སོག་ནག་ཚང་།
བཙན་བྱོལ་བོད་མིའི་གཞི་རིམ་འཛིན་གྲྭ་གསུམ་པའི་བོད་ཡིག་གི་ཀློག་དེབ་ནི་དགུ་བཅུ་གོ་གྲངས་ནས་དཔར་སྐྲུན་བྱས་ཞིང་ད་བར་དཔར་ཐེངས་བཅུ་གྲངས་འགར་དེབ་གྲངས་ཁྲི་ཕྲག་ལྔ་ལྷག་དཔར་སྐྲུན་བྱས་ཡོད། ལོ་ངོ་ཉི་ཤུ་མ་ཟིན་ཙམ་ལ་ཀློག་དེབ་འདིས་བོད་རིགས་བྱིས་པ་སྟོང་ཕྲག་མང་པོར་རང་ཉིད་བསམ་པའི་རྒྱགས་ཕྱེ་རུ་ཕུལ་བ་རེད། འོན་ཀྱང་བོད་རིགས་བྱིས་པ་ཚོའི་བོད་ཡིག་གི་གནས་ཚད་ནི་ཀློག་ཐུབ་ཙམ་གྱི་གྲངས་ཚད་ལས་འབྲི་རྩལ་གྱི་ནུས་པ་དང་གོ་སྟོབས་ཀྱི་དཔྱོད་ཤེས་ཡོད་མཁན་མི་བུ་བསྐྱེད་བསྲིངས་བྱས་པ་ཚད་ཧ་ཅང་དམའ།
མ་གཞི་ཀློག་དེབ་འདིའི་སློབ་ཚན་ཧྲིལ་བོར་གོ་བསྐོན་བློ་འགུག་གི་ནུས་པ་དམའ་ཞིང་། རིག་གནས་སྒྱུ་རྩལ་གྱི་སྣང་བརྙན་དབེན། ཐ་ན་བྱིས་པའི་བློ་སེམས་འགུག་བྱེད་ཀྱི་ནུས་ཤུགས་ཞན་པ་སོགས་ཀློག་དེབ་འདིའི་ཞན་ཆར་མཐོང། དངོས་ཡོད་གནས་ཚུལ་ལྟར་ན་ཀློག་དེབ་འདིའི་རིགས་ལ་ལོ་ལྔ་རེའི་མཚམས་སུ་བསྐྱར་ཞིབ་དང་ཚོད་ལྟ་བརྒྱུད་ནས་འཐུས་ཚང་དུ་གཏོང་དགོས་པ་ལས་ལོ་ངོ་ཉི་ཤུ་ལྷག་ལ་གོ་མེད་ཚོར་མེད་དུ་བྱིས་པ་ཚོའི་བློ་རིག་གསལ་བའི་དུས་ཚོད་ཡག་ཤོས་འདི་ལྟར་སྣང་མེད་དུ་འཇོག་པའི་བློ་སྤོབས་དེ་སུས་ཕྲག་དབར་ན་ཡོད།
འདི་ནི་ལོ་ངོ་ཉི་ཤུ་ཙམ་ལ་བོད་ཀྱི་ཤེས་ཡོན་པའི་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་སྦྱད་ཀྱི་བོད་ཀྱི་སྐད་ཡིག་གི་ཀློག་དེབ་རེད། ཀློག་དེབ་འདི་བསྐྱར་སློབ་ཡང་སློབ་བྱེད་མཁན་གྱི་རླབས་ཆེན་གྱི་དགེ་རྒན་ཆེན་མོ་བ་ཚོ། ཀློག་དེབ་འདི་ཚར་ཁྲི་ཕྲག་མང་པོ་དཔར་སྐྲུན་བྱེད་མཁན་གྱི་མིག་རྒྱང་རིང་བའི་ཤེས་རིག་གི་སྣེ་ཁྲིད་དང་ལམ་སྟོན་པ་ཚོ། ཀློག་དེབ་འདི་སང་ལོ་གནང་ལོ་ཉོ་མཁན་གྱི་བོད་ཀྱི་ཕ་མ་ཤེས་རབ་ཅན་ཚོ། ཁྱེད་ཚོས་རང་གི་བུ་རབས་ཚ་རྒྱུད་རྣམས་ལ་ཤེས་རིག་གི་བགོ་སྐལ་འདི་གཉན་པོའི་གསང་བ་ལྟར་བཀུར་ན་འདོད་དམ། ཁྱེད་ཚོས་ཆུ་མིག་ལྟར་དྭངས་བའི་བྱིས་བློའི་རྣམ་རིག་གྲུང་བོར་ཤེས་རིག་གི་ས་བོན་འདི་དཔག་བསམ་ཤིང་གི་ལྗོན་པ་བཞིན་འཁྲུངས་ན་འདོད་དམ།
དེ་ལྟར་འདོད་ན་ཀློག་དེབ་འདིའི་སློབ་ཚན་དང་པོ་ལུས་ཀྱི་ཆ་ཤས་གཅིག་བུའི་ནང་དུ། ང་ལ་ལག་པ་གཉིས་ཡོད། ངས་ལག་པས་ལས་ཀ་བྱེད་ཀྱི་ཡོད། ང་ལ་རྐང་པ་གཉིས་ཡོད། ངས་རྐང་པས་གོམ་པ་རྒྱག་གི་ཡོད། ང་མིག་གཉིས་ཡོད། ངས་མིག་གིས་ལྟ་གི་ཡོད། ང་རྣ་མཆོག་གཉིས་ཡོད། ངས་རྣ་མཆོག་གིས་ཉན་གྱི་ཡོད། འདི་རིགས་ལ་བྱེད་སྒྲ་ཉིས་བརྩེགས་འབྲི་སྲོལ་མེད་ཀྱང་། དགེ་རྒན་རྣམ་པ་ཚོས་ད་ལྟ་བར་དུ་ལོ་ངོ་ཉི་ཤུའི་རིང་ལ་འདི་ལྟར་བསླབས་པ་རེད། འདིའི་སྐོར་ལ་བསམ་ཚུལ་གསུང་མཁན་མེད་ལ། དོ་སྣང་བྱེད་མཁན་ཡང་དཀོན། བསམ་བློ་བའི་སྡེ་ཞིག་ལ་བསམ་ན་འདི་ནི་ཇི་འདྲའི་ཕངས་བའི་ལས་དོན་ཞིག་མ་རེད་དམ།
འདིའི་རིགས་འདི་ལྟར་གཤག་བཅོས་བཏང་ན་ཇི་འདྲ་འདུག་གམ། ངའི་ལག་པས་ལས་ཀ་བྱེད། ངའི་རྐང་པས་གོམ་པ་སྤོ་ཐུབ། ངའི་མིག་གིས་ལྟད་མོ་བལྟ་ཐུབ། ངའི་རྣ་མཆོག་གིས་སྒྲ་གོ་ལྟ་བུ། སོགས་སྔ་མ་རང་གི་ལུས་པོའི་ཆ་ཤས་རྣམས་ལ་འབྲེལ་སྒྲ་དང་ཕྱི་མ་བྱེད་འབྲེལ་གྱིས་བྱ་བ་རྣམས་ལ་བྱེད་སྒྲ་བྲིས་ན་བརྡ་སྤྲོད་པའི་དགོངས་པ་དང་མི་འགལ་ཞིང་བོད་སྐད་ཀྱི་འགྲོས་དང་མཐུན།
ད་དུང་གནད་དོན་གཙོ་བོ་འདི་ཙམ་མ་རེད། གོང་གི་ཚིག་སྒྲུབ་བཟོ་སྟངས་འདིའི་རིགས་ཀྱིས་ན་ཆུང་ཕྲུ་གུ་ཚོར་བག་ཆགས་དང་ཤུགས་རྐྱེན་ཇི་ཙམ་བཞག་ཡོད་པ་ཚོར་ཡོད་དམ། ཐ་ན་འཛིན་གྲྭ་བརྒྱད་དགུ་ཙམ་ལ་སླེབས་པའི་སློབ་ཕྲུག་ཚོས་ཀྱང་རྩོམ་ཡིག་ཅིག་འབྲི་ན་འདི་ལྟར་འབྲི་གི་འདུག ང་ལ་ཕ་མ་གཉིས་ཡོད། ངའི་ཕ་མ་གཉིས་ཡག་པོ་ཡོད། ང་ལ་སྤུན་མཆེད་གསུམ་ཡོད། ངའི་སྤུན་མཆེད་ཚོ་ཡག་པོ་ཡོད། ང་ལ་གྲོགས་པོ་གཅིག་ཡོད། ངའི་གྲོགས་པོ་ཡག་པོ་འདུག བྱས་ཙང་ང་ཁོང་ཚོ་ལ་དགའ་བོ་ཡོད། ལྟ་བུ་སོགས་ཚིག་སྒྲུབ་རེ་རེའི་མཇུག་ཏུ་ཡོད་དང་། ཡིན། རེད། འདུག ཡང་ན་ཡོད་པ་རེད་ལྟ་བུ་སོགས་བྲིས་ཏེ་མི་ཚེ་སྐྱེལ་བཞིན་ཡོད། འདི་ནི་ཤེས་རིག་གི་སྒོ་ཐེམ་ན་འཐེང་བཞིན་དུ་འགྲོ་བའི་བོད་ཀྱི་སྐད་ཡིག་གི་ལང་ཚོ་རེད། འདི་ནི་སྤྱི་ཚོགས་ཀྱི་མིག་རྩ་ན་རྒས་བཞིན་པའི་བོད་ཀྱི་སྐད་ཡིག་གི་ཀློག་དེབ་རལ་བོ་དག་རེད། འདི་དག་ལ་གཟུངས་བཞུགས་མི་འདུག་ལ་བྱིན་རླབས་ཀྱང་མེད་པས། ངས་ནམ་ཡང་གོང་བཀུར་བྱེད་མི་ཐུབ།
བོད་བརྒྱུད་ནང་བསྟན་སློབ་སྦྱོང་བྱེད་ཐབས་ཀྱི་རིགས་ལམ་དག་རིག་གནས་ཀྱི་སྡེ་ཚན་གཞན་དག་ཏུ་བཀོལ་ན་འདི་ལྟར་བཀོལ་དགོས་པ་དང་། འདི་ནི་བོད་བརྒྱུད་ནང་བསྟན་ལ་སློབ་སྦྱོང་བྱེད་ཐབས་ཀྱི་ཆེས་རྨང་གཞིའི་འགྲོ་སྟངས་དེ་ཡིན་སྟབས། དེང་སང་སློབ་གྲྭ་ཁག་གི་ནང་རིགས་ལམ་གྱི་ཐོག་ནས་རིག་གནས་གཞན་དག་ཐོག་སློབ་སྦྱོང་བྱེད་པའི་ལམ་སྲོལ་ཅུང་དར་ཙམ་ཡིན་པས། ཁོང་ཚོར་ཐོག་མར་བོད་བརྒྱུད་ནང་བསྟན་གྱི་རིགས་ལམ་ཁག་རིག་གནས་གཞན་དག་ལ་སྦྱོར་སྟངས་ཀྱི་རྨང་གཞིའི་ཤེས་བྱ་དག་འདི་ལྟར་ངོ་སྤྲོད་བྱ་དགོས་པ་མ་ཡིན་ནམ།
རྩོད་པ་བྱེད་ཚུལ།
དེ་ཡང་ཕྱྭ་བ་ཆོས་ཀྱི་སེང་གེས་གསང་ཕུ་སྣེ་ཐོག་ཏུ་མཚན་ཉིད་ཀྱི་གཞུང་དོན་སློབ་རྩོད་དུས་གཅིག་ཏུ་སྤེལ་བའི་བརྒྱུད་རིམ་གསར་བཏོད་བྱས་པ་མ་ཟད། སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་སོ་སོའི་ཁྱད་ཆོས་མི་འདྲ་བར་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འགན་གཏན་ཁེལ་གནང་ནས་དགེ་རྒན་སོ་སོའི་ཁྱད་ནུས་འདོན་སྤེལ་གང་ལེགས་བྱེད་དུ་བཅུག ལྷག་དོན་གཞུང་བཀའ་པོད་ལྔ་གར་སྦྱོང་བརྡར་ཡང་དག་པ་ཡོང་ཆེད་འཛིན་གྲྭ་བགོ་བའི་ལམ་ལུགས་གསར་བཏོད་དང་འབྲེལ་འཛིན་གྲྭ་སོ་སོར་གཞུང་བཀའ་པོད་ལྔ་ག་ཆ་བགོས་དང༌། འཛིན་གྲྭ་སོ་སོའི་སློབ་ཡུན་གྱི་ལོ་ཚད་གཏན་འབེབས་ཀྱང་བྱས། དེ་ཙམ་མ་ཟད་ལོ་གཅིག་གི་སློབ་དུས་སོ་སོའི་ཆོས་ཐོག་གི་སློབ་ཚན་གྱི་ནང་དོན་གཏན་འབེབས། སྐབས་ཐོག་སོ་སོར་འཛིན་གྲྭ་གོང་འོག་ཕན་ཚུན་གཏུགས་རེས། ཆོས་ཐོག་སྐབས་བགྲོ་གླེང་གཙོ་བོ་དང་སློབ་ཁྲིད་ཞར་བྱུང༌། ཆོས་མཚམས་སྐབས་སློབ་ཁྲིད་གཙོ་བོ་དང་བགྲོ་གླེང་ཞར་བྱུང་བྱ་རྒྱུ་གཏན་འཇགས། སློབ་གཉེར་པ་ལེགས་གྲྭས་རྣམས་རང་མོས་ཀྱིས་དགོན་སྡེ་གཞན་དག་ཏུ་གྲྭ་སྐོར་དམ་བཅར་འགྲོ་བའི་ལམ་སྲོལ་སོགས་གསར་དུ་བཏོད་པ་ནས་བཟུང་ལམ་སྲོལ་འདི་བཞིན་རྩོད་པའི་བྱ་བ་དར་སའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཕལ་མོ་ཆེས་ཕྱག་ལེན་བསྟར་བཞིན་ཡོད།
འོ་ན། རྩོད་པ་དངོས་གཞིའི་སྐབས་རྩོད་གཞིའི་འགོ་འཛུགས་སྟངས་ཅི་ཡིན་སྙམ་ན། མཐའ་གཅིག་ཏུ་འདི་ལྟ་བུ་ཞིག་ཡིན་ཞེས་ཚིག་ཐག་ཆོད་པོའི་སྒོ་ནས་བཤད་ཐུབ་པར་དཀའ་ཡང༌། སེ་འབྲས་དགེ་གསུམ་གྱིས་གཙོས་པའི་རྩོད་པ་དར་སའི་བོད་ཀྱི་དགོན་པ་མང་ཆེ་བས་སོ་སོའི་སྐབས་སུ་བབ་པའི་སློབ་ཚན་ཞིག་བཟུང་ནས་སློབ་ཚན་དེའི་ནང་གི་གྲངས་འདྲེན་དང་དཀའ་གནས་ཀྱི་རིགས་དག་དམིགས་བཀར་གྱིས་བཏོན་ནས་རྩོད་པ་བྱེད་ཀྱི་ཡོད། དེ་ཡང་རྩོད་གཞི་གཅིག་གི་ཐོག་རྩོད་པ་བྱེད་པའི་བརྒྱུད་རིམ་ནང་རྩོད་པ་བྱེད་མཁན་གྱིས་རྩོད་གཞི་ཞིག་བཀོད་ནས་དེ་གཞུང་དང་གཞུང་ཚན་གང་ནས་ཡིན་དང༌། གཞུང་དེའི་རྩ་བའི་ས་བཅད་དང་ཡན་ལག་གི་ས་བཅད་གང་ཡིན། གཞུང་དེའི་སྔ་མའི་ཚིག་དང་ཕྱི་མའི་ཚིག་སོགས་གང་ཡིན། གཞུང་དེ་དང་འབྲེལ་ནས་ཡོད་པའི་ཁ་ཅིག་གི་འདོད་པ་དང་རང་ལུགས་ཀྱི་འདོད་པ་གང་དག གཞུང་དེའི་གཞུང་དོན་གང་ཡིན་སོགས་རང་གི་རྩོད་གྲོགས་ལ་ཞིབ་ཏུ་ངོས་འཛིན་བྱེད་དུ་བཅུག་སྟེ་རྩོད་གཞི་ར་སྤྲོད་གསལ་བོར་ཆགས་སོང་ན་གཞི་ནས་རྩོད་གཞི་དེའི་དོན་དག་དངོས་གང་ཡིན་ཤེས་ཆེད་རང་རང་གི་རྩོད་གྲོགས་དང་མཉམ་དུ་ཡང་དང་ཡང་དུ་རང་ནུས་གང་ཡོད་ཀྱིས་རྩོད་པ་བྱེད་པ་ལྟ་བུ་ཡིན།
རྩོད་པ་དང་རྩོད་ལན་སྐབས་ཀྱི་བརྡ་ཆད་འགའ་ངོ་སྤྲོད།
དང་པོ། རྩོད་པའི་སྐབས་ཀྱི་བརྡ་ཆད་འགའ།
༡༽ དྷིའ་ཇི་ལྟར་ཆོས་ཅན། དྷིའ་ཞེས་རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་འདེབས་བཞིན་རྩོད་པའི་འགོ་འཛུགས་པའི་དོན།
༢༽ སྔ་རྒོལ། རྩོད་པ་བྱེད་མཁན་གྱི་མིང༌།
༣༽ ཕྱི་རྒོལ། རྩོད་ལན་འདེབས་མཁན་གྱི་མིང༌།
༤༽ ཆོས་ཅན། རྩོད་པ་བྱེད་སའི་གཞིའི་མིང༌།
༥༽ གསལ་བ། རྩོད་གཞི་དེ་ཉིད་ཁྱད་ཆོས་གང་ཞིག་ཡིན་མིན་གསལ་བར་བཟོ་རྒྱུ་བསྒྲུབ་རྒྱུའི་དོན།
༦༽ རྟགས། དོན་ནམ་ཁྱད་ཆོས་གང་ཞིག་ཡིན་མིན་གསལ་བར་བཟོ་རྒྱུའི་སྒྲུབ་བྱེད་དམ་རྒྱུ་མཚན་གྱི་དོན།
༧༽ ཁྱབ་པ་ཁས། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ་འདི་སྔར་ནས་ཁས་བླངས་ཟིན་ཞེས་པའི་དོན།
༨༽ རྟགས་ཁས། སྒྲུབ་བྱེད་དམ་རྟགས་འདི་སྔར་ནས་ཁས་བླངས་ཟིན་ཞེས་པའི་དོན།
༩༽ འཁོར་གསུམ། རྟགས་དང་གསལ་བ་རྩོད་གཞི་གསུམ་གསལ་བོར་མ་ཤེས་པར་མགོ་འཁོར་འདུག་ཅེས་པའི་དོན།
༡༠༽ ཚར། ཐད་ཀའི་ཁས་ལེན་ནམ་དམ་བཅའ་ཤོར་བའི་དོན།
༡༡༽ རྩ་བའི་དམ་བཅའ་ནས་ཚར། ཐོག་མའི་ཁས་ལེན་ནམ་དམ་བཅའ་ཤོར་བའི་དོན།
༡༢༽ འཁྱེར། རྩོད་ལན་མྱུར་དུ་ཁྱེར་ཤོག་གམ་མྱུར་དུ་ལན་ཐོབས་ཞེས་པའི་དོན།
གཉིས་པ། རྩོད་ལན་སྐབས་ཀྱི་བརྡ་ཆད་འགའ།
༡༽ འདོད། དོན་འདི་ཁས་ལེན་ཞེས་པའི་དོན།
༢༽ རྟགས་མ་གྲུབ། སྒྲུབ་བྱེད་དམ་རྟགས་འདི་ཁས་མི་ལེན་ཞེས་པའི་དོན།
༣༽ ཅིའི་ཕྱིར། གང་གི་ཕྱིར་ཁྱད་ཆོས་སམ་གསལ་བ་དེ་ཡིན་ཞེས་དོན་ལ་དེ་མིན་པར་སྟོན་པའི་དོན།
༤༽ ཁྱབ་པ་མ་བྱུང༌། སྒྲུབ་བྱེད་དམ་རྟགས་དེ་ཡིན་ན་ཁྱད་ཆོས་སམ་གསལ་བ་དེ་ཡིན་པས་ངེས་པ་མེད་ཅེས་པའི་དོན།
༥༽ འགལ་ཁྱབ། རྟགས་དེ་ཡིན་ན་གསལ་བ་དེ་ཡིན་དགོས་པས་བསྒྲུབ་བྱ་དང་སྒྲུབ་བྱེད་འགལ་བ་རེད་ཅེས་པའི་དོན།
༦༽ ཐོངས་ཤོག ལན་བཏབ་ཟིན་པར་དྲི་བ་མགྱོགས་པོར་ཐོངས་ཤོག་ཅེས་པའི་དོན།
༄༅། །བོད་ཀྱི་བརྡ་སྤྲོད་སུམ་ཅུ་པའི་རྨང་གཞིའི་ཤེས་བྱ་
ངོ་སྤྲོད་རིག་པའི་ཉིན་བྱེད།
སློབ་ཚན་དང་པོ།
ཨོ་སྭ་སྟི། བླ་མ་དང་མགོན་པོ་རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་བློན་པོ་ཐོན་མི་སམ་བྷོ་ཊའི་ལེགས་བཤད་སུམ་རྟགས་གཉིས་ནས་སུམ་ཅུ་པའི་སྙིང་པོ་མདོར་བསྡུས་པ་དེ་ཉིད་བོད་གནའ་རབས་ནས་དར་བའི་རིགས་ལམ་སྦྱོང་སྟངས་ཀྱི་རྨང་གཞིའི་འགྲོས་དང་སྦྱར་ནས་བཤད་པ་ལ།
སློབ་ཚན་དང་པོ།
ཡི་གེའི་ངོ་བོ་དང་དབྱེ་བ་སོགསཀྱི་སྐོར།
སྔ་རྒོལ། དྲི་བ་འགོད་མཁན། ཡི་གེའི་ངོ་བོ་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། དྲིས་ལན་འདེབས་མཁན། མེད་པ་རྟགས་མ་གྲུབ། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཆོས་ཅན།
སྔ་རྒོལ། དེ་ཆོས་ཅན། ཡི་གེའི་ངོ་བོ་ཡིན་པར་ཐལ།
ཕྱི་རྒོལ། འདོད་ལགས།
སྔ་རྒོལ། དེ་ཆོས་ཅན། ཡི་གེའི་ངོ་བོ་མ་ཡིན་པར་ཐལ། ཡི་གེ་ལ་དབྱེ་ན་གཉིས་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དབྱངས་དང་གསལ་བྱེད་གཉིས་ཆོས་ཅན།
སྔ་རྒོལ། དེ་གཉིས་ཆོས་ཅན། ཡི་གེའི་དབྱེ་བ་ཡིན་པར་ཐལ།
