གནས་ཚུལ་མཁོ་གཏོང་བ། རྡོ་རྗེ་རིན་ཆེན།
དེ་རིང་རེས་གཟའ་ཟླ་བ་ཕྱི་ཚེས་ ༡༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་ལྔ་པ་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ཆོལ་གསུམ་ཚོགས་ཁང་དུ་སྐོང་ཚོགས་གནང་ཞིང་གོང་ཚེས་ ༡༡ ནས་ ༡༦ བར་ཏེ་དུས་ཡུན་ཉིན་གྲངས་དྲུག་རིང་འཚོགས་རྒྱུ་ཡིན་པ་རེད། དེ་ཡང་དབུ་འབྱེད་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་ཨར་བྷེ་སུབ་པཱ་མཆོག་དང་། དམིགས་བསལ་སྐུ་མགྲོན་གཙོ་བོ་སྐུའི་གཅེན་པོ་ལྷ་སྲས་རྒྱལ་ལོ་དོན་འགྲུབ་མཆོག་རྣམ་གཉིས་གདན་ཞུས་ཀྱིས་ལམ་སྟོན་བཀའ་སློབ་གནང་འདུག
དེ་བཞིན་འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ཉེན་རྟོག་སྤྱི་ཁྱབ། འབྲས་ལྗོངས་མངའ་སྡེའི་ནང་སྲིད་བློན་ཆེན་ཟུར་པ། ཁུལ་དེའི་སྐྱབས་བཅོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ཕྱོགས་མཐའ་ཁག་སོ་སོ་ནས་ཆེད་བཅར་ཞུས་པའི་ས་གནས་གཞོན་ནུ་རྒྱུན་ལས་བཅས་འཛོམས་ཡོད་པ་རེད།
དེ་ཡང་ལྷ་སྲས་རྒྱལ་ལོ་དོན་འགྲུབ་མཆོག་གིས་ང་ཚོས་ཐོག་མར་སོ་སོའི་མི་རིགས་ཀྱི་ལོ་རྒྱུས་དེ་ཡག་པོ་ཤེས་དགོས་པ་མ་ཟད། ང་ཚོ་བོད་འདི་རྒྱ་དཀར་ནག་གཉིས་ཀྱི་བར་གནས་ཡུལ་ལུང་ཞིག་ཆགས་ཡོད་སྟབས། རྒྱ་དཀར་ནག་གཉིས་ཀྱི་སྔ་དེང་གི་ལོ་རྒྱུས་ཀྱང་མཁྱེན་རྟོགས་དགོས་པ་གལ་ཆེ་སྐོར་དང་།
ཡང་ཁོང་གིས་འགའ་ཤས་ཀྱིས་རང་སྐྱོང་དགོས་པར་གསུང་གི་ཡོད་པ་དང་། འགའ་ཤས་ཀྱིས་རང་བཙན་དགོས་པར་གསུང་གི་ཡོད་པ་རེད། དེ་མ་འགྲིག་པ་གང་ཡང་མེད། བསམ་འཆར་འདྲ་མིན་ཡོད་ན་ཡག་པོ་ཡོད་ཚུལ་དང་། དེང་སྐབས་འཛམ་གླིང་འདི་རྒྱ་ནག་གི་ཕྱོགས་གཏོགས་དང་། ཨུ་རུ་སུའི་ཕྱོགས་གཏོགས། ཨ་མེ་རི་ཀའི་ཕྱོགས་གཏོགས་ཏེ་དུམ་བུ་གསུམ་ཆགས་ཤིང་དེ་དག་གི་འགྱུར་བའི་རང་བཞིན་ཡང་མཁྱེན་རྟོགས་དགོས་སྐོར་དང་། ཡང་ད་ལྟ་རྒྱ་ནག་མི་སེར་ནང་རྒྱ་ནག་དམར་ཤོག་དབང་འཛིན་པར་ཡིད་ཆེས