ཀླུ་སྨྱོན།
རི་སྐེད་སྨུག་པ་འཕྱུར་བའི་རྫ་ལུང་ན།།
རྫི་མོའི་ལ་གཞས་སྙན་པའི་ཡང་ལུང་ན།།
གཞོན་ནུའི་བརྩེ་དུང་འཁྱིལ་བའི་ཨ་ལུང་ན།།
ཨ་ལགས་ལོ་ཆུང་ཞིག་གི་གཏམ་རྒྱུད་བཞུར།།
མདང་ནུབ་ཆར་བ་བབས་པའི་སྨུག་རླངས་ཀྱིས།།
ད་ནངས་མེ་ཏོག་སྟོང་གི་འདབ་མ་བཀྲུས།།
འབྲི་མོའི་འོ་ཞོའི་དྲི་ངད་མངར་མོ་ཡིས།།
འབྲོག་མོའི་བཞོ་ལུང་སིལ་སྒྲ་ཤག་སེ་ཤག།
ལག་པར་ལྕི་འདམ་ལྕང་མའི་དྲི་བསུང་ཅན།།
མིག་གི་ཆ་ག་ཆགས་པའི་རི་མོ་ཅན།།
བྲང་གི་ནུ་འབུར་ཚི་ལེན་འོད་ཁྲ་ཅན།།
ཞི་མོ་ཁྱོད་ཀྱང་ཚེ་སྔོན་ལན་ཆགས་ཏེ།།
གཟན་ཤམ་དམར་པོ་འདི་ཡིས་མི་ཁོག་པའི།།
ཏིང་འཛིན་བརྟན་པོ་འདི་ཡིས་མི་སྤོང་བའི།།
ཆགས་པ་ཞེས་བྱ་འཁོར་བའི་ལྕགས་ཀྱུ་འདིས།།
འདོད་པའི་ཉ་མོ་དེ་དག་སྔངས་པར་བྱས།།
དགོན་ཆེན་གསེར་ཏོག་ཉི་མའི་གཟི་བརྗིད་ཅན།།
མུན་པའི་རྒྱལ་ཁམས་འཇིག་པའི་འཕྲུལ་འཁོར་ཡང་།།
གཟན་ཤམ་དམར་པོ་སྦར་བའི་འདོད་ཆགས་མེས།།
ཐལ་བའི་རྡུལ་དུ་བསྲེགས་འདི་ཀྱེ་མ་ཧོ།།
སྟོན་པ་ཞེས་བྱ་རྒྱང་རིང་སྐར་མ་ཁྱོད།།
སངས་རྒྱས་ཞེས་གྲགས་འོད་ཀྱི་ཡིག་འབྲུ་ཁྱོད།།
སུ་དང་གང་ལ་མ་སྣང་འདོད་པའི་རོ།།
མྱང་བའི་བཀའ་ལུང་སྒྲོགས་ཤིག་རིགས་ཀྱི་བུ།།
འདོད་ཆགས་ཆུ་བོ་འདི་ཡི་ཕ་མཐའ་ན།།
སྲིད་པའི་གྲོང་ཁྱེར་ཆེན་པོའི་ཚུ་རོལ་ན།།
གཟན་ཤམ་དམར་པོ་བོར་བའི་སེམས་མཐའ་ན།།
སྡུག་བསྔལ་སྟོང་གི་ལྡེབས་རིས་ཆེན་པོ་བཞེངས།།
ནགས་ཚལ་ཤིག་ཤིག་འདར་བའི་དབེན་པ་འདིར།།
དབུ་སྐྲ་རླུང་གིས་ཉིལ་བའི་མུན་ཁྲོད་འདིར།།
འདོད་པའི་བདེ་བ་རྒུན་ཆང་ངར་མའི་རོ།།
མྱོང་བར་གྱིས་ཤིག་འདོད་བརྩེའི་རས་པ་དག།
ང་ཡང་སྤྲུལ་སྐུའམ་ཨ་ལག་ཅིག་བྱེད་འདོད་ཡོད་པས་ཐབས་ཤེས་འདྲ་ཡོད་དམ།
ཨ་ལགས་དང་སྤྲུལ་སྐུ་བྱེད་པར་སྐྱེ་བ་སྔ་མར་ཚོགས་ཡག་པོ་བསགས་དགོས་པ་རེད།
ཨ་སྒོར་གཅིག་སྟོང་འབུལ་ཐུབ་ན་ཨ་ཁུ་སྟོན་པའི་ཡང་སྲིད་འཁྲུལ་བ་མེད་པའི་ངོ་སྦྱོར་སྤྲོད་ཀི་ཡིན། ཨ་སྒོར་ཁྲི་གཅིག་སྤྲོད་ཐུབ་ན་ངས་ཁྱོད་ཚོགས་ཆེན་སྤྲུལ་སྐུ་བཟོ་ཡ། འབུམ་གཅིག་སྤྲོད་ཐུབ་ན་དགའ་ལྡན་ཁྲི་བ་ཞིག་གི་ཡང་སྲིད་དུ་ངོས་འཛིན་བྱེད་ནུས། ཨ་སྒོར་ས་ཡ་གཅིག་སྤྲོད་ཐུབ་ན་ཆོས་བརྒྱུད་ཀྱི་བླ་ཆེན་ཞིག་གི་མ་འདས་སྤྲུལ་སྐུ་བཟོ་ཆོག
ལགས་སོ་ལགས་སོ། དེས་ན་ང་རང་ཅོག་རོང་སྐུ་ལོ་བྱེད་འདོད་ཡོད་པས་ཨ་སྒོར་ཁྲི་གཅིག་སྤྲད་ན་ཡོང་ས་རེད་དམ། རྙིང་མའི་སྤྲུལ་སྐུ་ཞིག་བྱེད་ཉན་སྤྲོ་གི