ཕྱི་རྒོལ། འདོད་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། དབྱངས་ཀྱི་ཡི་གེ་ལ་ནང་གསེས་ཅི་ཡོད་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དབྱངས་ཀྱི་ཡི་གེ་ལ་ནང་གསེས་བཞི་ཡོད་ལགས།
སྔ་རྒོལ། དབྱངས་ཀྱི་ཡི་གེ་ལ་ནང་གསེས་བཞི་མེད་པར་ཐལ། བཞི་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཨི་ཨུ་ཨེ་ཨོ་བཞི་རེ་རེ་ནས་ཆོས་ཅན།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་ལ་དབྱངས་ཞེས་བརྗོད་པའི་རྒྱུ་མཚན་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དེ་དག་ཡི་གེའི་སྒྲ་འབྱིན་བྱེད་ཀྱི་གདངས་ཙམ་དང་ང་རོ་ཙམ་ཡིན་པའི་ཆ་ནས་དེ་ལྟར་བརྗོད་པའི་ཕྱིར།
སྔ་རྒོལ། དེ་མ་ཡིན་པར་ཐལ། གསལ་བྱེད་ཀྱི་ཡི་གེ་ལ་ནང་གསེས་ཅི་ཡོད་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། སུམ་ཅུ་ཐམ་པ་ཡོད་ལགས།
སྔ་རྒོལ། གསལ་བྱེད་ཀྱི་ཡི་གེ་ལ་སུམ་ཅུ་ཐམ་པ་མེད་པར་ཐལ། སུམ་ཅུ་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་བཅས་རེ་རེ་ནས་ཆོས་ཅན།
སྔ་རྒོལ། དེ་རྣམས་རེ་རེ་ནས་ཆོས་ཅན། གསལ་བྱེད་ཀྱི་ཡི་གེ་སུམ་ཅུ་པོ་རེ་རེ་ནས་ཡིན་པར་ཐལ།
ཕྱི་རྒོལ། འདོད་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་ལ་གསལ་བྱེད་ཅེས་བརྗོད་པའི་རྒྱུ་མཚན་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དེ་དག་གིས་མིང་ཚིག་རྣམས་གསལ་བར་བྱེད་པའམ་འགྲུབ་པར་བྱེད་པའི་ཆ་ནས་དེ་ལྟར་བརྗོད་པའི་ཕྱིར།
སྔ་རྒོལ། དེ་ལྟར་བརྗོད་པ་མ་ཡིན་པར་ཐལ། དབྱངས་གསལ་གཉིས་ཀྱི་ཁྱད་པར་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། རང་གྲོགས་དབྱངས་དང་སྦྱར་བ་དང་མ་སྦྱར་བ་ཅི་རིགས་པའི་སྒོ་ནས་བརྗོད་བྱའི་དོན་སྟོན་པའི་མིང་དང་ཚིག་གསལ་བར་བྱེད་གསལ་བྱེད་དང༌། རང་གྲོགས་གསལ་བྱེད་ཀྱིས་མིང་དང་ཚིག་གསལ་བར་བྱེད་པ་ལ་རམ་འདེགས་ཚུལ་གྱིས་འཇུག་པ་ལ་ནི་དབྱངས་ཞེས་མིང་ཚིག་གསལ་བར་བྱེད་ཅིང་བརྗོད་དོན་སྟོན་པར་གཞན་ལ་ལྟོས་དགོས་མི་དགོས་ཀྱི་ཁྱད་པར་ཡོད་ལགས།
སློབ་ཚན་གཉིས་པ།
སྔོན་རྗེས་མིང་གསུམ་གྱི་སྐོར།
སྔ་རྒོལ། རྗེས་འཇུག་གི་ཡི་གེ་བཅུ་པོ་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ག་ང་ད་ན་བ་མ་འ་ར་ལ་ས་བཅས་རེ་རེ་ནས་ཆོས་ཅན།
སྔ་རྒོལ། དེ་བཅུ་རེ་རེ་ནས་ཆོས་ཅན། རྗེས་འཇུག་ཡི་གེ་བཅུ་པོ་མ་ཡིན་པར་ཐལ། དེ་དག་ལ་རྗེས་འཇུག་ཅེས་བརྗོད་པའི་རྒྱུ་མཚན་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། མིང་གཞི་གང་ཡང་རུང་བའི་རྗེས་སུ་འཇུག་པའི་རྒྱུ་མཚན་གྱིས་རྗེས་འཇུག་ཅེས་བརྗོད་པ་ཡིན་ལགས།
སྔ་རྒོལ། དེ་བཅུ་པོ་རེ་རེ་ནས་ཆོས་ཅན། ཁྱོད་ལ་མིང་གཞི་གང་ཡང་རུང་བའི་རྗེས་སུ་འཇུག་པའི་རྒྱུ་མཚན་གྱིས་རྗེས་འཇུག་ཅེས་བརྗོད་པ་མི་འཐད་པར་ཐལ། རྗེས་འཇུག་དེ་དག་འཇུག་ཡུལ་གྱི་མིང་གཞི་རྣམས་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། རྗེས་འཇུག་རྣམས་རེ་རེ་ནས་གང་ལ་སྦྱར་དུ་རུང་བའི་མིང་གཞིའི་ཡི་གེའི་རིགས་སུ་གྱུར་པ་ཀ་ཁ་ག་ང་སོགས་གསལ་བྱེད་ཡོངས་རྫོགས་ཆོས་ཅན།
སྔ་རྒོལ། དེ་མ་ཡིན་པར་ཐལ། རྗེས་འཇུག་ལས་བྱུང་བའི་སྔོན་འཇུག་ལྔ་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ག་ད་བ་མ་འ་རྣམས་རེ་རེ་ནས་ཆོས་ཅན།
སྔ་རྒོལ། དེ་རྣམས་ཆོས་ཅན། སྔོན་འཇུག་ལྔ་པོ་རེ་རེ་ནས་མ་ཡིན་པར་ཐལ། དེ་དག་ལ་སྔོན་འཇུག་ཅེས་བརྗོད་པའི་རྒྱུ་མཚན་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེའི་སྔོན་དུ་འཇུག་པས་ན། དེ་ལྟར་བརྗོད་པའི་ཕྱིར།
སྔ་རྒོལ། དེ་མ་ཡིན་པར་ཐལ། སྔོན་འཇུག་རྣམས་ཀྱི་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་དག་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། སྔོན་འཇུག ག འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་ནི་ ཅ་ཏ་ཙ་ཉ་ད་ན་ཞ་ཟ་ཡ་ཤ་ས་ རྣམས་ཡིན། སྔོན་འཇུག ད་ འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་ནི་ ཀ་པ་ག་བ་ང་མ་ རྣམས་ཡིན། སྔོན་འཇུག་ བ་ འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་ནི་ ཀ་ཅ་ཏ་ཙ་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་ རྣམས་ཡིན། སྔོན་འཇུག་གི་ མ་ འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་ནི་ ཁ་ཆ་ཐ་ཚ་ག་ཇ་ད་ཛ་ང་ཉ་ན་ རྣམས་ཡིན། སྔོན་འཇུག་གི་ འ་ འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་ནི་ ག་ཇ་ད་བ་ཛ་རྣམས་ཁ་ཆ་ཐ་ཕ་ཚ་ རྣམས་ཡིན།
སྔ་རྒོལ། དེ་མ་ཡིན་པར་ཐལ། ཡང་འཇུག་ལ་ཅི་ཡོད་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཡང་འཇུག་ལ་གཉིས་ཡོད་ལགས།
སྔ་རྒོལ། ཡང་འཇུག་ལ་གཉིས་མེད་པར་ཐལ། གཉིས་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ད་དང་ས་གཉིས་ཆོས་ཅན།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་ལ་ཡང་འཇུག་ཅེས་བརྗོད་པའི་རྒྱུ་མཚན་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། རྗེས་འཇུག་གི་རྗེས་སུ་ཡང་བསྐྱར་འཇུག་པས་ན་ཡང་འཇུག་ཅེས་བརྗོད་པ་ཡིན་ལགས།
སྔ་རྒོལ། འོ་ན། ཡང་འཇུག་དེ་དག་རྗེས་འཇུག་གང་དང་གང་གི་རྗེས་སུ་འཇུག་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཡང་འཇུག་ད་དེ་རྗེས་འཇུག་ན་ར་ལ་གསུམ་དང༌། ཡང་འཇུག་ས་དེ་རྗེས་འཇུག་ག་ང་བ་མ་བཅས་བཞིའི་རྗེས་སུ་འཇུག་པ་ཡིན་ལགས།
སྔ་རྒོལ། དེ་ལྟར་ཡིན་ན། སྔོན་རྗེས་ཡང་གསུམ་གང་ལའང་མི་འཇུག་པའི་ཡི་གེ་ཞིག་ཡོད་པ་མ་ཡིན། མེད་པ་མ་ཡིན་པའི་ཕྱིར།
ཕྱི་རྒོལ། ཡོད་པ་མ་ཡིན་པ་རྟགས་མ་གྲུབ།
སྔ་རྒོལ། དེ་མེད་པར་ཐལ། དེ་འདྲའི་ཡི་གེ་དེ་དག་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཀ་སྡེའི་ནང་ནས་ ཀ་ དང་ ཁ་ གཉིས་དང༌། ཅ་སྡེ་ཆ་ཚང་ཅ་ཆ་ཇ་ཉ།། ཏ་སྡེའི་ནང་ནས་ ཏ་ དང་ ཐ་ གཉིས། པ་སྡེའི་ནང་ནས་ པ་ དང་ ཕ་ གཉིས། ཙ་སྡེ་ཆ་ཚང་ཙ་ཚ་ཛ་ཝ།། ཞ་སྡེའི་ནང་ནས་ ཞ་ དང་ ཟ་ དང་ ཡ་ གསུམ། ར་སྡེའི་ནང་ནས་ ཤ། ཕྱེད་ཧ་སྡེ་ཆ་ཚང་ཧ་ཨ།བཅས་བསྡོམས་མིང་གཞི་རྐྱང་པ་ཉི་ཤུ་པོ་ཆོས་ཅན།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་ལ་མིང་གཞི་རྐྱང་པ་ཞེས་བརྗོད་པའི་རྒྱུ་མཚན་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དེ་དག་སྔོན་རྗེས་ཡང་གསུམ་གང་ལའང་མི་འཇུག་པར་སྔོན་རྗེས་འཇུག་ཡུལ་གྱི་མིང་གཞི་ཁོ་ན་བྱེད་པའི་ཕྱིར།
སློབ་ཚན་གསུམ་པ།
སླར་བསྡུའི་སྐོར།
སྔ་རྒོལ། སླར་བསྡུའི་ངོ་བོ་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། རང་གང་ལ་སྦྱར་བའི་མིང་དོན་དེ་རེ་ཞིག་མཇུ་བསྡུ་བར་བྱེད་པ་དེ། སླར་བསྡུའི་ངོ་བོ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། སླར་བསྡུ་ལ་ནང་གསེས་ཅི་ཡོད་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། སླར་བསྡུ་ལ་ནང་གསེས་བཅུ་གཅིག་ཡོད་ལགས།
སྔ་རྒོལ། སླར་བསྡུ་ལ་ནང་གསེས་བཅུ་གཅིག་མེད་པར་ཐལ། བཅུ་གཅིག་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། གོ་ངོ་དོ་ནོ་བོ་མོ་འོ་རོ་ལོ་སོ་ཏོ་ བཅས་རེ་རེ་ནས་ཆོས་ཅན།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་སྦྱོར་ཚུལ་ཇི་ལྟར་ཡིན་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དེ་དག་མིང་གི་མཐར་རྗེས་འཇུག་གང་ཡོད་ཀྱང་དེ་དང་མཐུན་པར་སྦྱོར་དགོས། དཔེར་ན། མིང་མཐའ་ག་ཅན་སྟག་ལྟ་བུའི་རྗེས་སུ་སླར་བསྡུའི་གོ་སྦྱར་ཚེ་སྟག་གོ་ལྟ་བུ་ཡིན་ལགས།
སློབ་ཚན་བཞི་པ།
ལ་དོན་གྱི་སྐོར།
སྔ་རྒོལ། ལ་དོན་གྱི་བདུན་པོ་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། སུ་རུ་ར་དུ་ན་ལ་ཏུ་ རྣམས་རེ་རེ་ནས་ཆོས་ཅན།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་རེ་རེ་ནས་སྦྱོར་ཚུལ་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ས་མཐར་སུ་དང༌། ག་བ་དྲག་མཐར་ཏུ། ང་ད་ན་མ་ར་ལ་རྣམས་ཀྱི་མཐར་དུ། འ་དང་མཐའ་མེད་མཐར་ར་དང་རུ་ཐོབ་པ་བཅས་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་ཁྱད་མེད་དུ་འཇུག་པའི་རྣམ་དབྱེ་གང་དང་གང་ཡོད་དང༌། སྤྱིར་བོད་ཀྱི་སྐད་ལ་རྣམ་དབྱེ་ཅི་ཡོད། དེ་དག་གང་ཡིན་བཅས་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དེ་དག་རྣམ་དབྱེ་གཉིས་པ་ལས་སུ་བྱ་བ་དང༌། རྣམ་དབྱེ་བཞི་པ་དགོས་ཆེད། རྣམ་དབྱེ་བདུན་པ་གནས་གཞི། གཉིས་པའི་ནང་ཚན་དེ་ཉིད། བདུན་པའི་ནང་ཚན་ཚེ་སྐབས་བཅས་ལ་ཁྱད་མེད་དུ་འཇུག་ལགས། སྤྱིར་བོད་ཀྱི་སྐད་ལ་རྣམ་དབྱེ་བརྒྱད་ཡོད། དེ་དག་ནི་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པ་དང༌། རྣམ་དབྱེ་གཉིས་པ་ལས་སུ་བྱ་བ། རྣམ་དབྱེ་གསུམ་པ་བྱེད་པ། རྣམ་དབྱེ་བཞི་པ་དགོས་ཆེད། རྣམ་དབྱེ་ལྔ་པ་འབྱུང་ཁུངས། རྣམ་དབྱེ་དྲུག་པ་འབྲེལ་སྒྲ། རྣམ་དབྱེ་བདུན་པ་གནས་གཞི། རྣམ་དབྱེ་བརྒྱད་པ་འབོད་པ་བཅས་ཡིན།
སྔ་རྒོལ། དེ་མ་ཡིན་པར་ཐལ། རྣམ་དབྱེ་བཅུ་ཡོད་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ།
སྔ་རྒོལ། དེ་ཡོད་པར་ཐལ། དེ་ཉིད་དང༌། ཚེ་སྐབས་གཉིས་བཅས་བསྡོམས་བཅུ་ཡོད་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ་སྟེ། དེ་གཉིས་ལས་དེ་ཉིད་ནི་རྣམ་དབྱེ་གཉིས་པའི་ནང་ཚན་དང༌། ཚེ་སྐབས་ནི་རྣམ་དབྱེ་བདུན་པའི་ནང་ཚན་ཡིན་པས་དེ་གཉིས་ལོགས་སུ་དབྱེར་མི་རུང་བའི་ཕྱིར།
