ཐེ་བོ་སངས་རྒྱས།
དེ་རིང་ནི་རེས་གཟའ་ལྷག་པ་དང་ད་ལོའི་༧སྐུའི་འཁྲུངས་སྐར་རྗེས་ཀྱི་ལྷག་དཀར་དང་པོ་དེའང་རེད། ཤེས་བྱེད་ནི་ངའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་གཟའ་ཧླག་པ་ཞེས་ཤར་འདུག ཁ་པར་མ་ཟད་བོད་ཡིག་བདམས་ཡོད་པའི་གློག་ཀླད་སོགས་ཀུ་ཤུ་རྟགས་ཅན་གྱི་ཐོན་དངོས་ཡོད་ཚད་ནང་འདི་ཤར་ཡོད་པ་ཐག་ཆོད།
དེས་ག་ལ་ཚད་གཟའ་པ་སངས་ལ་སངས་གཅིག་པུ་དང་། ཚེས་ལ་ཙེས། ཁ་སང་ལ་ཁས་ས། ཤད་འཇོག་སར་ཚེག་བཞག་པ་བཅས་བོད་ཡིག་གི་བརྡ་སྤྲོད་དང་གཏན་ནས་མི་མཐུན་པ་ཤ་སྟག་བྲིས་འདུག དེ་ཚོས་གོ་ལོག་བརྡ་ལོག་སྟོན་པའི་ཉེན་ཁ་མེད་ཀྱང་འདི་དག་ནི་ཁྱབ་རྒྱ་ཆེ་ཞིང་སྤྱོད་ཡུན་རིང་སྟབས། དེ་འདྲའི་ཡིག་ནོར་རྫབ་པོ་ཆེ་ལྟ་ཕར་ཞོག་ཐ་ན་ཚེག་ཤད་འཇོག་སྟངས་སོགས་ནོར་རུང་དུས་དེབ་རེའམ། ཚགས་པར་རེ། ཟ་ཁང་རེའི་སྒོ་བྱང་ངམ་ཟས་རིགས་ལེའུ་ལྟ་བུའི་ནང་ཡིག་ནོར་ཤོར་བ་དང་མི་འདྲ།
འདི་སུས་ལན་པ་རེད་ཅེ་ན་ཐོག་མར་ཀུ་ཤུ་རྟགས་ཅན་གྱི་མཉེན་ཆས་ལྟེ་བའི་ནང་བོད་ཡིག་བཏགས་མཁན་སུ་ཡིན་རུང་དེས་ལན་པ་རེད། འདི་བསྒྱུར་བཅོས་བྱ་བར་ཐབས་ལམ་གང་བརྒྱུད་དགོས་པ་ཤེས་མཁན་ཡོད་ན་ལམ་སྟོན་གནང་རོགས་ཞུ་བ་དང་ཆབས་ཅིག་ཏུ། ཁ་སང་དེ་རིང་ནི་ཀུན་གྱི་ཁ་ལ་བྱང་བའི་བརྡ་འཕྲིན་དུས་རབས་ཞེས་པ་དེ་ཡིན་པས་སླད་མར་འདི་འདྲ་བའི་རིགས་མི་ཡོང་ཐབས་སུ་ཚང་མས་འཕྱར་གྲུ་མཉམ་འདེགས་བྱ་དགོས།
ངོ་མས་རེད་་རྒྱབ་སྐྱོར་ཡོད།
ད་དུང་སྤྱི་ལོ་སྦྱི་ལོ་ཞེས་བྲིས་འདུག
ཚང་མས་འཕྱར་གྲུ་མཉམ་འདེགས་བྱ་དགོས། ་་་་་ཟེར།
དེ་འདྲ་ཡིན་ན། དེ་གལ་ཆེན་ནང་གི་དོན་ཆེན་རེད། སྐྱག་རྒྱུ་མེད་པའི་ལས་ཀ་བ་དེ་ཚོ་སུ་ཡིན་ན་ཨ། བླ་མ་དཀོན་མཆོག་མཁྱེན། བོད་ཡིག་གི་སྲོག་རྩ་གཅོད་མཁན་དེ་ཚོ་ལ་རང་སྟེང་ན་འགན་ཞིག་མེད་པ་ཅི་ལ་ཡིན་ན་ཨ།