ཆང་སྐྱེས།
གཟུགས་ཏོག་དབྱིབས་ཅན་གྱི་ནད་ཡམས་འདི།།
སྤང་སེར་པོ་མེ་ལ་ཤོར་བ་བཞིན།།
ལྷོ་འཛམ་བུ་གླིང་གི་ཤར་ཕྱོགས་ནས།།
དུས་སྐད་ཅིག་ཉིད་ལ་ཕྱོགས་བཞིར་ཁྱབ།།
བྲང་གློ་མཆིན་ཟ་བའི་གཉན་སྲིན་འདི།།
འཇིགས་ཡོ་རེ་གཤིན་རྗེའི་དམག་དཔུང་འདྲ།།
འགྲོ་རྐང་གཉིས་མི་ཡི་ཚོགས་སྡེ་ལ།།
སྙིང་ཡོམ་ཡོམ་འདར་བའི་ཞེད་སྣང་བསྐུལ།།
བདུད་ནག་པོ་གཤེད་ཀྱི་སྲིིན་པོ་འདི།།
མི་གསོན་པོའི་ཁོག་ལ་འཛུལ་ཉིན་ནས།།
སྲོག་དམར་བོའི་དབུགས་རྒྱུན་མ་ཆད་བར།།
ལུས་ཡ་ཁོག་ཧྲིལ་བོ་ཧྲུག་ཧྲུག་ཟ།།
སྤྱིར་མགོ་ནག་མི་ཡིས་གཟབ་གཟབ་བྱོས།།
ནང་དགོས་སུ་བོད་རིགས་སྤུན་ཟླ་ཚོ།།
སྒོ་ཕྱི་ལ་འགྲོ་དུས་ཁ་རས་རྒྱོབས།།
ཕྱིར་ནང་ལ་སླེབས་དུས་ལག་པ་ཁྲུས།།
ནད་ན་ཚ་ཟེར་བའི་འཆི་བདག་ལ།།
ཐོབ་གོ་ས་མཐོ་ཡང་ངོ་སོ་མེད།།
རྒྱུ་འབྱོར་བས་ཕྱུག་ཀྱང་བསླུ་ས་མེད།།
དམན་ཉམ་ཆུང་ཡིན་རུང་སྙིང་རྗེ་མེད།།
དེ་ཡིན་ཕྱིར་སྨན་པས་ཁ་ལ་ཉོན།།
ཚོང་ཁྲམ་ར་མྱུལ་རྒྱུ་ཉུང་ཉུང་བྱོས།།
སྒོ་སྒེའུ་ཁུང་ཡོད་ཚད་དམ་པོར་རྒྱོབས།།
ཚེ་རིང་དགོས་འདོད་ན་འདི་ལྟར་སྒྲུབས།།
སྲི་ངན་ནད་ངན་དར་སྟངས་ནི། །
་
མ་འོ་ཅ་འོའི་རོ་གོག་དང་། །
ཧུ་ཅིང་ཞི་གཅིན་ཟས་ངན་དང་། །
རྒྱ་ཧེན་མི་བཟའ་དགུ་ཟས་ཀྱིས། །
གོ་ལ་ཡོངས་ལ་ནད་སྲིན་སྤེལ། །
་
ད་ནས་མ་འོའི་རོ་རྙིང་དང་། །
ཅ་འོས་བྱས་ངན་ཕྱིར་ཕྱུང་ནས། །
ཞི་གཅིན་ནང་གཅིན་མ་ཤོར་གོང་། །
ཛམ་གླིང་ནད་མུག་བསྐྱབས་ན་ལེགས། །
་
ཀརྡོས་སྒྲོལ་མ་སྨན་བླ་དང་། །
ལོ་གྱོན་མ་ཡི་གཟུངས་བཏོན་ཡང་། །
རྒྱ་ཧེན་ཟས་ངན་མ་བཅད་ན། །
ནད་འབུ་གསར་པ་ད་དུང་འོངས། །
་
དེ་བས་མི་ཤ་མ་འབྱར་དང་། །
