རྒྱང་མིག
རེ་གཟའ་ཟླ་བའི་ཉིན་མོར
ཁ་བ་བུ་ཡུག་གི་འཚུབ་རླུང་ཧ་ཅང་རྒོད་ཅིང་
ལུས་པོ་འཁྱག་གྲང་གིས་ཡོངས་སུ་གཙེས་པས
སེམས་པར་ཡང་ཤུགས་རྐྱེན་དྲག་པོ་ཞིག་ཐེབས
ཆེས་མོད་པའི་ཁ་བ་བསྟུད་མར་བབས་རྐྱེན
སྐད་ཅིག་མའི་ཡུན་དེར
ས་གཞི་ཧྲིལ་པོ་དཀར་པོར་བསྒྱུར
གསལ་ལ་མི་གསལ་བའི་རྐང་རྗེས་དག་གིས
འགྲོ་ལམ་འདི་ནས་རེད་ཅེས
ཕྱོགས་བསླད་ཀྱི་མགྲོན་པོར་ལམ་སྟོན་བྱེད་པ་དང་མཚུངས
༢༠༡༤ ། ༡ ། ༣