(མ་ཡུམ་ས་རཱ་མཐོ་སློབ་ཏུ་ཕྱིར་ལོག་པ།)
གཡུ་དྲུག་དཀར།་རྡ་ས།
ཐུར་ཐུར་གྱི་ལམ་ཀྱག་གེ་ཀྱོག་གེ་བ་དེ། འགྲོ་བདེ་བ་ཞིག་ཡེ་ནས་མིན་ལ། དེ་རིང་ལྷག་པར་དུ་ཕྱི་རོལ་གྱི་ཆར་ཤོད་ཀྱིས་རླངས་འཁོར་གྱི་སྒེའུ་ཁུང་ཡང་འབྱེད་དུ་མི་འཇུག་པས། མགོ་ཡུ་འཁོརབཞིན། སྐྱུག་མེར་ལངས་བཞིན་ཕྱིར་ལོག་པའི་ལམ་ཐག་འདི་ཉོབ་སྣང་ཆེ་བ་ཞིག་ཅིས་ཀྱང་མོད། དེ་རིང་མ་ཡུམ་མཐོ་སློབ་ཀྱི་སྐྱེས་སྐར་ལ་ལོག་པ་ཡིན་པས། སེམས་ཀྱི་བར་སྣང་ཁམས་ཆེན་པོར་དྭངས་གཙང་གི་ཁ་དབུགས་ཤིག་འཐིབས་ཏེ་གདའ།
ཁྱིམ་མི་ལྷན་འཛོམས་ཀྱི་འགོ་མ་དགའ་ཀྲོག་ཀྲོག་དང་སྤྲོ་ལྷང་ལྷང་གིས་འཛོམས་ཤིང་གྲལ་ལ་འཁོད་མོད། ང་ཚོའི་གྲལ་འགོ་ན་མེད་པ་དེ་སུ་ཡིན་ནམ། སྐྱེས་སྐར་གྱི་ཤིས་ཚིག་དང་གཏམ་བཤད་ཀུན་པོས་མེད་པ་ཞིག་གླེང་གིན་པ་དེ་སུ་ཡིན་ནམ། འདི་ལྟར་སྐྱོ་ལྷང་ལྷང་དང་ངག་འདར་འདར་གྱིས་གླེང་དགོས་པའི་མི་དེ་ཡིད་ལ་འཇོག་དུས། ཞོགས་པ་མགོ་ཡུ་འཁོར་ནས་ཅི་ལའང་མ་བསམ་པའི་ལམ་དེ། ཁྱིམ་ཚང་འདིའི་ཕ་ཡབ་དམ་པའི་ཞབས་རྗེ་ལམ་མེ་བ་དེ་ཡིན་པ་གཞི་ནས་དྲན་སོས་ཀྱིན་འདུག་ལ། དེ་རིང་རང་ཉིད་རླབས་ཆེན་གྱི་སྐྱེས་བུ་ཞིག་གི་པང་དུ་ལོག་པའང་འདྲ་བྱུང་།
དེ་རིང་འདི་ལྟར་གཟུགས་མེད་ཀྱི་རླབས་རྒྱུན་ཞིག་གིས་བསྡམས་ནས་བཅུན་ནས་ཡོང་དུས། ར་སྐོར་འདིའི་ཕྱི་ནང་གསང་གསུམ་ན། མཛད་སྒོ་འདིའི་འགོ་བར་གཞུག་གསུམ་ན། ཁྱོད་ཉིད་མེད་པའང་ཡོད་པ་འདྲ་བྱུང་ལ། ང་ཚོས་དེ་རིང་དྲན་པ་དང་མཐོང་བ་མཐའ་དག་ཁྱོད་ཀྱི་ཡ་མེད་ཀྱི་ཞལ་ངོ་དེ་འབའ་ཞིག་དང་། དེ་རིང་ང་ཚོའི་ཤ་རུས་པའི་གསེང་དང་སེམས་བསམ་པའི་གཏིང་ན་འགྱུ་བཞིན་པའི་སྦྲིད་ཚོར་དེའང་། ཁྱོད་ཀྱི་གཟུགས་མེད་ཀྱི་རླབས་རྒྱུན་དེ་གཅིག་བུའོ།།