ཙི་ཙི་མ་འབྱར་མ་ཟ་ཤིག །
འབུ་སྲིན་གསོན་པོ་མ་ཟ་ཤིག །
ཙ་ཙི་སྐམ་པོ་མ་ཟ་ཤིག །
་
སྦྲུལ་དང་སྦལ་པ་ཀླུ་ཡི་རིགས། །
བཟའ་དང་གནོད་རེག་བྱས་རྐྱེན་གྱིས། །
མི་ལ་མི་ནད་གསར་པ་དང་། །
ཕྱུགས་ལ་བགོས་ནད་གསར་པ་འོངས། །
་
དེ་བས་ནད་ངན་མི་ཕོག་དང་། །
མི་ཕྱུགས་བགོས་ནད་མ་ཁྱབ་ཕྱིར། །
ཁ་ཁོབས་ལག་འཁྲུ་རེམས་པར་གྱིས། །
ཀརྡོ་ང་ཡི་ཁ་འཆེམས་ཉོན། །
་
མདོར་ན་ཟས་ངན་སྤྱོད་ངན་སྤོངས། །
ལྷག་པར་རྒྱ་རིགས་མི་ངན་ཚོས། །
མི་བཟའ་དགུ་ཟ་མ་ཟས་པར། །
འབྲས་འབྲུ་ངོ་ཚལ་མང་ཙམ་རོལད། །
་
ཧ་ཧ་ཀརྡོ་སྐད་ངན་ཤོར། །
ངན་གསུམ་བཟང་གསུམ།
་
མ་འོ་ཅ་འོ་ཞི་གཅིན་གསུམ། །
རྒྱ་ངན་རིགས་ཀྱི་དཔོན་ངན་གསུམ། །
་
ཏང་ངན་རྒྱ་ངན་དཔོན་ངན་གསུམ། །
ཛམ་གླིང་ཕུང་འདྲའི་བྱུར་ངན་གསུམ། །
་
ནང་ཆོས་མངས་གཙོ་ཞི་བདེ་གསུམ། །
གོ་ལའི་ཉི་ཟླ་སྐར་མ་གསུམ། །
་
དེས་ན་ཆོས་གཙོ་མང་གཙོ་ཞི་གཙོ་གྱིས། །
ནད་མེད་ཚེ་རིང་བདེ་སྐྱིད་འོངས། །
་
ལྕགས་བྱི་གནམ་ལོ་གསར་པ་ལ། །
མི་རིགས་ཡོངས་ལ་འཚམས་འདྲི་ཞུ། །
་
ཀརྡོས།
མི་བཟའ་དགུ་ཟ་མ་ཟས་པར། །
འབྲས་འབྲུ་ངོ་ཚལ་མང་ཙམ་རོལད། །
འདི།
མི་བཟའ་དགུ་ཟ་མ་ཟས་པར། །
འབྲས་འབྲུ་སྔོ་ཚལ་མང་ཙམ་རོལད། །
ལ་བཅོས།
་
འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བཀྲིས་ཤོག།
བྱམས་བརྩེ་བུ་བཞིན་སྐྱོང་སྐྱོང་བའི་བཀྲིས་ཤོག།
གདམ་ངག་བདུད་རྩི་སྙིང་སྙིང་པོ་བཀྲིས་ཤོག།
བོད་མི་ས་ཡ་དྲུག་་ལ་བཀྲིས་ཤོག།
ཆོལ་གསུམ་མཐུན་སྒྲིལ་ཡོང་བའི་བཀྲིས་ཤོག།
བདེ་སྐྱིད་འོད་སྣང་ཁྱབ་པའི་བཀྲིས་ཤོག།
འགྲོ་དྲུག་སེམས་ཅན་ཀུན་ལ་བཀྲིས་ཤོག།
ནད་མུག་འཁྲུག་རྩོད་མེད་པའི་བཀྲིས་ཤོག།