གཟུར་གནས་བློ་ལྡན་གྱིས།
བློ་བཟང་སེངྒེ་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་དངོས་ཀྱིས་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས་འཛམ་གླིང་ཐོག་གི་གནད་ཡོད་མི་སྣ་གལ་ཆེན་དང་། སྤྱི་སྒེར་གྱི་སྡིངས་ཆ་མང་བོའི་སྟེང་སྐུ་དངོས་ཀྱིས་ངོ་སྤྲོད་གནང་སྟེ། བྱིན་རླབས་དང་ཐུགས་རྗེའི་འཇུག་པ་ཐུན་མོང་མ་ཡིན་པ་མངའ་བའི་མི་རབས་གསར་བའི་དབུ་ཁྲིད་ཐོག་མ་དེ་རེད། སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་དེའི་ཁྱད་ཆོས་མི་ལྡན། དེ་ནི་སྐུ་ངོ་ཚོགས་གཙོ་ལགས་ཀྱི་ཕམ་ཁ་དང་བོ་དེ་རེད།
བློ་བཟང་སེངྒེ་ནི། འཛམ་གླིང་གི་ལས་དབང་ལ་སྟངས་འཛིན་བྱེད་མྱོང་བའི་རྒྱལ་ཁབ་རིས་མེད་ཀྱི་སྲིད་འཛིན30ལྷག་དང་། ནོར་ཝེ་གཟེངས་རྟགས་བཞེས་མཁན43། ཕིལ་ལེ་ཟིར་རྩོམ་རིག་གཟེངས་རྟགས་བཞེས་མཁན50ལྷག སྨན་རྩིས་དང་། ཚན་རིག དཔལ་འབྱོར་ཐད་གཡོ་སྐྱོམ་ཆེན་པོ་གཏོང་མཁན་གྱི་མི་སྣ་ཕལ་ཆེར་ཞིག་བསྐྱེད་བསྲིང་བྱས་མྱོང་བའི་ཧ་ཝར་གཙུག་ལག་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་མཁས་དབང་འབུམ་རམས་པ་ཤིག་རེད། སྤེན་པ་ཚེ་རིང་ནི། རྒྱ་གར་གྱི་སློབ་གྲྭ་དཀྱུས་མ་ཞིག་ནས་སློབ་མཐར་ཕྱིན་པའི་བོད་མི་ཞིག་རེད། རིན་ཐང་གི་ཆ་ནས་གསེར་དང་ར་གན་གྱི་ཁྱད་པར་ཡོད། དེ་ནི་སྤེན་པ་ཚེ་རིང་གི་ཕམ་ཁ་གཉིས་པ་རེད།
བློ་བཟང་སེངྒེ་ནི། ཨ་རིའི་གཙུག་ལག་སློབ་ཆེན། Salisbury University གྲགས་ཅན་སྲིད་འཛིན་གྱི་རྟགས་མ་དང་། ཧ་ཝར་སློབ་ཆེན་གྱི་མང་གཙོ་མཐའ་དཔྱད་རྩོམ་རིག་གི་གཟེངས་རྟགས་བཞེས་མཁན་ཞིག་རེད། སྤེན་པ་ཚེ་རིང་ལ་གཞན་གྱིས་གཟེངས་རྟགས་ཕུལ་བའི་ལོ་རྒྱུས་ཅིའང་བྱུང་མེད། དེ་ནི་སྤེན་པ་ཚེ་རིང་གི་ཕམ་ཁ་གསུམ་པ་རེད།
སྐུ་ངོ་སྤེན་པ་ཚེ་རིང་གི་ངོ་དེབ་ལ་དགའ་མོས་བྱེད་མཁན་མི་གྲངས་2000་ཟིན་མེད(གསལ་བོ་ཞིག་མ་མཐོང)།
བློ་བཟང་སེངྒེའི་ངོ་དེབ་ལ་དགའ་མོས་བྱེད་མཁན་མི13329སླེབས་ཡོད། དེ་ནི་སྤེན་པ་ཚེ་རིང་གི་ཕམ་ཁ་བཞི་བ་རེད།
བློ་བཟང་སེངྒེ་ནི། ཉིན་རེར་ཀློག་མཁན་ཁྲི་བརྒྱ་ཡར་ནང་དུ་སླེབས་པའི་གསར་ཤོག་སྙན་གྲགས་ཅན་ནེའུ་ཡོག་དུས་བབ(THE NEW YORK TIMES)དང་། ཉིན་རེའི་ཀློག་མཁན་འབུམ་ལྔ་ཡས་མས་སུ་སླེབས་པའི་གསར་ཤོག་གྲགས་ཅན(Washington post)སོགས་གསར་ཤོག་གྲགས་ཅན་ཁག་གི་ནང་། རྩོམ་རིག་གི་ལམ་ནས་བོད་དང་བོད་མིའི་བདེ་སྡུག་མི་མང་ས་ཡ་མང་བོར་ངོ་སྤྲོད་བྱེད་པའི་ནུས་ཚད་ལྡན་པ་ཞིག་རེད། སྤེན་པ་ཚེ་རིང་ལ་དེ་ཕྱོགས་ཤེས་འཇོན་ཤིན་ཏུ་ཕྲ་མོ་རེད། དེ་ནི་སྤེན་པ་ཚེ་རིང་གི་ཕམ་ཁ་ལྔ་བ་རེད།
བློ་བཟང་སེངྒེ་ནི། ཨ་རིའི་སྲིད་འཛིན་ཟུར་བ་བྷི་ཤི་དང(George w Bush)། ཨ་མི་རི་ཁའི་གྲོས་ཚོགས་ཚོགས་གཙོ་ཟུར་པ། གྲོས་ཚོགས་འོག་མའི་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནན་སེ་པི་ལོ་སི(Nancy Pelosi)། ཕྱི་སྲིད་དྲུང་ཆེ་ལྗོན་ཁ་རེ(John Kerry)། བློན་ཆེན་ལྗོན་མེག་ཁན(John McCain)སོགས། ཨ་རིའི་གྲོས་ཚོགས་ཀྱི་མི་སྣ་གནད་ཡོད་ཁག་དང་། ཡུ་རོ་གྲོས་ཚོགས་ཀྱི་མི་སྣ་གལ་ཆེན་མང་བོར་སྡིངས་ཆ་མཉམ་སྤྱོད་གྲོགས་འབྲེལ་ཡག་པོ་ཡོད་མཁན་ཞིག་རེད། སྤེན་པ་ཚེ་རིང་དེ་ཕྱོགས་ནས་ཕལ་ཆེར་ཁེར་རྐྱང་རེད་ཅེས་བཤད་ན་ཆོག དེ་ནི་སྤེན་པ་ཚེ་རིང་གི་ཕམ་ཁ་དྲུག་པ་རེད།
བློ་བཟང་སེངྒེ་ནི། ཨེ་ཤ་ཡའི་གཞོན་སྐྱེས་དབུ་ཁྲིད་ཉེར་གཅིག་གི་ནང་ཚན་དུ་འདེམས་ཐོན་བྱུང་ཡོད་པ་དང། རྒྱ་གར་གྱི་མི་སྣ་སྙན་གྲགས་ཀྱི་ཁོངས་སུ་ཚུད་བཞིན་ཡོད་ཚུལ་ཐོས། སྤེན་པ་ཚེ་རིང་ངོ་ཤེས་མཁན་ཡང་ཧ་ཅང་ཉུང་ཉུང་རེད། དེ་ནི་སྤེན་པ་ཚེ་རིང་གི་ཕམ་ཁ་བདུན་པ་རེད།
