སྤྱི་ལོ་ ༢༠༡༡ ལོ་ནི་བཙན་བྱོལ་ནང་བོད་རྒྱ་ཆེའི་མི་དམངས་ཀྱི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་ཡིན་ལ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་རང་འཁྲིའི་ལས་འགན་ཁུར་ཁྱེར་གྱིས་བཀའ་སྤྱི་གཉིས་ཀྱི་འོས་གཞིའི་ས་བོན་སྔོན་ཚུད་ནས་བཏོན་ཡོད། ལྷག་དོན་བཀའ་ཁྲིའི་འོས་གཞི་འདི་གལ་འགངས་ཤིན་ཏུ་ཆེ་བར་ངོས་འཛིན་གྱིན་ཡོད། ྋགོང་ས་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་ང་ཚོར་ཤེས་འཇོན་གཉིས་ལྡན་གྱི་ན་གཞོན་གང་ལ་གང་འཚམས་ཡོད་པ་ནི་གཟི་བརྗིད་དང་སྤོབས་པ་ཡིན།
ལྷག་དོན་ཐེངས་འདིའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་གཞི་ཁག་གཉིས་ཀར། ཚོགས་པའི་འགན་ཁུར་གྱིས་ཐོག་ནས་ཕེབས་དགོས་གཤིས། བཀའ་ཁྲིའི་འོས་གཞི་གཉིས་ཀྱི་མཚན་གནས་རྗེས་འབྲེལ་གྱི་གནས་ཚུལ་ཐོག་ང་ཚོས་གང་ནུས་ཅི་འཇོན་གྱིས་གནས་ཚུལ་འཁོ་སྒྲུབ་བྱེད་ཀྱི་ཡོད། སྐབས་འདིར་དྲ་ཚིགས་ཁག་ཅིག་ནང་ང་ཚོར་དགོས་ངེས་ཅན་གྱི་ལྷག་བསམ་དང་ཤེས་འཇོན་མྱོང་གསུམ་ཡོད་པ། ཕུལ་བྱུང་གི་གཞོན་སྐྱེས་བཀའ་ཁྲིའི་འོས་གཞི། མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་སྐོར་དངོས་མིང་ཡིན་མིན་མི་ཤེས་པའི་མི་རེ་ཟུང་གིས། ཁོང་གི་ཧ་ཝར་ཊི་ནང་གི་ལས་གནས་དང་ཤེས་རིག་གི་སློབ་ཡོན་བཅས་ཀྱི་ཐོག་དོགས་འདྲོགས་གནང་གི་ཡོད། སྤྱིར་ན་མི་སུ་ཞིག་ཀྱང་དཀར་ནག་གཉིས་སུ་འབྱེད་པ་ནི་མི་འགྲིགས་ཀྱང༌། གནས་ཚུལ་འདིའི་ཐད་ང་ཚོས་གནས་ཡུལ་དངོས་ནས་འདྲི་རྩད་ཞིབ་ཚགས་བྱས་པ་བརྒྱུད།
ཁོང་ནི་ཨ་རིའི་ཧ་ཝ་ཌེ་གཙུག་ལག་སློབ་གཉེར་ཁང་དུ་ཁྲིམས་ལུགས་སྡེ་ཚན་ནང་ནས་སྤྱི་ལོ་༢༠༠༤ ལོར་ཆེས་མཐོའི་རབས་འབྱམས་པའི་གོ་མིང་བཞེས་ཐོག །ཧ་ཝ་ཌི་སློབ་གྲྭའི་བཀོད་ཁྱབ་འོག་ཧ་ཝ་ཌི་རང་དུ་གླ་ཡོད་ཞིབ་འཇུག་གི་ལས་གནས་དང་ཞར་དུ་ཧ་ཝ་ཌི་ནང་ཨེ་ཤ་ཡ་སྡེ་ཚན་སོགས་སུ་བཀའ་སློབ་དང་གསུང་བཤད་གནང་གི་་འདུག །དེ་མིན་ཁོང་གི་ས་གནས་ས་ཐོག་ཏུ་རྒྱ་བོད་འབྲེལ་ལམ་སོགས་གལ་ཆེའི་འགྲུབ་འབྲས་དེས་རང་གཞུང་ཆེས་མཐོའི་སློབ་ཡོན་ཚོགས་ཆུང་ནས་སྤྱི་ལོ་༢༠༠༥ ལོར་སྔགས་བརྗོད་དང་བཀོད་མངགས་བཅས་དམིགས་བསལ་ཆོག་མཆན་གནང་ཡོད་པ་མ་ཟད། ཕུལ་བེ་རེཊི་Fullbrightནས་ཀྱང་ཁོང་གི་ཁྱད་ཡོན་ལ་བརྟེན་དམིགས་བསལ་གྱིས་ཆོག་མཆན་སྩལ་འདུག །འབྲེལ་ཡོད་དཔང་འཕེར་ཡིག་ཆ་ཚད་ལྡན་རྣམས་ཐོབ་སོང༌། དེས་ན་གོང་གསལ་གྱི་གནས་ཚུལ་ཐོག་ངན་འདོགས་བྱེད་པ་ནི། གཟུགས་མེད་གྲིབ་བཟོ་དང་ཉེས་མེད་ཉེས་འདོགས་བྱས་པ་རང་ཡིན་དུས་རྒྱ་ཆེའི་མང་ཚོགས་དང་ཤེས་ལྡན་པའི་སྡེ་ཚོགས་ནས་ཡིད་གཟབ་མཛོད། གང་ལྟར་ང་ཚོར་དགོས་པ་ནི། ལྷག་བསམ་ཟོལ་མེད་དང་ཤེས་འཇོན་གཉིས་ལྡན། གསར་གཏོད་དང་མདུན་བསྐྱོད་ཀྱི་སྤོབས་པ་མཐོ་ཞིང༌། བློ་རྩེ་གཏན་ལ་བློ་རིག་གི་ནུས་རྩལ་ཡོད་པ་ཞིག་དགོས།།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནས།
སྤྱི་ལོ་༢༠༡༠ ཟླ་བ་༨ ཚེས་༦ ཉིན།
གནས་ཚུལ་ཡག་པོ་འདུག མང་གཙོ་ཚོགས་པ་རཐུགས་རྗེ་་ཆེ། ང་ཚོ་ཚང་མས་བློ་བཟང་སེང་གེ་ལགས་སུ་རྒྱབ་སྐྱོར་གནང་དགོས།
གནས་ཚུལ་ཡག་པོ་འདུག གནང་སྟངས་ལ་རྒྱབ་སྐྱོར་མེད། རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མཚན་ཐོག་ནས་འདི་ལྟར་གནང་བ་དེ་ཡག་པོ་མ་རེད། དམིགས་བསལ་གྱིས་མཇུག་གི་ཚིག་འབྲུ་དེ་ཚོ་ཁྱོན་ནས་ཡག་པོ་མ་རེད། མཇུག་གི་ཚིག་འབྲུ་དེ་ཚོས། “ང་ཚོ་དམངས་གཙོ་ཚོགས་པ་ཡིན། ཡིན་ན་ཡང་། ང་ཚོ་དམངས་གཙོ་ལ་དགའ་བོ་མེད།”ཅེས་ལབ་ཡོང་གི་འདུག
ཡིག་ཆ་དེ་ཚོ་ཐོབ་ཡོད་ན། ད་བཀྲམས་རོགས། དེས་བློ་བཟང་སེང་གེ་ལགས་ངོ་སྤྲོད་ཇེ་ལེགས་སུ་གཏོང་གི་རེད་ལ། ཁོང་ལ་རྒྱབ་སྐྱོར་བ་ཡང་མང་དུ་གཏོང་གི་རེད།
ཨོ་གཅིག་ཆད་ཤག
ཐུགས་རྗེས་གཟིགས། བོད་མི་འགའ་ཤས་ལྷ་དང་འགའ་ཤས་འདྲེ་མ་བཟོ་རོགས། ཚང་མ་མི་ཡིན་པ་བྱས། མིའི་ནང་ནས་བསམ་ཚུལ་མཐུན་པ་དང་མི་མཐུན་པ་ཡོང་དུས་ཚང་མ་ཕྱི་ལོགས་ལ་ཐོན་ཐུབ་པ་ཞིག་བྱས། དེ་འདྲ་བྱས་ན་དམངས་གཙོ་ཟེར་བ་དེ་མ་རེད་དམ།
ད་རེས་དམང་གཙོ་ཚོགས་པས་ཞིབ་འཇུག་ཡག་མོ་བྱས་འདུག རྗེས་སུ་ཡི་རངས་ཡོད།
