༼བོད་ཀྱི་བང་ཆེན་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽
དེ་རིང་དྷ་སའི་མི་མང་ཧ་ཅང་མང་པོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་གདན་འདྲེན་ཞུ་རུ་བཅར་འདུག་ལ། མྱ་ངན་མཚོན་བྱེད་དུ་དུང་འབུད་པ་ཡིས་སྣེ་བསུས་ཏེ། མི་མང་གི་ངུ་ངག་ཁྲོད་ཕུང་པོ་མེར་བསྲེག་བཏང་སོང་།
དེ་ཡང་ཟླ་འདིའི་ཚེས་༣༠ ཉིན་ཞོགས་པ་སྔ་པོ་ནས་བོད་མི་མང་དང་བོད་དོན་རྒྱབ་སྐྱོར་བ་རྣམས། ལམ་ཁར་བང་བསྒྲིགས་སྟེ་བོད་དོན་ཆེད་རང་ལུས་མེར་བསྲེག་གཏོང་མཁན་འཇམ་དཔལ་ཡེ་ཤེས་ལགས་ཀྱི་ཕུང་པོ་ཕེབས་སུའི་གྲ་སྒྲིག་བྱས་འདུག་ལ། ལམ་བར་གྱི་ས་ཚིགས་ཁག་ཏུ་སྣེ་ལེན་བྱེད་དུ་འགྲོ་མཁན་ཡང་མང་པོ་བྱུང་འདུག སྔ་དྲོའི་ཆུ་ཚོད་༩ པ་ཙམ་ལ་ཕུང་པོ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་འདྲེན་ཞུས་པ་དང་། དེར་བོད་གཞུང་མང་གཉིས་ནས་མྱ་ངན་གུས་འདུད་ཀྱི་མཛད་སྒོ་འཚོགས་སོང་།
མཛད་སྒོའི་ཐོག་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སེར་སྐྱ་མི་མང་མཉམ་ཞུགས་བྱས་འདུག གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་དེ་རིང་གི་མཛད་སྒོ་འདི་གཟི་བརྗིད་དང་སྐྱོ་སྣང་ལྡན་པ་རེད་ཅེས་བོད་དོན་ཆེད་རང་ལུས་མེར་བསྲེག་གཏོང་མཁན་འཇམ་དཔལ་ཡེ་ཤེས་ལགས་ངོ་སྤྲོད་བྱས་པ་དང་། ཁོང་གིས་མུ་མཐུད་གསུང་དོན། “སོ་སོའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་བླ་ན་མེད་པའི་ཡིད་ཆེས་ལ་འགྱུར་བ་མེད་མཁན། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ག་དུས་ཡིན་ཡང་བློས་གཏོང་བྱེད་མཁན། གཞོན་ལྷན་གྱི་འབུར་དུ་ཐོན་པའི་ཚོགས་མི་ན་གཞོན་དཔའ་བོ་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་སྲོག་ཤོར་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བཟོད་ཐབས་མེད་པའི་བློ་ཕམ་བྱུང་”ཞེས་ཁོང་གི་ནང་མིར་ཐུགས་གསོ་གནང་ཡོད་པ་རེད།