བློ་བཟང་སེངྒེ་ནི། བོད་ཀྱི་མཚན་མཐོང་ལ་གནོད་པའི་གླེང་རྙོག་ཆེན་པོ་ཅིའང་མེད་མཁན་ཞིག་ཡིན་ལ། དོན་དངོས་ཐོག་བདེན་པ་ཡིན་མིན་གང་ལྟར་ཡང་། སྤེན་པ་ཚེ་རིང་ནི་ཀ་དག་སྤྲུལ་སྐུའི་འདས་རྐྱེན་དང་། གསང་ཡུམ་འཕྲོག་པ། དངུལ་དངོས་བླངས་པ་སོགས་ཀྱི་གཏམ་རྙོག་བོད་ཕྱི་ནང་གཉིས་ཀར་ཁྱབ་ཟིན་པའི་མི་སྣ་ཞིག་རེད། དེ་ནི་སྤེན་པ་ཚེ་རིང་གི་ཕམ་ཁ་བརྒྱད་པ་རེད།
སྤེན་པ་ཚེ་རིང་གིས་ཕྱི་གསལ་ནང་གསལ་ཡིན་མདོག་གིས། དུས་དབང་ཕྱིར་སྣུར་ཐད་དགའ་ལྡན་ཕོ་བྲང་དང་ཁོང་གི་བར་གསང་བའི་འབྲེལ་ལམ་ཡོད་ཚུལ་བཤད་དེ། འོས་ཤོག་གི་དོན་དུ་དགའ་ལྡན་ཕོ་བྲང་དང་དེའི་ལས་ཀྱི་སྣེ་མོ་བ། མཐའ་ན་གོང་ས་མཆོག་ལའང་དཀའ་ངལ་བཟོས་ཡོད། དེར་བརྟེན། ཉེ་ཆར༧གོང་ས་མཆོག་གིས་སུད་སིར་མང་ཚོགས་ལ་སྨན་བཅོས་ཆེད་དུས་དབང་གཉིས་ཆ་ཕར་འགྱང་གནང་བ་ཞིག་ཡིན་པའི་གནས་ཚུལ་ངོ་མ་དེ་བསྐྱར་དུ་དག་སེལ་གནང་ཡོད། སྤེན་པ་ཚེ་རིང་གིས་ད་དུང་དེ་ཁས་མི་ལེན་པར་ཨུ་ཚུགས་བརྒྱབ་སྟེ། དགའ་ལྡན་ཕོ་བྲང་དང་༧གོང་ས་མཆོག་ལ་མ་ཉེས་ཁ་ཡོག་གི་དབུ་ཞྭ་ཞིག་གཡོག་ཐབས་བྱས་ཡོད། དེ་ནི་སྤེན་པ་ཚེ་རིང་གི་ཕམ་ཁ་དགུ་བ་རེད།
སྤེན་པ་ཚེ་རིང་གིས་གྲོས་ཚོགས་ནང་། བཀའ་ཤག་སྐབས་བཅུ་བཞི་བས་འཛིན་སྐྱོང་ལ་རྗེས་སུ་ཡི་རངས་འདོད་བློ་ཡོངས་སུ་ཚིམ་པའི་བསྒྲགས་གཏམ་སྤེལ་ཡོད་ཀྱང་། སྲིད་སྐྱོང་འགྲན་བསྡུར་སྐབས་མི་གཞི་རྦད་དེ་འགྱུར་ནས། ཁ་སྨྲས་དོན་ལ་མ་གནས་པར་འཛིན་སྐྱོང་གིས་མ་ཡོང་ཚུལ་བཤད་པ། བློ་བཟང་སེངྒེས་མཛུབ་མོ་གདོང་བཙུག་གིས་རྫུན་གཏམ་ཐེར་འདོན་བྱས་ཏེ། གསལ་བཤད་ཁ་གསལ་གཏིང་གསལ་བྱས་པས། སྐབས་དེའི་བགྲོ་གླེང་སྡིངས་ཆའི་ཐོག་གི་འཁྲབ་ཚན་སྙིང་རྗེ་བོ་དེས། མི་མང་རྣམས་ཁ་བཤད་དོན་ལ་མི་གནས་པའི་སྤེན་ཚེའི་འུག་པའི་རྫུན་འཁྲུག་དང་། རང་རྗེས་རྡོག་པས་མ་ནོན་པའི་འཆར་འགྲོས་དེར། ཧང་སེང་ཧོན་འཐོར་ཏེ། ལ་ལ་དགོད་བྲོ་ནས་རྒྱུ་མ་གཟེར་བ་དང་། ལ་ལ་ངུ་བྲོ་ནས་མིག་ཆུ་གཏོང་དགོས་པ་བཟོས་ཡོད། དེ་ནི་སྤེན་པ་ཚེ་རིང་གི་ཕམ་ཁ་བཅུ་བ་རེད།
ཏག་ཏག་ཚོགས་གཙོ་མཆོག་གིས། རང་ཉིད་ལྷག་བསམ་དང་ཤེས་འཇོན་ཆེ་མདོག་གི་སྒྲུང་གཏམ་རིང་མོ་དེ་གླེང་བཞིན་པའི་སྐབས་ཤིག་ཏུ། ཁོང་གི་རྒྱབ་ངོས་ནས་རང་ཉིད་ཀྱི་ངོ་ཤེས་ནང་ཚགས་ཤིག་གིས། ཁ་ཁོག་མི་མཚུངས་པའི་ཚོགས་གཙོ་མཆོག་གི་མ་རབས་ཀྱི་གཤིས་ཀ་དེར་འོས་ལངས་བརྒྱབ་ཡོད། འོས་ལངས་མཁན་དེ་ནི་གཞན་སུའང་མ་ཡིན། དེ་ནི་གངས་ཅན་སྐྱིད་གཤོངས་ལ་སྣོད་དང་ལག་པ་ཆ་ཡོད་ཡིན་པའི་ཇ་མ་ཞིག་སྟེ། ཁོང་གི་མིང་ལ་བློ་བཟང་ཉི་མ་ཟེར། མི་དེས་སྐུ་ངོ་ཚོགས་གཙོ་ཆང་གིས་བཟི་སྟེ་རྡུང་རེས་བརྒྱབ་པའི་གནས་ཚུལ་སྐྱུག་བྲོ་བ་དེ་དང་། གཞན་ཞིག་ནི་ཝར་ཎའི་དགེ་སྙན་ངག་པ་བེ་རི་འཇིགས་མེད་དབང་རྒྱལ་གྱིས། ཚོགས་གཙོ་མཆོག་མི་ཡ་རབས་ཀུན་སྤྱོད་ཅན་ཞིག་མིན་ཚུལ་ཁུངས་བསྐྱེལ་ར་སྤྲོད་བྱས་པ་དེ་རེད། དེ་ནི་སྤེན་ཚེའི་ཕམ་ཁ་བཅུ་གཅིག་པ་རེད།
ཚོགས་གཙོ་མཆོག་དང་ཁོང་གི་རྗེས་འཇུག་རྒྱབ་སྐྱོར་བ་ཚོས། ཨ་རིའི་བུད་མེད་ཅིག་གིས་བྲིས་པའི་བློ་སེང་གི་ཁང་རིན་སྐོར་ལས་འཕྲོས་པའི་རྩོམ་ཡིག་ཅིག་བེད་སྤྱོད་བཏང་སྟེ། ཁོ་བ་ཚོས་དམིགས་ཡུལ་བསྒྲུབ་ཆེད་ས་བསྒྲགས་གནམ་བསྒྲགས་བྱེད་སྒང་ཞིག་ཏུ། བུད་མེད་དེས་གནས་ལུགས་གསལ་བཤད་དང་སྦྲགས། གལ་སྲིད་སྤེན་ཚེར་འོས་ཐོབ་པ་ཡིན་ན་བོད་ཁ་ཐོར་དུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བརྒྱབ་ཡོད། དེ་ནི་སྤེན་ཚེའི་ཕམ་ཁ་བཅུ་གཉིས་པ་རེད།