སྔ་རྒོལ། དེ་མ་ཡིན་པར་ཐལ། རྣམ་དབྱེ་དེ་དག་གི་གོ་དོན་རེ་རེ་ནས་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དོན་གྱི་ངོ་བོ་ཙམ་སྟོན་པ་དེ། རྣམ་དབྱེ་དང་པོའི་གོ་དོན་དང༌། ལས་དང་བྱ་བ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་ལས་ལ་ཉེ་བ་དེ། རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་གོ་དོན་དང༌། བྱེད་པ་པོ་དང་བྱ་བ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་བྱེད་པ་པོ་ལ་ཉེ་བ་དེ། རྣམ་དབྱེ་གསུམ་པ་བྱེད་པའི་དོན་དང༌། དགོས་པ་དང་བྱ་བ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་དགོས་པ་ལ་ཉེ་བ་དེ། རྣམ་དབྱེ་བཞི་པ་དགོས་ཆེད་ཀྱི་དོན་དང༌། འབྱུང་ཁུངས་དང་བྱུང་བ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་འབྱུང་ཁུངས་ལ་ཉེ་བ་དེ། རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་དོན་དང༌། འབྲེལ་ཡུལ་དང་འབྲེལ་ཆོས་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་འབྲེལ་ཡུལ་ལ་ཉེ་བ་དེ། རྣམ་དབྱེ་དྲུག་པ་འབྲེལ་སྒྲའི་དོན་དང༌། གནས་དང་གནས་པ་གཉིས་སོ་སོར་འབྱེད་ཅིང་གཙོ་བོར་གནས་ལ་ཉེ་བ་དེ། རྣམ་དབྱེ་བདུན་པ་གནས་གཞིའི་དོན་དང༌། འབོད་པའི་བརྡ་སྦྱར་བའི་དོན་དེ། རྣམ་དབྱེ་བརྒྱད་པ་འབོད་པའི་དོན་དང༌། ལས་དང་བྱ་བ་ངོ་བོ་གཅིག་ཏུ་སྟོན་པ་དེ། རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ཀྱི་དོན་དང༌། དུས་བརྗོད་པ་གཅོ་བོར་སྟོན་པ་དེ། རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས་ཀྱི་གོ་དོན་བཅས་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། རྣམ་དབྱེ་དེ་དག་གི་མཚན་གཞི་རྣམས་རེ་རེ་ནས་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། བོད་དང༌། རྒྱ་གར། རྒྱ་ནག བལ་བོ་བཅས་རྣམ་དབྱེ་དང་པོ་དང༌། ཤར་ཕྱོགས་སུ་འགྲོ་ལྟ་བུ་དབྱེ་གཉིས་པ། མིག་གིས་བལྟས་ལྟ་བུ་རྣམ་དབྱེ་གསུམ་པ། རྟར་རྩྭ་བྱིན་ལྟ་བུ་རྣམ་དབྱེ་བཞི་པ། ས་ནས་མེ་ཏོག་སྐྱེ་ལྟ་བུ་རྣམ་དབྱེ་ལྔ་པ་འབྱུང་ཁུངས། ལག་པའི་སོར་མོ་ལྟ་བུ་རྣམ་དབྱེ་དྲུག་པ་འབྲེལ་སྒྲ། ལྷ་ཁང་དུ་རྟེན་གསུམ་ཡོད་ལྟ་བུ་རྣམ་དབྱེ་བདུན་པ་གནས་གཞི། ཀྭ་ཡེ་གྲོགས་པོ་ལྟ་བུ་རྣམ་དབྱེ་བརྒྱད་པ་འབོད་པ། འོད་དུ་འཚེར་ལྟ་བུ་རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད། ཉི་མ་འཆར་ཁ་རུ་འགྲོ་ལྟ་བུ་རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས་ཀྱི་མཚན་གཞི་བཅས་ཡིན་ལགས།
སློབ་ཚན་ལྔ་པ།
རྒྱན་སྡུད་ཀྱི་སྐོར།
སྔ་རྒོལ། རྒྱན་སྡུད་ཀྱི་ཕྲད་ལ་ནང་གསེས་ཅི་ཡོད་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དེ་ལ་ནང་གསེས་གསུམ་ཡོད་ལགས།
སྔ་རྒོལ། དེ་མེད་པར་ཐལ། གསུམ་པོ་གང་ཡིན་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཀྱང་ཡང་འང་ གསུམ་རེ་རེ་ནས་ཆོས་ཅན།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་འཇུག་ཡུལ་ལ་ནང་གསེས་ཅི་ཡོད་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། གསུམ་ཡོད་ལགས།
སྔ་རྒོལ། གསུམ་མེད་པར་ཐལ། གསུམ་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། མཐུན་པའི་ཚིག་རྒྱན་དང༌། མི་མཐུན་པའི་ཚིག་རྒྱན། སྡུད་པ་བཅས་གསུམ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་སོ་སོའི་གོ་དོན་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཚིག་སྔ་ཕྱི་མཐུན་པར་སྟོན་པས་ན། མཐུན་པའི་ཚིག་རྒྱན་དང༌། ཚིག་སྔ་ཕྱི་མི་མཐུན་པར་སྟོན་པས་ན། མི་མཐུན་པའི་ཚིག་རྒྱན། དོན་གཞན་ཞིག་སྡུད་པའི་དོན་ལ་འཇུག་པས་ན། སྡུད་པ་ཞེས་ཟེར་ལགས། དཔེར་ན། མཛེས་ཀྱང་མཛེས་ལྟ་བུ། ཀྱང་ཞེས་པའི་ཚིག་ཕྲད་ཀྱི་སྔ་ཕྱིར་མཛེས་མཛེས་ཞེས་མཐུན་པའི་ཚིག་གཉིས་ཡོད་པ་ལྟ་བུ་མཐུན་པའི་ཚིག་རྒྱན་དང༌། མི་མཐུན་པའི་ཚིག་བཏུད་ཀྱང་ཁྲོ་ལྟ་བུ་བཏུད་དང་ཁྲོ་གཉིས་གཞི་གཅིག་ཏུ་སྦྱར་བ་ནི་མི་མཐུན་པའི་ཚིག་རྒྱན། དེ་བཞིན་ལྷས་ཀྱང་བཏུད་ཅེས་པ་ལྟ་བུའི་ཚིག་གི་དཀྱིལ་དབུས་ཀྱི་ཀྱང་སྒྲས་མི་ཙམ་མ་ཟད་ཅེས་པའི་དོན་བསྡུས་པ་ལྟ་བུ་ལ་སྡུད་པ་ཟེར་བ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། ཀྱང་ཡང་འང་ གསུམ་པོ་རྗེས་འཇུག་དང་མཐའ་མེད་སོགས་གང་དང་གང་གི་མཐར་འཇུག་པའི་འཇུག་གཞི་རྣམས་རེ་རེ་ནས་ངོས་འཇིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཚིག་རྒྱན་གྱི་ནང་གསེས་ ཀྱང་ ནི་རྗེས་འཇུག་ ག་ད་བ་ས་ད་དྲག་ཅན་ དང༌། ཡང་ནི་ རྗེས་འཇུག་ ང་ན་མ་ར་ལ་ དང༌། འང་ དང་ ཡང་ གཉིས་ནི་རྗེས་འཇུག་ འ་ དང་ མཐའ་མེད་ བཅས་ཀྱི་མཐར་ཐོབ་པ་ཡིན་ལགས།
སློབ་ཚན་དྲུག་པ།
༡༽ ལྷག་བཅས།
སྔ་རྒོལ། ལྷག་བཅས་ཀྱི་གོ་དོན་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ལྷག་བཅས་ཀྱི་ཕྲད་སོ་སོའི་རྗེས་སུ་བསྟན་བྱ་ལྷག་མ་འདྲེན་རྒྱུ་ཡོད་པའི་ཆ་ནས་ལྷག་བཅས་ཟེར་ལགས།
སྔ་རྒོལ། ལྷག་བཅས་ཀྱི་ཕྲད་ལ་གྲངས་ཅི་ཡོད་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དེ་ཏེ་སྟེ་ གསུམ་པོ་རེ་རེ་ནས་ཆོས་ཅན།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་གང་ལ་འཇུག་ཚུལ་གྱི་ཐོབ་ཐང་རྣམས་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ལྷག་བཅས་ཀྱི་ནང་གསེས་ དེ་ སྒྲ་ནི་རྗེས་འཇུག་ ད་ དང༌། ཏེ་ རྗེས་འཇུག་ ན་ར་ལ་ས་ད་དྲག་ དང༌། སྟེ་ རྗེས་འཇུག་ ག་ང་བ་མ་འ། མཐའ་མེད་ རྣམས་ཀྱི་མཐར་ཐོབ་པ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་ཇི་ལྟར་འཇུག་ཚུལ་གྱི་དཔེ་བརྗོད་རེ་རེ་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཆོས་བཤད་དེ། ཕྱག་འཚལ་ཏེ། སོང་སྟེ་ལྟ་བུ་ཡིན།
༢༽ འབྱེད་སྡུད།
སྔ་རྒོལ། འབྱེད་སྡུད་ཀྱི་ཕྲད་རྣམས་གང་ཡིན་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། གམ་ངམ་དམ་ནམ་བམ་མམ་འམ་རམ་ལམ་སམ་ཏམ་ བཅས་ཡིན་ལགས།
སྔ་རྒོལ། དེ་འདྲའི་འབྱེད་སྡུད་ལ་ནང་གསེས་དབྱེ་བ་ཅི་ཙམ་ཡོད་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དབྱེ་གཞི་དེ་ཐོག་མར་བྱས་ནས་དེ་ལས་དབྱེ་བ་མང་པོ་འབྱེད་པའི་དོན་ལ་འཇུག་པ་གཅིག་དང༌། དབྱེ་གཞི་མཇུག་ཏུ་བྱས་ནས་དབྱེ་བ་མང་པོ་སྡུད་པའི་དོན་ལ་འཇུག་པ་བཅས་གཉིས་ཡོད་ལགས།
སྔ་རྒོལ། དེ་མེད་པར་ཐལ། དེ་གཉིས་ཀྱི་མཚན་གཞི་རེ་རེ་ནས་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དབྱེ་གཞི་དང་པོ་བྱས་ནས་དབྱེ་བ་མང་པོ་འབྱེད་པའི་དོན་ལ་འཇུག་པའི་མཚན་གཞིར། བུམ་པའི་རྒྱུ་བུམ་པའི་རྒྱུ་ཞེས་པ་དབྱེ་གཞི་དང་པོ་ཡིན།ནི་གསེར་རམ། དངུལ་ལམ། ཟངས་སམ། རག་གམ། རྫ་གསེར་སོགས་དེ་ལས་དབྱེ་བའི་རྣམ་གྲངས་མི་འདྲ་བ་དག་ཡིན།ལས་བྱའོ་ལྟ་བུ་དང༌། དབྱེ་གཞི་དེ་མཇུག་ཏུ་བསྡུ་གཞིར་བྱས་ནས་དབྱེ་བ་མང་པོ་སྡུད་པའི་དོན་ལ་འཇུག་པའི་མཚན་གཞིར། གསེར་རམ། དངུལ་ལམ། ཟངས་སམ། རག་གམ། རྫ་གསེར་སོགས་དབྱེ་བ་ཡིན།ལས་བུམ་པ་བྱའོ་འདི་ནས་གོང་གི་བུམ་པའི་རྒྱུ་ཞེས་པ་མཇུག་གི་བསྡུ་གཞིར་ཆགས་པ་ཡིན།ལྟ་བུ་ཡིན་ལགས།
སློབ་ཚན་བདུན་པ།
འབྱུང་ཁུངས་སོགས་ཀྱི་སྐོར།
སྔ་རྒོལ། འབྱུང་ཁུངས་ལ་འཇུག་པའི་ཕྲད་དག་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ནས་ལས་གཉིས་ཆོས་ཅན།
སྔ་རྒོལ། དེ་གཉིས་ཆོས་ཅན། འབྱུང་ཁུངས་ལ་འཇུག་པའི་ཕྲད་ཡིན་པར་ཐལ།
ཕྱི་རྒོལ། འདོད་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་གཉིས་འབྱུང་ཁུངས་ལ་འཇུག་པའི་མཚན་གཞི་ཞིག་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ས་ནས་རྩྭ་སྐྱེ་དང༌། ས་ལས་རྩྭ་སྐྱེ་ ལྟ་བུ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། ནས་ལས་ གཉིས་འབྱུང་ཁུངས་མ་ཡིན་པའི་དོན་གཞན་ལའང་འཇུག་པ་ཡོད་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ།
སྔ་རྒོལ། དེ་ཡོད་པར་ཐལ། དགར་བ་དང་སྡུད་པའི་དོན་ལ་འཇུག་པ་ཡོད་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ།
སྔ་རྒོལ། འཁོར་གསུམ། དེ་ཡོད་པར་ཐལ། དེ་ལྟར་ཡོད་པ་དེ་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེའི་དགོངས་པ་ཡིན་པའི་ཕྱིར།
ཕྱི་རྒོལ། དགོངས་པ་ཡིན་པ་རྟགས་མ་གྲུབ།
སྔ་རྒོལ། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ལེགས་བཤད་ལྗོན་པའི་དབང་པོ་ལས། ནས་ལས་འབྱུང་ཁུངས་དགར་སྡུད་དེ། །ཞེས་གསུངས་པའི་ཕྱིར།
ཕྱི་རྒོལ། དེ་ལྟར་གསུངས་པ་ལྟར་འདོད་ལགས།
སྔ་རྒོལ། གསུངས་ན། རྩ་བའི་དམ་བཅའ་ནས་ཚར།
སྔ་རྒོལ། དེ་ལྟར་ན་ ནས་ལས་ གཉིས་ཆོས་ཅན། དགར་སྡུད་གཉིས་ལ་གཅིག་མཚུངས་ཀྱིས་འཇུག་པར་ཐལ།
ཕྱི་རྒོལ། འདོད་ལགས།
སྔ་རྒོལ། དེ་མི་འཇུག་པར་ཐལ། རིགས་མཐུན་པར་དགར་བ་ལ་ ནས་ སྒྲ་དང༌། རིགས་མི་མཐུན་པར་དགར་བ་ལ་ ལས་ སྒྲ། སྡུད་པ་ལ་ ནས་ སྒྲ་ཁོ་ན་མ་གཏོགས་ལས་ཀྱི་སྒྲ་མི་འཇུག་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ།
སྔ་རྒོལ། འཁོར་གསུམ། དེ་མི་འཇུག་པར་ཐལ། དེ་ལྟར་མི་འཇུག་པ་དེ་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེའི་དགོངས་པ་ཡིན་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ།
སྔ་རྒོལ། དགོངས་པ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་ལེགས་བཤད་ལྗོན་པའི་དབང་པོ་ལས། རིགས་མཐུན་དགར་ ནས་ མི་མཐུན་ ལས ། །སྡུད་ལ་ ནས་ སྒྲ་ཁོ་ན་འཇུག །ཅེས་གསུངས་པའི་ཕྱིར།
ཕྱི་རྒོལ། དེ་ལྟར་གསུངས་པ་ལྟར་འདོད་ལགས།
སྔ་རྒོལ། གསུངས་ན། ནས་ལས་གཉིས་ཆོས་ཅན། དགར་སྡུད་གཉིས་ལ་གཅིག་མཚུངས་ཀྱིས་མི་འཇུག་པར་ཐལ།
ཕྱི་རྒོལ། འདོད་ལགས། འདོད་ན། ཚར།
སྔ་རྒོལ། ནས་ལས་གཉིས་དགར་སྡུད་གཉིས་ལ་གཅིག་མཚུངས་ཀྱིས་མི་འཇུག་ན། དེ་ལྟར་མི་འཇུག་པའི་རྒྱུ་མཚན་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ནས་ལས་གཉིས་ཆོས་ཅན། དགར་སྡུད་གཉིས་ལ་གཅིག་མཚུངས་ཀྱིས་མི་འཇུག་པར་ཐལ། དེ་ལྟར་འཇུག་པ་བོད་ཀྱི་སྐད་ལ་མི་ཐོན་པའི་ཕྱིར།
སྔ་རྒོལ། དེ་ལྟར་ན། ནས་ལས་གཉིས་བོད་ཀྱི་སྐད་ལ། དགར་སྡུད་གཉིས་ལ་གཅིག་མཚུངས་ཀྱིས་འཇུག་པ་མི་ཐོན་པའི་མཚན་གཞི་ཞིག་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དགར་གཞི་དགར་ཆོས་རིགས་མཐུན་པར་དགར་བ་ལ་ནས་མ་གཏོགས་ལས་མི་ཐོབ་པའི་མཚན་གཞིར། ལྷ་རྣམས་ཀྱི་ནང་ལས་ནས་བརྒྱ་བྱིན་མཛེས་ལྟ་བུ་དང༌། དགར་གཞི་དགར་ཆོས་རིགས་མི་མཐུན་པར་ལས་མ་གཏོགས་ནས་མི་ཐོབ་པའི་མཚན་གཞིར། ལྷ་ནས་ལས་མི་དམན་ལྟ་བུ། དེ་བཞིན་སྡུད་པར་ནས་སྒྲ་མ་གཏོགས་ལས་སྒྲ་མི་འཇུག་པའི་མཚན་གཞིར། སྤྱི་གཙུག་ལས་ནས་རྐང་མཐིལ་གྱི་བར་ལྟ་བུ་སོགས་ཡིན་ལགས།
སློབ་ཚན་བརྒྱད་པ།
༡༽ དགར་བརྣན།
སྔ་རྒོལ། ནི་ནི་དགར་དང་བརྣན་པའི་སྒྲ། ། ཞེས་པའི་གཞུང་དོན་མ་གྲུབ་པའི་ཕྱིར།
ཕྱི་རྒོལ། གཞུང་དོན་མ་གྲུབ་པ་རྟགས་མ་གྲུབ།
སྔ་རྒོལ། གཞུང་དོན་མ་གྲུབ་པར་ཐལ། གཞུང་དེ་གང་ནས་ཡིན་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། གཞུང་དེ་ལེགས་བཤད་ལྗོན་དབང་ནས་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། དང་པོ་གཞུང་དེའི་གཞུང་དོན་ཡང་དག་ཅིག་འགྲེལ་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ནི་སྒྲ་ཞེས་པའི་ཕྲད་དེ། དགར་གཞི་ལས་ལོགས་སུ་དགར་བ་དང༌། ནན་ཏན་དུ་བརྣན་པའི་དོན་གཉིས་ལ་གཅིག་མཚུངས་ཀྱིས་འཇུག་ཅེས་པའི་དོན་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་ལ་འཇུག་པའི་མཚན་གཞི་རེ་རེ་ནས་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དང་པོ། དགར་གཞི་ལས་ལོགས་སུ་དགར་བའི་དོན་ལ་འཇུག་པའི་མཚན་གཞིར། སྔོན་འགྲོ་དང༌། དངོས་གཞི། མཇུག་གསུམ་ལས་དང་པོ་སྔོན་འགྲོ་ནི། ལྟ་བུ་དང༌། གཉིས་པ། ནན་ཏན་དུ་བརྣན་པའི་དོན་ལ་འཇུག་པའི་མཚན་གཞིར། ཇ་ནི་བྱུང༌། མར་ནི་བྱུང༌། ཚྭ་ནི་བྱུང༌། བུལ་ནི་བྱུང་ལྟ་བུ་ཡིན་ལགས།