ཀྱེ་བདག་ཅག་གི་ཕ་ཡབ་དམ་པ་ལགས། འུ་ཚང་གི་སྐྱེས་སྐར་ལས་ཁྱོད་ཀྱི་ཤི་ཚིགས་དྲན་པའི་སྐྱོ་གར་གྱི་སྡུག་བསྔལ་སུ་ཡིས་ཀྱང་ཁྱོག་དཀའ་ཡང་། ༡ “ཉམ་ཅིས་ཀྱང་དམའ་བའི་བཙན་བྱོལ་སྐད་ཡིག་གི་ལྟེ་ཕུར་དང་། འཇུ་ཐག་སྲ་མཁྲེགས་ཅན་འདི་བསྐྲུན་མཁན་ཁྱེད་རང་ལས་མ་ཡོད་པ་ཀུན་པོའི་སེམས་ན་ཁྲིགས་སེ་ཡིན་ལ།” ང་ཚོས་དེ་རིང་རྒྱང་བསྒྲགས་ལས་སྐད་ཤུགས་ཆེན་པོས་ཕྱི་ནང་ཐམས་ཅད་ཀྱིས་གོ་ཐུབ་པ་བྱ་དགོས་པའི་སྐད་ཆ་ཉག་གཅིག་ཀྱང་། ཉམས་པ་མེད་པའི་ཁྱེད་ཀྱི་མཛད་པ་འཕྲིན་ལས་ཀྱི་ཤུལ་རིས་སུ་བབས་པའི་༢“རྒན་དམ་པ”ཞེས་པའི་མིང་རླབས་པོ་ཆེ་འདི་ལས་ཅི་ཡང་མེད་ཅིང་། ཧ་ཅང་ཉམས་མཐོ་བའི་དཔའ་གདེང་འདི་ཡིས་དེ་རིང་ང་ཚོའི་མགོ་བོ་ཡར་ཡར་ལ་འགྱོག་གིན་ཡོད།
འདི་ལྟར་ཁྱོད་ཀྱི་མཛད་འཕྲིན་ད་ལྟའང་དབྱར་མཚོ་བཞིན་རྒྱས་བའི་ཀློང་ན། ཁྱོད་ཀྱི་པང་དུ་ལོག་གིན་པའི་ང་ཚོ། ནམ་ཡང་རྗེས་སུ་འཛིན་པར་གྱུར་ཅིག་གུ།
༡ གྲོགས་པོ་སྙན་ངག་པ་རྟ་ནག་སྐལ་བཟང་ལུང་རིགས་ཀྱི་ཚིག་ཁ་བསྒྱུར་བྱས་པ།
༢ འདི་ནི་ཁོང་གི་རྗེས་འཇུག་སློབ་མ་རྣམ་པས་བཏགས་པའི་ཁོང་གི་མཚན་གྱི་རྣམ་གྲངས་ཤིག་ཡིན་པར་འདོད།
ང་རང་ས་རཱ་མཐོ་སློབ་ཀྱི་མཛད་སྒོར་མ་བཅར་སྔོན་ནས་ཁ་བརྡ་དྲ་རྒྱའི་མཆན་བུའི་ནང་དེ་ལྟར་བྲིས་པ་ཡིན་ལ། མཛད་སྒོར་བཅར་རྗེས་ལྷག་པར་དུ་འཛིན་སྐྱོང་དང་དགེ་ལས་ཚང་མར་དེ་ལྟར་རེ་སྐུལ་ཤུགས་ཆེ་ཞུ་འདོད་བྱུང།
༅། །ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་མཆོག་ལ།
ཆེད་ཞུ། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། རྒན་ཞིང་གཤེགས་དམ་པ་བློ་བཟང་རྒྱ་མཚོས་གཙོས་འདས་གསོན་མང་པོ་ཞིག་གིས་དཀའ་སྤྱད་འབད་བརྩོན་མང་པོ་བྱས་པའི་འབྲས་བུར་ད་ལྟའི་ས་རཱ་མཐོ་སློབ་ཀྱི་རྣམ་པ་འདི་མངོན་ཐུབ་པ་བྱུང་ཡོད་ཀྱང། ཁྱེད་ཀྱིས་མཛད་སྒོའི་སྟེང་བཀའ་སློབ་གནང་བ་ལྟར་མི་ལོ་ ༡༣ རྗེས་ལ་ས་རཱ་མཐོ་སློབ་དེ་ཉིད་ས་བརྟན་ཆགས་པ་དང་ད་ནས་ཉམས་རྒུད་ལ་མི་འགྲོ་བའི་འབད་བརྩོན་བྱ་རྒྱུ་ཡིན་ཚཱུལ་གསུངས་པ་དེ་ནི་ངའི་བློར་བབ་དཀའ་བ་བྱུང། ངའི་བལྟ་ཚུལ་ལ་ད་དུང་ཡང་ས་རཱ་མཐོ་སློབ་དེ་ཉིད་ཡར་རྒྱས་ཀྱི་ལམ་བུར་གཞི་ནས་བསྐྱོད་བཞིན་པའམ། ཡར་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་ལུས་པ་ཞིག་ལས་ས་བརྟན་གྱི་རྣམ་པ་ལ་ཞིག་ལ་མི་མངོན། དེ་ཡང་རྒྱུ་མཚན་འགའ་ཤས་ཞུས་ན་གཤམ་གསལ།
དང་པོ། ས་རཱའི་ནང་ངོས་ནས་བལྟས་ན་ཕལ་ཆེར་ས་རཱ་དེ་ཉིད་ཆེན་པོ་ཞིག་དང་ཡར་རྒྱས་ཀྱི་རྣམ་པ་ཞིག་མངོན་སྲིད་ཀྱང། ཕྱི་ཕྱོགས་མཐོ་སློབ་གཞན་དང་བསྡུར་ཚེ་ཧ་ཅང་ཧ་ཅང་གི་ཆུང་ཆུང་ཞིག་མ་ཡིན་ནམ། ཡར་རྒྱས་ལ་མཐའ་མེད་པ་བཞིན་ཆོག ཤེས་ནམ་ཡང་བྱེད་རྒྱུ་མེད་པ་རང་ཅག་གི་མགོན་པོ་མཆོག་གིས་བཀའ་སློབ་ཡང་ནས་ཡང་དུ་བསྩལ་བ་ལྟར་། མུ་མཐུད་ཡར་རྒྱས་གཏོང་དགོས་པའི་གནས་མང་པོ་ཞིག་མཐོང།
གཉིས་པ། མཐོ་སློབ་ཞིག་ཐོག་མ་ཉིད་ནས་རྒྱ་གར་དབུས་ཤེས་ཡོན་ལྷན་ཚོགས་ནས་ངོ་བཞེས་གནང་བ་ཧ་ལམ་ཡོད་རྒྱུ་མ་རེད། ཝརཎ་མཐོ་སློབ་དེ་ཡང་ཉེ་འཆར་ལོ་ཤས་སྔོན་ལ་མ་གཏོགས་མཐོ་སློབ་ཀྱི་མིང་ཟུར་དུ་ཐོབ་མེད་པར་མཐོ་སློབ་གཞན་གྱི་འོག་ཏུ་བསྡད་པ་རེད། དེ་བས་ང་ཚོས་ཐོག་མར་ཝརཎ་མཐོ་སློབ་བམ། ཡང་ན་བེང་ལོར་ཏཱ་ལའི་བླ་མའི་མཐོ་སློབ། ཡང་ན་ignou སོགས་ཀྱི་འོག་ལ་འཛུལ་བཞུགས་བྱས་ནས། སློབ་ཚན་ཡང་ད་ལྟའི་སློབ་ཚན་གཅིག་པུ་མ་ཡིན་པར། བོད་ཡིག་གི་ལོ་རྒྱུས་ཀྱི་རིགས་གཅིག་རྐང་འཛིན་པ། བོད་ཀྱི་སྐད་ཡིག་ཐོག་རིགས་གཅིག་རྐང་འཛིན་པ། བོད་ཀྱི་ནང་ཆོས་ཐོག་རིགས་གཅིག་རྐང་འཛིན་པ། དེ་བཞིན་སྐད་ཡིག་གཞན་པའི་རང་མོས་ལྟར་སློབ་ཚན་སྦྱོང་རྒྱུའི་གོ་སྐབས་སྤྲོད་རྒྱུ།