སྤེན་པ་ཚེ་རིང་གིས་སྲིད་སྐྱོང་ལ་ཕྱི་དྲིལ་ལས་ཁུངས་ལ་དབང་ཆ་མེད་པའི་སྐྱོན་བརྗོད་ཅིག་བྱས། དེ་ནས་ཉིན་འགའི་རྗེས་བདེ་སྐྱིད་ཆོས་དབྱིངས་གློ་བུར་དུ་དགོངས་པ་ཞུས། བདེ་སྐྱིད་དང་སྤེན་པ་གཉིས་ཀྱིས་ལས་ཀ་དེ་དག་སྤྱི་དོན་ཡིན་མདོག་སྐད་ཆ་ཅི་ཙམ་ཞིག་བཤད་ཀྱང་། མི་མང་ཚོས་དེ་ནི་ཆོལ་ཁ་དཔུང་སྒྲིག་གིས་འཛིན་སྐྱོང་ལ་ངོ་ལོག་བརྒྱབ་པ་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་འཐོར་ཞིག་འགྲོ་བཞིན་ཡོད་པའི་སྐད་ངན་ཞིག་བོད་ཕྱི་ནང་ཀུན་ཏུ་གྲགས་སུ་བཅུག་ཡོད། དེ་ནི་སྤེན་ཚེའི་ཕམ་ཁ་བཅུ་གསུམ་པ་རེད།
བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲིག་ཞུས་པའི་བགྲོ་གླེང་ཐོག བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། བདེ་སྐྱིད་ཆོས་དབྱིངས་ཀྱི་དགོངས་ཞུ་བྱས་པ་དེ། རྒྱ་མའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལག་ཆར་གྱུར་ཏེ། བོད་ཕྱི་ནང་གཉིས་སུ་བཙན་བྱོལ་སྒྲིག་འཛུགས་ནང་འཁྲུག་བརྒྱབ་སྟེ་འཐོར་ཞིག་ཏུ་འགྲོ་བཞིན་ཡོད་པའི་རྫུན་གཏམ་འུར་ཆེན་པོ་བསྒྲགས་པ་དེར། སྲིད་སྐྱོང་འོས་མི་གཉིས་ཀྱིས་གནད་ལ་འཁེལ་བའི་ལན་ཞིག་རྒྱག་ཐུབ་མིན་དྲི་བ་བཏོན། བློ་སེང་གིས་ལན་ཚ་བོ་གནམ་ལྕགས་ཀྱི་ཐོག་ལྟ་བུ་ཞི་བཏབ་ཀྱང་། སྤེན་ཚེས་དྲིས་དོན་ལ་ལན་རྒྱག་རྒྱུའི་ཚབ་ཏུ་བློ་སེང་གིས་མ་འགྲིགས་པའི་རྣམ་འགྱུར་ཐོན་ཡོད། བྱ་ཐབས་དེས་བོད་མི་ཚོར་སྤེན་ཚེར་སྐྱིད་སྐྱོང་ལ་འོས་པའི་ཆ་རྐྱེན་གཏན་ནས་མི་ཚང་བ་དང་། བློ་སེང་གི་ལངས་ཕྱོགས་དང་། རྣམ་དཔྱོད་ལ་བོད་མི་ཚོས་སྤོབས་པ་ཆེན་པོའི་ཐོག་ནས་དགའ་བསུ་ཞུ་བཞིན་ཡོད། དེ་ནི་སྤེན་ཚེའི་ཕམ་ཁ་བཅུ་བཞི་བ་དེ་རེད།
བོད་གཞིས་ལུས་མི་མང་རྣམས་ཀྱིས། ༧གོང་ས་མཆོག་གི་འཕྲོས་ནས་བོད་ཀྱི་དབུ་ཁྲིད་བརྩི་བཀུར་ཆེ་ཤོས་ཤིག བློ་བཟང་སེངྒེར་ཆ་འཇོག་བྱེད་བཞིན་ཡོད་པ། བོད་ཀྱི་ས་ཁུལ་མང་བོའི་ནང་༧གོང་ས་མཆོག་དང་བློ་སེང་མཉམ་སྤྲེལ་གྱི་སྐུ་པར་བཤམས་ཡོད་པ་དང་། བོད་མི་རྣམས་ཀྱིས་བློ་བཟང་སེངྒེ་ལ་སྤོབས་སེམས་དང་། གདེང་འཇོག་ཆེན་པོའི་སྒོ་ནས་བསྟོད་གླུ་ལེན་བཞིན་པའི་འགྱུར་ཁུགས། བོད་ཀྱི་ས་ཁུལ་སོ་སོའི་ནང་བྲག་ཅ་བཞིན་དུ་མཆེད་བཞིན་ཡོད་པ་དེས་གསལ་བོ་བྱས་ཡོད། གནས་སྟངས་དེས་ཀྱང་སྤེན་པ་ཚེ་རིང་ད་ལན་ཕམ་རྒྱུ་ཡིན་པ་ཚོད་དཔག་གཏོང་སླའོ།།
ཁྱེད་ནི་གཟུག་གནས་མ་རེད། བློ་ཀྱོག་ཀྱོག་རེད་ཤག། བློ་སེང་ལ་འཛམ་གླིང་དབུ་འཁྲིད་ཁག་དང་མཇལ་འཕྲད་བྱུང་བ་ནི། བློ་སེང་གིས་མཇོན་པ་ཞིག་མ་ཡིན། དེ་ནི་༸གོང་ས་མཆོག་གི་ཐུགས་རྗེའི་གྲིབ་སིལ་ལས་བྱུང་ཤ་སྟག་ཡིན། སྤྱིར་སློབ་སྦྱོང་སོགས་འབུམ་རམས་པའི་ལག་ཁྱེར་ཡོད་པ་བདེན་པ་ཡིན། འོན་ཀྱང་དྲང་པོ་མེད་པ་དང་། དབང་ཆ་གཅིག་བསྡུས་ཀྱི་བསམ་བློ་ཤུགས་ཆེན་པོ་ཡོད་པ་ཞིག་ཡིན། དེ་ལྟར་ཡིན་པ་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་རྣམས་ཀྱི་གསལ་པོ་ཧ་གོ་གི་ཡོད། ང་ཚོའི་བཙན་བྱོལ་གཞུང་འདི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམ་གོང་འཕེལ་དང་། ཉམ་པ་སོར་ཆུད་ཆེད་དང་། མང་གཙོ་དང་རང་དབང་དར་སྤེལ་ཡོང་ཆེད་༸གོང་ས་མཆོག་གི་གསོལ་རས་གནང་བ་ཞིག་ཡིན། རྒྱུ་ཚན་དེ་ལ་བལྟས་ནས་བློ་བཟང་སེངྒེའི་སྲིད་སྐྱོང་བྱས་པ་ཡིན་ན། ཕན་ལས་གནོད་ཆེ་བ་དང། ཡར་རྒྱས་ལས་མར་ཞུད་ཆེ་བ་ཡོང་བར་ངེས་པས་སོ།།
རེད་རེད། ཕྱོགས་རེའི་མིག་གིས་བལྟས་པའི་གཟུར་གནས་ཟེར་ན་འདི་འདྲ་ཞིག་ཡིན་རྒྱུ་རེད།