༢༽ དང་སྒྲ།
སྔ་རྒོལ། དང་སྒྲ་དོན་ཅི་ལ་འཇུག་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དང་སྒྲ་དོན་ལྔ་ལ་འཇུག་པ་ཡིན་ལགས།
སྔ་རྒོལ། དང་སྒྲ་ཆོས་ཅན། དོན་ལྔ་ལ་འཇུག་པར་ཐལ།
ཕྱི་རྒོལ། འདོད་ལགས།
སྔ་རྒོལ། དང་སྒྲ་ཆོས་ཅན། དོན་ལྔ་ལ་མི་འཇུག་པར་ཐལ། རང་གི་འཇུག་ཡུལ་དུ་གྱུར་པའི་དོན་ལྔ་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། སྡུད་པ་དང༌། འབྱེད་པ། རྒྱུ་མཚན། ཚེ་སྐབས། གདམས་ངག་བཅས་རེ་རེ་ཆོས་ཅན།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་སོ་སོའི་འཇུག་ཚུལ་མཚན་གཞི་དང་སྦྲགས་ནས་གསལ་བོར་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། བསྡུ་གཞི་མཇུག་ཏུ་ཡོད་པའི་སྡུད་པའི་དོན་ལ་འཇུག་པའི་ཚེ་ན། མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་རྣམས་ནི་དབང་པོའོ་མཇུག་གི་བསྡུ་གཞི་དེ་དབང་པོ་ཞེས་པ་འདི་ཡིན།ལྟ་བུ་དང༌། དེ་བཞིན་དབྱེ་གཞི་ཐོག་མར་ཡོད་པའི་འབྱེད་པའི་དོན་ལ་འཇུག་པའི་ཚེ་ན། དབང་པོ་ཐོག་མའི་དབྱེ་གཞི་དེ་ཡང་དབང་པོ་ཞེས་པ་འདི་ཡིན།ལྔ་ནི་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། ལུས་སོ་ལྟ་བུ། རྒྱུ་མཚན་གྱི་དོན་ལ་འཇུག་པའི་ཚེ་ན། ཡི་གེ་བྲིས་པ་དང་དག་ཆར་མཁས་མིན་ཤེས་ལྟ་བུ། དུས་བརྗོད་པ་ཚེ་སྐབས་ཀྱི་དོན་ལ་འཇུག་པའི་ཚེ་ན། ཉི་མ་ཤར་བ་དང་ལས་དོན་གཉེར་དུ་འགྲོ་ལྟ་བུ། གདམས་ངག་འདོམས་པའི་དོན་ལ་འཇུག་པའི་ཚེ་ན། ཡི་གེ་བྲིས་དང༌། སུམ་རྟགས་སྦྱོངས་དང༌། དག་ཆར་སོམས་དང་ལྟ་བུ་བཅས་ཡིན་ལགས།
སློབ་ཚན་དགུ་པ།
༡༽ དེ་སྒྲ།
སྔ་རྒོལ། མིང་གི་ཐོག་མའི་དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང༌། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅེས་པའི་གཞུང་དོན་མ་གྲུབ་པའི་ཕྱིར།
ཕྱི་རྒོལ། གཞུང་དོན་མ་གྲུབ་པ་རྟགས་མ་གྲུབ།
སྔ་རྒོལ། གཞུང་དོན་མ་གྲུབ་པར་ཐལ། གཞུང་དེ་གང་ནས་ཡིན་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། གཞུང་དེ་ལེགས་བཤད་ལྗོན་དབང་ནས་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། གཞུང་དེའི་དོན་ཞིབ་ཏུ་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། མིང་གི་ཐོག་མར་ཡོད་པའི་དེ་སྒྲ་དེ་སྤྱིར་བཏང་བྱས་ན་དོན་གྱི་རྣམ་གྲངས་མང་པོར་འཇུག་པར་བཤད་ཀྱང༌། དེ་དག་ཀུན་ཚུར་བསྡུས་ནས་བཤད་ན་ཐ་སྙད་འདས་མ་ཐག་པ་དང༌། རྣམ་གྲངས་གཞན་ཅན་གཉིས་ལ་འཇུག་པ་ཡིན་ཞེས་པའི་དོན་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་གཉིས་ཀྱི་མཚན་གཞི་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། བརྗོད་ཚུལ་དེ་ཉིད་ལ་ཐད་ཀར་འཇུག་མི་ཞེས་པ་འདི་ནི་བརྗོད་ཚུལ་དེ་ཉིད་ལ་ཐད་ཀར་འཇུག་ཅེས་པའི་ཐད་ཀར་འཇུག་པའི་འཇུག་གཞི་དེ་ཡིན།པའི་དུས་འདས་པ་ལ་འཇུག་པའི་མཚན་གཞིར། མི་འདི་ནི་གཞོན་པའོ། །དེ་གཟུགས་རིང་ངོ༌། །དེ་ངོ་ཞེང་ཆེའོ། །དེ་སྐད་སྦོམ་མོ་ལྟ་བུ་དང༌། དངོས་སུ་མི་གསལ་ཡང་དེ་སྒྲའི་ཤུལ་དུ་རྣམ་གྲངས་གཞན་ཞིག་སྦྱོར་རྒྱུ་ཡོད་པའི་རྣམ་གྲངས་གཞན་ཅན་ལ་འཇུག་པའི་མཚན་གཞིར། དེ་ལྟོས་ཤིག དེ་མ་ཤོད་ཅིག དེ་ཁྱེར་ཤོག ལྟ་བུ་ཡིན་ལགས།
༢༽ བདག་སྒྲ།
སྔ་རྒོལ། བདག་སྒྲའི་གོ་དོན་དབྱངས་ཅན་གྲུབ་པའི་རྡོ་རྗེའི་བཞེད་པ་ལྟར་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དེ་སྔར་མིང་གི་ཆ་ཤས་སུ་མེད་པར་གསར་དུ་སྦྱར་ན་སྔར་གྱི་མིང་དོན་མི་སྟོན་པར། དེའི་བདག་པོ་འམ། དེར་སྡོད་མཁན་ལྟ་བུའི་དོན་གཞན་ཞིག་སྟོན་པ་དེ། བདག་སྒྲའི་གོ་དོན་ཡིན་ལགས།
སྔ་རྒོལ། དེ་ཆོས་ཅན། བདག་སྒྲའི་གོ་དོན་མ་ཡིན་པར་ཐལ། དེ་ལྟའི་བདག་སྒྲ་སྟོན་བྱེད་ཀྱི་སྒྲ་རྣམས་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕ
སོག་ནག་ཚང་ལེགས།
ཁྱེད་ཀྱིས་བོད་སྐད་ལ་གཅེས་པའི་སྒོ་ནས་འདི་དགོངས་འཆར་བྲིས་པ་ལ་ལེགས་གསོལ།
ངའི་ལག་པས་ལས་ཀ་བྱེད། ངའི་རྐང་པས་གོམ་པ་སྤོ་ཐུབ། ངའི་མིག་གིས་ལྟད་མོ་བལྟ་ཐུབ། ངའི་རྣ་མཆོག་གིས་སྒྲ་གོ་ལྟ་བུ། ཚིག་བརྗོད་འདི་དག་གི་བྱེད་པ་པོ་ང་ལ་ས་ཡིག་འབྲི་དགོས་པ་ལས་ཁྱེད་ཀྱིས་ས་ཡིག་གི་ཚབ་ཏུ་འི་ཡིག་བྲིས་པ་དེ་སྒྲ་གདངས་སུ་དེ་གཉིས་ཀྱི་འབོད་སྟངས་ལ་ཁྱད་པར་ཕྱེ་མ་ཐུབ་པའི་སྐྱོན་གྱིས་བྱུང་། ལེགས་སྦྱར་གྱི་སྒྲའི་འགྲོ་སྟངས་དང་བསྟུན་ཏེ། བོད་སྐད་བརྡ་སྤྲོད་དུ་ཡང་རྣམ་དབྱེ་བདུན་བཟོས། བྱེད་པ་པོ་དམིགས་སུ་བཀར་བའི་བྱ་བྱེད་ལས་གསུམ་ཚང་བའི་བརྗོད་པ་ཡིན་ན། ལེགས་སྦྱར་སྒྲའི་འགྲོ་སྟངས་བཞིན་བྱེད་ན། བྱེད་པ་པོ་ལ་རྣམ་དབྱེ་དང་པོ་ཐོབ་དགོས་ཀྱང་། བོད་ཀྱི་སྒྲ་བརྡ་སྤྲོད་དུ། བྱེད་པ་པོ་དང་། བྱེད་པ་གཉིས་ཀ་ལ་ས་ཡིག་ཐོབ་པས། དེ་གཉིས་ཀ་རྣམ་དབྱེ་གསུམ་པར་བཞག་སྟེ། བྱེད་པ་པོ་དེ་གཙོ་བོ་དང་། བྱེད་པ་དེ་ཕལ་པར་འཇོག་པར་མཐོང་ཡང་། ལེགས་སྦྱར་བརྡ་སྤྲོད་ལྟར་ན། བྱེད་པ་པོ་དེ་རྣམ་དབྱེ་དང་པོར་གཞག་པ་དང་། བྱེད་པ་དེ་རྣམ་དབྱེ་གསུམ་པར་གཞག་འདུག དཔེར་ན། སངས་རྒྱས་ཀྱི་མཐུས། ཤ་རིའི་བུས། འདི་སྐད་ཅེས་སྨྲས་སོ། ཤེས་སྙིང་གི་ལེགས་སྦྱར་དཔེ་ན། མཐུས། ཞེས་པར་རྣམ་དབྱེ་གསུམ་པ་དང་། ཤ་རི་བུས། ཞེས་པར་རྣམ་དབྱེ་དང་པོ་བཀོད་པ་དེས་ན་ཁྱེད་ཀྱི་བརྗོད་པ་དེ་དག་ལ་དྭགས་གཤམ་ཕྱོགས་པས་སྒྲ་འཐོན་པ་འདི་བཞིན་འབོད་དེ། ངས་ལག་པས་ལས་བྱེད། ངས་རྐང་པས་གོམ་པ་སྤོ། ངས་མིག་གིས་ལྟད་མོ་བལྟ། ངས་རྣ་མཆོག་གིས་སྒྲ་ཚོར།
རྣམ་དབྱེ་ངོས་འཛིན་པའི་སྐབས་སུ། ངོ་བོ་ཙམ་སྟོན་པ་དེ། ཡུལ་མེད་བྱ་ཚིག་གི་བྱེད་པ་པོ་ལ་འཇུག་ཀྱང་། ཡུལ་ཡོད་བྱ་ཚིག་གི་བྱེད་པ་པོ་ལ་མི་འཇུག་པར་མཐོང་། ས་རྗེས་འཇུག་དང་། འི་སྒྲ་གཉིས་ལ་མི་འདྲ་བའི་སྒྲ་གདངས་རྗེ་བཙུན་བསོད་ནམས་རྩེ་མོས་ལོ་བརྒྱ་ཕྲག་དུ་མའི་སྔོན་དུ་གསུངས་པ་བཞིན་ཁྱད་པར་ཕྱེ་ནས། ཀློག་པའམ་འདོན་དགོས་གསུངས་པ་དེ་ལ་རྩིས་ཏེ། སྒྲ་གདངས་གསལ་པོར་འཐོན་པ་ལ་སྦྱངས་ན། དེ་འདྲ་ནོར་འཁྲུལ་མི་འབྱུང་། སྔར་བོད་དུ། ལ་དྭགས་སྟོད་ནས་ཕེབས་པ་བསྟན་བཅོས་རྩོམ་ཐུབ་པ་མཁས་པས་་ཀྱང་། རང་གི་རྩ་བའི་བླ་མ་ལ་བཀའ་དྲིན་གསོལ་འདེབས་ན། ནོར་འཁྲུལ་ཡོད་པ་ཁོང་རང་ལ་དོ་སྣང་བྱུང་ངམ་མ་བྱུང་མ་ཤེས། དེ་ནི་ལྟར་ལགས། དཔལ་ལྡན་མའི་བཀའ་དྲིན། ཞེས་པར་དཔལ་ལྡན་བླ་མས་བཀའ་དྲིན། འི་ཡིག་དང་ས་རྗེས་འཇུག་འདོན་ཚུལ་གཅིག་པ་ལས་བྱུང་། ང་མཁས་ནས་ནོར་བ་དེ་མཐོང་བ་མ་ཡིན་གྱི། བྱིས་པ་ཡིན་ཀྱང་དེ་གཉིས་མི་འདྲ་བར་ཀློག་པ་ལས་དེ་ལྟར་མཐོང་བ་ལགས་སོ། །
སོག་ནག་ཚང་ལགས། ཁྱེད་ལ་ཆབ་ཚང་གིས་སུམ་རྟགས་གསལ་འདི་དང་། ཁྱེད་ཀྱིས། “་་་་་་་་་་་དགའ་བོ་ཡོད། ལྟ་བུ་སོགས་ཚིག་སྒྲུབ་རེ་རེའི་མཇུག་ཏུ་ཡོད་དང་། ཡིན། རེད། འདུག ཡང་ན་ཡོད་པ་རེད་ལྟ་བུ་སོགས་བྲིས་ཏེ་མི་ཚེ་སྐྱེལ་བཞིན་ཡོད། འདི་ནི་་་་་་་ བོད་ཀྱི་སྐད་ཡིག་གི་ཀློག་དེབ་རལ་བོ་དག་རེད། འདི་དག་ལ་གཟུངས་བཞུགས་མི་འདུག་ལ་བྱིན་རླབས་ཀྱང་མེད་པས། ངས་ནམ་ཡང་གོང་བཀུར་བྱེད་མི་ཐུབ།” གསུངས་པ་འདི་རང་གི་གང་ལ་རྨོངས་སྐད་བརྒྱབ་པ་མ་རེད་པེ། བོད་རིགས་སྤྱི་སྐད་ནང་ལ་སུམ་རྟགས་དང་གང་མཐུན་མཐུན་གྱིས་མདོ་དབུས་ཁམས་གསུམ་གྱི་ཁ་སྐད་ཀྱི་མཇུག་ཏུ། ་་་་་ཡིན་དང་མིན། ་་་་་་་་ཡོད་དང་མེད། ་་་་་་་་་རེད་དང་མ་རེད། ་་་་་་་འདུག་དང་མི་འདུག གིས་མཛེས་པར་བརྒྱན་ནས་ཆ་ལག་ཚང་བར་བཟོ་དགོས་པ་མིན་ནམ།
ཆོས་དང་མ་འབྲེལ་བའི་སྒྲ་རིག་པ་ཁོ་ན་དང་། མཚན་རིག་ཁོ་ན་ལ་རིགས་ལམ་སོགས་བེད་སྤྱད་ནས་གཟུངས་བཞུགས་དང་བྱིན་རླབས་མེད་པའི་ཐོག་ནས་སྦྱོང་ཐབས་ཅིག་ཀྱང་འཚོལ་བཞིན་པ་འདི་ཁྱེད་ཀྱིས་མ་འཚོར་བ་འདི་ཅིས་ལན་པ་ཡིན་ནམ།
བོད་ཀྱི་སྐད་ཡིག་ལ་བྱིས་པ་ཚོས་དོ་སྣང་དང་ཡར་རྒྱས་དགོས་ན་ཕ་མའི་སློབ་གསོ་གལ་ཆེ་ཤོས་རེད་སྙམ།
འདི་འགྲིག་གི་མི་འདུག་ལ། གན་འགྲིག་གི་མི་འདུག་ཟེར་ནས་སྡོད་པ་ལས་འདི་འདྲ་ཞིག་བསྒྲིག་དགོས་ཀྱི་འདུག དེ་འདྲ་ཞིག་བྱེད་དགོས་ཀྱི་འདུག་ཟེར་ནས་ལམ་སྟོན་དང་ཡང་ན་ཞིབ་འཇུག་གི་ཆེད་རྩོམ་འབྲི་བ་དང། རང་ཉིད་ཀྱི་སློབ་ཕྲུག་གི་སེམས་ཁམས་དང་འཚམ་པ། དུས་རབས་དང་མཐུན་པ། བོད་ཡིག་ཡར་རྒྱས་ལ་སྨན་པའི་སློབ་དེབ་ཅིག་རྩོམ་སྒྲིག་བྱས་ཏེ་ཤེས་རིག་ལས་ཁུངས་སུ་ཕུལ་དང་། བདག་པོ་མ་བརྒྱབ་ན་དེ་དུས་བཤད་ཤོད་དང་བཤད་རྒྱུ་ཞིག་ཡོད་པ་མ་རེད་དམ། དེ་མ་གཏོགས་ཁྱི་རྒྱགས་སྐར་མ་ཟུག་པ་ལྟར་ལས་འབྲས་བུ་ཞིག་ཁག
འདི་འགྲིག་གི་མི་འདུག་ལ། གན་འགྲིག་གི་མི་འདུག་ཟེར་ནས་སྡོད་པ་ལས་འདི་འདྲ་ཞིག་བསྒྲིག་དགོས་ཀྱི་འདུག དེ་འདྲ་ཞིག་བྱེད་དགོས་ཀྱི་འདུག་ཟེར་ནས་རྒྱུས་སྟོན་དང་ཡང་ན་ཞིབ་འཇུག་གི་ཆེད་རྩོམ་འབྲི་བ་དང། རང་ཉིད་ཀྱི་སློབ་ཕྲུག་གི་སེམས་ཁམས་དང་འཚམ་པ། དུས་རབས་དང་མཐུན་པ། བོད་ཡིག་ཡར་རྒྱས་ལ་སྨན་པའི་སློབ་དེབ་ཅིག་རྩོམ་སྒྲིག་བྱས་ཏེ་ཤེས་རིག་ལས་ཁུངས་སུ་ཕུལ་དང་། བདག་པོ་མ་བརྒྱབ་ན་དེ་དུས་བཤད་ཤོད་དང་བཤད་རྒྱུ་ཞིག་ཡོད་པ་མ་རེད་དམ། དེ་མ་གཏོགས་ཁྱི་རྒྱགས་སྐར་མ་ཟུག་པ་ལྟར་ལས་འབྲས་བུ་ཞིག་ཁག
འདི་འགྲིག་གི་མི་འདུག་ལ། གན་འགྲིག་གི་མི་འདུག་ཟེར་ནས་སྡོད་པ་ལས་འདི་འདྲ་ཞིག་བསྒྲིག་དགོས་ཀྱི་འདུག དེ་འདྲ་ཞིག་བྱེད་དགོས་ཀྱི་འདུག་ཟེར་ནས་རྒྱུས་སྟོན་དང་ཡང་ན་ཞིབ་འཇུག་གི་ཆེད་རྩོམ་འབྲི་བ་དང། རང་ཉིད་ཀྱིས་སློབ་ཕྲུག་གི་སེམས་ཁམས་དང་འཚམ་པ། དུས་རབས་དང་མཐུན་པ། བོད་ཡིག་ཡར་རྒྱས་ལ་སྨན་པའི་སློབ་དེབ་ཅིག་རྩོམ་སྒྲིག་བྱས་ཏེ་ཤེས་རིག་ལས་ཁུངས་སུ་ཕུལ་དང་། བདག་པོ་མ་བརྒྱབ་ན་དེ་དུས་བཤད་ཤོད་དང་བཤད་རྒྱུ་ཞིག་ཡོད་པ་མ་རེད་དམ། དེ་མ་གཏོགས་ཁྱི་རྒྱགས་སྐར་མ་ཟུག་པ་ལྟར་ལས་འབྲས་བུ་ཞིག་ཁག
སོག་ནག་ཚང་ལགས་ནས་ཐུགས་འཁུར་གནང་བར་རྒྱབ་སྐྱོར་ཡོད། འོན་ཀྱང་མི་བུ་རང་ཉིད་ཀྱིས་འགོ་མ་བརྩམ་པར་མི་ལ་སྐྱོན་བརྗོད་བྱས་པ་ཙམ་གྱིས་རང་ཉིད་ཀྱི་བསམ་པ་རྣམ་དག་ཡིན་ན་ཡང་མི་ལ་ལོས་བརྡ་བྱེད་སྤྱད་ལྟ་བུ་མ་བྱས་ན་ལེགས་སྙམ། རང་ཉིད་ཀྱིས་གང་ཐུབ་པ་དེ་རང་ཉིད་ཀྱིས་འགན་ལེན་རྒྱུ་དེ་གལ་ཆེན་པོ་ཡིན་པས་ཐོག་མར་རང་ཉིད་ཀྱིས་ཐབས་ཤེས་ཡོད་རྒུ་འདོན་རྒྱུ་གལ་ཆེན་པོ་རེད། ད་བར་སློབ་གྲྭ་ཁག་ནས་བོད་ཡིག་གི་ཐོག་ལ་དོ་སྣང་མེད་པའི་རྒྱུ་རྐྱེན་ཅི་ཡིན་གྱི་སྐོར་ལ་དཔྱད་བསྡུར་བྱེད་རྒྱུ་བྱུང་ན་སྙམ་ཡོད། དེ་མིན་སློབ་གྲྭ་པ་ཚོར་བོད་མི་རིགས་ཀྱི་ཞེན་ཁོག་ཡོང་ཐུབ་པ་ཞིག་བཟོ་མ་ཐུབ་ཀྱི་བར་དུ་བོད་ཡིག་ལ་དོ་སྣང་མི་ཡོང་བ་གསལ་བོ་རེད།