་བརླགས་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། འགྱུར་བ་ཟེར་བ་དེ་རང་བཞིན་གྱིས་འགྲོ་ངེས་པ་ཞིག་ལ་བརྟེན་གཞོན་སྐྱེས་ཚོ་སེམས་ཤུགས་མི་ཆགས་པ་དང་རེ་བ་མི་བརླག་པར། རང་ནུས་གང་ཐུབ་ཀྱིས་རྩ་དོན་ཐོག་གསར་གཏོད་གང་ཡོད་ཀྱི་ནུས་པ་འདོན་དགོས་ཚུལ་སོགས་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།
ད་རེས་གཞོན་ལྷན་གྱི་ཚོགས་ཆེན་ཉིན་དང་པོ་དང་གཉིས་པར་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན། འགན་འཛིན་ལྷན་ཚོགས་ཐེངས་ཞེ་གསུམ་པའི་གྲོས་ཆོད་ལ་ཞིབ་བཤེར་གནང་རྒྱུ་ཡིན་པ་དང་། དེ་འཕྲོས་རྣམས་གྲོས་གཞི་དོན་ཚན་བདུན་གྱི་ཐོག་གྲོས་སྡུར་ལྷུག་པོ་གནང་རྒྱུ་རེད། གྲོས་གཞིའི་ཁྲོད་ཀྱི་གྲོས་གཞི་དོན་ཚན་དྲུག་པའི་ནང་གསེས་ཀ་པ་བོད་མིའི་སྐྱབས་མགོན་༸གོང་ས་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་སྐོར་དང་། ནང་གསེས་ཁ་པ་དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ནས་བོད་མིའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོར་གཞི་མེད་སྒྲོ་འདོགས་ཉེས་འཛུགས་བྱེད་པར་གདོང་ལེན་ཞུ་ཕྱོགས་སྐོར་ཡིན་འདུག
ད་རེས་གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐེངས་ཞེ་ལྔ་པ་འབྲས་ལྗོངས་སུ་ཚོགས་པར་གནད་འགག་ཅིག་ལ་ཐུག་ཡོད་སྐོར་གཞོན་ནུའི་ཚོགས་གཙོ་མཆོག་གིས་གསུངས་ཡོད་པ་དང་། ལྷན་ཚོགས་འདིའི་ཐོག་ས་གནས་ཁག་མི་འདྲ་བ་ཁག་སོ་གཅིག་གི་གཞོན་ནུའི་རྒྱུན་ལས་རྣམ་པ་ཁྱོན་མི་གྲངས་བརྒྱ་དང་བཅུ་ཙམ་ཆེད་བཅར་ཞུས་ཡོད་པ་རེད།
གཞོན་ནུ་ཚོགས་པ་འདི་བཞིན་མ་འོངས་བོད་ཀྱི་བཐབ་་རྩོད་ཐད་ལ་ཤིན་ཏུ་ནས་གལ་ཆེའོ། བཀྲིས་བདེཊ་་གྲངས་མེད་ཞུ།
བཟང་གི་བཟང་གི།
དགྱ་དཀར་ནག་གཉིས་ཀྱི་མཆན་བར་ན།
ལས་རྒྱུ་འབྲས་ཟེར་བ་ཡོད་པར་ཤོག།
ནས་རྩམ་པ་ཟ་བའི་མགོ་ནག་ཚོས།
དགྲ་ཁ་གཏད་འདི་ཚོ་ཐུབ་པར་ཤོག།