ཕྱོགས་གཅིག་ལ་བློ་གཟུ་བོར་གནས་པའི་གང་ཟག་ཅིག་གིས་རང་གི་འདོད་བློ་གླེང་བ་ཙམ་ལས། དངོས་ཡོད་གནས་ཚུལ་གཞིར་བཞག་གིས་ཕྱོགས་སུ་མ་སློང་བའི་དྲང་བདེན་གྱི་སྐད་ཆ་བཤད་མེད་པའི་ཚོར་སྣང་འདུག ཕྱོགས་གཉིས་ཀའི་སྐྱོན་ཡོན་གླེང་མཐར་ད་གཟོད་སྡོམ་ཚིག་བཀོད་ན། བློ་ལྡན་ཀུན་གྱི་ཡིད་དབང་འཕྲོག་ཐུབ་འདོད། དེ་མིན་ཆབ་སྲིད་ཀྱི་དགོས་དབང་གིས་བྲིས་པ་ཡིན་ན་ནི་རྗེས་ལུས་ཐེབས་འདུག་གོ།
བདེ་ཆོས་ལགས་ཀྱིས། བློ་སེང་སྲིད་སྐྱོང་མཆོག་དང་། བོད་མའི་སྒྲིག་འཛུགས་ལ། མ་གུས་པ་བྱས་ཙང་། ད་ལོ་སྤེན་ཚེ་ལ་འོས། མ་བླུགས་པར། བློ་སེང་རང་ལ། འོས་བླུགས་ནས། བདེ་ཆོས་དང་སྤེན་ཚེ་གཉིས་ཀར། ངོ་ཚ་རུ་འཇུག་དགོས་རེད་དོ།།
གཟུར་གནས་ཀྱི་མིང་ཁྱེར་ནས་བློ་སེང་ལ་བསྟོད་ཆེས་ནས་འོས་འཕེན་མི་མང་གི་ལང་ཕྱོགས་ལ་འགྱུར་བ་ཕྱིན་ནས་བློ་སེང་འོས་ཤོར་ན་དེའི་འགན་དེ་ཕྱོགས་གཏོགས་ཚོའི་ཁྱེར་དགོས་སོ་།
ཕྱོགས་རིས་མིག་གིས་བལྟས་པའི་གཟུར་གནས་ངོ་མ་དེ་རེད། མཁྲིས་ནད་ཅན་གྱིས་མཐོང་བའི་དུང་གི་ཁ་དོག་དང་ཀུན་ནས་མཚུངས་སོ།།
མདོར་ན། བློ་སེང་ལོ་བཞི་དང་ལྔའི་ནང་དུ་༸གོང་ས་མཆོག་གི་རྗེས་སུ་འཛམ་གླིང་གང་སར་རང་ཉིད་ཁྱབ་བསྒྲགས་བྱེད་པར་རྒྱུག་སོང་།
གཟུར་གནས་ཀྱི་མིང་
Jigme Dhakpa shared སེང་གེ་ མཇིང་གནོན།’s post — with Mangrawa Dukarbum and 47 others.
གོང་གི་དེ་གཟུར་གནས་མིན་ན་འོ་ན་ཚོགས་གཙོ་མཆོག་ལ་གོ་སྐབས་དེ་འདྲ་ཞིག་ཐོབ་ཡོད་དམ་མེད། ཡོད་ན་དེ་ཚོ་ཕྲིས། གཞན་མང་པོ་བཤད་ནས་ཅི་ཕན།
བློ་བཟང་སེང་གེ་youtubeགྱི་IDཡོད་པ་དང་། ཀློག་མཁན་མང་པ་འདིར་བཀོད་མི་འདུག ཧ་ཧ་ཧ
བློ་སེང་གཙོས་པའི་བོད་མིའི་ཆབ་སྲིད་མི་སྣ་ཚོས་ཨ་མི་རི་ཀའི་དཔོན་རིགས་མཇལ་འཕྲད་མང་ཤོས་ཞུ་ས་དེ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་སྤེ་ལོ་སི་(Nancy Pelosi)མཆོག་དང་དེང་གི་འཆར་ལས་ཀའི་ངོ་བོའི་ཆ་ནས་ཨ་མི་རི་ཀའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་འཐུད་པ་ལྕམ་ས་ར་སི་ཝལ་(Sarah Sewell)མཆོག་གཉིས་རེད་།
བློ་སེང་གིས་ཁོང་གཉིས་ཐེངས་འགའ་ཤས་མཇལ་མྱོང་ཡང་དངོས་ཡོད་མྱོང་འཚོར་ལ་ཁོང་གཉིིས་ཀྱིས་བློ་བཟང་སངས་རྒྱས་ཞེས་མིང་དེ་ཡང་ཞལ་ནས་སྒྲ་དག་པོ་ཞིག་ཐོན་གྱི་མེད་། འདིས་བས་ཁོང་གཉིས་ཀྱི་ཞལ་ལ་རྒྱ་རི་Rinpoche ཅེས་པའི་མིང་དེ་བརྗོད་རྒྱུ་ལས་སླ་བ་ཡོད་།
དབུ་ཁྲིད་གཉིས་ཀྱིས་བློ་སེང་ལ་ཏ་ལའི་བླ་མའི་མི་དེ་ཅེས་འབོད་པའམ་ཡང་ན་བོད་མིའི་དབུ་ཁྲིད་ཅེས་འབོད་ཀྱི་ཡོད་།
དེ་ལས་ལྡོག་སྟེ་བློ་སེང་ལ་ཨ་མི་རི་ཀེའི་ཕྱི་སྲིད་ལས་ཁུངས་ནང་མཐོང་ཚུལ་ལེགས་པོ་གང་ཡང་མེད་། གསལ་པོ་བཟོས་ན་བོད་པ་ཚང་གི་མིང་ཆད་ཆགས་རོགས་རེད་། ཨ་མི་རི་ཀའི་རྒྱལ་ཁབ་དེ་བླན་ལྐོག་དེ་འདྲ་མ་རེད་། བློ་སེང་གིས་བློ་དོགས་ཡོད་པའི་སྒེར་གྱི་འབྲེལ་བ་བྱ་ཡུལ་ཁག་གསལ་གསལ་འཐིང་འཐིང་ཤེས་ཀྱི་རེད་།
དོན་དངོས་ལ་༧གོང་ས་རྒྱལ་བ་རིན་པོ་ཆེའི་མཚན་བེད་སྤྱོད་བཏང་ན་བློ་སེང་གི་ཚབས་ལ་མ་བྱན་ཞིག་བཏང་ཡང་མཐོང་ཆེན་ཡོང་གི་ཡོད་པ་ལོང་བའི་བལྟས་ཀྱང་མཐོང་བའི་རྒྱལ་ཁམས་ཞེས་དཔེ་ལྟར་རེད་།
མང་ཚོགས་མགོ་བསྐོར་མ་གཏོང་།
ཕྱི་རྒྱལ་དབུ་ཁྲིད་མཇལ་མཁན་མང་ཤོས་རྒྱ་རི་རིན་པོ་ཆེ་མཆོག་ཡིན་གྱི་རེད་། ཁོང་ལ་ཡང་དབུ་ཁྲིད་ཚོ་མཇལ་རྒྱུར་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཅེས་པའི་གོ་གནས་དེ་དགོས་ཀྱི་ཡོད་པ་རེད་ལ
ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ནང་ནས་བློ་སེང་ལ་མཐོང་ཚུལ་ཡག་པོ་མེད་པ་དེར་ཁག་ཡོད་མ་རེད། ཁོང་ཚོའི་བོད་དོན་དེ་འཚོང་ཤག་བྱས་ཀྱི་ཡོད་ཙང་དེ་བློ་སེང་གིས་མེད་པ་བཟོ་ཀི་རེད་དྲན་གྱི་ཡོད། ཚོང་རེད་ལ་ཁེ་ཕན་ཐོག་ནས་ལས་ཀ་བཟོ་ཀི་ཡོད་རེད། དཔེར་ན་ཆུ་སྒང་དང་པོ་གསར་འཛུགས་དང་མཐུན་རྐྱེན་སྦྱར་ཡང་རྗེས་ལ་རྒྱ་ནག་དང་ལག་སྦྲེལ་བྱས་རྗེས་རོགས་རམ་སོགས་མ་གནང་ནས་གཏོར་རྐྱེན་སོགས་ལ་བལྟས་དང་གསལ་པོ་རེད། གང་ན་མི་འཇོན་པོ་ཡོད་ན་དེར་ཕྲག་དོགས་དང་མ་དགའ་བ་མང་པོ་ཡོད་པ་ཆོས་ཉིད་རེད། ད་མང་པོ་མི་བཤད་གདའ། ཚེས་ཉི་ཤུ་རྗེས་ལ་གཟིགས་ལགས།
ཏྲེ་ཧོར་བྱམས་པ་རིན་ཆེན་ཟེར་བ་དེ། ཆོལ་ཁ་དབར་དཀྲུག་ཀྱང་དཀྲུག་མ་ཐུབ་པར་གསོང་། ད་ལྟ་ཨ་རི་དང་བོད་ཀྱི་དཀྲུག་དགོས་བསམ་པའི་མི་ཞིག་ཡིན་ས་རེད། ཁྱེད་ཀྱི་གང་ཡང་དཀྲུག་ཐུབ་ཀྱི་མ་རེད་དོ།
ཀརྡོ་གཉེར་ཕྱག་ལ་བསྔག་བརྗོད་འོས་པ་ནི་སོ་སོའི་མིང་ངོ་མ་བཀོད་ནས་མཆན་བྲིས་སྟངས་དེ་རེད་། ཡིན་ནའི་གཞན་ཞིག་གིས་བརྗོད་ན་ཁོ་པ་ལྐོག་བཟའ་ཅན་གྱི་འཕྲོན་བསྟེན་བཀའ་བློན་གྱི་གཉེན་ཚན་ཞིག་རེད་ཤོད་ཀྱི་འདུག་།
གང་ལྟར་ལྷག་བསམ་ཡོད་པའི་མི་ཞིག་གཏན་ནས་མིན་པ་ཟུར་ལྟས་ལེབས་མཐོང་རེད་འདུག་།
གཟུར་གནས་བློ་ལྡན་ལགས་སུ། ཁྱེད་ཀྱིས་བོད་ཡིག་གཏིང་ཟབ་སྦྱངས་མེད་པ་འདྲ། གཟུར་གནས་ཞེས་པའི་གོ་དོན་ཡང་རྟོགས་ཐུབ་མི་འདུག རང་ཉིད་དགའ་སའི་མི་ལ་སྐྱོན་ཡོན་གཉིས་ཀ་ཡོད་པ་སོ་སྐྱེ་ཞིག་གི་རང་ཆས་རེད། བློ་སེང་ནི་སེང་གེའི་མིང་ཅན་ཡིན་པ་ལས་སངས་རྒྱས་མིན། དེ་བས། བློ་སེང་ལ་སྐྱོན་ཡོད་པ་གཏན་ཚིགས་རིགས་པའི་ངལ་བ་ལ་བསྟེན་མི་འདོད་ཀི། ཁྱེད་ཀྱིས་བློ་སེང་གི་སྐྱོན་ཡོན་གཉིས་ལས་སྐྱོན་ཆ་ཉུང་གླེང་དང་ཡོན་ཏན་མང་གླེང་བྱས་ན་གཟུར་གནས་ཀྱི་ཕྱོགས་སུ་གོམ་པ་སྤོ་རྩིས་བྱེད་ཀྱིན་པའི་ཀྱི་བརྡ་ཆུང་ཞིག་རེད་ཅེས་བཤད་ཆོག་སྙམ། ཁྱེད་ནི་དེ་ལྡོག་སྟེ་ཕྱོགས་ཞེན་མཁྲིས་ནད་ཀྱིས་གཟེར་བའི་གང་ཟག་ཐ་ཤལ་བ་ཞིག་ལ་དྲི་མེད་དུང་ལྟར་དཀར་བའི་དྭངས་གཙང་གི་བསམ་བློ་ཞིག་གཏན་ནས་ཡོང་མི་སྲིད། ཁྱེད་ནི་ཅོལ་ཆུང་ཐ་ཤལ་བ་ཕག་པའི་བརྟུལ་ཞུགས་ལ་གནས་པའི་གང་ཟག་ཅིག་རེད། འདི་ཅན་པོས་བོད་སྤྱི་བ་ཟེར་བ་ཞིག་ཡོད་པར་གཏན་ནས་མཐོང་མི་ཐུབ་ལ་ཤེས་ཀྱང་མི་ཤེས། གལ་ཏེ། སྤེན་ཚེ་ལ་སྲིད་སྐྱོང་གི་རྐུབ་སྟེགས་མ་ཐོབ་པ་ནའང་སྤེན་ཚེ་སྐུ་སྒེར་ལ་གྱོང་རེག་མེད། གྱོང་ངོ་མ་བོད་སྤྱི་ལ་རེག་ཡོད། བློ་སེང་གིས་ཆོལ་གསུམ་དཀྲུག་ཐེབས་ཀྱི་སྐད་ཆ་གང་མང་བརྒྱུད་ལམ་ཐོག་བཤད་ཡོད། དཔེར་ན། དབུས་གཙང་དང་མདོ་སྨད་ཆོལ་ཁ་ཞེས་མིང་འདོན་གནང་ཡོད། དོན་དངོས་སུ། དབུས་གཙང་དང་མདོ་སྨད་ཆོལ་ཁ་གཉིས་གཟུར་གནས་ཀྱི་ཆོལ་ཁ་གཉིས་རེད། དེ་ལྟར་ཡིན་མིན་འདས་ཟིན་བོད་སྤྱི་ཚོགས་ཐོག་གི་རྙོག་དྲ་ལ་ལྟོས་དང་ཤེས་ཐུབ། བློ་སེང་གི་རྒྱབ་ཏུ་མདོ་སྟོད་ཆོལ་ཁ་ལྐོག་ཡིབ་བྱས་ཡོད་ལ། དེའི་ཁར་བློ་སེང་ཕ་ཡུལ་གཅིག་པ་ལི་ཐང་བ་རྣམས་ཡོད། ཐ་ན། བློ་སེང་དང་ཕ་ཡུལ་གཅིག་པ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ལི་ཐང་བ་དང་ཁམས་རིགས་སྐོར་ཞིག་གིས་བློ་སེང་ཅི་ལྟར་རྒྱབ་སྐྱོར་བྱེད་དགོས་འདུག