ཁོང་གིས་མུ་མཐུད་“ཕྱོགས་གཅིག་ནས་ང་ཚོ་དགའ་འོས་པ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད། མི་མང་དུང་ཕྱུར་༡༠ ལྷག་ཡོད་པའི་རྒྱ་ནག་གི་ལག་ཏུ་བོད་མི་ས་ཡ་དྲུག་ལས་མེད་པ་དེ་ཤོར་ཡང་། བོད་མི་ས་ཡ་དྲུག་གི་སྙིང་སྟོབས་མ་ཞུམ་པར་འཐབ་རྩོད་བྱེད་མཁན་གྱི་དཔའ་བོ་མང་པོ་ཡོད་པས། ང་ཚོའི་སྟོབས་ཤུགས་ལ་དགའ་འོས་པ་ཞིག་ཀྱང་རེད་”ཅེས་བརྗོད་སོང་།
ཁོང་གིས་མུ་མཐུད་གསུང་དོན། “རྒྱ་ནག་གིས་རང་ལུས་མེར་བསྲེགས་ཏེརྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཚོར་༧གོང་ས་མཆོག་གིས་བརྒྱུད་སྐུལ་བྱས་པ་རེད་དང་། གཞོན་ལྷན་གྱིས་བརྒྱུད་སྐུལ་བྱས་པ་རེད་ཟེར་གྱི་ཡོད་ནའང་། དེར་ངོས་ལེན་རྩ་བ་ནས་མེད། བོད་ནང་གི་མི་མང་ཚོར་གཞོན་ལྷན་ལ་ཡིད་ཆེས་གཙང་མ་ཡོད་པས་བརྒྱུད་སྐུལ་དགོས་དོན་གང་ཡང་མེད་”རྒྱ་ནག་གིས་བོད་ལ་བཙན་གནོན་བྱས་པ་ལ་བསྟུན་ནས། རང་ལུས་མེར་བསྲེག་གིས་མཚོན་ངོ་རྒོལ་འདྲ་མིན་ཡོང་གི་ཡོད་པ་དང་། བོད་དོན་བདེན་མཐའ་མ་གསལ་བར་དུ་ངོ་རྒོལ་ལས་འགུལ་འབྱུང་རྒྱུ་ཡིན་སྐོར་གསུང་སོང་།
ཁ་སང་སྐུ་ཕུང་དྷ་སར་འབྱོར་རྒྱུ་བྱས་ཏེ། བཀའ་བློན་ཁྲི་པ་མཆོག་མྱ་ངན་གྱི་མཛད་སྒོར་ཕེབས་རྒྱུ་ཡིན་ཡང་། སྐུ་ཕུང་གདན་འདྲེན་གྱི་དུས་ཚོད་ལ་འགྱུར་བ་གཏོང་དགོས་བྱུང་བའི་རྐྱེན་གྱིས་བཀའ་བློན་ཁྲི་པ་མཆོག་དེ་རིང་སྔོན་གྱི་མཛད་རིམ་ལྟར་ཕེབས་དགོས་བྱུང་ཡང་། ལམ་བར་ནས་སྐུ་ཕུང་ལ་ཆེད་དུ་མྱ་ངན་མཚོན་ཆེད་དུ་ཁ་བཏགས་འཐེན་ཡོད་སྐོར་འགྲེལ་བརྗོད་བྱས་སོང་།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་སྔར་དང་མ་འདྲ་བའི་མི་མང་འདི་འདྲ་འཛོམས་ཐུབ་པ་དེ་ཡང་བོད་ཚོས་གཅིག་གིས་གཅིག་ལ་གདུང་སེམས་མཉམ་བསྐྱེད་མཚོན་གྱི་ཡོད་སྐོར་གསུངས་པ་དང་། ཁོང་གིས་གསུང་དོན། རྒྱ་ནག་གིས་ཡ་ལན་མ་བྱས་བར་དུ་བོད་ནང་གི་གནས་སྟངས་ཞི་འཇགས་ཡོང་རྒྱུ་ཁག་པོ་ཡིན་པས། ང་ཚོས་ལས་འགུལ་ག་རེ་སྤེལ་ཡང་རྒྱུན་བསྲང་ཐུབ་པ། མི་མང་མཉམ་ཞུགས་བྱེད་ཐུབ་པ། རྒྱལ་སྤྱིའི་ཐོག་ཁྱབ་ཐུབ་པའི་ལས་འགུལ་དེ་སྔོན་སྤེལ་བ་རེད་ལ། མ་འོངས་པར་ཡང་སྤེལ་དགོས་ཀྱི་འདུག