ཅོག་རོང་སྐུ་ལོ་ཆུང་དྲགས་པ་རེད། ༼ཅོག་གངས་ལྗོངས་སྐྱབས་མགོན་༽ལ་ངོས་འཛིན་དང་ཁྲི་ཁར་འདོན་རྒྱུ་ནི་དུས་སུ་བབས་པ་ཞིག་རེད། ཡིན་ནའང་། དགེ་ཚུལ་གྱི་སྡོམ་པ་བཞེས་རྗེས་ལྕམ་གཅིག་མ་གཏོགས་མི་ཚེ་ཧྲིལ་བོར་བརྟེན་ཆོག་གི་མེད་དུས། དེའང་བསམ་བློ་གཏོང་ས་མེད་པ་ཞིག་ཀྱང་མ་རེད་འདོད།
སྤྲུལ་སྐུ་ངོས་འཛིན་བྱེད་པར་དངུལ་མང་ཙམ་དགོས་པ་རེད་དེ་རྗེས་ལྕམ་ག་ཚོད་བཞེས་ཀྱང་སྤྲུལ་སྐུའི་མཛད་པར་ངོས་འཛིན་བྱེད་གི་རེད་
ཧ་ཧ་ཧ། ལྷ་སྡེ་བྱོན་པ་ལགས། རང་ཡུལ་གངས་ལྗོངས་ཆེན་མོ་སྐྱོབ་བསམ་པ་དང་དེའི་ནུས་རྩལ་ང་ལ་དབེན། ཡིན་ནའང་རང་སྡེ་ཕྲ་མོ་རྒྱ་སྡེ་མཚོ་འདྲ་བ་དང་བོད་སྡེ་ཉ་འདྲ་བ་ཞེས་བྱ་བ་དེའི་ཁྱད་ཆོས་མི་ཉམས་པར་གནས་བའི་ཕྱིར་༼གོས་སེར་ལུས་གྱོན༽黄袍加身གྱི་ལས་ཀ་མི་ལས་ཐབས་མེད་སོང་། འོ་སྐོལ་ཚོའི་ཀླུ་སྨྱོན་མཐུ་དང་ནུས་བ་བཙན་པས་བྱིན་གྱིས་རླབས་སུ་གསོལ་བ་ཡིན།
ད་ལྟ་བར་དུ་བུད་མེད་ཀྱི་ལོངས་སྤྱོད་ཡོངས་སུ་རྫོགས་པར་སྤྱད་པས་རིགས་ཀྱི་མྱུ་གུ་ཙམ་གྱི་ཕྱིེར་མ་གཏོགས་བསྟེན་མ་བསྟེན་ཁྱད་མེད། དེར་སྐུ་ཉིད་ཀྱིས་ཐུགས་ཁུར་མ་གནང་།
ཀླུ་སྨྱོན་ཁྱེད་ཀྱིས་སྤྲུལ་སྐུ་ཡེ་ཤེས་ཆགས་པར་ཨ་སྒོར་ཅི་ཙམ་སྤྲད་པ་ཡིན་ནམ། གཅིག་བྱས་ན་སྔོན་མ་རིན་པ་ཆེ་བའི་སྒང་ཡིན་གྱི་རེད་་་་དེང་སང་སྤྲུལ་སྐུ་ལ་དགག་པ་མང་ཙམ་བྱེད་ཀྱི་འདུག་པ། སྤྲུལ་སྐུའི་སྤུས་ཚད་རྒྱ་ཁ་ཆེ་བས་བཟོས་པའི་དངོས་རྫས་ལྟར་སྤུ་ཚད་སྐྱོ་བོ་ཞེ་དྲག་རེད་ཟེར། ཀླུ་སྨྱོན་ཁྱེད་ལ་སྤྲུལ་སྐུའི་བཟོ་བདག་ཆེ་བ་དེ་འདྲའི་ངོ་ཤེས་གྲོགས་པོ་ཡོད་ན། ང་ལ་རིན་པ་ཅུང་དམའ་བ་བྱས་ནས་སྤྲུལ་སྐུ་ཞིག་བཟོ་ཐབས་གནང་རོགས།
རས་གཟན་དམར་པོ་བོར་ན་ཡང་། །
ཡ་རབས་བཟང་སྤྱོད་མ་བོར་ཅིག །
རས་གཟན་སེར་པོ་བོར་ན་ཡང་། །
དྲན་དང་ཤེས་བཞིན་མ་བོར་ཅིག །
དེང་གི་སྤྲུལ་ངན་འགའ་རེས་ཆོས་བེད་སྤྱད་ནས་དམངས་ལ་མགོ་སྐོར་གཏོང་།
སྒོར་བེད་སྤྱད་ནས་མཛེས་མ་ཆུང་མར་བསུས།
ཆོས་འཇིག་རྟེན་གཉིས་ཀ་ཡོད་ཀི་་་་་་་ད་སྐྱིད་ཀི་ཡ་་་་་
གཟན་དམར་པོ་བོར་བའི་གཏམ་རྒྱུད་མང་ན་ཡང་། གཟན་དམར་པོ་ད་དུང་ཕྲག་ལ་ཡོད་ཡོད་རེད། གཟན་དམར་པོ་གྱོན་པའི་ཨ་ལགས་ཀླུ་སྨྱོན་འདིས། གཟན་དམར་པོ་དངོས་སུ་བོར་དུས་ནམ་ཞིག་ཡིན།