ལྟོས་དང་། བོད་རྒྱ་ཆེའི་མང་ཚོགས་ཚོ། ༧རྒྱལ་བ་རིན་པོ་ཆེ་ལ་རྒོལ་བའི་དོལ་ཚོགས་རྩ་མེད་དང་། སྐུ་དྲག་གསར་བ་རྩ་མེད། དཔུང་སྒྲིག་གཅར་རྡུང་རྩ་མེད། ཁང་རིན་གཙང་མེད་རྩ་མེད། བོད་ནང་དམངས་གཙོ་རྩོད་དགོས་མེད་ཟེར་བ་རྩ་མེད། བོད་ལ་རྒྱལ་ཁབ་ཡོད་མ་མྱོང་ཟེར་བ་རྩ་མེད། ཆུ་སྒང་རྙིང་པའི་འཇིགས་སྐུལ་ལས་དུས་དབང་ཕྱིར་འགྱངས་གནང་བ་རྩ་མེད། ༧གོང་ས་མཆོག་གང་དུ་ཕེབས་སར་གོ་སྐབས་འཚོལ་ཆེད་འཚང་ཁ་བརྒྱབ་ནས་སོང་སྟེ་གནད་ཡོད་མི་སྣ་ཐུག་རྗེས་རང་འབྱོན་བསྒྲགས་པ་རྩ་མེད། ༧་གོང་ས་མཆོག་གིས་རྨང་གཞི་བརྟན་པོ་བཏིང་ཞིང་ཆོལ་གསུམ་ཆོས་བརྒྱུད་བར་གྱི་འཐེན་འཁྱེར་རྨང་མེད་དུ་བཏང་ནས་ཞི་བདེ་ལྷིང་འཇགས་བཟོས་བཞག་པ་བློ་སེང་གིས་བྱས་རབས་གླེངས་ནས་༧གོང་ས་མཆོག་ལ་དྲིན་ལན་ལོག་འཇལ་རྩ་མེད། གཞུང་ལས་འཐུས་ཤོར་དང་གཞུང་དངུལ་སྒེར་སྤྱོད་རྩ་མེད། གཞུང་དོན་ཁ་ལ་འཁྱེར་ནས་གཞུང་དངུལ་ཕངས་མེད་བཏང་སྟེ་༧རྒྱལ་བའི་མཚན་གནས་བསྒྲགས་ནས་རང་གི་ཁེ་ཕན་དང་གོ་སྐབས་གཞི་རྒྱ་ཆེ་རུ་གཏོང་བའི་ངན་ཇུས་བ་རྩ་མེད། འོས་ཤོག་གཅིག་གི་དོན་དུ་གཞུང་གི་སྡིངས་ཆ་བེད་སྤྱོད་བཏང་ཞིང་། ལྷག་པར་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ལས་སྣེ་བ་རྣམས་འཕྲོད་བསྟེན་ཐད་བརྒྱ་ཆ་ལྔ་བཅུ་ཆགས་ཡང་གི་ཐལ་སྤྱོད་པ་རྩ་མེད། རང་གི་དབང་འོག་ཏུ་ཡོད་པའི་ཉམ་ཐག་འབངས་མི་ཉེན་རྟོག་པར་རྩིས་སྤྲོད་དགོས་ཡིན་ཞེས་སྡིགས་ར་སྐུལ་མཁན་རྩ་མེད། ༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་རྩེད་ཆས་བཞིན་དུ་རྩེད་མོ་རྩེ་མཁན་རྩ་མེད། ༧གོང་ས་མཆོག་ལ་དད་འདུན་ཆེ་བའི་ཕྱི་རྒྱལ་བ་རྣམས་ཀྱི་རྣག་ཁྲག་ལས་གྲུབ་པའི་རོགས་དངུལ་དང་། བོད་མི་རྣམས་ཀྱིས་དཔྱ་དངུལ་དང་རོགས་དངུལ་རྣམས་རང་ལ་གོ་སྐབས་གང་ཡག་ཐོབ་ཆེད་ཕངས་མེད་བཏང་ནས་འཛམ་གླིང་གང་སར་སྐོར་སྐྱོད་བྱས་ཞིང་། འདི་རིགས་དཀོར་གཟན་པ་རྩ་མེད། དོལ་ཚོགས་༧རྒྱལ་བའི་ཕེབས་འཁོར་གྱི་ཉེ་འཁྲིས་སུ་བསླེབས་ཀྱང་དེ་ལྟར་མིན་ལུགས་བསྒྲགས་ཏེ་དོལ་ཚོགས་དགའ་འཇུག་མཁན་རྩ་མེད། ལོ་ངོ་བཞི་དང་ཕྱེད་ཀའི་རིང་འདི་འདྲའི་ལས་ངན་བསྒྲུབས་ཡོད་ན་བསྐྱར་དུ་ཅི་ཙམ་བསྒྲུབ་བམ་ཀུན་གྱིས་སོམས། འདི་འདྲའི་དགྲ་དགའ་གཉེན་སྡུག་ལས་རིགས་སྒྲུབ་མཁན་རྩ་མེད་དུ་བཏང་ནས་ཡང་དག་པའི་བོད་ཀྱི་སྤྱི་ཚོགས་ཤིག་འདོད་ན་སྤེན་ཚེ་ལས་ལྷག་པ་ཞིག་ད་ལྟ་དུས་འདིར་གནམ་མཁའི་མེ་ཏོག་བཞིན་ཡིན། ལས་རིགས་ངན་བསྒྲུབས་པ་རྩ་མེད་བཟོ་མཁན་ཤེས་འཇོན་དང་སྤོབས་སྙིང་ལྡན་པ་སྤེན་ཚེ་མ་གཏོགས་གཞན་ཞིག་མེད་པ་གསལ་བོ་རེད། སྤེན་ཚེ་ནི་མི་རབས་གསར་བའི་འགོ་ཁྲིད་རྣལ་མ་ཉག་གཅིག་དེ་ཡིན།
དཔལ་ལྡན་ལགས། ཁྱེད་ཀྱི་བརྩོམ་ཡིག་ཡག་པོ་སྤེལ་འདུག། བཀའ་དྲིན་ཆེ། ཐུགས་རྗེ་ཆེ། གཟུར་བོར་གནས་པའི་བློ་ལྡན་ཟེར་ན་དཔལ་ལྡན་ལགས་རེད་འདུག། དྲང་པོ་རྒྱལ་གྱུར་ཅིག། བདེན་པ་ཉིད་རྒྱལ་གྱུར་ཅིག།
ད་བློ་སེང་དང་བློ་སེང་ཤོག་ཁག་གིས་རྣམ་དཔྱོད་བྲལ་བའི་ལས་ཀ་སྟེ། སྐྱག་རྫུན་བཤད། དྲག་པོའི་སྦྱོར་བ་སྤེལ། སྡིགས་ར་སྐུལ། དཔར་སོགས་ཀྱིས་ཀུན་སྤྱོད་དང་བྲལ་བའི་བཟོ་བཀོད་སྣ་ཚོགས་བྱས་ཏེ། དགྲ་དགའ་གཉེན་སྡུག་གི་ལས་ཀ་ཡོད་ཚད་ལས་སོང་བས། རྒྱ་ཆེའི་མི་མང་ལ་ཁ་ཕོག་སྣ་ཕོག་བྱས་བྱས་མཐར། བློ་སེང་ཤོར་བཅུག་ས་རེད། ཧ་ཧ་ཧ། ད་ནི། གཞིས་ཆགས་གང་ནས་ཡིན་རུང་མང་ཆེ་བ་བློ་སེང་ཤོག་ཁག་ལ་ཞེ་མེར་ལངས་འདུག ད་རེ་བ་གཅིག་རང་རྒྱག་ས་ཡོད་པ་ནི། གདན་སའི་མདོ་སྟོད་གྲྭ་བ་དག་རེད། དེ་དག་ལ་ཧ་ལས་ན་ལྔ་སྟོང་ཙམ་ཞིག་ཨེ་ཡོད། སྔོན་འགྲོ་དང་དངོས་གཞིའི་འོས་ཀྱི་འགྱུར་ལྡོག་དེས། བློ་སེང་དང་ཁོའི་ཤོག་ཁག་ལ་མང་གཙོའི་འགྲོ་ལུགས་འདུག་བཏང་ཐོག་བཟང་སྤྱོད་ཀྱི་བསླབ་བྱ་ཆེན་པོ་ཞིག་སྟེར་ངེས་པ་ཡིན། དེ་ཡང་ཁོ་ཚོར་མཚོན་ན་སྟབས་ཡག་པ་རེད་དཱ། རྒྱུ་མཚན། ཁོང་ཚོར་སྐབས་རྗེས་མ་རྣམས་སུ་སྐྱོན་ཆ་ལྷག་རྒྱུ་ཇེ་ཉུང་དང་། སྤྱོད་པ་ཇེ་ཡག་ལ་གཏོང་བྱེད་ཀྱི་ལྕགས་ཚན་ཡག་ཤོས་ཤིག་རེད།