ཆབ་ཚང་འཇམ་དཔལ་ལགས། སྐུ་ཉིད་ནས་སྲོལ་རྒྱུན་ནང་བསྟན་ཚད་མ་རིགས་པའི་ཐབས་ལམ་དང་སྦྱར་ནས་གངས་ཅན་ལྗོངས་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་སུམ་ཅུ་བ་སྦྱོང་ཐབས་ཀྱི་རྟགས་གསལ་བཏང་བ་འདི་རིགས་ལམ་གྱི་སྒོ་འབྱེད་པའི་ཐབས་མཆོག་ཅིག་ཏུ་འཁུམས། འདི་འདྲ་རེ་མུ་མཐུད་སྤེལ་ཐུབ་ན་བཟང་གི། རྗེས་སུ་ཡི་རང་ཞུ།
ལ་དྭགས་བློ་བཟང་འཇམ་དཔལ་ལགས། ངའི་མིག་གིས་མཐོང་བ་དང་། ངའི་རྣ་བས་གོ་བ་སོགས་རང་གི་ཡན་ལག་གི་ཆ་ཤས་ཁག་ལ་ཨུ་ཚུགས་ཀྱིས་རྣམ་དབྱེ་གསུམ་པ་སྦྱོར་དགོས་དོན་མེད། ངའི་མིག་གིས་མཐོང་ཟེར་བ་དཔེར་ན། མིག་དེ་སུའི་མིག་རེད་དམ། བྱེད་པ་པོའི་མིག་གིས་མཐོང་ན་བྱེད་པ་པོ་དེ་ག་རང་གིས་མཐོང་པས་ཁྱབ་པ་འདི་ཤེས་ན་སྦྲུལ་མདུད་རང་ཞིག་དུ་འགྲོ་ངེས་ཡིན། ལ་དྭགས་བློ་བཟང་གིས་སྨྱུ་གུས་ཡི་གེ་བྲིས་ལྟ་བུ་མཚོན་ན་ཁྱེད་ཀྱི་བཤད་པ་ལྟར་བྱེད་སྒྲ་ཉིས་བརྩེགས་ངེས་པར་འབྲི་དགོས་པ་ལས་རང་གི་ཡན་ལག་དག་ལ་བྱེད་པ་གཅིག་བུ་ལ་བྱེད་སྒྲ་འབྲི་བ་ལས་བྱེད་པ་པོ་སྟོན་པའི་བྱེད་སྒྲ་དགོས་དོན་ཡེ་ནས་མེད།
ཀ་དར་ཏི་དྲིལ་ལགས། ངས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་དང་གངས་ཅན་པའི་ཁ་སྐད་ནང་དུ་། ཡོད་མེད། ཡིན་མིན། རེད་མ་རེད། འདུག་མི་འདུག་སོགས་དགོས་མཁོ་མི་འདུག་ཟེར་གི་མེད། ཁྱོས་སློབ་གྲྭ་ཁག་གི་བྱིས་པ་ཚོའི་འབྲི་དེབ་ནང་དང་དུས་དེབ་ཁག་གི་བྱིས་རྩོམ་དག་ལ་ཐེངས་གཅིག་ཞིབ་མོར་གཟིགས་དང་། ཚིག་སྒྲུབ་རེ་རེའི་མཇུག་ཏུ་ཡོད་དང་ཡིན་། རེད་དང་འདུག་སོགས་ཀྱིས་ཁེངས་ནས་བསྡད་ཡོད་པ་རེད། ཤུགས་རྐྱེན་འདི་དང་བག་ཆགས་ངན་པ་འདི་གང་ནས་འགོས་པ་རེད། དེ་བསྒྱུར་བཅོས་གཏོང་རན་རེད་ཟེར་གི་ཡོད།
ཆབ་ཚང་འཇམ་དཔལ་ལགས། སྐུ་ཉིད་ཀྱིས་དྲ་ཐོག་ནས་རིགས་ལམ་སྦྱད་དེ་སུམ་ཅུ་བ་སྦྱོང་ཐབས་འདི་དགེ་སློབ་གླེང་སྟེགས་སྟེང་བརྒྱུད་འགོད་བྱས་ཡོད།
དྲ་གྲོགས་སོག་ནག་ཚང་ལགས།
ཁྱེད་ཀྱིས་གུས་པའི་བོད་གནའ་རབས་ཀྱི་རིགས་ལམ་སྦྱོང་དང་སྦྱར་བའི་སུམ་ཅུ་པ་དེ་དགེ་སློབ་གླེང་སྟེགས་སྟེང་བརྒྱུད་འགོད་བྱས་པར་ཐུགས་རྗེ་ཆེ་ཞུ། རྩོམ་བྱང་ཞིག་ཀྱང་གསར་པ་ཞིག་བཏགས་འདུག
ཆབ་ཚང་འཇམ་དཔལ་ལགས་མུ་མཐུད་ནས་སུམ་རྟགས་ཆ་ཚང་ཞིག་རིགས་ལམ་ནས་ངོ་སྤྲོད་གནང་ཐུབ་ན་བཟང་གི འདི་དགེ་སློབ་མང་པོ་ཞིག་ལ་ཕན་ཐོགས་ཡོད་ས་རེད། རབ་བྱུང་ན་དགེ་སློབ་གླེང་སྟེགས་ནང་དུ་བསྐུར་ན་བཟང་། ང་ཚོས་རིག་གཞུང་གི་བྱ་བ་ཅུང་ཙམ་བསྒྲུབ་ཐུབ་ནའང་མི་རིགས་འདིའི་འཆི་གསོན་ལ་ཕན་ནི་རེད།
༅། །རིགས་ལམ་སྦྱོང་སྟངས་ཀྱི་རྨང་གཞིའི་འགྲོས་དང་སྦྱར་ནས་
རྟགས་འཇུག་སྦྱོང་ཐབས།
༄༅། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། ཞེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་བློན་པོ་ཐོན་མི་སམ་བྷོ་ཊའི་ལེགས་བཤད་ཡུལ་གངས་ཅན་གྱི་སྐད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཀུན་གྱི་ཕྱི་མོ་སུམ་རྟགས་གཉིས་ལས་རྟགས་ཀྱི་འཇུག་པའི་སྙིང་པོའི་དོན་འགངས་ཆེ་བ་རྣམས་བོད་གནའ་རབས་ནས་དར་བའི་རིགས་ལམ་སྦྱོང་སྟངས་ཀྱི་རྨང་གཞིའི་འགྲོས་དང་སྦྱར་ནས་སློབ་པ་ལ།
སློབ་ཚན་དང་པོ།
མིང་གཞིའི་རྟགས་ཀྱི་ངོ་བོ་དང་དབྱེ་བ་སོགས་ཀྱི་སྐོར།
སྔ་རྒོལ། རྟགས་ཀྱི་འཇུག་པ་ཞེས་བརྗོད་པའི་རྒྱུ་མཚན་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཡི་གེ་ཕོ་མོ་མ་ནིང་གི་རྟགས་ཀྱི་འཇུག་ཚུལ་རྒྱས་པར་སྟོན་པའི་ཆ་ནས་དེ་ལྟར་བརྗོད་པའི་ཕྱིར།
སྔ་རྒོལ། དེ་མ་ཡིན་པར་ཐལ། ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་ཚུལ་ལ་རྣམ་གྲངས་ཅི་ཡོད་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་ཚུལ་ལ་རྣམ་གྲངས་གཉིས་ཡོད་ལགས།
སྔ་རྒོལ། དེ་མེད་པར་ཐལ། དེ་གཉིས་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཨེ་ཨུ་ཨེ་ཨོ་སྟེ་དབྱངས་བཞི་པོ་རྣམས་མོའི་ཡི་གེ་དང༌། ཀ་ནས་ཨའི་བར་གྱི་གསལ་བྱེད་སུམ་ཅུ་པོ་རྣམས་ཕོའི་ཡི་གེ་ཡིན་ལགས།
སློབ་ཚན་གཉིས་པ།
བྱེ་བྲག་ཕོའི་ཡི་གེ་འབའ་ཞིག་གི་རྟགས་ཀྱི་དབྱེ་བའི་སྐོར།
སྔ་རྒོལ། བྱེ་བྲག་ཕོ་ཡི་ཡི་གེ་འབའ་ཞིག་ལ་ནང་གསེས་སྡེ་ཚན་ཇི་ཡོད་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཕོ་ཡི་ཡི་གེ་འབའ་ཞིག་ལ་ནང་གསེས་སྡེ་ཚན་ལྔ་ཡོད་ལགས།
སྔ་རྒོལ། དེ་མེད་པར་ཐལ། དེ་ལྔ་པོ་དག་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཕོ་དང༌། མ་ནིང་དང༌། མོ་དང༌། ཤིན་ཏུ་མོ་དང༌། མོ་གཤམ་སྟེ་ལྔ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། སྡེ་ཚན་དེ་དག་སོ་སོའི་ཁོངས་གཏོགས་ཀྱི་ཡི་གེ་རྣམས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ།
༡ ཀ་དང༌། ཅ་དང༌། ཏ་དང༌། པ་དང༌། ཙ་ཀ་ཅ་ཏ་པ་ཙ།བཅས་ལྔ་པོ་རྣམས་ཕོ་ཡིག་དང༌། ༢ ཁ་དང༌། ཆ་དང༌། ཐ་དང༌། ཕ་དང༌། ཚ་ཁ་ཆ་ཐ་ཕ་ཚ།བཅས་ལྔ་ནི་མ་ནིང་དང༌། ༣ ག་དང༌། ཇ་དང༌། ད་དང༌། བ་དང༌། ཛ་དང༌། ཝ་དང༌། ཞ་དང༌། ཟ་དང༌། འ་དང༌། ཡ་དང༌། ཤ་དང༌། ས་ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས།བཅས་བཅུ་གཉིས་པོ་འདི་རྣམས་མོ་ཡིག་དང༌། ༤ ང་དང༌། ཉ་དང༌། ན་དང༌། མ་ང་ཉ་ན་མ།བཅས་བཞི་ནི་ཤིན་ཏུ་མོ་དང༌། ༥ ར་དང༌། ལ་དང༌། ཧ་དང༌། ཨ་ར་ལ་ཧ་ཨ།དང་བཅས་བཞི་ནི་མོ་གཤམ་གྱི་ཡི་གེའི་ཁོངས་གཏོགས་ཡིན་ལགས།
྄སྔ་རྒོལ། དེ་ལྟར་དབྱེ་བ་མི་འཐད་པར་ཐལ། ཨ་ཡིག་དེ་ཉིད་མོ་གཤམ་གྱི་ཡི་གེ་མ་ཡིན་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་མཚན་མེད་ཀྱི་ཡི་གེ་ཡིན་པའི་ཕྱིར།
ཕྱི་རྒོལ། ཁྱབ་པ་མ་བྱུང་སྟེ། ཨ་ཡིག་དེ་ཉིད་མོ་གཤམ་གྱི་ཡི་གེ་དང་མཚན་མེད་ཀྱི་ཡི་གེ་གཉི་གའི་གཞི་མཐུན་ཡིན་པའི་ཕྱིར།
སྔ་རྒོལ། འོ་ན། རྒྱུ་མཚན་ཅིའི་ཕྱིར་མིང་གཞིའི་ཡི་གེ་རྣམས་ཕོ་ལ་སོགས་པའི་སྡེ་ཚན་མི་འདྲ་བ་ལྔར་དབྱེ་བ་ཡིན་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། མིང་གཞིའི་ཡི་གེ་དེ་རྣམས་སོ་སོར་ངག་ནས་བརྗོད་པའི་ཚེ་སོ་སོའི་སྐྱེ་གནས་མགྲིན་སོགས་ལ་བྱེད་རྩོལ་ཤུགས་ཆེ་ཆུང་དབང་གིས་ཤུགས་ཆེ་བ་རྣམས་ཕོ་ཡིག་དང༌། རན་པ་རྣམས་མ་ནིང་དང༌། ཅུང་ཟད་ཆུང་བའམ་ལྷོད་པ་རྣམས་མོ་དང༌། དེ་ལས་ཀྱང་ཆུང་བའམ་ལྷོད་པ་རྣམས་ཤིན་ཏུ་མོ་དང༌། ཤིན་ཏུ་རྩོལ་བ་ལྷོད་ཅིང་ཞན་པ་རྣམས་མོ་གཤམ་དུ་བཞག་མོད། ར་ལ་ཧ་གསུམ་ལ་ལྟོས་པའི་དེ་ལས་ཀྱང་རྩོལ་བ་ཞན་པའི་ཕྱིར་ཨ་ཡིག་དེ་ཉིད་མཚན་མེད་ཀྱི་སྡེ་ཚན་དུ་དབྱེ་བ་ཡིན་ལགས།
སློབ་ཚན་གསུམ་པ།
སྔོན་འཇུག་གི་རྟགས་ཀྱི་དབྱེ་བ་སོགས་ཀྱི་སྐོར།
སྔ་རྒོལ། སྔོན་འཇུག་ལ་ནང་གསེས་རྟགས་ཀྱི་དབྱེ་བ་ཅི་ཡོད་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། སྔོན་འཇུག་ལ་ནང་གསེས་རྟགས་ཀྱི་དབྱེ་བ་བཞི་ཡོད་ལགས།
སྔ་རྒོལ། དེ་མེད་པར་ཐལ། བཞི་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། བ་ཡིག་ཕོ་དང༌། ག་ད་གཉིས་མ་ནིང་དང༌། འ་མོ་དང༌། མ་ཤིན་ཏུ་མོ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། གོང་གསལ་གྱི་སྔོན་འཇུག་གི་ཡི་གེ་དེ་རྣམས་མིང་གཞིའི་ཡི་གེ་གང་ལ་སྔོན་འཇུག་གང་གིས་འཇུག་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། སྔོན་འཇུག་གི་ཕོ་ བ་ ནི། ཀ་ཅ་ཏ་ཙ་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་ བཅས་བཅུ་དྲུག་དང༌། སྔོན་འཇུག་གི་མ་ནིང་ ག་ ནི། ཅ་ཏ་ཙ་ཉ་ད་ན་ཞ་ཟ་ཡ་ཤ་ས་ བཅས་བཅུ་གཅིག་དང༌། སྔོན་འཇུག་གི་མ་ནིང་ ད་ ནི། ཀ་པ་ག་བ་ང་མ་ བཅས་དྲུག་དང༌། སྔོན་འཇུག་གི་མོ་ འ་ ནི། ག་ཇ་ད་བ་ཛ་ཁ་ཆ་ཐ་ཕ་ཚ་ བཅས་བཅུ་པོ་དང༌། སྔོན་འཇུག་གི་ཤིན་ཏུ་མོ་ མ་ ནི། ཁ་ཆ་ཐ་ཚ་ག་ཇ་ད་ཛ་ང་ཉ་ན་ ་ན་བཅས་བཅུ་གཅིག་ལ་འཇུག་པ་ཡིན་ལགས།
སློབ་ཚན་བཞི་པ།
སྔོན་འཇུག་རྣམས་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་དང་རྩོལ་བ་ཇི་ལྟ་བུས་འཇུག་ཚུལ་གྱི་སྐོར།
སྔ་རྒོལ། སྔོན་འཇུག་དེ་དག་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་དང་རྩོལ་བའི་སྒོ་ནས་ཇི་ལྟར་འཇུག་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། སྔོན་འཇུག་གི་ཕོ་ བ་ ནི། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་སྟེ་སྐད་གདངས་ཆེ་བ་དང༌། རྩོལ་བ་སྟེ་དབུགས་ལ་སོགས་པའི་རྩོལ་བ་ཤིན་ཏུ་ཆེ་བས་སྒྲ་དང་རྩོལ་བ་དྲག་པར་འཇུག་པ་དང༌། མ་ནིང་ ག་ད་ གཉིས་ནི། སྒྲ་དང་རྩོལ་བ་ཆ་སྙོམས་རན་པ་སྟེ་འཚམས་པར་འཇུག་པ་དང༌། མོ་ འ་ ནི། སྒྲ་དང་རྩོལ་བ་ཞན་པ་སྟེ་ཆུང་བའི་ཚུལ་གྱིས་འཇུག་པ་དང༌། ཤིན་ཏུ་མོ་ མ་ ནི། སྒྲ་དང་རྩོལ་བ་མོ་ལས་ཀྱང་ཤིན་ཏུ་ཞན་པའི་མཉམ་པ་སྟེ་ཉམ་ཆུང་བའི་ཚུལ་གྱིས་འཇུག་པ་ཡིན་ལགས།
སློབ་ཚན་ལྔ་པ།
སྔོན་འཇུག་རྣམས་མིང་གཞིའི་ཡི་གེ་རྣམས་ལ་དགོས་པ་ཅིའི་ཕྱིར་འཇུག་པའི་སྐོར།སྔ་རྒོལ།
སྔོན་འཇུག་ལྔ་པོ་དེ་རྣམས་རང་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ལ་དགོས་པ་ཅི་ཕྱིར་འཇུག་པར་བྱེད་པ་ལ། ཐོག་མར་ཤེས་དགོས་པའི་དོན་གནད་གང་དང་གང་ཡོད་ཞིབ་ཏུ་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། བདག་གཞན་དུས་གསུམ་གྱི་དབྱེ་བ་འཇུག་ས་དང་མི་འཇུག་སའི་གཞི་དང༌། བདག་དང༌། གཞན་དང༌། བྱེད་པོ་དང་འབྲེལ་བའི་བྱེད་ལས་དང༌། བྱ་བའི་ཡུལ་དང་འབྲེལ་བའི་བྱ་ལས། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མ་འབྲེལ་གྱི་བྱ་བའི་སྟེང་གི་དུས་གསུམ་སོགས་ཐོག་མར་ཤེས་དགོས་པ་མང་དུ་ཡོད་ལགས།
སྔ་རྒོལ། དེ་མེད་པར་ཐལ། དང་པོ་བདག་གཞན་དང༌། དུས་གསུམ་སོགས་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དེ་ལ་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས་བྱེད་པ་པོ་གང་ཟག་དང༌། དེའི་བྱེད་པ་ཤིང་གཅོད་པ་ལྟ་བུར་མཚོན་ན་སྟ་རེ་ཡིན་སྟབས་དེ་གཉིས་ནི། དངོས་པོ་བདག་དང༌། དེས་བསྒྲུབ་པར་བྱ་བའི་ཡུལ་གྱི་དངོས་པོ་དང་བྱ་བ་གཉིས་པོ་ནི། གཞན་ཡིན། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་མིན་ཇི་ལྟར་ཡང་བྱ་བ་བྱས་ཟིན་ནི། འདས་པ་དང༌། བྱ་བ་བྱེད་འགྱུར་ནི། མ་འོངས་པ། བྱ་བ་བྱེད་བཞིན་པ་ནི། ད་ལྟ་བ་བཅས་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། བདག་གཞན་དུས་གསུམ་གྱི་དབྱེ་བ་འཇུག་ས་དང་མི་འཇུག་སའི་ས་མཚམས་དེ་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ལས་སམ་བྱ་བའི་ཡུལ་དང་བྱེད་པ་པོ་གཉིས་ཐ་དད་དུ་ཡོད་ན་བདག་གཞན་གྱི་དབྱེ་བ་འཇུག་པ་དང༌། ལས་སམ་བྱ་བའི་ཡུལ་དང་བྱེད་པ་པོ་གཉིས་ཐ་དད་དུ་མེད་ན། བདག་གཞན་གྱི་དབྱེ་བ་མི་འཇུག དེ་གཉིས་ཐ་དད་དུ་ཡོད་མེད་ལ་མ་ལྟོས་པར་བྱ་བ་བྱེད་པའི་དོན་ཅན་ཞིག་ཡིན་ན། དུས་གསུམ་གྱི་དབྱེ་བ་འཇུག་པ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། བདག་གཞན་དང༌། དུས་གསུམ་དབྱེ་བའི་སྐབས་སུ་དེ་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་པ་མ་ཡིན་མེད་པ་མ་ཡིན་པའི་ཕྱིར།