གཞུང་གིས་ལས་ཀ་བྱེད་མི་ཐུབ་པ་ཁག་ཅིག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བྱེད་པ་དེ་འདྲ་ཡོད་པས། མང་གཙོའི་རྒྱལ་ཁབ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གལ་ཆེན་པོ་ཆགས་དགོས་དོན་དེ་རེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ལས་འགུལ་སྤེལ་སྐབས་གཞུང་ལ་བཀའ་ཁྲོལ་ཞུ་རྒྱུ་དང་། ཞེ་དྲག་བསྟུན་དགོས་པ་མ་རེད། འདི་ནང་བཞིན་གྱིས་ལས་འགུལ་སྤེལ་ན་མི་མང་གིས་རྒྱབ་སྐྱོར་ཡོད་ཡོད་པ་རེད་ཅེས་གསུངས་པ་དང་། ཁོང་གིས་རང་ལུས་མེར་བསྲེག་གི་ལས་འགུལ་སྤེལ་བ་དེ་འཚེ་བ་མ་ཡིན་པའི་སྐོར་སོགས་ངོ་སྤྲོད་བྱས་ཡོད་པ་རེད།
ཚོགས་གཙོ་སྤེན་པ་ཚེ་རང་གིས། “རྒྱལ་ཁབ་ཚང་མས་དཔོན་རིགས་ཕེབས་སྐབས་དགའ་བསུའི་སྣེ་ལེན་ཞུ་ཡི་ཡོད་ཀྱང་། ཧུའུ་ཅིན་ཐའོ་མེ་ལྕེ་ཡིས་ཕེབས་བསུ་དང་། དུ་བ་ཡིས་སྐྱེལ་མ་བྱེད་དགོས་བྱུང་སོང་”ཞེས་དང་། རྒྱལ་སྤྱིའི་ཐོག་ནས་བོད་ནང་དུ་རང་ལུས་མེར་བསྲེག་གཏོང་མི་ཟེར་དོན་ཅི་ཡིན་ཞེས་ང་ཚོར་འདྲི་མཁན་ཡོད་པ་རེད། ང་ཚོས་ཇི་ལྟར་ལབ་ཐུབ་ཀྱི་རེད། ཡིན་ཡང་རྒྱ་ནག་གཞུང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱེད་རྒྱུ་ཡིན། བོད་མི་མང་གི་མངོན་འདོད་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར་བ་དང་། ཡང་ན་རྒྱལ་སྤྱིའི་འགོ་ཁྲིད་ཚོས་བོད་ནང་རྟོག་ཞིབ་བྱེད་རྒྱུ་བྱུང་ན། བཙན་བྱོལ་ནང་ནས་ཀྱང་རང་ལུས་མེར་བསྲེག་གི་ངོ་རྒོལ་མ་སྤེལ་ཞེས་བཤད་བདེ་པོ་ཞིག་ཡོད་པ་རེད་ཅེས་བརྗོད་སོང་།
བཀའ་བློན་ཁྲི་ཚབ་ཆོས་དོན་བཀའ་བློན་པད་མ་ཆོས་འབྱོར་མཆོག་གིས་མྱ་ངན་གུས་འདུད་ཀྱིས་གསུང་བཤད་གནང་བ་དང་། བཀའ་ཁྲི་མཆོག་མཛད་སྒོའི་ཐོག་ཕེབས་མ་ཐུབ་པའི་རྒྱུ་མཚན་སྐོར་ངོ་སྤྲོད་གནང་ཡོད་པ་རེད། དེ་བཞིན་ཁོང་གིས་མུ་མཐུད་ང་ཚོས་བོད་དོན་ལས་འགུལ་རིགས་འདྲ་མིན་སྤེལ་དགོས་པ་དང་། དེ་ཡང་རྒྱལ་ཁབ་སོའི་ཁྲིམས་དང་མཐུན་པ་དང་། ཆེ་མཐོང་ལྡན་པའི་ལས་འགུལ་སྤེལ་དགོས་སྐོར། སྔར་ལྷག་ལས་འགུལ་གྱི་ངོ་བོ་ཡར་རྒྱས་གཏོང་དགོས་སྐོར་གསུངས་ཡོད་པ་རེད། བོད་ཕྱི་ནང་གཉིས་ཀྱི་རང་ལུས་མེར་བསྲེག་གི་དགོས་དམིགས་སྐོར་དང་། རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་རག་ཐབས་དགོས་སྐོར་སོགས་གསུངས་ཡོད་པ་རེད།