གཟུར་གནས་བློ་ལྡན་གྱིས་བརྗོད་པའི་བློ་སེང་གི་ཡོན་ཏན་དེ་དག་སྐོར་ཞིག་བདེན་པ་རེད། ང་ཚོས་དེ་མི་འདུག་ཟེར་གྱི་ཡོད་པ་མ་རེད། ང་ཚོས་ཟེར་རྒྱུ་ནི་འདས་པའི་ལོ་ལྔ་ཙམ་ལ་བྱས་རྗེས་སྟོན་རྒྱུ་མི་འདུག་ཟེར་གྱི་ཡོད་པ་རེད། མ་འོངས་པའི་འཆར་གཞི་མི་འདུག་ཟེར་གྱི་ཡོད་པ་རེད། བློ་སེང་རང་ལ་བྱས་རྗེས་སྟོན་རྒྱུ་མེད་དུས་རྒྱལ་བ་རིན་པོ་ཆེ་ཚུན་ཆད་ཀྱི་མཛད་རྗེས་ནས་བློ་སེང་གིས་རང་གི་བྱས་རྗེས་སུ་ངོམ་པ་ལྟ་བུའི་རྫུན་དང་ཧམ་པ་བཤད་ཀྱི་འདུག་ཟེར་གྱི་ཡོད། གཟུར་གནས་བློ་ལྡན་གྱིས་བརྗོད་པའི་བློ་སེང་གི་ཡོན་ཏན་དེ་དག་ཡོད་ན་འབྲས་བུ་སྟོན་མི་དགོས་པ་དང་མ་འོངས་པའི་འཆར་གཞི་མི་དགོས་པ་ཡིན་རྒྱུ་མ་རེད། ཡོན་ཏན་དེ་དག་ཡོད་ན་གཞན་གྱི་བྱས་རྗེས་རྣམས་བློ་སེང་ལ་དབང་འགྲོ་བའི་རྒྱུ་མཚན་ཡོད་རྒྱུ་མ་རེད།
ད་ལྟའི་འཕྲོད་བསྟེན་བཀའ་བློན་གྱི་ཕ་ཡུལ་དང་། ཕ་མ་སྤུན་གཉེན་ནང་ལལ་ངས་ངོ་ཤེས་པ་གཅིག་ཀྱང་མེད་དོ།། བསྟན་རྣམ་ལགས།
མཆན་བུ་དང་རྩོམ་འབྲི་བ་ཀུན་ལ་ཕྱོགས་རིས་ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་རེད་འདུག ད་མང་པོ་མི་བཤད། ཡང་ཕྱོགས་རིས་འདུག་ལབ་ཡོང། དྲང་པོར་བཤད་ན་ཁ་བརྡའི་ནང་དུ་པན་ཚེ་ལ་རྒྱབ་སྐྱོར་བྱེད་མཁན་མང་བ་དང་བློ་སེང་ཕྱོགས་གཏོགས་ཉུང་བ་དང་དེ་བཞིན་བློ་སེང་ལ་སྐྱོན་བརྗོད་བྱེད་མཁན་ཀྱང་མང་བ་འདུག ཞིབ་ཏུ་དཔྱད་ན་མཆན་དང་རྩོམ་འབྲི་མཁན་འདིའི་རིགས་ཆོལ་ཁ་གང་དུ་གཏོགས་མིན་ཟུར་ལྟས་ལེབ་མཐོང་རེད་འདུག
བློ་གཟུ་བོར་གནས་པའི་གཟུར་གནས་དེ་མ་ཡིན་པར་ཆོལ་ཞེན་གྱི་གཡང་ཟུར་ན་གནས་པའི་ཟུར་གནས་དེ་ཡིན་འདུག། ༧གོང་ས་མཆོག་གིས་མི་མང་གིས་བདམས་པའི་གཞོན་སྐྱེས་ཤིག་བཀའ་ཁྲིར་སླེབས་པར་ཐུགས་རེ་ཆེན་པོ་གནང་ཡོད་ཀྱང། བློ་སེང་གིས་ཐུགས་རེ་གནང་བ་ལྟར་འཇོན་མེད། རྒྱལ་སྤྱིའི་སྟེང་བོད་རྒྱལ་ཁབ་ཟེར་བ་ཞིག་ནམ་ཡང་བྱུང་མྱོང་ཡོད་པ་མ་རེད་ཟེར་བ་འདི་གཅིག་པུས་ཀྱང་ཞབས་འདྲེན་ཞུས་ཡོད། གྲོགས་པོ་གྲོགས་མོ་དང་ཁམས་རིགས་ལ་གནད་ཆེའི་ལས་གནས་སྤྲད་པ་འདི་གཅིག་པུས་ཀྱང་སྙིང་ལ་ཁམས་ཞེན་གྱི་མེ་འབར་བསྡད་ཡོད་པ་གསལ་པོ་བསྟན་པ་རེད། སྲིད་སྐྱོང་འགྲན་རྩོད་ནང་སྤེན་པ་ཚེ་རིང་མ་གཏོགས་མེད་པ་ཤེས་ཏེ་སྤེན་ཚེ་ནག་པོ་བཟོ་ཐབས་བྱས་པ་འདི་གཅིག་པུས་ཀྱང་ཁོང་ནང་ཕྲག་དོག་གི་མེ་འབར་བསྡད་པ་མཚོན། ༧གོང་ས་མཆོག་སོགས་སྔོན་གྱི་འགན་འཁུར་མི་སྣ་རྣམས་ལས་ཁོ་པ་ལྷག་པ་ཡིན་མདོག་སྟོན་པ་འདི་ཁོ་ནས་བསམ་ཡོད་མི་མང་གི་སེམས་ནང་མ་སྐྱིད་བཟོས་ཟིན་པ་རེད། ད་དུང་ཨུ་ཚུགས་རྒྱག་སྟངས་ལ་བལྟས་ན་བོད་པ་ཚང་འདི་མིང་གི་ལྷག་མ་ཙམ་ཡང་མ་ལུས་ཞིག་བཟོ་ཐབས་མིན་ན་གང་རེད།
བློ་བཟང་སེངྒེ་གངས་ཀྱི་སེངྒེ་རེད།།སེངྒེ་དཀར་མོ་གངས་ཀྱི་རྒྱན་ཆ་རེད།།གངས་ཅན་བོད་ལ་མཁོ་བའི་ནོར་བུ་རེད།།ནོར་བུའི་རིན་ཐང་ཤེས་དགོས་བོད་མི་ཚོ།།
ཏཱ་ལའི་བླ་མ་བོད་ཀྱི་བླ་མ་རེད།།བློ་བཟང་སེང་གེ་བོད་མིའི་དབུ་ཁྲིད་རེད།།བླ་དཔོན་བཟང་པོ་ཉི་ཟླ་ཟུང་འབྲེལ་རེད།།འདི་གཉིས་མེད་ན་བོད་མི་ལོང་བ་རེད།།
རིགས་ཀྱི་ཁྲག་རྒྱུན་གངས་ཅན་བོད་ནས་མཆེད།།ལྟེ་བའི་མཚལ་ཁྲག་འཕགས་པའི་ཡུལ་དུ་འཕོས།།མཁས་པའི་སྟོབས་རྩལ་ནུབ་ཕྱོགས་གླིང་དུ་རྒྱས།།ཕ་བཟང་བུ་རྒོད་ཅིག་གི་དཔེ་མཚོན་རེད།།
#14 བསྟན་འཛིན་རྣམ་གྲངས་ ་ལགས་སུ།
https://www.facebook.com/photo.php?fbid=704572253018620&set=a.211309075678276.52929.100003975569166&type=3&theater
ཁྱུང་སེ་ལགས་།
ང་ཆོལ་ཁ་ཆོས་ལུགས་ཀྱི་དབྱེ་བའི་སྔོན་དང་པོ་ཐོག་མར་རང་ཉིད་བོད་མི་ཞིག་ཡིན་།