ཕྱི་རྒོལ། དེ་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་པ་རྟགས་མ་གྲུབ།
སྔ་རྒོལ། དེ་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་པར་ཐལ། བདག་གཞན་གྱི་དབྱེ་བ་དུས་གསུམ་གྱི་དབྱེ་བ་ལས་ཁྱབ་ཆུང་བ་དང༌། དུས་གསུམ་གྱི་དབྱེ་བ་བདག་གཞན་གྱི་དབྱེ་བ་ལས་ཁྱབ་ཆེ་བ་ཡིན་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ།
སྔ་རྒོལ། འཁོར་གསུམ། དེ་ཡིན་པར་ཐལ། དེ་ལྟར་ཡིན་པ་དེ་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེའི་དགོངས་པ་ཡིན་པའི་ཕྱིར།
ཕྱི་རྒོལ། དགོངས་པ་ཡིན་པ་རྟགས་མ་གྲུབ།
སྔ་རྒོལ། དེ་ཡིན་པར་ཐལ། དེ་ཉིད་ཀྱིས་མཛད་པའི་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ལས། དེ་ཕྱིར་དུས་གསུམ་དབྱེ་བས་ནི། །བྱེད་ལས་དང་འབྲེལ་ངག་གི་ནི། །སྦྱོར་བ་ཀུན་ལ་ཁྱབ་པ་ཡིན། །བདག་གཞན་དབྱེ་བས་དེ་ཙམ་དུ། །ཁྱབ་པ་མིན། ཞེས་གསུངས་པའི་ཕྱིར།
ཕྱི་རྒོལ། དེ་ལྟར་གསུངས་པ་འདོད་ལགས།
སྔ་རྒོལ། འོ་ན། དེ་གཉིས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་པར་ཐལ།
ཕྱི་རྒོལ། འདོད་ལགས།
སྔ་རྒོལ། འདོད་ན། རྩ་བའི་དམ་བཅའ་ནས་ཚར།
སློབ་ཚན་དྲུག་པ།
སྔ་རྒོལ། བྱེད་འབྲེལ་ལས་ཚིག་དང༌། བྱེད་མེད་ལས་ཚིག་གཉིས་ལ་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གི་སྒོ་ནས་ཁྱད་པར་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དེ་གཉིས་ལ་མུ་བཞི་ཡོད་ལགས།
སྔ་རྒོལ། འཁོར་གསུམ། དེ་གཉིས་ལ་མུ་བཞི་མེད་པར་ཐལ། བྱེད་འབྲེལ་ལས་ཚིག་དང༌། བྱེད་མེད་ལས་ཚིག་གཉི་ག་ཡིན་པའི་མུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་འདོད་ལགས།
སྔ་རྒོལ། མེད་ན། ཚར། འོ་ན། བྱེད་འབྲེལ་ལས་ཚིག་དང༌། བྱེད་མེད་ལས་ཚིག་གཉིས་ལ་མུ་གསུམ་མུ་བཞི་འགལ་བ་དོན་གཅིག་གི་སྒོ་ནས་ཁྱད་པར་མེད་པར་ཐལ།
ཕྱི་རྒོལ། ཅིའི་ཕྱིར། མུ་གསུམ་ཡོད་ལགས།
སྔ་རྒོལ། མུ་གསུམ་མེད་པར་ཐལ། མུ་གསུམ་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། བྱེད་འབྲེལ་ལས་ཚིག་ཡིན་ལ། བྱེད་མེད་ལས་ཚིག་མ་ཡིན་པའི་མུ་དང༌། བྱེད་མེད་ལས་ཚིག་ཡིན་ལ། བྱེད་འབྲེལ་ལས་ཚིག་མ་ཡིན་པའི་མུ། གཉི་ག་མ་ཡིན་པའི་མུ་བཅས་གསུམ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། མུ་གསུམ་པོའི་མཚན་གཞི་རེ་རེ་ནས་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། བྱཻད་འབྲེལ་ལས་ཚིག་ཡིན་ལ། བྱེད་མེད་ལས་ཚིག་མ་ཡིན་པའི་མུ་ནི། ཤིང་གཅོད་ལྟ་བུ་དང༌། བྱེད་མེད་ལས་ཚིག་ཡིན་ལ། བྱེད་འབྲེལ་ལས་ཚིག་མ་ཡིན་པའི་མུ་ནི། ཤར་ཕྱོགས་སུ་འགྲོ་ལྟ་བུ། གཉི་ག་མ་ཡིན་པའི་མུ་ནི། ཤིང་ལྟ་བུ་ཡིན་ལགས།
སྔ་རྒོལ། འཁོར་གསུམ། འོ་ན། ཁྱེད་རང་ལྟར་ན། འགལ་བ་ཡིན་ན། ཁྱོད་ལ་མུ་གསུམ་ཡོད་པས་ཁྱབ་པར་ཐལ།
ཕྱི་རྒོལ། ཅིའི་ཕྱིར།
སྔ་རྒོལ། ཁྱབ་པར་ཐལ། འགལ་བ་ཡིན་ན་མུ་དང་པོ་གཉིས་ཡོད་པ་རྟོགས་སླ་ཞིང༌། ཁྱེད་ལྟར་ན་མུ་གསུམ་པའང་ཡོད་པས་ཁྱབ་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ།
སྔ་རྒོལ། དེ་ཁྱབ་པར་ཐལ། ཁྱེད་ཀྱིས་གོང་གི་མུ་གསུམ་བརྩི་ཚུལ་དེ་འཐད་པའི་ཕྱིར།
ཕྱི་རྒོལ། འཐད་པ་རྟགས་མ་གྲུབ།
སྔ་རྒོལ། མི་འཐད་ན། ཚར། འོ་ན། བྱེད་འབྲེལ་ལས་ཚིག་དང༌། བྱེད་མེད་ལས་ཚིག་གཉིས་ལ་མུ་གསུམ་མེད་པར་ཐལ།
ཕྱི་རྒོལ། འདོད་ལགས།
སྔ་རྒོལ། འོ་ན། དེ་གཉིས་འགལ་བ་མ་ཡིན། དོན་གཅིག་མ་ཡིན་པའི་ཕྱིར།
ཕྱི་རྒོལ། དོན་གཅིག་མ་ཡིན་པ་རྟགས་མ་གྲུབ།
སྔ་རྒོལ། འཁོར་གསུམ། དེ་ལྟར་ན། བྱེད་འབྲེལ་ལས་ཚིག་ཡིན་ན། བྱེད་མེད་ལས་ཚིག་ཡིན་པས་ཁྱབ་པ་སོགས་དེ་གཉིས་ལ་ཁྱབ་པ་སྒོ་བརྒྱད་པོ་ཡོད་པར་ཐལ།
ཕྱི་རྒོལ། ཅིའི་ཕྱིར།
སྔ་རྒོལ། ཡོད་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར།
ཕྱི་རྒོལ། ཁྱབ་པ་མ་བྱུང༌།
སྔ་རྒོལ། འཁོར་གསུམ། དེར་ཁྱབ་པ་ཡོད་པར་ཐལ། དོན་གཅིག་གི་ཚད་དེ། དེ་ཡིན་པའི་ཕྱིར།
ཕྱི་རྒོལ། དེ་ལྟར་ཡིན་པ་འདོད་ལགས།
སྔ་རྒོལ། འོ་ན། དེ་གཉིས་དོན་གཅིག་མ་ཡིན་པར་ཐལ།
ཕྱི་རྒོལ། འདོད་ལགས།
སྔ་རྒོལ། འདོད་ན། ཚར། འོ་ན། དེ་གཉིས་འགལ་བ་ཡིན་པར་ཐལ།
ཕྱི་རྒོལ། ཅིའི་ཕྱིར།
སྔ་རྒོལ། དེ་ཡིན་པར་ཐལ། དེ་གཉིས་ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཆོས་ཡིན་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ།
སྔ་རྒོལ། འཁོར་གསུམ། དེ་ཡིན་པར་ཐལ། དེ་གཉིས་ཐ་དད་ཡིན་པ་རྟོགས་སླ་ཞིང༌། བྱེད་འབྲེལ་ལས་ཚིག་ཡིན་ན། བྱ་བ་དེའི་བྱེད་པ་པོ་དང་བྱ་བ་དེའི་བསྒྲུབ་བྱའི་གཞི་གཉིས་སོ་སོ་ནས་ཡོད་པས་ཁྱབ་པ་གང་ཞིག བྱེད་མེད་ལས་ཚིག་ཡིན་ན། བྱ་བ་དེའི་བྱེད་པ་པོ་དང་བྱ་བ་དེའི་བསྒྲུབ་བྱའི་གཞི་གཉིས་སོ་སོ་ནས་མེད་དགོས་པའི་ཕྱིར་རོ།།
སྔ་རྒོལ། དེ་མ་ཡིན་པར་ཐལ། དང་པོ་སྔོན་འཇུག་གི་ཕོ་དང་མ་ནིང་གཉིས་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་རྣམས་ལ་དགོས་པ་དང་དོན་ཅི་ཞིག་གི་ཕྱིར་འཇུག་པ་ཡིན་རེ་རེ་ནས་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ༡ གོང་དུ་བཤད་མ་ཐག་པའི་སྔོན་འཇུག་གི་ཕོ་བ་ནི། བསྒྲུབས་སོ་ལྟ་བུ་དུས་འདས་པ་དང༌། བསྒྲུབ་བྱ། བསྒྲུབ་བྱའི་ལྷ་ལྟ་བུ་དངོས་པོ་གཞན་གཉིས་སྟོན་པའི་ཕྱིར་དུ་འཇུག་པ་དང༌། ༢ སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི། ཤིང་གཅོད་པ་པོ་དང༌། གཅོད་པར་བྱེད་ལྟ་བུ་དང༌། སྣལ་མ་དཀྲི་བ་པོ་དང་དཀྲི་བར་བྱེད་སྣལ་མ་ནི། ཐགས་འཐག་བྱེད་ཀྱི་སྐུད་པའི་མིང༌།ལྟ་བུ་དངོས་པོ་བདག་གསལ་བྱེད་དང༌། གཅད་བྱའི་ཤིང་དང་གཅད་པར་བྱ་ལྟ་བུ་དང༌། དཀྲི་བྱའི་སྣལ་མ། དཀྲི་བར་བྱ་ལྟ་བུ་དངོས་པོ་གཞན་དོན་དང༌། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་བྱ་བ་བྱེད་བཞིན་པ་གཅོད་བཞིན་པ་དང་དཀྲི་བཞིན་པ་ལྟ་བུ་ད་ལྟ་བ་བཅས་ལ་འཇུག་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། སྔོན་འཇུག་གི་མོ་དང་ཤིན་ཏུ་མོ་གཉིས་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་རྣམས་ལ་དགོས་པ་དང་རྒྱུ་མཚན་ཅི་ཞིག་གི་ཕྱིར་འཇུག་པ་ཡིན་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ༡ སྔོན་འཇུག་གི་མོ་འ་ནི། ཆོས་འཆད་པ་པོ་དང༌། འཆད་པར་བྱེད་ལྟ་བུ་དངོས་པོ་བདག་དངོས་དང༌། འགྲོ་བ་པོ་དང༌། འགྲོ་བར་བྱེད་ལྟ་བུ་ངོ་བོ་ཐ་མི་དད་པར་སྣང་བའི་བདག་དོན་ཕལ་བ་དང༌། ཆུ་འཁྱིལ་ལོ། འཁྱྀལ་བཞིན་པ་ལྟ་བུ་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ་ལ་འཇུག་པའི་ཕྱིར་དང༌། ཆུ་འཁྱྀལ་བར་འགྱུར་ལྟ་བུ་བྱ་བྱེད་ཐ་མི་དད་དུ་སྣང་བའི་དུས་མ་འོངས་པ་བསྒྲུབ་པའི་ཕྱིར་དང༌། ༢ སྔོན་འཇུག་གི་ཤིན་ཏུ་མོ་མ་ནི། མཁྱེན་པ་པོ་དང༌། མཁས་པར་བྱེད་ལྟ་བུ་དངོས་པོ་བདག་དང༌། མཁས་བྱ་དང༌། མཆོད་བྱ། མཆོད་པར་བྱ་ལྟ་བུ་དངོས་པོ་གཞན་དང༌། མཁྱེན་ཏོ། མཁས་པར་བྱས་ལྟ་བུ་དུས་འདས་པ་དང༌། མཁྱེན་བཞིན་པ་དང༌། མཇལ་བཞིན་པ་ལྟ་བུ་དུས་ད་ལྟ་བ་དང༌། མཁས་པར་འགྱུར། མཛའ་བར་འགྱུར་ལྟ་བུ་དུས་མ་འོངས་པ་བཅས་ཀུན་ལ་མཉམ་པར་འཇུག་པ་བཅས་དགོས་པ་དང་རྒྱུ་མཚན་དེ་དག་གི་ཕྱིར་འཇུག་པ་ཡིན་ལགས།
སློབ་ཚན་བདུན་པ།
རྗེས་འཇུག་གི་རྟགས་ཀྱི་དབྱེ་བའི་སྐོར།
སྔ་རྒོལ། རྗེས་འཇུག་ཡི་གེ་བཅུ་པོ་ཡི། །ག་ད་བ་ས་བཞི་རྣམས་ཕོ། །ང་མ་འ་གསུམ་མོ་ཡིན་ཅིང༌། །ན་ར་ལ་གསུམ་མ་ནིང་སྟེ། །མིང་གཞིའི་ཡི་གེ་ཀུན་ལ་འཇུག ། ཅེས་པའི་གཞུང་དོན་མ་གྲུབ་པའི་ཕྱིར།
ཕྱི་རྒོལ། གཞུང་དོན་མ་གྲུབ་པ་རྟགས་མ་གྲུབ།
སྔ་རྒོལ། གཞུང་དོན་མ་གྲུབ་པར་ཐལ། དང་པོ་གཞུང་དེ་གང་ནས་ཡིན་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། གཞུང་དེ་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ལས་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། དང་པོ་གཞུང་དེའི་ཐད་ཀའི་ས་བཅད་དེ་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། རྗེས་འཇུག་གི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ་བཤད་པ་ ཞེས་པ་དེ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། གཞུང་དེའི་ཚིག་ཕྱི་མ་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ཇི་ལྟར་འཇུག་ཚུལ་གཉིས་ཡིན་ཏེ། །ཞེས་པ་དེ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། རྗེས་འཇུག་ཡི་གེ་བཅུ་པོ་ཡི། །ཞེས་སོགས་ཀྱི་གཞུང་གི་དོན་འགྲེལ་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། རྗེས་འཇུག་ལ་ཡི་གེ་བཅུ་ཡོད་པའི་ནང་ནས་ག་ད་བ་ས་རྣམས་རྗེས་འཇུག་ཕོའི་སྡེ་ཚན་དང༌། དེ་བཞིན་ང་མ་འ་གསུམ་རྗེས་འཇུག་མོའི་སྡེ་ཚན་དང༌། ན་ར་ལ་གསུམ་རྗེས་འཇུག་མ་ནིང་གི་སྡེ་ཚན་ཏེ། གོང་གསལ་གྱི་ཕོ་མོ་མ་ནིང་གི་སྡེ་ཚན་གསུམ་དུ་གཏོགས་པའི་རྗེས་འཇུག་གི་ཡི་གེ་དེ་དག་དོན་དམིགས་བསལ་སྟོན་རྒྱུ་ཡོད་མེད་ལ་མ་ལྟོས་པར་མིང་གཞིའི་ཡི་གེ་ཡོད་ཚད་ཀྱི་རྗེས་སུ་ཁྱད་མེད་དུ་འཇུག་པ་ཡིན་ཞེས་པའི་དོན་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། རྗེས་འཇུག་གི་ཡི་གེ་དེ་དག་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་རྣམས་ཀྱི་རྗེས་སུ་འཇུག་ཚུལ་ལ་སྒྲ་ཡི་སྒོ་ནས་འཇུག་པ་དང༌། དོན་གྱི་སྒོ་ནས་འཇུག་པ་གཉིས་མེད་པའི་ཕྱིར།
ཕྱི་རྒོལ། སྒྲ་ཡི་འཇུག་ཚུལ་དང༌། དོན་གྱི་འཇུག་ཚུལ་གཉིས་མེད་པ་རྟགས་མ་གྲུབ།
སྔ་རྒོལ། དེ་མེད་པར་ཐལ། དང་པོ་རྗེས་འཇུག་གི་ཡི་གེ་དེ་དག་རང་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེ་རྣམས་ཀྱི་རྗེས་སུ་སྒྲ་ཡི་སྒོ་ནས་འཇུག་ཚུལ་དེ་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། རྗེས་འཇུག་ཕོའི་ཡི་གེ་ག་ད་བ་ས།རྣམས་མིང་གཞིའི་ཡི་གེ་གང་ལ་ཞུགས་ཀྱང་བརྗོད་པའི་སྒྲ་གདངས་དྲག་པར་འཇུག་པ་དང༌། རྗེས་འཇུག་མོའི་ཡི་གེ་ང་མ་འ།རྣམས་སྒྲ་གདངས་ཞན་པར་འཇུག་པ་དང༌། རྗེས་འཇུག་མ་ནིང་གི་ཡི་གེ་ན་ར་ལ།རྣམས་སྒྲ་གདངས་རན་པར་འཇུག་པ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། རྗེས་འཇུག་གི་སྒྲའི་འཇུག་ཚུལ་ལ་དྲག་ཞན་བར་མ་སོ་སོར་ཡང་ནང་གསེས་སྒྲ་དང་རྩོལ་བ་དྲག་ཞན་གྱི་སྒོ་ནས་དབྱེ་བ་དུ་མ་ཡོད་པའི་དབང་གིས་རྗེས་འཇུག་གི་རྟགས་ཕོ་མོ་མ་ནིང་གསུམ་ལའང་ནང་གསེས་དབྱེ་བ་ཅི་ཡོད་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ནང་གསེས་དབྱེ་བ་བརྒྱད་ཡོད་ལགས།