འོན་ཀྱང་ཁྱོད་ཚང་གིས་བློ་བཟང་སེངྒེ་ལ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ནམ་བཞིན། བསྟན་འཛིན་རྣམ་རྒྱལ་ལག་པ་གཙང་མ་མེད་པའི་གནས་སྟངས་ཤིག་མང་ཚོགས་དང་ཟིན་བྲིས་ནང་དུ་འཁོད་བཞིན་པ་དེ་ཚོ། གཟུགས་མེད་གྲིབ་བཟོ་ཞིག་རེད་དང་གཟུགས་ལྡན་གྲིབ་ཅན་གཅིག་རེད་ངེས་པར་ཞིབ་འཇུག་ཤིག་བྱ་རོགས།
མ་འོངས་པར་བཀའ་ཁྲི་གདམས་སྟངས་ལ་ཁྱད་པ་ཆེན་པོ་ཡོད་ཤག་རེད། དམང་གཙོ་ཚོགས་པའི་ལས་འགུལ་སྤེལ་སྟངས་དངོས་གནས་དགའ་པོ་བྱུང་། ཕ་རོལ་པོ་གང་ཟག་དེ་ལ་བསྟོད་པའི་ཆ་ནས་ཧོར་རྒྱུག་མིན་པར། སྨད་པའི་ཆ་ནས་ལོང་འདྲོགས་མི་བྱེད་པར། རྒྱང་འཕེན་པ་ཡི་ལྟ་བ་དེ་འཁྱེར་ནས་དངོས་ཡོད་གནས་ཚུལ་རིག་པ་བདེན་པའི་དཔང་དུ་བྱེད་ནས་མི་དམངས་གསལ་སྒྲགས་གནང་བ་ནི། ཆེས་བཀུར་དུ་འོས་རླབས་ཆེན་གྱི་དགོངས་བཞེས་ཤིག་རེད། མུ་མཐུད་ནས་རྒྱལ་རི་སྒྲོལ་མ་དང་བསྟན་འཛིན་རྣམ་རྒྱལ་གཉིས་ལ་ཡང་ལེགས་ཉེས་ཀྱིས་བསྐྲུན་པའི་ལོ་རྒྱུས་མེ་ལོང་དེ་མི་དམངས་ལ་ཚར་གཅིག་བསྟན་རོགས་བྱོས།
དགོངས་པ་མ་འཚོམ་གོང་གི་ངས་བྲིས་པའི་མཆན་ནང་ལ་འབྲེལ་སྒྲ་ཆད་ལྡན་པ་མང་པོ་བྱུང་ཚར་འདུག
རྗེས་མར་ཟབ་ཟབ་བྱ་རྒྱུ་ཡིན།
དགེ་རབ་ཞུ་བ་འདི་ལ་དྲི་བ་ཞིག་དྲིས་དགོས་ཁེལ་སོང་། ཁྱེད་ཀྱིས་གནང་སྟངས་ལ་རྒྱབ་སྐྱོར་མེད། རྒྱལ་ཡོངས་དམངས་གཙོ་ཚོགས་པའི་མཚན་ཐོག་ནས་འདི་ལྟར་གནང་བ་དེ་ཡག་པོ་མ་རེད། ཅེས་གསུངས་འདུག་པས་རྒྱུ་མཚན་གང་གིས་ཡག་པོ་མ་ཆགས་པ་ཡིན་ན། བདེན་པ་རལ་སྤྲོད་བྱེད་རྒྱུ་དང་གནས་ཚུལ་གསལ་འདོན་བྱེད་རྒྱུའི་དབང་ཚད་ཀྱི་འགན་དབང་དམངས་གཙོ་ཚོགས་པ་ལ་མེད་པ་ཡིན་ནམ། ད་དུང་ཁོང་ཚོས་དམངས་གཙོ་ལ་དགའ་བོ་མེད་ཅེས་གང་ན་བཤད་འདུག ཁྱེད་ཉིད་ཤེས་ཡོན་པ་ཞིག་ཡིན་སྐད་ཐོས་པས་ཡིད་གཟབ་གལ།
སྤྱིར་སྤྱི་ཚོགས་འདི་ཆེན་པོ་རེད། སྐད་ཆ་བཤད་བཤད་ཚང་མ་བདེན་པ་ཡིན་པས་ངེས་པ་མེད་རུང་། འདི་སྤྱི་ཚོགས་ནང་གི་སྐད་ཆའི་ཆོས་ཉིད་ཅིག་རེད། འདི་ལ་ཚོགས་པ་ཅིག་གི་དག་འབུད་བྱེད་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་རེད།
གསལ་བོ་བརྗོད་ན་བློ་བཟང་སེང་གེར་སྐྱོན་བརྗོད་བྱས་པ་དེ་རྒྱལ་ཡོངས་མང་གཙོ་ཚོགས་པས་ཅིའི་ཕྱིར་གསལ་བཤད་བྱེད་དགོས་སོང་ནི་རེད། འདི་ལ་གནད་འགག་ཅིག་ཡོད་རྒྱུ་རེད། དེ་མིན་འདི་མང་གཙོ་ཚོགས་པའི་ལས་ཀ་རེད་མི་འདོད་ཀི།