མི་རིགས་དེའི་མ་འོངས་བ་ནི། མི་རིགས་དེའི་གཞོན་ནུའི་ལག་པར་ཡོད། གཞོན་ནུ་ཚོ། ཡིན་ཐལ། བཤད་ས་ཞིག་ནས་གནས་ལུགས་ཀྱིས་རྒྱལ་བ། འཐབ་ས་ཞིག་ནས་གཡུལ་ཐབ་གྱིས་རྒྱལ་བ། ང་ཚོ་མི་རིགས་ཉུང་ཉུང་ཡིན་པས། གཞན་དང་བསྡུར་ན། ང་ཚོ་འབྱོན་པ། མཁས་བ། དཔའ་བ་སོགས་ཁུར་བོ་ལྗིད་མོ་འཁུར་ཐུབ་པའི་གཞོན་ནུ་ཡིན་དགོས། རེ་བ་ཅན་ཚོ། གང་ལ་འདང་བ་མེད་ན་དེ་ལ་རེམ། བུ་རྒོད་ཚོ།
འདི་ནི་ཚོགས་ཐོག་དེ་ལ་བསྐུར་བའི་སེམས་བསམ་བ་དཀར་པོ་ཡིན།
འདྲ་ཆགས་པོའི་ཡས་བཤད་མས་བཤད་ཀྱི་རྗེས་སུ་མི་འབྲངས་པར་ལངས་ཕྱོགས་བརྟན་པོ་དང་། ཁ་ཕྱོགས་གསལ་པོའི་ངང་ནས་བོད་གཅིག་གི་དམིགས་ཡུལ་དུས་ནས་དུས་སུ་འཛིན་གལ་ཆེ།
མ་འོངས་པའི་བོད་ཀྱི་གཞོན་ནུ་རྣམས་ལ་བོད་ཡུལ་ངོས་ཟིན་པའི་བག་ཆགས་དང་མིག་དཔེ་བཟང་པོ་འཇོག་པར་སྨོན།
ངས་ནི། གཞོན་ལྷན་ཁྱེད་ཚོ་ནི། ཆབ་སྲིད་ཚོགས་པ་ཆུང་ཆུང་མི་མང་གི་དཔུང་རོགས་མེད་པ་ཅིག་ལས། རང་བཙན་ལེན་མཁན་ཅིག་ཡིན་པ་དུས་ནམ་ཡང་ངོས་ལེན་ཞུ་ཐུབ་པ་མི་འདུག གང་ཡིན་ནམ། ལགས།
གཞོན་ལྷན་ནི་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ལང་ཕྱོགས་ཧ་ཅང་བརྟན་པའི་ཚོགས་པ་ཞིག་རེད། ༡༩༥༩ ལོར་ང་ཚོ་མི་མང་ས་ཡ་དྲུག་སྐྱུར་ནས་ཡོང་དགོས་དོན་ནི་བོད་རང་དབང་སྐྱར་བསྐྲུན་གྱི་ཆེད་དུ་ཡིན་པ་ལས་ང་ཚོ་མི་སྒེར་གྱི་ཆེད་དུ་མིན་ལ། ལུང་ཚན་དང་ཆོས་ལུགས་བྱེ་བྲག་པའི་ཆེད་དུ་དེ་བས་ཀྱང་གང་ནས་ཡིན། དེས་ན་ད་བར་གཞོན་ནུ་ཚོགས་པར་ཕྱི་ནང་གི་གཡོ་སྒྱུའི་སྣ་ཚོགས་འོག་ཆབ་སྲིད་ལས་འགུལ་འདྲ་མིན་སྤེལ་རྒྱུར་རེ་ཞིག་ངང་འཐེན་བྱ་དགོས་བྱུང་ནའང་། གཞིས་ལུས་རྒྱ་ཆེ་མི་མང་གི་མངོན་འདོད་ལ་བརྩི་སྲུང་གིས་མུ་མཐུད་ལང་ཕྱོགས་བརྟན་པོ་འཛིན་ཏེ་གནས་དགོས་པ་ལས་ཕྱི་ནང་གི་གཡོ་འོག་ནམ་ཡང་མ་ཚུད་པ་མཛད་གལ་དང་། ལྷག་པར་བོད་མི་རྡོག་རྩ་གཅིག་བསྒྲིལ་ལ་གནོད་ཅིང་དགྲ་བོ་རྒྱ་དམར་ལ་དགོས་མཁོ་ཆེ་བའི་ཆོས་ལུགས་རྙོག་ནད་ལ་ནམ་ཡང་ལག་པ་མི་འཆང་པའི་