དེ་རྗེས་ཕུང་པོ་ལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཚོགས་པ་ཁག་གི་སྐུ་ཚབ་རྣམས་ཀྱི་ཁ་བཏགས་ཐེན་པ་དང་། ཕུང་པོ་དུར་ཁྲོད་དུ་ཁྱེར་ཏེ་མེར་བསྲེག་བཏང་ཡོད་པ་རེད། འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལྡི་ལི་མ་སླེབས་པའི་སྔར་ཉིན་དེར་རང་ལུས་མེར་བསྲེག་གིས་ངོ་རྒོལ་བྱས་པ་དང་། དེ་རིང་ཧུའུ་ཕེབས་པའི་སྐབས་དེར་ཁོང་གི་སྐུ་ཕུང་མེར་བསྲེག་བཏང་ཡོད་པ་རེད།།
དཱ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྡ་སའི་ལྷ་རྒྱལ་རིར་རྟའུ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་དབུ་གཅིག་བཞེངས་མདོག་ཁ་པོ་རེད་བསམ། གང་ཡིན་ཟེར་ན། བཙན་བྱོལ་ནང་བོད་མི་གཉིས་བསྲེགས་ནས་སྐུ་གྲོངས་པ་དང་། གཉིས་ཀ་གཞོན་ནུའི་ལས་འགུལ་བ་གཅིག་མཚུངས་ཡིན་པ་དང་། མེར་བསྲེགས་གནང་ཡུལ་ཡང་གཅིག་པ་ཡིན་པ་རེད།
དེ་འདྲ་ཞིག་ཨེ་རེད།
བཀའ་ཁྲི་མཆོག་གིས་འཇམ་དཔལ་ཡེ་ཤེས་ལགས་ཀྱི་སྐུ་ཕུང་ལ་མཇལ་དར་གཡོགས་ཆེད་ཉི་ཧོང་དུ་བསྐྱོད་རྒྱུ་དེ་ཡང་ཉིན་གཅིག་གི་དུས་ཚོད་འཕར་འགྱངས་གནང་ཡོད་ཀྱང་ཕུང་པོ་དུས་ཐོག་ཏུ་འབྱོར་མི་ཐུབ་པ་རེད། བཀའ་ཁྲི་མཆོག་ཉི་ཧོང་དུ་ལས་དོན་མང་དག་ཅིག་བང་སྒྲིག་ཡོད་སྟབས་བསྐྱོད་དགོས་ཐུག་ཡོད། དེར་བརྟེན་བཀའ་ཁྲི་མཆོག་གིས་ང་འདི་གར་བཀའ་ཤག་གི་ཚབ་ཞུས་ནས་བཅར་དགོས་སྐོར་གསུང་དོན་ལྟར་བཅར་བ་ཡིན། རྒྱལ་གཅེས་པ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ཁ་ཆེམས་དོན་ཚན་ལྔ་ལྡན་ཞིག་བཞག་ཡོད་པའི་ནང་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་བོད་ནང་རང་དབང་དགོས། བོད་མི་རྣམས་ནས་རང་མི་རིགས་ཀྱི་ལ་རྒྱ་བརྟན་བཟུང་བྱེད་དགོས་ཞེས་གསུངས་ཡོད་པ་དེ་ང་ཚོས་གལ་ཆེན་རྩིས་དགོས། ང་ཚོ་བོད་མི་རྣམས་ནས་ས་གནས་གང་ཞིག་ཏུ་ལས་འགུལ་སྤེལ་ཡང་བཀའ་ཤག་གིས་ལམ་སྟོན་གནང་བ་གཞིར་བཟུང་ཐོག་ལས་འགུལ་སྤེལ་རོགས་ཞུ་རྒྱུ་ཡིན། དེ་བཞིན་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་ཡོད། ཅེས་བཀའ་བློན་ཁྲི་ཚབ་པདྨ་ཆོས་འབྱོར་ལགས་ཀྱིས་གསུངས་འདུག
དེ་རིང་བཀའ་ཁྲི་མཆོག་དེར་བསྐྱར་མ་ཐུབ་པས་རྒྱུ་མཚན་གང་ཡིན་ནམ། ཁོང་གི་དེའི་སྐོར་འགྲེལ་བཤད་ག་འདྲ་ཞིག་གནང་རྩིས་ཡོད་དམ། ཤར་ཁུག་གིས་སྔར་ནས་བཤད་པའི་རྒྱུ་མཚན་དེ་དག་བདེནཔ་་ཡིན་ནམ།