ངས་རྒྱུན་དུ་བུ་ཕྲུག་ཚོར་རང་ཉིད་བོད་མི་ཞིག་ཡིན་པ་དང་བོད་མི་རིགས་ཀྱི་དོན་དུ་བསམ་བློ་བཏང་དགོས་པ་སློབ་སྟོན་བྱེད་ཀྱི་ཡོད་།
ངས་གྲོགས་གཟའ་ཟླ་བརྩལ་བའི་སྐབས་སུའང་སོ་སོ་རང་གི་དགའ་རོགས་བོད་རིགས་ཞིག་འཚོལ་ཏེ་འཇིག་རྟེན་གཉེན་བསྒྲིགས་བྱས་པ་ལས་ཆོལ་ཁ་ཆོས་ལུགས་གང་ཡིན་ཡིད་ལ་འཁོར་མྱོངས་མེད་།
རང་ཉིད་དབུས་གཙང་བ་ཞིག་ཡིན་ལ་དེ་སྔ་བཀའ་ཁྲི་ཟམ་སྟོང་རིན་པོ་ཆེ་དང་སྔོན་འགྲོའི་འོས་གཞིའི་སྐབས་ཨ་ཚོགས་ཀླུ་དཀར་འཇམ་ལ་འོས་འཕེན་པ་ཡིན་། ད་ཆ་དངོས་གཞིའི་སྐབས་སུ་ཉེ་དུས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་སྐུ་ལུས་མེ་བསྲེགས་བཏང་མཁན་གཉིས་ལ་རྗེས་དྲན་ཆེད་རང་གི་རྩ་ཆེའི་འོས་དེ་འདེམས་བྱ་གཉིས་ཡོད་པ་ནས་མི་མང་མགོ་བསྐོར་མ་བཏང་མཁན་ཞིག་ལ་འཕེན་གྱི་ཡིན་། དེ་ནི་བགྲོ་གླེང་དང་གཏམ་བཤད་ཁག་ནས་ལས་སླ་པོར་གསལ་སྟོན་ཐུབ་པ་དེ་ནི་བློ་སེང་ལ་རྫུན་བཤད་རྒྱུར་ངོ་ཚ་ཞེ་བྲལ་ཙ་བ་མེད་པ་ར་སྤྲོད་ཐུབ་པ་དེ་རེད་། རྫུན་གྱི་མཐའ་མ་ལྕགས་ཡིན་ཡང་རྡུལ་ཞེས་པའི་གཏམ་དཔེར་བདེན་པ་ཡོད་ན་ད་རེས་བློ་སེང་འོས་ཕམ་གྱི་རེད་།
ངས་འོས་དང་རྒྱབ་སྐྱོར་དེ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་འཕེན་གྱི་ཡོད་པ་ལས་བློ་སེང་ཁམས་རིགས་ཡིན་པར་མ་དགའ་བ་བྱས་ན་རྩ་བ་ནས་བླུགས་ཀྱི་མེད་།
བློ་སེང་གིས་ཆོལ་ཁ་ཆོས་ལུགས་ཀྱི་རྙོག་ཁྲ་བཟོས་དྲགས་སོང་། དེ་ཡང་གཅིག་བྱས་ན་ཁོང་གི་ཆིག་སྒྲིལ་གྱི་ལྟ་སྒྲུབ་ལག་བསྟར་བྱེད་སྟངས་གཞན་གྱི་མ་ཤེས་པ་དེ་ཡིན་གྱི་རེད་ ཕྱི་ནས་རོགས་དངུལ་འཚོལ་དེ་ལ་རང་ཁ་རང་གསོ་ལབ་། ནང་ཁུལ་དགྲ་བཏུལ་ཉེན་སྐྱོང་ཁོ་ན་བྱས་དེ་ལ་ཆིག་སྒྲིལ་ཞེས་ཟེར་། བཙན་བྱོལ་ནང་སློབ་གྲའི་འགྲོ་ལུགས་འགྲོ་སྟངས་མེད་པ་བཟོས་དེ་ལ་གསར་ལྟོས་ཞེས་ལབ་། མི་དེ་འདྲ་བ་སྲིད་ཐལ་བར་བོད་མིའི་ཆབ་སྲིད་ཀྱི་དབང་ཆའི་ཐོག་མ་སླེབས་པའི་སྨོན་འདོན་ཞུ་།བཀྲིས་བདེ་ལེགས་། ཚང་མས་དམངས་གཙོའི་ཁེ་དབང་ལོངས་སྤྱོད་བྱེད་།
བློ་སེང་གིས། གསར་གཏོད་མང་པོ་བྱས་ཙང་རྙིང་ཞེན་པ་རྣམས་མ་དགའ་བ་ཆགས་པ་རེད། བློ་སེང་གིས་ཆིག་སྒྲིལ་བྱས་ཙང་དུས་ད་ལྟ་ཡང་དབུས་ནས་འོས་མང་པོ་རག་བགྱིད་ཡོད་རེད། རོགས་དངུལ་འཚོལ་པ་ཙམ་གྱིས། རང་ཁ་རང་གསོ་ལ་གནོད་ཟེར་བ་ནི། ཁ་ཧམ་པ་ཆེ་དྲགས་པ་མ་རེད་དམ། ལགས།
ཀརྡོ་གཉེར་ཕྱག་ལགས་།
ངོས་ལ་ཡང་སྤྱི་ཚོགས་ཐོག་ལས་ཀ་བྱས་པའི་འབྲས་བུར་རྒྱལ་བས་སྦྱིན་གྱི་རླབས་པའི་སྐུ་དཔར་དེ་འདྲ་མང་པོ་ཡོད་། ང་དང་ང་འདྲ་བ་གཞན་ལ་ཡང་དེ་འདྲ་མང་པོ་ཡོད་པ་རེད་། སེམས་ནང་དད་པ་ཡོད་ན་ དེ་ཚོ་ཆབ་སྲིད་ཀྱི་གོ་ཆ་དང་ལྟོ་གོས་འཚོལ་རྒྱུའི་ཆེད་བེད་སྤྱོད་བྱེད་ཡག་མ་རེད་།
བཀྲིས་བདེ་ལེགས་། འོས་ཤོག་རྗེས་ང་ཚོ་བོད་རིགས་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་དོ་། ངས་དེ་ལྟར་བྱེད་ཀྱི་ཡིན་།
ཡག་པོ་བྲིས་འདུག མཐེ་བོང་ཀེར་ཡོད་དོ།།
སྤེན་པ་ཚ་རིང་ལ་རྒྱབ་སྐྱོར་ཡོད།
https://www.facebook.com/HideoJour/photos/a.1005173776239400.1073741828.989911094432335/1005173509572760/?type=3&theater
བློ་སེང་ལགས་ལ། རྒྱབ་སྐྱོར་ཡོད།
བློ་སེང་ལ་བོད་རྒྱ་འབྲེལ་མོལ་དང་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་ཆོད་སེམས་བརྟན་པོ་མེད།
རྒྱབ་སྐྱོར་བརྟན་ནས་མེད།
ང་ཚོ་ལ་སྲིད་སྐྱོང་དགོས། ང་ཚོ་ལ་སྤེན་ཚེ་དགོས།
ད་རྙོག་མ་བཟོ། བོད་རང་གི་སྐྱིད་སྡུག་རང་གིས་དང་ལེན་བྱིད། རང་ཉིད་ཀྱི་འོས་གཅིག་པུ་དེ་ཡང་བར་མ་བར་ནས་གོ་སྐབས་ཤོར་བཅུག་ན་འགན་འཁྲི་དང་ལེན་མ་བྱས་བ་དང་གཅིག་མཚུངས་རེད་སྙམ།