འབོད་བསྐུལ་ཞུ་རྒྱུ་ཡིན། ཆོས་ལུགས་ཀྱི་དཀའ་རྙོག་ནི་ཆོས་ལུགས་རང་ཉིད་ཀྱིས་ཐག་གཅོད་བྱས་ཏེ་འགྲོ་དགོས་པ་ལས། གཞོན་ནུ་ཚོགས་པ་ལྟ་བུ་ཆབ་སྲིད་ལང་ཕྱོགས་བརྟན་ལ་གཞིས་ལུས་རྒྱ་ཆེ་མི་མང་གི་བློ་གཏོད་སའི་ཚོགས་པ་ཞིག་གིས་ནམ་ཡང་ལག་པ་འཆང་འོས་སོ། །
ནམ་ཡང་ལག་པ་འཆང་མི་འོས་སོ། །ནོར་བཅོས།
མངའ་རེས་ནས་གསུང་པ་ལ་བདེན་ཁ་ལེན་དུ་མར་སྦྱིན་ཆོག། རྒྱ་འདྲེ་དམར་པོ་འོག་ལ་འོ་ཅག་བོད་ཁ་བ་གངས་ཅན་པ་ལ་བདེ་་བ་ཞིག་འདས་པའི་ཉམས་མྱོང་དང་དངོས་ཡོད་བདེན་འཚོལ་གང་་ལ་བལྟས་ཀྱང་ཡོང་མི་སྲིད་པ་རེད། དབུས་གཞུང་གི་སྲིད་ཇུས་དང་། བོད་གཞུང་གི་སྒྲིགས་འཛུག་དང། དབུས་གཞུང་དང་སྲིད་སྐྱོང་སོགས་ལ་་གུས་ཞབས་དང་དབུ་འོག་དཔུང་འདེགས་ལོས་དགོས། བོད་གཞུང་དང་། གཞོན་ནུ་གཉིས་ལ་བསྒྲུབ་བྱ་བོད་མི་ས་ཡ་དྲུག་གི་བདེན་དོན་ཡིན་་པ་ཅིག་པ་ལ་བསྒྲུབ་བྱེད་ཀྱི་ལང་ཕྱོགས་མི་འདྲ་རེད།
བོད་གཞུང་གི་ལང་ཕྱོགས་སམ་བསྒྲུབས་བྱེད་དབུ་་ལམ་་ེ་རེད། གཞོན་ནུའི་བསྒྲུབ་བྱེད་དམ་ལང་ཕྱོགས་རང་བཙན་གཙང་མ་དེ་རེད། ཡིན་ན་ཡང་དེ་གཉིས་ཅིག་གིས་ལ་ཕན་གྲོགས་བྱེད་དགོས་པ་ལས་གནོད་རྐྱོན་གཏང་ན་མ་འགྲིག་པ་ཞིག་དང་བོད་སྤྱི་ལ་གནོད་ཆེན་པོ་ཞིག་སྐྱལ་བཞིན་ཡོད། ན་གཞོན་ཚོགས་པའི་མི་བྱེ་བྲག་པ་ཞིག་གི་སྐད་ཆ་ཐལ་དྲག་པ་བཤད་པ་དེས་གཞོན་ནུ་སྤྱི་ལ་ཁ་གཏང་ན་རང་གིས་རང་ལ་ཐལ་བ་སླུག་པ་རེད། ལྷག་པར་གོང་ས་མཆོག་ནི་ང་ཚོའི་འདི་ཕྱི་གཉིས་ཀྱི་ལམ་མཁན་དང་འོ་ཅག་བོད་མི་་ཡོད་དོ་ཅོག་གི་བཀའ་དྲིན་ཅན་གྱི་ཕ་མ་ནང་བཞིན་རེད། ཁོང་གིས་སོ་སོའི་ནང་མི་ལ་བླང་དོར་བཅོས་པ་ལ་། ཁྱི་རྒན་སྲིད་དོན་པ་དང་ སྐབས་འཚོལ་རིགསལུགས་་པ་དང་ སོ་སོའི་གོ་ས་སྐམ་པོ་ལ་ཞེན་དྲག་པ་དང། གོང་ས་མཆོག་་གི་མདུན་ལ་ཤ་མི་ཟ་བའི་སྤྱང་ཀི་ཡིན་མདོག་བྱེད་མཁས་རེས་འགས་གཞོན་ནུ་མིང་མེད་་ཐལ་བ་སླག་པར་འདོད་ཀྱང་དེ་ལྟར་བཟོ་མི་ནུས་པ་ཞིག་རེད། རང་བཙན་གཙང་མའི་ལང་ཕྱོགས་བཟུང་་བ་དེས་གོང་་ས་མཆོག་གི་བཀའ་ལ་མ་རྩེས་པ་དང་མགོན་པོ་གང་ཐུགས་ཕམ་པ་ཡོང་མི་སྲིད་པ་རེད་ སྔར་དོལ་ཕྱོགས་ལ་ཞེན་པ་དུང་ལྟར་དཀར་ལ་སོ་སོས་རྒན་གྱིས་བསླབ་བྱ་གནང་ཡང་ཁ་ལ་མི་ཉན་པ་དང་ དེང་གོང་ས་མཆོག་གི་གཡས་གཡོན་ལ་གཡོ་རྒྱུས་རྫུན་ལྤག་མཐུག་པོ་གྱོན་པ་འགས་། ཨོ་རང་བཙན་རྩོད་ན་གོང་་ས་མཆོག་ཐུགས་ཕམ་གྱི་རེད་ཅེས་ཨ་རེར་ལ་བཤད་སོང། ད་སོ་སོ་འི་གོ་ས་ཡག་པོ་བཟུང་། དེ་་ནས་མཁན་ཟུར་གནང་ནས་སོ་སོའི་ཆོས་ཚོགས་གི་ཁ་ཕུར་བདག་པོ་རྒྱབ་ན་ཤིན་ཏུ་ལེགས། དེ་མིན་མང་པོ་དོན་ཡོང་ན་མི་ལེགས། གཞོན་ནུ་སྤྱི་དང་བྱེ་བྲག་གང་འདྲ་ཞིག་ཡིན་ཡང་གོང་ས་མཆོག་ལ་ཁ་གཏང་བ་དང་ཚིག་ངན་བེད་སྐྱོད་གཏང་ན་སོ་སོའི་བཀའ་དྲིན་ཅན་གྱི་བདག་ཉིད་ཡབ་ཆེན་ལ་གནོད་སྐྱལ་པ་དང་ཅིག་པ་རེད། མཐའ་དོན་ལ་གཞོན་ནུའི་རང་བཙན་དང་ བོད་མི་བསྒྲིག་འཛུག་གི་དབུ་ལམ་གཉིས་་ཀ་ང་ཚོའི་བདེན་དོན་བསྒྲུབ་པའི་ཐབས་ལམ་འབའ་ཞིག་ཡིན་པས་གཉིས་ཀ་དོ་གལ་ཆེ་བར་སེམས་། མཐའ་དོན་ལ་༧གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟེན་པ་དང་བོད་མིའི་སྡུག་སྔལ་མྱུར་དུ་གྲོལ་བ་ཤོག།
མངའ་རིས་ལགས་ཀྱི་གསུང་པ་ལ་རྒྱབ་སྐྱོར་ཡོད་ གཞོན་ནུ་ཚོགས་པ་ནི་སྲིད་དོན་གྱི་ཚོགས་པ་ཞིག་ཡིན་པས་ཆོས་ལུགས་ལ་ཐེ་འཇུས་རྩ་བ་ནས་བྱེད་མི་རུང་ དེ་ནི་ཚར་རྒྱུ་མེད་པའི་ལས་ཀ་ཞིག་རེད་ ཁྱེད་ཚོར་བོད་ནང་ནས་དོ་སྣངས་དམིགས་གསལ་ཞིག་བྱེད་ཀྱི་འདུག་པ་དེ་ནི་ཁྱེད་ཚོར་དིང་དུས་ཀྱི་ཤེས་ཡོན་དང་མཐོངས་རྒྱ་ཡོད་པས་ དམིགས་ཡུལ་དང་ ལམ་ཕྱོགས་ འབོད་ཚིག་གསལ་པོ་ཞིག་དང་བརྟན་པོ་ཞིག་ཡོད་པར་ཡིད་ཆེད་བྱེད་བཞིན་འདུག་ གལ་སྲིད་ཚོགས་འདུའི་འཇུག་འབྲས་སུ་༧གོངས་ས་མཆོག་གི་བཀའ་གསུང་ཅི་གྲུབ་ཞུ་གི་ཡིན་ཟེར་ན་ དེས་ཁྱེད་ཚོ་རང་ལ་དམིགས་ཡུལ་དང་ལམ་ཕྱོགས་ འབོད་ཚིག་གསལ་པོ་མེད་པ་ཞིག་མཚོན་གྱི་རེད་