ཆོས་རིག་བཀའ་བློན་གྱིས་བཀའ་ཁྲིའི་ངོ་ཚབ་གནང་དུས་བཀའ་ཁྲི་སྐུ་ངོ་མ་དེར་བསྐྱར་མི་ཐུབ་པས་རྒྱུ་མཚན་ཁ་གསལ་མ་གནང་མི་འདུག་པས་དེའི་དོན་གང་ནམ།
༢༠༡༢།ཆུ་འབྲུག
༣༣༽ ༢༠༡༢།༠༣།༣༠། གྲྭ་འཆི་མེད་དཔལ་ལྡན། ལོ།༢༡། འདས་གསོན་མ་ངེས། འབར་ཁམས་རྫོང་། རྔ་བ་ཁུལ། (སི་ཁྲོན)
༣༢༽ ༢༠༡༢།༠༣།༣༠། གྲྭ་བསྟན་པ་དར་རྒྱས། ལོ།༢༢། མ་ངེས། འབར་ཁམས་རྫོང་། རྔ་བ་ཁུལ། (སི་ཁྲོན)
༣༡༽ ༢༠༡༢།༠༣།༢༩། གྲྭ་བློ་བཟང་ཤེས་རབ། ལོ།༢༠། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༣༠༽ ༢༠༡༢།༠༣།༡༧། བསོད་ནམས་དར་རྒྱས། ལོ།༤༤། འདས། རེབ་གོང་རྫོང༌། རྨ་ལྷོ་ཁུལ། (མཚོ་སྔོན)
༢༩༽ ༢༠༡༢།༠༣།༡༦། གྲྭ་བློ་བཟང་ཚུལ་ཁྲིམས། ལོ།༢༠། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༢༨༽ ༢༠༡༢།༠༣།༡༤། གྲྭ་འཇམ་དབྱངས་དཔལ་ལྡན། ལོ།༣༤། མ་ངེས། རེབ་གོང༌རྫོང་། རྨ་ལྷོ་ཁུལ། (མཚོ་སྔོན)
༢༧༽ ༢༠༡༢།༠༣།༡༠། གྲྭ་དགེ་པེ། ལོ།༡༨། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༢༦༽ ༢༠༡༢།༠༣།༠༥། རྡོ་རྗེ། ལོ།༡༨། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༢༥༽ ༢༠༡༢།༠༣།༠༤། ཨ་མ་རིན་ཆེན། ལོ།༣༢། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༢༤༽ ༢༠༡༢།༠༣།༠༣། ཚེ་རིང་སྐྱིད། ལོ།༡༩། འདས། རྨ་ཆུ་རྫོང་། ཀན་ལྷོ་ཁུལ། (ཀན་སུ)
༢༣༽ ༢༠༡༢།༠༢།༢༠། སྣང་གྲོལ། ལོ།༡༨། འདས། རྔ་བ་རྫོང་(འཛམ་ཐང་) རྔ་བ་ཁུལ། (སི་ཁྲོན)
༢༢༽ ༢༠༡༢།༠༢།༡༧། གྲྭ་དམ་ཆོས་བཟང་པོ། ལོ།༣༨། འདས། ཐེམ་ཆེན་རྫོང་། མཚོ་ནུབ་ཁུལ། (མཚོ་སྔོན)
༢༡༽ ༢༠༡༢།༠༢།༡༣། གྲྭ་བློ་བཟང་རྒྱ་མཚོ། ལོ།༡༩། མ་ངེས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༢༠༽ ༢༠༡༢།༠༢།༡༡། ཨ་ནེ་བསྟན་འཛིན་ཆོས་སྒྲོན། ལོ།༡༨། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༡༩༽ ༢༠༡༢།༠༢།༠༨། བསོད་ནམས་རབ་ཡངས། ལོ།༣༧། མ་ངེས། ཁྲི་འདུ་རྫོང་། ཡུལ་ཤུལ་ཁུལ། (མཚོ་སྔོན)