སྔ་རྒོལ། ནང་གསེས་དབྱེ་བ་བརྒྱད་མེད་པར་ཐལ། དང་པོ་རྗེས་འཇུག་གི་ཕོ་ཡིག་གི་ནང་གསེས་དབྱེ་ཚུལ་རྣམས་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། རྗེས་འཇུག་གི་ཕོ་ག་ཡིག་ལ་ཡང་འཇུག་ས་ཞུགས་ན་མདོ་བཀླགས་ལྟ་བུ།སྒྲ་དྲག་པའི་དྲག་པར་འགྱུར་བས་སྐྱེས་བུ་རབ་དང༌། རྗེས་འཇུག་གི་ཕོ་བ་ཡིག་ལ་ཡང་འཇུག་ས་ཞུགས་ན་བསྒྲུབས་ལྟ་བུ།སྒྲ་དྲག་པའི་འབྲིང་དུ་འགྱུར་བས་སྐྱེས་བུ་འབྲིང་དང༌། རྗེས་འཇུག་གི་ག་བ་ཡང་འཇུག་མེད་པ་མཆོག་དང༌། རབ་ལྟ་བུ།དང༌། ད་དང་སའི་མཐའ་སྟེ་ད་དང་སའི་རྗེས་འཇུག་དང་ཡང་འཇུག་བསྟོད་དང༌། བཞེས། གྱུར། གངས་ལྟ་བུ།རྣམས་སྒྲ་དྲག་པའི་ཞན་པར་འགྱུར་བས་སྐྱེས་བུ་ཐ་མ་བཅས་ཡིན།
སྔ་རྒོལ། དེ་མ་ཡིན་པར་ཐལ། རྗེས་འཇུག་གི་ཞན་པ་མོའི་ནང་གསེས་དབྱེ་ཚུལ་རྣམས་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། རྗེས་འཇུག་གི་ཞན་པ་མོ་ང་མ་ཡང་འཇུག་ཅན་བཞེངས་དང༌། བསྒོམས་ལྟ་བུ།རྣམས་སྒྲ་ཞན་པའི་དྲག་པར་འགྱུར་བས་མོ་ཙམ་དང༌། ང་མ་གཉིས་ཡང་འཇུག་མེད་པ་མཐོང་དང༌། གཏམ་ལྟ་བུ།དང༌། འ་མཐའ་ཅན་དགའ་ལྟ་བུ།རྣམས་སྒྲ་ཞན་པའི་ཞན་པར་འགྱུར་བས་མོ་ཡི་ནང་གསེས་ཤིན་ཏུ་མོ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། གོང་གསལ་ལྟར་སྒྲ་གདངས་བར་མར་གནས་པ་ན་ར་ལ་གསུམ་པོའི་ནང་གསེས་དབྱེ་ཚུལ་རྣམས་ཀྱང་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། སྒྲ་གདངས་བར་མར་གནས་པ་ན་ར་ལ་གསུམ་པོར་ཡང་འཇུག་ཡོད་དམ་མེད་ཀྱང་རུང་མིང་གཞི་ཕོ་ཡིག་གི་མཐར་ཡོད་པ་གཅེརད། བཅོལད། བསྟནད་ལྟ་བུ། ཀུན། བཀར། བཀོལ་ལྟ་བུ་དང༌།དང༌། མིང་གཞི་མ་ནིང་གི་རྗེས་སུ་ཡང་འཇུག་དང་བཅས་ཏེ་ཞུགས་པ་ཆརད། ཕུལད། ཚརད་ལྟ་བུ།ན་སྒྲ་གདངས་དྲག་པ་དང་འཕྲད་པས་དྲག་པར་འགྱུར། དེ་བཞིན་དུ་ན་ར་ལ་གསུམ་མིང་གཞི་མོ་ཡིག་གི་རྗེས་སུ་ཡང་འཇུག་མེད་པར་ཞུགས་པ་འགྲན། འགོར། མཇལ་ལྟ་བུ།ན་ཞན་དང་འཕྲད་པས་ཞན་པར་འགྱུར་བས་དེ་གཉིས་རྗེས་འཇུག་མ་ནིང་གི་ནང་གསེས་འགྱུར་བ་མ་ནིང་དང༌། ན་ར་ལ་གསུམ་མིང་གཞི་མོ་ཡིག་གི་རྗེས་སུ་ཡང་འཇུག་དང་བཅས་ཏེ་ཞུགས་པ་བསྒརད། བརྒལད། དབྱེནད་ལྟ་བུ།ན་དྲག་པ་དང་ཞན་པ་གཉི་གའི་ཆ་དང་ལྡན་སྟབས། རྗེས་འཇུག་མ་ནིང་གི་ནང་གསེས་མཚན་གཉིས་མ་ནིང་དང༌། མིང་གཞི་མ་ནིང་ཁ་ཆ་ཐ་ཕ་ཚ་ལྔའི་རྗེས་སུ་ཡང་འཇུག་མེད་པར་ཞུགས་པ་མཁན། ཆེན། མཐུན། འཕེལ། འཚོལ་ལྟ་བུ།ན་དྲག་ཞན་གང་དུ་ཡང་མི་འགྱུར་ཏེ། མིང་གཞི་དང་རྗེས་འཇུག་གཉི་ག་མ་ནིང་ཡིན་ཅིང་ཕོ་མོའི་མཚན་མ་གང་ཡང་མེད་པས་མཚན་མེད་མ་ནིང་བཅས་གསུམ་དུ་འདོད་པ་བཅས་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། གཉིས་པ་དོན་གྱི་འཇུག་ཚུལ་ལ་གཉིས་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། སྔ་མ་གང་ལྟར་འགྱུར་བ་བཤད་པ་དང༌། ཕྱི་མ་གང་ལྟར་འགྱུར་བ་བཤད་པ་གཉིས་ཆོས་ཅན།
སྔ་རྒོལ། དེ་མ་ཡིན་པར་ཐལ། དང་པོ་དོན་གྱི་འཇུག་ཚུལ་གྱི་སྐབས་སུ་སྔ་མ་གང་ལྟར་འགྱུར་བ་ནི། །རྗེས་འཇུག་གང་ལ་ཞུགས་པ་ཡི། །མིང་དེས་བདག་གཞན་སོགས་གང་སྟོན། །ཕལ་ཆེར་མིང་དེས་སྔོན་འཇུག་གི། །ནུས་པར་སྦྱར་ནས་རྟོགས་པར་བྱ། །ཞེས་སོགས་ཀྱི་གཞུང་དོན་མ་གྲུབ་པའི་ཕྱིར།
ཕྱི་རྒོལ། གཞུང་དོན་མ་གྲུབ་པ་རྟགས་མ་གྲུབ།
སྔ་རྒོལ། གཞུང་དོན་མ་གྲུབ་པར་ཐལ། གཞུང་དེའི་དོན་འགྲེལ་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། གོང་གསལ་གྱི་རྗེས་འཇུག་དེ་དག་ཡུལ་གང་ལ་ཞུགས་པའི་མིང་དེ་ཉིད་མིང་མཐའ་སོགས་ལ་ལྟོས་ནས་སྔ་མར་གྲུབ་སྟབས། དེས་བདག་གཞན་སོགས་གང་དང་གང་སྟོན་པ་ནི་ཕར་ཆེར་མིང་དེའི་སྔོན་འཇུག་ལྔ་ལས་གང་ཞིག་ཡིན་པ་དེའི་ནུས་པར་སྦྱར་ནས་རྟོགས་པར་བྱ་དགོས་ཞེས་པའི་དོན་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། གོང་གསལ་གྱི་གཞུང་དོན་དེ་དང་མཐུན་པའི་དཔེ་བརྗོད་ཅིག་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དཔེར་ན། དངོས་པོ་བདག་ལ་འཇུག་པ་ནི། འགྲོགས་བྱེད་དང༌། འདེབས་བྱེད། འགོག་བྱེད། སྒྲུབ་བྱེད། སྡུད་བྱེད། མཛེས་བྱེད་ལྟ་བུ་དང༌། དངོས་པོ་གཞན་ལ་འཇུག་པ་ནི། གདགས་བྱ་དང༌། དགག་བྱ། བསྒྲུབ་བྱ། བརྗོད་བྱ་ལྟ་བུ་སོགས་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། ཕྱི་མ་ཇི་ལྟར་འགྱུར་བ་ནི། །རྗེས་འཇུག་ཕོ་ཡིས་ཕོ་ཡིག་གི། །མིང་མཐའ་གཞན་དྲང་དེ་བཞིན་དུ། །མོ་ཡིས་མོ་ཡི་མིང་མཐའ་དྲང༌། །མ་ནིང་གིས་ནི་མ་ནིང་དྲང༌། །དེ་དག་རྟགས་མཚུངས་འདྲེན་ཚུལ་ཡིན། །ཞེས་པའི་གཞུང་དོན་འགྲེལ་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། མིང་སྔ་མའི་མཐའི་རྗེས་འཇུག་རྟགས་གསུམ་གང་ཡིན་པ་དེའི་མིང་དེ་ཉིད་ཀྱི་ཆ་ནས་མཐར་སྦྱོར་དགོས་པའི་མིང་མཐའ་ཡིན་ན། རྟགས་མཐུན་པར་འདྲེན་པ་ཤུགས་ཆེ་སྟབས། རྗེས་འཇུག་ཕོས་མིང་གཞི་ཕོའི་མིང་མཐའ་འདྲེན་པ་དང༌། དེ་བཞིན་དུ་རྗེས་འཇུག་མོས་མིང་གཞི་མོའི་མིང་མཐའ་འདྲེན་པ་དང༌། རྗེས་འཇུག་མ་ནིང་གིས་མིང་གཞི་མ་ནིང་གི་མིང་མཐའ་འདྲེན་པ་མ་ཟད། དེ་དག་བརྗོད་བདེ་དང་རྟགས་མཚུངས་འདྲེན་ཚུལ་གཉིས་ལས་རྟགས་མཚུངས་འདྲེན་ཚུལ་ཡིན་ཞེས་པའི་དོན་ཡིན་ལགས།
སྔ་རྒོལ། འོ་ན། བརྗོད་བདེ་འདྲེན་པའང་ཤིན་ཏུ་མང་སྟབས་བརྗོད་བདེ་འདྲེན་པའི་དཔེ་བརྗོད་ཅིག་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དཔེར་ན། ཕོས་མོ་དྲངས་པ། ཐོག་མ་ལྟ་བུ་དང༌། དེ་བཞིན་མོས་ཕོ་དྲངས་པ། ཁང་པ་ལྟ་བུ། མ་ནིང་གིས་མོ་དྲངས་པ། ཐལ་མོ། མ་ནིང་གིས་ཕོ་དྲངས་པ། ཆར་པ་ལྟ་བུ་ཡིན་ལགས།
སློབ་ཚན་བརྒྱད་པ།
རྗེས་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པའི་སྐོར།
སྔ་རྒོལ། དགོས་པ་ཅིའི་ཕྱིར་ཅེ་ན། །མོ་ཡིག་དབྱངས་དང་མི་ལྡན་ན། །ཕོ་ཡིག་གསལ་བྱེད་བརྗོད་མི་ནུས། །དེའི་ཕྱིར་དབྱངས་ལྔར་བཞེད་པ་བདེ། །ཞེས་པའི་གཞུང་དོན་མ་གྲུབ་པའི་ཕྱིར།
ཕྱི་རྒོལ། གཞུང་དོན་མ་གྲུབ་པ་རྟགས་མ་གྲུབ།
སྔ་རྒོལ། གཞུང་དོན་དེའི་དོན་འགྲེལ་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། རྗེས་འཇུག་གི་ཡི་གེ་རྣམས་དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། མོའི་ཡི་གེ་དབྱངས་ཡིག་རྣམས་དང་མི་ལྡན་ན། ཕོ་ཡིག་གསལ་བྱེད་རྣམས་བརྗོད་མི་ནུས་སྟབས་བོད་ཀྱི་ཡི་གེ་ལ་དབྱངས་ལྔར་བཞེད་པ་བདེ་ཞེས་པའི་དོན་ཡིན་ལགས།
སྔ་རྒོལ། བོད་ཀྱི་ཡི་གེ་ལ་དབྱངས་ལྔར་བཞེད་པ་མི་བདེ་བའི་ཕྱིར།
ཕྱི་རྒོལ། མི་བདེ་བ་རྟགས་མ་གྲུབ།
སྔ་རྒོལ། མི་བདེ་བར་ཐལ། བོད་ཀྱི་ཡི་གེ་ལ་དབྱངས་ལྔར་བཞེད་པ་ཐོན་མིའི་དགོངས་པ་དང་མི་མཐུན་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ།
སྔ་རྒོལ། མི་མཐུན་པར་ཐལ། ཐོན་མིའི་སུམ་རྟགས་གཉིས་ཀྱི་གཞུང་གང་དུའང་དབྱངས་ལྔར་བཞེད་པ་མ་བསྟན་པའི་ཕྱིར།
ཕྱི་རྒོལ། ཁྱབ་པ་མ་བྱུང༌། ཐོན་མིའི་སུམ་རྟགས་གཉིས་ཀྱི་གཞུང་གང་དུའང་དབྱངས་ལྔར་བཞེད་པ་མ་བསྟན་ན། ཐོན་མིས་བོད་ཀྱི་ཡི་གེ་ལ་དབྱངས་ལྔར་མི་འདོད་པས་མ་ཁྱབ་ལགས།
སྔ་རྒོལ། འོ་ན། བོད་ཀྱི་ཡི་གེ་ལ་དབྱངས་ལྔར་བཞེད་པ་ཁས་མ་བླངས་ཚེ་སྐྱོན་འདི་འབྱུང་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། བོད་ཀྱི་ཡི་གེ་ལ་དབྱངས་ལྔར་བཞེད་པ་ཁས་མ་བླངས་ཚེ། མོའི་ཡི་གེ་དབྱངས་ཡིག་དངོས་བསྟན་བཞི་དང་ཤུགས་བསྟན་ཨ་བཅས་གང་རུང་དང་མི་ལྡན་ན། ཕོ་ཡིག་ཀ་སོགས་གསལ་བྱེད་རྣམས་ངག་ནས་བརྗོད་པར་མི་ནུས་པར་ཐལ་བའི་ཕྱིར།
མཁས་མཆོག་སི་ཏུ་པཎ་ཆེན་དང་ཐམས་ཅད་མཁྱེན་པ་དྷརྨ་བྷ་དྲ་དཔལ་བཟང་པོ་རྣམ་གཉིས་ཀྱི་བཞེད་པ་དང་མཐུན་པར་དབྱངས་ཅན་གྲུབ་པའི་རྡོ་རྗེའི་ལེགས་པར་སྦྱར་བའི་རྟགས་ཀྱི་འཇུག་པའི་དཀའ་གནད་གསལ་བའི་མེ་ལོང་གི་དོན་གྱི་གནད་རྣམས་ལེགས་པར་བཏུས་པ་དེ་ཉིད་བོད་གནའ་རབས་ནས་དར་བའི་རིགས་ལམ་སྦྱོང་སྟངས་དང་སྦྱར་ནས་ངོ་སྤྲོད་ཆེས་རགས་བསྡུས་ཤིག་བྱས་པ་འདིས་ཀུན་ལ་ཕན་པར་གྱུར་ཅིག།

ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ༡ སྔོན་འཇུག་གི་མོ་འ་ནི། ཆོས་འཆད་པ་པོ་དང༌། འཆད་པར་བྱེད་ལྟ་བུ་དངོས་པོ་བདག་དངོས་དང༌། འགྲོ་བ་པོ་དང༌། འགྲོ་བར་བྱེད་ལྟ་བུ་ངོ་བོ་ཐ་མི་དད་པར་སྣང་བའི་བདག་དོན་ཕལ་བ་དང༌། ཆུ་འཁྱིལ་ལོ། འཁྱྀལ་བཞིན་པ་ལྟ་བུ་བདག་གཞན་གྱི་དབྱེ་བས་མ་བསྡུས་པའི་དུས་ད་ལྟ་བ་ལ་འཇུག་པའི་ཕྱིར་དང༌། ཆུ་འཁྱྀལ་བར་འགྱུར་ལྟ་བུ་བྱ་བྱེད་ཐ་མི་དད་དུ་སྣང་བའི་དུས་མ་འོངས་པ་བསྒྲུབ་པའི་ཕྱིར་དང༌། ༢ སྔོན་འཇུག་གི་ཤིན་ཏུ་མོ་མ་ནི། མཁྱེན་པ་པོ་དང༌། མཁས་པར་བྱེད་ལྟ་བུ་དངོས་པོ་བདག་དང༌། མཁས་བྱ་དང༌། མཆོད་བྱ། མཆོད་པར་བྱ་ལྟ་བུ་དངོས་པོ་གཞན་དང༌། མཁྱེན་ཏོ། མཁས་པར་བྱས་ལྟ་བུ་དུས་འདས་པ་དང༌། མཁྱེན་བཞིན་པ་དང༌། མཇལ་བཞིན་པ་ལྟ་བུ་དུས་ད་ལྟ་བ་དང༌། མཁས་པར་འགྱུར། མཛའ་བར་འགྱུར་ལྟ་བུ་དུས་མ་འོངས་པ་བཅས་ཀུན་ལ་མཉམ་པར་འཇུག་པ་བཅས་དགོས་པ་དང་རྒྱུ་མཚན་དེ་དག་གི་ཕྱིར་འཇུག་པ་ཡིན་ལགས། མུ་འགོད་བྱེད།
གོང་གསལ་གྱི་མཆན་གྲངས། ༡༦ པའི་འཕྲོར་མཐུད་དགོས།

མཇུག་རྫོགས་སོ།།
འདི་གོང་གསལ་གྱི་མཆན་གྲངས། ༡ འཕྲོར་མཐུད་དགོས།
རྩོམ་ཡིག་དེའི་ཚིག་མཇུག་གི་ཕ་རྐྱང་དེར་ཕྱིར་ཞེས་དག་པར་བཅོས་ཏེ་ཀློག་དགོས།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ན་རོ་ཅན་གྱི་ པོ་བོ་མོ་ གསུམ་དང༌། ན་རོ་མེད་པའི་ པ་བ་མ་ བཅས་དྲུག་རེ་རེ་ནས་ཆོས་ཅན།
སྔ་རྒོལ། དེ་རྣམས་ཆོས་ཅན། བདག་སྒྲ་མ་ཡིན་པར་ཐལ། དེ་དག་འཇུག་ཚུལ་རེ་རེ་ནས་རང་རང་གི་མཚན་གཞི་ཅི་རིགས་དང་སྦྱར་ནས་ཞིབ་ཏུ་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དཔེར་ན། པོ་བོ་མོ་ གསུམ་འཇུག་ཚུལ་གྱི་མཚན་གཞིར། རྩོམ་པ་པོ་དང༌། གྱོལ་བོ། ཕྱུག་མོ་ལྟ་བུ་དང༌། དེ་བཞིན་ པ་བ་མ་ གསུམ་འཇུག་ཚུལ་གྱི་མཚན་གཞིར། འགག་པ། ལྷ་རྩེ་བ། ཆང་མ་ལྟ་བུ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། དེ་དག་རིམ་པ་བཞིན་དུ་རྗེས་འཇུག་གི་ཇི་ལྟར་སྦྱོར་ཚུལ་གྱི་ཐོབ་ཐང་རྣམས་ཞིབ་ཏུ་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ག་ད་ན། བ་མ་ས་དང་ད་དྲག་ བཅས་ཀྱི་མཐར་པ་ཐོབ་པ་ཡིན་ཏེ། དཔེར་ན། གཡག་པ། བཞད་པ། ལྡན་པ། ལབ་པ། གྲོང་གསུམ་པ། དབུས་པ། ཕར་ཕྱིནད་པ་ལྟ་བུ་དང༌། ང་འ་ར་ལ་མཐའ་མེད་ རྣམས་ཀྱི་མཐའ་ཅན་གྱི་མིང་དང་སྡེབ་ས་མེད་པ་བདག་སྒྲ་ཡར་གྱུར་ན། བ་ཕྱེད་ཝ་འཐོབ་པ་ཡིན་ཏེ། དཔེར་ན། ནུབ་བྱང་བ་དང༌། བྱང་ཤར་བ་ ལྟ་བུ་དང༌། དེ་བཞིན་དུ་མིང་དང་སྡེབ་ས་ཡོད་པ་བདག་སྒྲ་ཆར་གྱུར་ན། པ་ ཉིད་སྦྱོར་བ་ཕལ་ཆེར་ལ་ལེགས་པ་ཡིན་ཏེ། དཔེར་ན། བྱང་པ་དང༌། མདའ་པ་ ལྟ་བུ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། བདག་སྒྲ་སྦྱོར་ཚུལ་དང༌། བདག་སྒྲ་མ་ཡིན་པའི་མིང་མཐའི་ པ་བ་ སྦྱོར་ཚུལ་གཉིས་ལ་ཁྱད་པར་ཡོད་པ་མ་ཡིན་མེད་པ་མ་ཡིན་པའི་ཕྱིར།