་་་་་་་ གལ་སྲིད་ཚོགས་འདུའི་འཇུག་འབྲས་སུ་༧གོངས་ས་མཆོག་གི་བཀའ་གསུང་ཅི་གྲུབ་ཞུ་གི་ཡིན་ཟེར་ན་ དེས་ཁྱེད་ཚོ་རང་ལ་དམིགས་ཡུལ་དང་ལམ་ཕྱོགས་ འབོད་ཚིག་གསལ་པོ་མེད་པ་ཞིག་མཚོན་གྱི་རེད་་་་་་་་
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་མི་རབས་ནས་མི་རབས་བོད་རང་དབང་རང་བཙན་གཙང་མ་སྐྱར་བསྐྲུན་གྱི་འཐབ་རྩོད་མུ་མཐུད་རྒྱུན་གནས་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་བཙན་བྱོལ་ནང་གི་ཚོགས་པ་གལ་ཆེ་ཤོས་ཤིག་ཡིན་པ་ཤེས་གསལ་ལ། ད་ལྟའི་བཙན་བྱོལ་སྒྲིག་འཛུག་གི་བཞེངས་ཕྱོགས་དབུ་མའི་སྲིད་བྱུས་དེ་ཉིད་ལམ་འགྲོ་ཡོང་དགོས་ཀྱི་ཡོད་ན་གཞོན་ནུ་ངེས་པར་དུ་ནུས་མེད་གཏོང་མི་ཉན། གཞོན་ནུ་རང་ཉིད་ཀྱིས་ཀྱང་གཞིས་ལུས་རྒྱ་ཆེ་མི་མང་གི་མངོན་འདོད་དང་མཐུན་པའི་ཐོག་ནས་ཆབ་སྲིད་ཀྱི་ལས་འགུལ་ཁོ་ན་ལས་ཆོས་ལུགས་ཀྱི་གནད་དོན་ཆུང་ཙག་ལ་ནམ་ཡང་ཐེ་བྱུས་བྱེད་མི་འོས། ལྷ་འདྲེས་བོད་མི་རིགས་དང་རྒྱལ་ཁབ་སྐྱབས་པའི་ལོ་རྒྱུས་སྔར་ཡང་བྱུང་མེད་ལ། ཕྱིན་ཆད་ཀྱང་ཡོང་རེ་གཏན་ནས་མེད། དེས་ན་མདུང་རྩེ་ནང་སྤྲོད་ལྷ་འདྲེའི་འཐབ་རྩོད་ལ་དབུ་མི་འཁོར་བར་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་ལ་སྔར་ལྷག་ནུས་ཤུགས་ཡོད་དགུས་དམ་བཅའ་བརྟན་པོར་གནང་དགོས་པར་དོན་དུ་གནས། དེས་ན་ད་རེས་མཐའ་མའི་གྲོས་ཆོད་ལ་གཞིས་བྱེས་གཉིས་སུ་འཁོད་པའི་ན་གཞོན་ཚོས་དོ་སྣང་ཆེན་པོས་སྒུག་སྡད་ཡོད་པ་མཁྱེན་དགོས་སོ། །
གཞོན་ནུའི་ལྷན་ཚོགས་ཆབ་སྲིད་ཚོགས་པ་ཞིག་ལ་ལན་པོ་མི་འདུག
དེ་ལས་༼ལས་འགུལ་ཚོགས་པ་༽ཞིག་ཡིན་ན་ཏག་ཏག་རེད། ཚོགས་གཙོ་གཙོ་བྱས་པའི་ཚོགས་མི་ཚང་མའི་ནུས་པའང་༼ལས་འགུལ་སྤེལ་བའི་༽ཐོག་ཡོད་པ་རེད་མ་གཏོགས། ཆབ་སྲིད་ཚོགས་པའི་གནས་བབ་ཐོག་མི་འདུག ཡིད་མི་ཆེས་ན་གཞོན་ནུའི་ལྷན་ཚོགས་ཀྱི་ཡིག་ཆ་དག་ལ་གཟིགས་དང་། དེའི་ནང་ལ་ཤིན་ཏུ་མང་བའི་ཡིག་གེ་༼ཧང་སངས་དགོས་པ།༽༼ཧ་ལས་པ།༽༼དཔེ་མི་སྲིད་པའི་ཡག་པོ༽ ༼དམ་དྲག་བྱས་པོ་ཞིག་བྱས་ནས་༽༼བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད༽ ༼གར་སོང་ཆ་མེད་༽ ཟེར་བ་འདི་དག་ཁ་ཤས་ལས་མི་འདུག་ལགས།