༡༨༽༢༠༡༢།༠༢།༠༨། རིག་འཛིན་རྡོ་རྗེ། ལོ།༡༩། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༡༧༽ ༢༠༡༢།༠༡།༡༤། གྲྭ་ཟུར་བློ་བཟང་འཇམ་དབྱངས། ལོ།༢༡། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༡༦༽ ༢༠༡༢།༠༡།༠༨། སྤྲུལ་སྐུ་བསོད་པ། ལོ།༤༢། འདས། དར་ལག་རྫོང༌། མགོ་ལོག་ཁུལ། (མཚོ་སྔོན)
༡༥༽ ༢༠༡༢།༠༡།༠༦། གྲྭ་ཟུར་བསྟན་ཉི། ལོ།༢༠། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༡༤༽ ༢༠༡༢།༠༡།༠༦། གྲྭ་ཚུལ་ཁྲིམས། ལོ།༢༠། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༢༠༡༡།ལྕགས་ཡོས།
༡༣༽ ༢༠༡༡།༡༢།༠༡། གྲྭ་ཟུར་བསྟན་འཛིན་ཕུན་ཚོཌ། ལོ།༤༦། འདས། ཆབ་མདོ་རྫོང་། ཆབ་མདོ་ཁུལ། (བོད་རང་སྐྱོང་ལྗོངས)
༡༢༽ ༢༠༡༡།༡༡།༠༣། ཨ་ནེ་དཔལ་ལྡན་ཆོས་བཟང༌། ལོ།༣༥། འདས། རྟའུ་རྫོང་། དཀར་མཛེས་ཁུལ། (སི་ཁྲོན)
༡༡༽ ༢༠༡༡།༡༠།༢༥། གྲྭ་ཟླ་བ་ཚེ་རིང༌། ལོ།༣༨། མ་ངེས། དཀར་མཛེས་རྫོང་། དཀར་མཛེས་ཁུལ། (སི་ཁྲོན)
༡༠༽ ༢༠༡༡།༡༠།༡༧། ཨ་ནེ་བསྟན་འཛིན་དབང་མོ། ལོ།༢༠། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༩༽ ༢༠༡༡།༡༠།༡༥། གྲྭ་ཟུར་ནོར་བུ་དགྲ་འདུལ། ལོ།༡༩། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༨༽ ༢༠༡༡།༡༠།༠༧། གྲྭ་ཟུར་མཁའ་དབྱིངས། ལོ།༡༨། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༧༽ ༢༠༡༡།༡༠།༠༧། གྲྭ་ཟུར་ཆོས་འཕེལ། ལོ།༡༩། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༦༽ ༢༠༡༡།༡༠།༠༣། གྲྭ་སྐལ་བཟང་དབང་ཕྱུག ལོ།༡༨། མ་ངེས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༥༽ ༢༠༡༡།༠༩།༢༦། གྲྭ་བློ་བཟང་སྐལ་བཟང་། ལོ།༡༩། མ་ངེས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༤༽ ༢༠༡༡།༠༩།༢༦། གྲྭ་བློ་བཟང་དཀོན་མཆོག ལོ།༡༨། མ་ངེས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༣༽ ༢༠༡༡།༠༨།༡༥། གྲྭ་ཚེ་དབང་ནོར་བུ། ལོ།༢༩། འདས། རྟའུ་རྫོང་། དཀར་མཛེས་ཁུལ། (སི་ཁྲོན)
༢༽ ༢༠༡༡།༠༣།༡༦། གྲྭ་ཕུན་ཚོགས། ལོ།༢༡། འདས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
༢༠༠༩།ལྕགས་གླང་།
༡༽ ༢༠༠༩།༠༢།༢༧། གྲྭ་བཀྲ་བྷེ། ལོ།༢༠། མ་ངེས། རྔ་བ་རྫོང་། རྔ་བ་ཁུལ། (སི་ཁྲོན)