གལ་ཏེ་མང་གཙོ་ཚོགས་པའི་ལས་ཀ་འདི་འདྲ་རེད་བྱེད་ཀྱི་ཡོད་ནི་ཡིན་ན། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་མིང་ཆེན་པོ་འཁུར་མཁན་འདི་དོན་ལ་སྟག་ལྦགས་གྱོན་པའི་ཝ་མོ་ཞིག་རེད། རབ་གསལ་ལགས་ཀྱིས་ཉམས་མྱོང་གིས་གོང་དུ་བཤད་པ་དེ་ཤིན་ཏུ་ནས་གནས་ལུགས་ཆེ།
ད་རུང་ཅིག་བཤད་རྒྱུ་བརྗེད་འདུག། འདི་གཟུགས་མེད་གྲིབ་བཟོ་ཡིན་སྲིད་ཀྱང་། ཞོར་དུ་མང་གཙོ་ཚོགས་པས་ཀྱང་གྲིབ་མ་མེད་པའི་གཟུགས་ཤིག་བཟོ་བཞིན་ཡོད་ཀི་ཡ་་་་་་་་་་་་་་་
ཧཧཧཧཧཧཧཧཧཧཧཧཧཧཧཧ
ངོ་མ་མཚར་བོ་རེད་་་་་་་་་་་་་་་
མང་གཙོ་ཚོགས་པས་དེ་ལྟར་གནང་བར་རྒྱབ་སྐྱོར་མེད་ལ་དགག་པ་ཡང་མེད། དོགས་པ་ཞིག་བྱུང་བ་ནི་བློ་བཟང་སེང་གེར་ཞིབ་འཇུག་དག་ཐེར་བྱས་པ་ལས་བཀའ་ཁྲིའི་འོས་མི་གཞན་སུ་ལ་ཡང་ལེགས་ཉེས་ཞིབ་འཇུག་མི་བྱེད་པའི་གནད་དོན་གང་ཡིན་ནམ། ནང་གཙོ་ཚོགས་པར་རྒྱུ་མཚན་ཡོད་ན་ལན་ཞིག་གནང་རོགས།
མང་གཙོ་ཚོགས་པས་དེ་ལྟར་གནང་བ་ལ་རྒྱབ་སྐྱོར་ཡོད་། གང་ཡིན་ཞེས་ན། བློ་བཟང་སེངྒེ་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་པ་གལ་ཆེན་མཐོང་། ཁོང་ནི་ཉི་སྟོང་བཅུ་གཅིག་གི་བཀའ་ཁྲིའི་འོས་མི་ལངས་མཁན་གཞོན་སྐྱེས་ཞིག་ཡིན་པས་མི་དམངས་ཚོས་ཁོང་གི་ལོ་རྒྱུས་ཤེས་དགོས་ཀྱི་རེད་། བསྟན་འཛིན་རྣམ་རྒྱལ་དང་རྒྱ་རི་སྒྲོལ་མ་འདི་ཚོ་ལོ་རྒྱུས་ལུང་དྲང་དགོས་དོན་མི་མཐོང་། ཁོང་ཚོ་འདས་ཟིན་པས་ལོ་རྒྱུས་ཕྱིར་མིག་གཟིགས་དང་ད་ལྟ་བོད་གཞུང་ནང་ཕྱག་ལས་གནང་དང་གནང་བཞིན་རེད་ཐམས་ཅད་མཁྱེན་གསལ་རེད། ཀླད་རྙིང་འདི་ཚོའི་ལོ་རྒྱུས་རབ་དང་རིམ་པ་གསལ་བསྒྲགས་བྱས་ཚར་བ་རེད་། འཇོན་དང་མི་འཇོན་ཚང་མས་མཐོང་བཞིན་པ་རེད་ བོད་རིགས་ནང་ཁུང་སྲིད་དོན་པ་ཚོ་མི་དམངས་མགོ་སྐོར་མ་གཏོང་རོགས་ངའི་རེ་སྐུལ་ཡིན། བློ་སེང་ལ་རྒྱབ་སྐྱོར་ཡོད་ ན་གཞོན་ཚོར་གོ་སྐབས་སྤྲོད་རོགས་གནང་།
མང་གཙོ་ཚོགས་པའི་བྱེད་སྟངས་ཐ་ཤལ་རེད། རབ་གསལ་གྱིས་བཤད་པར་མོས་མཐུན་ཡོད།