ཚད་བཀག་ཡོད་པ་དང་ཉན་གིན་ཉན་གིན་སུན་སྣང་སྟེར་བའི་༼ཡོན་ཏན་༽འདི་འདྲ་ཞིག་གིས་ཆབ་སྲིད་ཚོགས་པ་ཞིག་ཇི་ལྟར་བསྐྱངས་ཐུབ།
རྒྱ་དཀར་ནག་གཉིས་ཀྱི་གནའ་དེང་གི་ལོ་རྒྱུས་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
http://www.tibettimes.net/news.php?showfooter=1&id=9167
བཀའ་ཁྲི་ཟུར་པ་སྐུ་ངོ་རྒྱལ་ལོ་ལགས། བོད་པའི་སྤྱི་ཚོགས་སུ་ཐོན་པར་དགའ་བསུ་ཡོད། བོད་ཀྱི་མི་གྲགས་ཚོ་སྐུ་དངོས་བཞུགས་ཚེ་སྟོད་སྨད་དང་ལེགས་ཉེས་ག་རེ་གསུང་རྒྱུ་ཡོད་ན་བཤད་དགོས་པ་ལས་དེ་དག་འདས་ཚ་རྗེས་སུ་སྟོད་སྨད་ཀྱིས་གནམ་སར་གང་ན་དགེ་མཚན་ཆེ་རྒྱུ་མེད། ལྷག་པར་དུ་དོན་འབྲས་ཡོད་མེད་གང་ལྟར་ཡང་ཁོང་ནི་རྒྱ་བོད་བར་གྱི་གནས་ཚུལ་སྣ་མང་གི་ཐོག་ལ་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་པས་ད་ཆ་མི་ཚེའི་མཐའ་ལ་སླེབས་སྐབས་འདས་གནས་དེ་ཚོ་ངོ་ལྐོག་མེད་པར་གླེང་རྒྱུ་གལ་ཆེ་རེད།
ང་རང་ཚོས་དབུ་མའི་ལམ་ལ་འགྲེལ་བརྗོད་ཁ་གསལ་ག་ཚོད་བྱེད་ཀྱང་རྒྱ་གཞུང་ནས་དེ་ནི་རང་བཙན་རྩོད་ཀྱི་ཡོད་པ་་གཞོན་ནུ་སྒྲིག་འཛུགས་ལ་དཔེ་བཞག་བཞིན་པ་ཀུན་གྱི་མཁྱེན་གསལ་ཡིན། རྒྱ་གཞུང་ནས་རང་བཙན་མ་རྩོད་ན་གོ་བསྡུར་བྱ་རྒྱུ་ཡོད་མདོག་བཤད་པ་དེ་ལྷག་བསམ་རྣམ་དག་ཡིན་མེད་དབུས་བོད་ཀྱི་གཞོན་ནུ་སྒྲིག་འཛུགས་ནས་རྒྱ་གཞུང་ལ་ཚོད་བལྟ་བྱ་རྒྱུ་ཞིག་མཐོང་། གཞོན་ནུ་ལྷན་ཚོགས་ནས་དབུ་ལམ་ལ་རྒྱབ་བསྐྱོར་གྱིས་རང་བཙན་རྩོད་རྒྱུ་མིན་པས་རྒྱ་གཞུང་ལ་དུས་ཚོད་རྒྱས་བཅད་ནང་༧གོང་ས་མཆོག་གི་ལྷན་གྲོས་འདུན་འདོན་ན་གང་འདྲ་འདུག ད་ལྟའི་གཞོན་ནུ་ཚོགས་པ་གཉིས་རང་བཞིན་མེད་པ་ཆགས་པ་མ་ཟད་རྒྱ་ནག་ནས་ཀྱང་བཟང་ཕྱོགས་བརྡ་ལན་གཏོང་ངེས་ཡིན། ཀླད་པ་ཡོད་ན་རྡོ་གཅིག་འཕེན་ནས་བྱ་གཉིས་གསོད་ཐབས་བྱ་དགོས་པ་ཡིན་ནོ།