ཨ་ཙི། ཆོས་དོན་བཀའ་དོན་མཆོག་ཀྱང་དེ་རིང་འདི་གར་ཕེབས་ཐུབ་པ་འདི་ཡང་ང་ཚོའི་གཟི་བརྗིད་མིན་ན་ག་རེ་རེད། ཁོང་ཨ་རི་ལ་བཞུགས་པར་བཪྟེན་ཉེ་ཆར་གྲོས་ཚོགས་ལ་ཡང་བཅར་མ་ཐུབ་པ་རེད། ཡིན་ན་ཡང་དེ་རིང་བཀའ་ཁྲི་མཆོག་ཕེབས་ན་དགའ་བ་ལ།
ཡིན་ན་ཡང་དེ་རིང་བཀའ་ཁྲི་ལས་ཀྱང་ཆོས་དོན་བཀའ་བློན་གལ་ཆེན་རེད། གང་ཡིན་ཟེར་ན་ཆོས་བློན་གྱིས་ཆོས་དང་འབྲེལ་བའི་ཐུགས་སྨོན་སྐྱབས་འཇུག་གནང་རྒྱུ་གལ་ཆེན་རེད། ཡིན་ན་ཡང་ང་ཚོའི་ཆོས་བློན་གྱིས་ཆོས་མི་ཤེས་པར་བརྟེན། ད་ང་ཚོ་ག་རེ་བྱེད་ཀེ།
ཁྱོད་ཚོས་རྩམ་གཟན་མི་རིགས་འདིའི་དོན་དུ་ཡོད་ཚད་བློས་བཏང་སྟེ་དྲན་པ་ཙམ་གྱིས་བླ་འདར་བར་བྱེད་པའི་ལམ་ཁ་དེ་བདམས་པར་སྙིང་ཁོང་རུས་པའི་གཏིང་ནས་མྱ་ངན་གུས་འདུད་ཞུ།
ཉི་འོད་གྲོང་ཟེར་བ་ཁྱོད་སོ་སོ་མ་ཡོང་དེ་མི་བཤད་པར་གཞན་ལ་སྐྱོན་བརྗོད་བྱེད་པའི་ཐོབ་ཐང་མེད། གལ་ཏེ་ཁྱོད་ཡོང་བ་འམ་འདི་གསར་འགྱུར་ཞིབ་ཚགས་ཞིག་ཀློག་ཡོད་ན་ཁྱེད་ཀྱིས་འདི་མི་བཤད་ཁོ་ཐག་ཡིན
འཇིགས་བྲལ་བསྟན་འཛིན་ལགས་
སྡེ་དགེ་རྫོང་གི་ཁང་གླི་ཚང་རྫ་རྒྱུད་ཕྱོག་ནས་སྤྱི་ཟླ་གཉིས་པའི་ཚེས་ཉི་ཤུ་ནང་དུ་(ཏང་ཡན་ཚོགས་ཁང་)སོགས་ལ་མོས་མཐུན་མེད་པའི་ངོ་རྒོལ་གྱི་འབར་རྫས་ཀྱིས་(ཏང་ཡན་ཚོགས་ཁང་)གཅིག་གཏོར་ཡོད་པ་དང་གཅིག་མེ་བསྲེག་བཏང་བའི་གནས་ཚུལ་སོགས་་་་་་་་་་་་་་་་་ ས་གནས་དེའི་ཕྱོགས་ནས་ཡིན་པའི་སྐྱེས་པ་ཞིག་གི་རང་ལུས་མེ་བསྲེག་བཏང་བའི་གནས་ཚུལ་འདུག་ཀྱང་བདག་གིས་ཁ་པར་སོགས་འགྲེལ་ལམ་ཆད་པའི་གསལ་བོ་མ་གོ་བའི་ཁྱེད་རྣམ་པའི་གཟིགས་རོགས་
དྲ་འབུའི་ནང་རྒྱ་ཁྱི་རེ་ཟུང་སླེབས་ཡོད་པ་འདྲ་རྩོམ་སྒྲིག་པས་ཞིབ་བཤེར་གནང་རོགས་ཞུ།
མི་རིགས་ཀྱི་དཔའ་བོ་ཁོང་ལ་རྗེས་དྲན་དང་གུས་བཀུར་ཞུ་བ་དང་ལྷན་ཅིག་ཚིག་འགའ་ཤོད་འདོད་བྱུང་།
ད་རེས་བཀའ་ཁྲི་ལགས་ཕེབས་པ་མ་རུང་གཞན་ཆོས་རིག་བཀའ་བློན་མཆོག་དང་་་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གཙོས་གཞུང་དམངས་མི་ཉུང་བ་ཞིག་མྱ་ངན་ཞུ་ཆེད་ཕེབས་འདུག་ལ་ཕེབས་དགོས་པ་ཞིག་ཀྱང་རེད། ད་རེས་བཀའ་ཁྲི་མཆོག་ཕེབས་མ་ཐུབ་པར་རྣམ་པ་ཚོས་གང་བྱུང་ཁ་ལོག་གཏོང་མི་ཉན། ལས་བྲེལ་གྱི་དབང་གིས་ཡིན་ཚུལ་གསལ་བོར་བཀོད་འདུག་པར་བསམ་བློ་ཐོངས། མ་གཞི་འུ་ཚང་གིས་ཕྱོགས་ཀུན་ལ་འདང་རྒྱག་རྒྱུའི་གོམས་གཤིས་ཇེ་མཐོར་གཏོང་དགོས་པའི་དུས་ལ་སླེབས་ཡོད། དགའ་མ་དགའ་ཕྱོགས་འཐེན་གྱི་སྐད་ཆ་ཤོད་ཚོད་མ་རེད། ཚང་མས་མཐུན་སྒྲིལ་དམ་ཟབ་ཐོག་ནས་ལས་འགུལ་ཆེ་ཆུང་གང་སྤེལ་ཡང་རྒྱབ་སྐྱོར་གནང་རྒྱུའི་དུས་ཚོད་རེད། ཁ་དྲོ་བཀྲིས་ཤིས་་་ཕྱོགས་འཐེན་དང་ནང་དཀྲིག་གི་སྐད་ཆ་མ་ཤོད་རོགས་ཐུགས་རྗེ་ཆེ།
དཔའ་བོ་དངོས་གྲུབ་ལགས་དང་། དཔའ་བོ་འཇམ་དཔལ་ལགས་ཡབ་སྲས་གཉིས་ཀྱི་མཚན་སྙན་དང་དགོས་དོན་རྣམས་དུས་རྟག་ཏུ་རྒྱལ་འགྱུར་ཅིག །མྱ་ངན་གུས་དུད་དང་བཅས། བོད་རྒྱལ་ལོ། །བདེན་པ་ཉིད་རྒྱལ་འགྱུར་ཅིག །
པད་མ་ཆོས་འཇོར་ཕྱོགས་ཞེན་གྱི་གཏེ་བོ་༧གོང་ས་མཆོག་དང་བོད་གཞུང་ལ་རྒྱབ་ལོག་བྱ་མཁན་འདིར་ཡོང་ནས་གཏམ་བཤད་གནང་བ་ནི་དངོས་གནས་བོད་བསོད་ནམས་ཟད་པའི་རྟགས་རེད། བཀའ་ཁྲི་རང་བསྟོད་ཅན་གནད་འགག་འདི་འདྲར་མ་སླེབས་པ་དངོས་གནས་ཐབས་ཧ་ཅང་སྐྱོ་བོ་རེད། པད་མ་ཆོས་འཇོར་གྱིས་ལས་ཁུངས་ནང་བུད་མེད་མང་པོའི་ལག་པ་དང་འདོམ་ལ་ཕུར་ཕུར་བཏང་བ་སྐད་གྲགས་འདུག ད་དུང་ཆོལ་ཁའི་ཕྱོགས་རིས་ཀྱིས་འཚོས་བསྡད་པ་འཇིགས་བྲལ་བསྟན་འཛིན་ཟེར་བའི་གྲྭ་ལོག་ལག་པ་མི་གཙང་བ་འཇུ་ཆེན་གྱི་ཚོགས་འདུ་བསྡུས་ནས་ནང་ཁུལ་དཀྲུག་ཤིང་བཟོ་མཁན་དེས་ཀྱང་པད་ཆོས་ཀྱི་བཀའ་སློབ་དྲངས་ཁུལ་བྱེད་པ་དངོས་གནས་བསོད་སྡེ་དམན་པ་རང་རེད། མི་འདི་དག་ལ་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་རིག་གནས་ཟེར་བ་ཞིག་གང་ནས་དགོས། ཁོང་ཚོ་ཆོལ་ཁའི་ཕྱོགས་རིས་དཔུང་ཁག་སྒྲིལ་ནས་པེད་ཤག་ཐོབ་སོང་ན་འགྲིག་བསྡད་ཡོད་པས། རྟའུ་འཇམ་དཔལ་ཡེ་ཤེས་ལྟ་བུའི་ཁམས་པ་ལར་ཞེན་གཞུང་དྲང་ལྷག་བསམ་ཅན་རྣམས་དངོས་གནས་སྙིང་རྗེ།
ང་རང་ཚོར་སྐྱིད་པའི་ཉི་མ་ཤར་ཐུབ་ས་རེད་པས བཀའ་ཁྲི་དང་བཀའ་བློན་རྣམ་པ་ལ་ཡང་ཁ་རྐྱང་བཏང་། ཆོས་ལུགས་དང་ཆོལ་ཁའི་ཞེན་ཁོག་གིས་ནང་ཕན་ཚུར་དཀྲུག དངོས་གནས་བོད་བསོད་ནམས་དམན་པ་རང་རེད
བདུད་འདུལ་ཐོག་རྒོད་ཞེས་པ་འདི་ལ་ཚང་མས་དོག་གཟབ་གྱིས། ཁོ་བདུད་འདུལ་རྒྱུ་བཞག་ནས་ལྷ་འདུལ་མཁན་ཞིག་ཡིན་ཚོད་རེད།