ཕྱི་རྒོལ། དེ་གཉིས་སྦྱོར་ཚུལ་ཕལ་ཆེ་བ་གཅིག་མཚུངས་ཡིན་ལགས།
སྔ་རྒོལ། འོ་ན། བདག་སྒྲ་མ་ཡིག་སྦྱོར་ཚུལ་ཇི་ལྟར་ཡིན་གསལ་བོ་ཞིག་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། བདག་སྒྲ་མ་ཡིག་ནི་འདི་ལ་ཐོབ་དང༌། འདི་ལ་མི་ཐོབ་པའི་དབྱེ་མཚམས་གསལ་པོ་མེད་སྟབས། སྐབས་སོ་སོ་དང་བསྟུན་ནས་སྦྱར་དགོས། དཔེར་ན། ཇ་མ། ཆང་མ། ཐང་མ། རོང་མ་ལྟ་བུ་ཡིན་ལགས།
སྔ་རྒོལ། དེ་མ་ཡིན་པར་ཐལ། བདག་སྒྲ་མ་ཡིན་པའི་མིང་མཐའི་བ་པ་སྦྱོར་ཚུལ་གྱི་དཔེ་བརྗོད་ཅིག་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། ལག་པ་དང༌། རྐང་བ་ལྟ་བུ་ཡིན་ལགས།
༣༽ དགག་སྒྲ།
སྔ་རྒོལ། དགག་སྒྲར་ཅི་ཡོད་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། མ་མི་མིན་མེད་ བཅས་བཞི་ཡོད་ལགས།
སྔ་རྒོལ། དེ་མེད་པར་ཐལ། དེ་དག་རེ་རེའི་སྦྱོར་ཚུལ་ཞིབ་ཏུ་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དགག་སྒྲ་ མ་ དང་ མི་ གཉིས་རང་རང་གི་དགག་བྱ་དེ་དང་དེའི་ཐོག་མར་སྦྱར་དགོས་ཏེ། དཔེར་ན། མ་ཡིན། མི་འདུག་ ལྟ་བུ་ཡིན། དེ་བཞིན་དུ་ མིན་ དང་ མེད་ གཉིས་རང་རང་གི་དགག་བྱ་དེ་དང་དེའི་མཇུག་ཏུ་སྦྱོར་དགོས་པ་ཡིན་ཏེ། དཔེར་ན། ལྷ་མིན། འདྲེ་མེད་ ལྟ་བུ་ཡིན་ལགས།
སྔ་རྒོལ། འོ་ན། ཁྱོད་ལྟར་ན་དགག་སྒྲ་ མ་ ཡིག་ཡིན་ན། རང་གི་དགག་བྱ་དེ་དང་དེའི་ཐོག་མར་མ་གཏོགས་མི་འཇུག་པས་ཁྱབ་པར་ཐལ།
ཕྱི་རྒོལ། ཅིའི་ཕྱིར།
སྔ་རྒོལ། མ་ཁྱབ་ན། དེ་འདྲའི་མ་ཡིག་དེ། དགག་བྱ་དེ་དང་དེའི་གནས་གཞན་ལ་འཇུག་པ་ཡོད་པར་ཐལ།
ཕྱི་རྒོལ། འདོད་ལགས།
སྔ་རྒོལ། ཡོད་ན། དེ་འདྲ་དེ། དགག་བྱ་དེ་དང་དེའི་གནས་གཞན་གང་དང་གང་ལ་འཇུག་ཞིབ་ཏུ་གསུང་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། མེད་པ་རྟགས་མ་གྲུབ། དེ་འདྲའི་མ་ཡིག་དེ་ཉིད། རང་གི་དགག་བྱ་དེའི་གནས་གཞན་དགག་བྱ་གཉིས་ཀྱི་བར་མཚམས་སུ་འཇུག་སྟེ། དཔེར་ན། ར་མ་ལུག་ ལྟ་བུ། དེ་ལྟར་སྦྱར་བའི་ཚེ་ན་དགག་བྱ་དེའི་སྔ་ཕྱི་གཉིས་མཉམ་པའི་ཚུལ་གྱིས་དགག་ནུས་པ་ཡིན་ལགས།
མཇུག་རྫོགས་སོ།།
ཆབ་ཚང་འཇལ་དཔལ་ལགས་ཀྱི་རྟགས་གསལ་འདི་རྣམས་བློ་གསར་ཚོ་ལ་ཕན་ཐོགས་ཆེ་ངེས་འདུག
འདས་པ།
ང་ ཕྱིན་པ་ ཡིན། ཁྱོད་རང་ ཕྱིན་པ་ རེད། ཁོ་ ཕྱིན་པ་ རེད། ཁོང་ ཕེབས་པ་ རེད།
ད་ལྟ་བ།
ང་ འགྲོ་བགྱིད་ ཡོད། ཁྱོད་རང་ འགྲོ་བགྱིད་ འདུག མོ་ འགྲོ་བགྱིད་ འདུག ཁོང་ ཕེབས་བགྱིད་ རེད།
མ་འོངས་པ།
ང་ འགྲོ་བགྱི་ ཡིན། ཁྱོད་ འགྲོ་བགྱི་ རེད། ཁོ་ འགྲོ་བགྱི་ རེད། ཁོང་ ཕེབས་བགྱི་ རེད།
སོག་ནག་ཚང་ལེགས།
ངའི་མིག་གིས་མཐོང་བ་དང་། ངའི་རྣ་བས་གོ་བ་སོགས་རང་གི་ཡན་ལག་གི་ཆ་ཤས་ཁག་ལ་ཨུ་ཚུགས་ཀྱིས་རྣམ་དབྱེ་གསུམ་པ་སྦྱོར་དགོས་དོན་མེད། ངའི་མིག་གིས་མཐོང་ཟེར་བ་དཔེར་ན། མིག་དེ་སུའི་མིག་རེད་དམ། བྱེད་པ་པོའི་མིག་གིས་མཐོང་ན་བྱེད་པ་པོ་དེ་ག་རང་གིས་མཐོང་པས་ཁྱབ་པ་འདི་ཤེས་ན་སྦྲུལ་མདུད་རང་ཞིག་དུ་འགྲོ་ངེས་ཡིན། ལ་དྭགས་བློ་བཟང་གིས་སྨྱུ་གུས་ཡི་གེ་བྲིས་ལྟ་བུ་མཚོན་ན་ཁྱེད་ཀྱི་བཤད་པ་ལྟར་བྱེད་སྒྲ་ཉིས་བརྩེགས་ངེས་པར་འབྲི་དགོས་པ་ལས་རང་གི་ཡན་ལག་དག་ལ་བྱེད་པ་གཅིག་བུ་ལ་བྱེད་སྒྲ་འབྲི་བ་ལས་བྱེད་པ་པོ་སྟོན་པའི་བྱེད་སྒྲ་དགོས་དོན་ཡེ་ནས་མེད།
དོན་ཉུང་། ཚིག་མང་བས་མགོ་འཐོམས་པའི་རྐྱེན་དུ་འདུག་པས། མང་དུ་མི་བཤད། ངས་ས་རྐོ། དེ་ལ་མི་ཞིག་གིས། ཁྱོད་ཀྱིས་གང་གིས་ས་རྐོའམ། ཞེས་འདྲི་བ་ན། ངས་ཏོག་ཙེས་ས་རྐོ། ཞེས་མི་ཟེར་རམ། གཞན་ཡང་། ཁྱེད་ལྟར་ན། ཕུལ་བྱུང་མཛད་པས་འགྲོ་ལ་མི་ཟད་དཔལ་སྟེར་་ཞིང་། ཞེས་པའི་བརྗོད་པ་དེའི་སྟེར་ཞེས་པའི་བྱ་ཚིག་དེའི་བྱེད་པ་པོ་ངོས་བཟུང་སྟེ། བྱེད་པ་པོ་དེ་ལ་བྱེད་སྒྲ་་སྦྱར་དགོས་པ་མ་ཡིན་པར་ཐལ། གོང་གི་ཁྱེད་ཀྱི་འདོད་པ་དེའི་ཕྱིར།
སོག་ནག་ཚང་ལེགས།
དགོངས་དག་ཁྱེད་ཀྱི་གཤམ་གསལ་བརྗོད་ཚིག་དེ་ལ་འབྲེལ་ཟིང་གིས་ལེགས་པར་བཀླགས་མི་འདུག
ལ་དྭགས་བློ་བཟང་གིས་སྨྱུ་གུས་ཡི་གེ་བྲིས་ལྟ་བུ་མཚོན་ན་ཁྱེད་ཀྱི་བཤད་པ་ལྟར་བྱེད་སྒྲ་ཉིས་བརྩེགས་ངེས་པར་འབྲི་དགོས་པ་ལས་རང་གི་ཡན་ལག་དག་ལ་བྱེད་པ་གཅིག་བུ་ལ་བྱེད་སྒྲ་འབྲི་བ་ལས་བྱེད་པ་པོ་སྟོན་པའི་བྱེད་སྒྲ་དགོས་དོན་ཡེ་ནས་མེད།
འདིའི་སྐོར་ལ་ངས་བརྟག་དཔྱད་བྱེད་ངེས་ལགས།
སོག་ནག་ཚང་ལེགས།
ངས་དིང་སང་རྒྱུན་དུ་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་སྙན་དངགས་ཆེན་པོ་ན། བོད་འགྱུར་དང་། ལེགས་སྦྱར་རྩ་བ་དང་། ཨིན་འགྱུར་བཅས་ཀློག་པ་ན་དོ་དགོངས་འདི་སྟེས་དབང་གིས་མཐོང་། འདི་ལ་བཤད་པ་འདྲ་ཡོད་དམ།
སྔོན་ཡང་ཀ་ཤིའི་མཛེས་མ་ནི།
སྨད་འཚོང་མ་ཡིས་དྲང་སྲོང་ཆེ།
ལྷ་ཡིས་ཐུབ་པར་དཀའ་བ་ཡང༌།
དྲང་སྲོང་རྒྱས་པར་རྐང་པས་བརྡུངས།། ༡༦ །། ལེའུ་བཞི་པ་
ལ་དྭགས་བློ་བཟང་འཇམ་དཔལ་ལགས།
ཉིན་གཉིས་རིང་ཕྱི་ལོག་ཏུ་འགྲོ་དགོས་བྱུང་བར་བརྟེན། དྲ་ཐོག་ཏུ་ཡོང་ཐུབ་མ་སོང་། དགོངས་དག་ཞུ།
སྐུ་ཉིད་ནས་དགོངས་ཚུལ་གསུང་བར་རྗེས་སུ་ཡི་རང་ཞུ། སློབ་དཔོན་རྟ་དབྱངས་ཀྱི་སྙན་ངག་འདིའི་སྐོར་ལ་དམིགས་བསལ་གྱིས་ང་ལ་བཤད་པ་གསར་བ་གང་ཡང་མེད། ལེགས་སྦྱར་ཀྱི་རྩ་བ་ལས་བོད་འགྱུར་དང་དབྱིན་འགྱུར་སོགས་འགྱུར་ཚུལ་མ་བདེ་བ་མིན་འགྲོ། གོ་དཀའ་བ་དང་བཙན་གྱིས་བསྒྱུར་བ་ལྟ་བུ་ཞིག་ཚོར། མ་གཞི་སྐུ་ཉིད་ལེགས་སྦྱར་དང་དབྱིན་ཡིག་སོགས་ལ་མཁྱེན་རྒྱ་ཡོད་པས་རྩ་བ་དང་སྦྱར་ནས་ང་ཚོ་འགྲེལ་བརྗོད་ཅིག་གནང་ཐུབ་ན་བཟང་གི།
ཆབ་ཚང་འཇམ་དཔལ་ལགས་ཀྱིས་བསྡུས་གྲྭའི་རིག་ལམ་བརྒྱུད་གསུམ་རྟགས་སྦྱང་ཚུལ་ཞིག་བྲིས་དུག་པ་ལེགས་ཀྱང།
དེའི་ནང་རིག་ལམ་དང་མི་མཐུན་པའི་ཚིག་ལྷག་མང་པོ་ཞིག་འདུག
(སྔ་རྒོལ། དྲི་བ་འགོད་མཁན། ཡི་གེའི་ངོ་བོ་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། དྲིས་ལན་འདེབས་མཁན། མེད་པ་རྟགས་མ་གྲུབ། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཆོས་ཅན།)
འདི་ལ་ཕྱི་རྒོལ་གྱིས་ལན། རྟགས་མ་གྲ་ུབ། ཞེས་ལན་འདེབས་པ་ལས། „མེད་པ་རྟགས་མ་གྲ་ུབ་„ཞེས་ལན་བཏབ་པ་བསྡུས་གྲྭའི་རིག་ལན་གང་དང་མི་མཐུན། བསྡུས་གཞུང་རྣམས་སུ་ཕྱི་རྒོལ་གྱི་ལན་གཙོ་ཆེ་བ། འདོད། ཅིའི་ཕྱིར། རྟགས་མ་གྲ་ུབ། མ་ཁྱབ། བཞི་ཡོད་པ་དེ་དག་ལ་ཚིགས་གྲོགས་སྦྱར་མི་དགོས་པའི་ཚིག་རང་ཚན་པ་ཡིན། རྟགས་ལན་བརྩི་བའི་སྐབས་ལ་ནི་ ཡི་གེའི་ངོ་བོ་འཇོག་རྒྱུ་མེད་པ ་རྟགས་མ་གྲ་ུབ་ཞེས་རྟགས་ཆ་་ཚང་བ་བརྗོད་དགོས། འཇམ་དབྱང་ཁྱེད་ཁག་མེད། ཚིག་ལྷག་འདི་ལྟ་བུ་ངན་པ་རྒྱུན་འཇགས་སུ་མང་པོ་ལ་འགོས་འདུག།
༼སྔ་རྒོལ། དེ་གཉིས་ཆོས་ཅན། ཡི་གེའི་དབྱེ་བ་ཡིན་པར་ཐལ། ཕྱི་རྒོལ། འདོད་ལགས། སྔ་རྒོལ། དེ་མ་ཡིན་པར་ཐལ། དབྱངས་ཀྱི་ཡི་གེ་ལ་ནང་གསེས་ཅི་ཡོད་ངོས་འཛིན་རྒྱུ་མེད་པའི་ཕྱིར།༽
འདིའི་དེ་མ་ཡིན་པར་ཐལ། ཞེས་པའི་དེ་སྒྲ་དེ་གང་ལ་འཇུག གོང་གི་དེ་གཉིས་ཡི་གེའི་དབྱེ་བ་ཡིན་པར་འདོད་བྱས་པ་འཇུག་པ་ཡིན་ན། དེ་མ་ཡིན་པར་ཐལ་ཞེས་དགག་དགོས་པ་གང་ཡིན། དེ་གཉིས་ཡི་གེ་དབྱེ་བ་ཡིན་པ་རྒོལ་ཕྱི་རྒོལ་གཉིས་ཀ་མཐུན་པ་ཡིན་པས་ན་དེ་ལ་དགག་པ་བྱེད་དགོས་དོན་མེད་དོ།
དེས་ན་ཁྱེད་ཀྱིས་རིག་ལམ་དང་སྦྱར་ནས་བཏང་ན་འདི་ལྟར་ལེགས་སྟེ།
སློབ་ཚན་དང་པོ།
ཡི་གེའི་ངོ་བོ་དང་དབྱེ་བ་སོགསཀྱི་སྐོར།
སྔ་རྒོལ། ཡི་གེའི་ངོ་བོ་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲ་ུབ།
སྔ་རྒོལ། ཡི་གེའི་ངོ་བོ་ཞོག །
ཕྱི་རྒོལ། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཆོས་ཅན།
སྔ་རྒོལ། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ཆོས་ཅན། ཡི་གེའི་ངོ་བོ་ཡིན་པར་ཐལ།
ཕྱི་རྒོལ། འདོད།
སྔ་རྒོལ། ཡི་གེ་ལ་དབྱེ་ན་ག་ཚོད་ཡོད།
ཕྱི་རྒོལ། གཉིས་ཡོད།
སྔ་རྒོལ། གཉིས་དེ་ཞོག
ཕྱི་རྒོལ། དབྱངས་དང་གསལ་བྱེད་གཉིས་ཆོས་ཅན།
སྔ་རྒོལ། དབྱངས་དང་གསལ་བྱེད་གཉིས་ཆོས་ཅན། ཡི་གེའི་དབྱེ་བ་ཡིན་པར་ཐལ།
ཕྱི་རྒོལ། འདོད།
སྔ་རྒོལ། དབྱངས་ཀྱི་ཡི་གེ་ལ་དབྱེ་ན་ག་ཚོད་ཡོད།
ཕྱི་རྒོལ། བཞི་ཡོད།
སྔ་རྒོལ། དབྱངས་ཀྱི་ཡི་གེ་ལ་དབྱེ་ན་བཞི་མེད་པར་ཐལ། བཞི་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲ་ུབ།
སྔ་རྒོལ། བཞི་དེ་རེ་རེ་ནས་ཞོག
ཕྱི་རྒོལ། ཨི་ཨུ་ཨེ་ཨོ་བཞི་རེ་རེ་ནས་ཆོས་ཅན།
སྔ་རྒོལ། ཨི་ཨུ་ཨེ་ཨོ་བཞི་རེ་རེ་ནས་ཆོས་ཅན། ཁྱོད་ལ་དབྱངས་ཞེས་བརྗོད་པའི་རྒྱུ་མཚན་མེད་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲ་ུབ། དེ་དག་ཡི་གེའི་སྒྲ་འབྱིན་བྱེད་ཀྱི་གདངས་ཙམ་དང་ང་རོ་ཙམ་ཡིན་པའི་ཆ་ནས་དེ་ལྟར་བརྗོད་པའི་ཕྱིར།
སྔ་རྒོལ། གསལ་བྱེད་ཀྱི་ཡི་གེ་ལ་དབྱེ་ན་ག་ཚོད་ཡོད།
ཕྱི་རྒོལ། སུམ་ཅུ་ཐམ་པ་ཡོད།
སྔ་རྒོལ། གསལ་བྱེད་ཀྱི་ཡི་གེ་ལ་སུམ་ཅུ་ཐམ་པ་མེད་པར་ཐལ། སུམ་ཅུ་པོ་རེ་རེ་ནས་ངོས་འཛིན་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲ་ུབ།
སྔ་རྒོལ། གསལ་བྱེད་གསུམ་ཅུ་པོ་རེ་རེ་ནས་ཞོག་
ཀ་ཁ་ག་ང༌། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་བཅས་རེ་རེ་ནས་ཆོས་ཅན།
སྔ་རྒོལ། དེ་རྣམས་རེ་རེ་ནས་ཆོས་ཅན། ཁྱོད་ལ་གསལ་བྱེད་ཅེས་བརྗོད་པའི་རྒྱུ་མཚན་མེད་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ། དེ་དག་གིས་མིང་ཚིག་རྣམས་གསལ་བར་བྱེད་པའམ་འགྲུབ་པར་བྱེད་པའི་ཆ་ནས་དེ་ལྟར་ བརྗོད་པའི་ཕྱིར།
སྔ་རྒོལ། དབྱངས་གསལ་གཉིས་ཀྱི་ཁྱད་པར་འཇོག་རྒྱུ་མེད་པའི་ཕྱིར།
ཕྱི་རྒོལ། རྟགས་མ་གྲུབ།
སྔ་རྒོལ། དབྱངས་གསལ་གཉིས་ཀྱ་ཁྱད་པར་ཞོག
རང་གྲོགས་དབྱངས་དང་སྦྱར་བ་དང་མ་སྦྱར་བ་ཅི་རིགས་པའི་སྒོ་ནས་བརྗོད་བྱའི་དོན་སྟོན་པའི་མིང་དང་ཚིག་གསལ་བར་བྱེད་གསལ་བྱེད་དང༌། རང་གྲོགས་གསལ་བྱེད་ཀྱིས་མིང་དང་ཚིག་གསལ་བར་བྱེད་པ་ལ་རམ་འདེགས་ཚུལ་གྱིས་འཇུག་པ་ལ་ནི་དབྱངས་ཞེས་མིང་ཚིག་གསལ་བར་བྱེད་ཅིང་བརྗོད་དོན་སྟོན་པར་གཞན་ལ་ལྟོས་དགོས་མི་དགོས་ཀྱི་ཁྱད་པར་ཡོད་ལགས།
འདི་ལྟར་དུ་སློབ་བུ་ཚོར་བསླབ་ན་ཕན་ཡོད་ངེས། རིག་ལམ་གྱི་སྐོར་ལ་ཤ་ཚའི་ཁ་ནས་གཏམ་ངན་ཞིག་ཟུར་དུ་བྲིས་ཡོད་པ་དྲ་རྒྱའི་ཐོག་འཇོག་ཐུབ་ལྟ་ཡི་ཡིན།
ངའི་རྣམ་དབྱེ་བདུན་ལ་སྐྱོན་སེལ་གནོངས་རོགས།
༡༽ང་།
༢༽ང་ ལ་ སྤྲད་བྱུང་།
༣༽ངས་ བྲིས་པ་ཡིན།
༤༽ང་ ལ་ བསླབ་བྱུང་།
༥༽ང་ན ས་ ཁྲིམས་འདི་བྱུང་།
༦༽ང་ ཡི་ སྨྱུ་གུ
༧༽ང་ ལ་ སྨྱུ་གུ་ཡོད།
་
ཡང་།
ང་ ཡིན།
ཁྱོད་རེད།
ཁོ་རེད།
མོ་རེད།
འདི་རེད།
དེ་རེད།
ང་ལ་་་་
ང་ལ་ཡོད།
ཁྱོད་ལ་འདུག
ཁོ་དང་མོ་ལ་འདུག
འདིདང་དེ་ལ་འདུག
ཡིན་དང་མིན།
ཡོད་དང་མེད།
རེད་དང་མ་རེད།
འདུག་དང་མི་འདུག
ཐོབ་ས་སོ་སོར་ཡོད་ཀྱང་། ངོས་འཛིན་ཐུབ་མཁན་བོད་མི་ཕལ་ཆེར་ཤིན་ཏུ་དཀོན་ལགས།