གསུམ་པ། མཐོ་སློབ་ཀྱི་ཕྱིའི་རྣམ་པ་རྒྱ་བསྐྱེད་གཏོང་དགོས། དེ་ཡང་སློབ་ཕྲུག་མང་དུ་བསྡུ་བར་ཉལ་ཁང་དང་འཛིན་ཁང་མང་པོ་དགོས་པ་བཞིན། རྩེད་ཐང་དང་སྨན་ཁང་རྒྱ་སོགས་་རྒྱ་བསྐྱེད་ངེས་པར་གཏོང་དགོས། དེ་དག་རྒྱ་བསྐྱེད་གཏོང་ངེས་པར་དུ་དཔལ་འབྱོར་གནས་སྟངས་ཡག་པོ་ཡོད་དགོས་པས། བོད་ཁྱིམ་སོགས་དང་འབྲེལ་བ་བཟོས་ན་ལེགས་པར་སྙམ།
དུས་ཚོད་ཀྱིས་རྐྱེན་པས་དེ་ཙམ་ཡིན་པས་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་མཆོག་གིས་ངེས་པར་དུ་ཐུགས་གཤིབ་ཡོང་བའི་རེ་བ་ཆེན་པོ་ཡོད། ཐུགས་རྗེ་ཆེ།
ཁྱེད་དང་རྟ་ནག་པ་ལྟ་བུའི་མི་བུ་རྒལ་ཚིགས་ཅན་གང་མང་ཞིག་འདི་ན་འཛོམས་ཤིང་འདི་ནས་གྱེས་སོང་བའི་དབང་གིས་ས་རཱ་ཞེས་པའི་མིང་འདི་ལ་གསོན་ཤུགས་རྒྱས་མྱོང་ལ། ཁྱེད་དང་ཆུང་ཚེ་རིང་ལྟ་བུའི་ཡོན་ཏན་པ་གང་མང་ཞིག་འདི་ནས་གྱེས་པ་ནས་མ་ཡུམ་ས་རཱ་སློབ་གྲྭ་འདིའི་མགོ་བོ་གནམ་ལ་བཏེགས་མྱོང་བའི་དབང་གིས་ཁྱེད་ཚོ་འདི་ན་འཛོམས་ནས་འོང་དུས་སློབ་གྲྭ་འདི་ལ་དྲོད་ཁོལ་ཞིག་དང་། གཟི་བརྗིད་ཅིག་ཅི་འདྲའི་ཆེ་ཨང་།
ས་རཱ་ཧའི་པུ་གུ་འདི་ཚོས་སྡེ་སྤྱི་ཚོགས་ལ་མི་ལྟ་བར་སྣང་དག་ནས་མི་ཉན་ཀ། དགོད་སྤྱད་ཟེར་ན་འདི་འདྲ་རེད། ང་ཁོམ་པ་རེ་ཡོད་དུས། ངས་ཁྱེད་ཚོར་ས་རཱ་ངོ་སྤྲོད་ཅིག་བྱེད་ངེས་ཡིན།
མགོ་རྡོ། ངས་ཉན་ན་འདོད་ཀི། ཁྱོད་ཀྱི་སྦ་བ་དེའི་ནང་གཞན་གྱིས་མི་ཤེས་པའི་གནས་ལུགས་ཅི་ཞིག་བསྐུངས་ཡོད།
མགོ་རྡོ། ངས་ཉན་ན་འདོད་ཀི། ཁྱོད་ཀྱི་སྦ་བ་དེའི་ནང་གཞན་གྱིས་མི་ཤེས་པའི་གནས་ལུགས་ཅི་ཞིག་བསྐུངས་ཡོད།
ས་རྭ་མཐོས་སློབ་ཀྱི་ཞབས་རྗེས་དཀར་པོ་འདིས་མི་རིགས་ལ་འོད་སྣང་དང་གསོན་ཤུགས་སྦྱིན་ཡོད་པ་སུས་ཀྱང་བསྙོན་མི་ནུས་་་་་་་་་་་་་་་་་་་་འོན་ཀྱང་སློབ་དཔོན་གྱི་མིང་ཁུར་མཁན་ཞིག་གིས་སློབ་ཕུག་བུ་མོ་ལ་ལོག་གཡེམ་དང་ཁྲིམས་འགལ་བྱས་པ་དེ་འདྲ་མང་པོ་བྱུང་ན་མཐོ་སློབ་འདིའི་སྙན་གྲགས་ཐུར་དུ་ཁྲིད་སྲིད།