དོལ་སྨྱོན།
ས་འོག་མེ་འཁོར་ཤར་གྱིས་བསྐྱོད་དུས་བདག་ཉིད་བསམ་གཞིག་ཀློང་དུ་ཡན།།
མཐོང་སྣང་བྲལ་བའི་སྒེའུ་ཁུང་ཕྱི་ལ་རེ་བའི་མིག་ཟུང་ཤུགས་ཀྱིས་ཅེར།།
ཐོབ་པ་འདྲ་ལ་ཤོར་བའང་འདྲ་བའི་དུས་ཚིགས་དག་ནི་རིམ་གྱིས་འདས།།
འོན་ཀྱང་ང་རང་གཉིད་མ་སད་ཀྱིས་ད་དུང་ཅི་ཞིག་འཚོལ་བར་བྱེད།།
ལག་པའི་ནང་གི་དཔེ་དེབ་དེ་ཡིས་བདག་ལ་བརྩེ་བའི་འཛུམ་ཞལ་སྟོན།།
མངོན་ལྐོག་བྲལ་བའི་ཐ་སྙད་དེ་ཚོས་ནམ་ཡང་བདག་ལ་སྐུལ་མ་བྱེད།།
ཟུར་ནས་སྐྱོར་ཞིང་མདུན་ནས་འཐེན་མཁན་ནམ་ཡང་ཡིག་འབྲུ་འདི་དག་སྟེ།།
དེ་བས་ང་རང་དབྱངས་གསལ་གཉིས་ལ་དད་པའི་སྤུ་ལོང་སེམས་ནས་གཡོ།།
ཆུ་མོ་དག་ནི་དལ་གྱིས་བཞུར་སོང་ལོ་འདབ་དག་ཀྱང་ས་ལ་ལྷུང་།།
མེ་ཏོག་བཞད་སོང་ཆར་པ་བབས་སོང་ད་ནི་དྲག་རླུང་ལྡང་བར་བྱེད།།
དེ་རིང་ཡོད་ལ་སང་ཉིན་མེད་འདྲའི་ཉིན་ཞག་དག་ཀྱང་ཡུད་ཀྱིས་རྫོགས།།
ད་དུང་བདག་ནི་ཅི་ཞིག་འཚོལ་བཞིན་སྔར་ལྟར་བྲེལ་ཞིང་འདུར་བར་བྱེད།།
ནམ་ཞིག་བདག་ནི་འཆི་བར་འགྱུར་རོ་ཤུལ་དུ་ལྷག་པ་ཅི་ཞིག་ཡོད།།
གཅེས་པར་བསྐྱངས་པའི་ལུས་པོ་འདི་ཡང་ཐལ་བ་སྤར་མོ་གང་ཞིག་སྟེ།།
རླུང་ལ་བསྐུར་རམ་ཆུ་ལ་འདེབས་པ་བདག་ལ་མཚོན་ན་ལྐོག་འགྱུར་ཞིག།
དེ་བས་རྣམ་ཤེས་རྟ་རྔ་འདི་ལ་བདག་གིས་འོ་བརྒྱལ་བཟོ་མི་བྱ།།
རོལ་དབྱངས་དེ་ལ་སེམས་པ་གཏད་ཚེ་ཞལ་རས་གཞན་ཞིག་མིག་ལ་འཆར།།
བརྩེ་དང་འཛུམ་པའི་ཞལ་རས་དེ་ཡིས་ནམ་ཡང་ང་རང་བསྲུངས་ནས་ཡོད།།
ཁྱོད་རང་འཛུམ་གྱིས་བཞུགས་པར་མཛོད་ཅིག་ང་ལ་དགོས་པ་དེ་ག་རང་།།
ཁྱོད་རང་ཤར་གྱིས་མདུན་དུ་སྐྱོད་ཅིག་བདག་གི་སེམས་ཀྱིས་སྐྱོར་མ་བྱེད།།
འདུ་འབྲལ་ཞེས་པའི་ཐ་སྙད་དེ་ནི་རག་པ་བེམ་པོའི་མིང་བྱང་དེ།།
བརྩེ་དང་འཛུམ་པའི་འབྲེལ་ཐག་དེ་ལ་ཐུག་དང་གྱེས་པའི་རྣམ་བཞག་མེད།།
ཁྱོད་རང་གང་དུ་ཅི་ལྟར་བཞུགས་ཀྱང་བདག་ལ་ཁྱད་པར་སྤུ་ཙམ་མེད།།
གཟུགས་མེད་སེམས་ཀྱི་འབྲེལ་ཐག་དེ་ཉིད་དམ་པོར་བཅིངས་ན་དེ་གས་ཆོག།
ལྐོག་འགྱུར། ལྐོག་གྱུར། རྣམ་བཞག རྣམ་གཞག ཅི་ལྟར། ཇི་ལྟར། རག་པ། རགས་པ། སྔ་མ་སྔ་མ་ནོར་བ་དང་ཕྱི་མ་ཕྱི་མ་བཅོས་པའི་ཁུལ་ཡིན།
གཟའ་འཁོར་ནས་འགྲོ་གི་ཡོད་ཙང་། དེ་ལ་མགོ་དང་མཇུག་ཟེར་ཡག་ཡོད་མ་རེད། དེ་འདྲ་མ་ལབ་ན་ཡག་པོ་འདུག ཕྱིའི་ལུགས་སྲོལ་དེ། བོད་སྐད་དུ་ཞལ་འདེབས་མ་བརྒྱབ་ན་ཡག་པོ་རེད། རང་མི་རིགས་ལ་ཤ་ཚ་ན། སེམས་གཏམ་ཡིན། ནོར་བ་ཡོད་ན་དགོངས་དག་ལོ།
གཟའ་འགོ་གཟའ་འཇུག་ཁྱད་པར་དང་། །
གཟའ་མགོ་གཟའ་མཇུག་ཁྱད་པར་ཡོད། །
་
སྙན་ངག་སྙན་དངགས་ཁྱད་པར་ནི། །
ངག་ཙམ་སྙན་དང་རྒྱན་སྙན་དངགས། །
་
ཅི་ལྟར་ཇི་ལྟར་སྐབས་དེར་ལྟོས། །
ཇི་ལྟར་འདས་དང་ཅི་ལྟར་རྗེས། །
་
ལྐོག་གྱུར་ནམ་གཞག་དག་པར་ངེས། །
ཕྲ་རག་རག་དང་ཆུ་བོའི་རགས། །
་
བོད་ཡིག་བོད་སྐད་ཅིས་ཕྱིན་པར། །
ཤེས་པར་མི་ཚེ་གང་པོ་འགོར། །
་
འོད་ཀྱང་མཁས་པ་སྦྱོང་དུས་སྡུག །
བླུན་པོས་མཁས་ཕྱིར་སྡུག་གཟོན་མེད། །
སྙན་ཙམ་འདུག་ཐལ། སྒྲ་འབྱོར་བ་འམ། ཚིག་འབྱོར་བ་འམ། གང་ལྟར། ཁ་ནང་ལ་འབྱོར་མོ་འབྱོར་མོ་ཞིག་རེད་འདུག།