཉིས་ཀྱི་བར་དུ་སྐད་ཆ་སླེབས་སྟངས་མེད་པ་འདྲ་འང་། རྒྱ་ནག་གི་རྩ་ཁྲིམས་ཀྱིས་དར་དམར་ལ་ཁེག་ཐེག་བྱས་ཡོད། དར་དམར་ལ་ཁེག་ཐེག་བྱས་པ་ནང་བཞིན་གྲངས་ཉུང་མི་རིགས་ལའང་ཁེག་ཐེག་འགན་སྲུང་བྱས་ཡོད། ང་ཚོས་འགན་སྲུང་དེ་དག་རྩོད་ཀྱི་ཡོད་པས། དར་དམར་མེར་བསྲེགས་དང་ཐ་དད་པའི་ལངས་ཕྱོགས་འཛིན་དགོས་པའང་དུས་ལ་བབས་འདུག
༨ རྒྱ་ནག་གིས་ཁ་ཕྲལ་བ་ཟེར་བ་དེ་ད་བར་དོ་སྣང་གེ་མ་བྱུང་ཡང་། དར་དམར་བསྲེགས་པ་སོགས་ཀྱི་བྱ་སྤྱོད་ལས། རྒྱ་ནག་གཞུང་ལའང་དེ་བསྟུན་གྱི་སྒྲུབ་བྱེད་ཡོད་པ་ཚོར། དེ་བས་རྒྱ་ནག་གཞུང་གིས་ཁ་ཕྲལ་བ་ཉུང་ཤས་ཤིག་ལས་མེད་པའང་ཁས་ལེན་ངེས་པར་དུ་གནང་དགོས་རྒྱུ་རེད་ལ། ཉུང་ཤས་དེའི་བྱས་པ་ཡོད་ཚད་བོད་གཞུང་མང་གཉིས་ཀའི་མདུན་ལམ་ཐོག་མི་གཡུག་རྒྱུ་དང་། ལྷག་ཏུ་འཆམ་མཐུན་དང་གུ་ཡངས། གྲོས་མོལ་གྱི་རྒྱལ་བོ་༧གོང་ས་མཆོག་ལ་མཚན་སྨད་ཞུ་གཞིར་དེ་བས་ཀྱང་བེད་སྤྱོད་མ་གནང་རོགས།
གོང་དུ་ཁ་ཏ་ཟེར་བས་ཁ་བརྡ་དྲ་བར་དོན་མེད་ཀླན་ཀ་འཚོལ་བའི་མཆན་བུ་མང་པོ་སྤེལ་འདུག
དེ་ཚོ་ཚང་མ་བསུབ་ཡོད་།
དང་པོ།
ཁ་བརྡ་དྲ་བ་འདི་མི་སྒེར་རེ་གཉིས་དང་ལུང་ཚན་བྱེ་བྲག་པའི་དྲ་བ་མིན། ཁ་བརྡ་དྲ་བའི་རྩོམ་འབྲི་བའི་ཁོངས་སུ་ཆོལ་ཁ་གསུམ་གྱི་མི་བཅུག་ཡོད་།
གཉིས།
ཁ་བརྡས་བསམ་ཚུལ་མཐུན་པ་དང་མི་མཐུན་པ་གཉིས་ཀ་འགོད་གི་ཡོད་རེད་། ཁ་བརྡ་དྲ་བ་ནམ་ཡང་ཕྱོགས་གཅིག་ལ་ལངས་འདོད་མེད་། ཕྱོགས་གཉིས་ཀའི་བསམ་ཚུལ་ལ་ཉན་པ་དང་ཕྱོགས་གཉིས་ཀའི་བསམ་ཚུལ་འགོད་པ་ནི་ཁ་བརྡའི་ཁྱད་ཆོས་ཡིན།
གསུམ།
ཁ་བརྡའི་སྒང་གི་རྩོམ་འབྲི་བ་བྱེ་བྲག་པའི་བསམ་ཚུལ་ལ་བརྟེན་ནས། ཁ་བརྡ་དྲ་བར་རྒོལ་རྡུང་གཏོང་བ་དེར་ཁ་བརྡས་དགའ་བསུ་ཞུ་གི་མེད་ལ་ངོས་ལེན་ཡང་མེད་།
ཁ་བརྡར་མཆན་རྒྱག་མཁན་ཚོས་འདི་དག་མཁྱེན་པ་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com