ཨེ་མ་ཧོ།
ན་མོ་གུ་རུ་ཛམྦྷ་ལ་ཡེ།
ཆོས་དབྱིངས་འགྱུར་མེད་ནམ་མཁའི་ཁམས།།
ཆོས་ཅན་སྣང་སྲིད་དག་པའི་ཞིང་།།
ཆོས་ཀུན་རྟེན་འབྲེལ་ཟབ་རྒྱས་མཐུས།།
ཆོས་ཉིད་བདེན་པས་གཡང་ཁུག་ཅིག།
ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མས།།
དགའ་སྤྲོ་ཆེན་པོས་དར་དཀར་བཅས།།
དགེ་ལེགས་བྱེ་བའི་འབྱུང་གནས་ཆེ།།
འཛམ་གླིང་ཞི་བདེའི་གཡང་ཁུག་ཅིག།
ལྷོ་ཕྱོགས་རིན་ཆེན་མཁའ་འགྲོ་མས།།
བྱམས་ཆེན་གསེར་མདོག་དར་སེར་བཅས།།
ཚེ་བསོད་རྒྱས་པའི་ཕྱྭ་གཡང་ཆེ།།
གང་འདོད་ལོངས་སྤྱོད་གཡང་ཁུག་ཅིག།།
ནུབ་ཕྱོགས་པདྨ་མཁའ་འགྲོ་མས།།
བདེ་ཆེན་དབང་གི་དར་དམར་བཅས།།
ཐུགས་རྗེ་དབང་གི་སྒྱུ་འཕྲུལ་ཆེ།།
སྣང་སྲིད་དབང་སྡུད་གཡང་ཁུག་ཅིག།
བྱང་ཕྱོགས་ལས་ཀྱི་མཁའ་འགྲོ་མས།།
སྣ་ཚོགས་ཕྱག་རྒྱའི་དར་ལྗང་བཅས།།
བསྟན་འགྲོེར་སྨན་པའི་དོན་བཟང་ཆེ།།
ཕྲིན་ལས་རབ་འབྱམས་གཡང་ཁུག་ཅིག།
དབུས་ཕྱོགས་སངས་རྒྱས་མཁའ་འགྲོ་མས།།
མཐིང་མདོག་ཆེན་པོའི་དར་སྔོན་བཅས།།
ཆོས་ཀུན་སྙིང་ཐིག་རྫོགས་པ་ཆེ།།
དེ་ཉིད་རྟོགས་པའི་གཡང་ཁུག་ཅིག།
ཅི་བསམ་འགྲུབ་པའི་གཡང་ཁུག་ཅིག།
རབ་བྱུང་རྣམ་དག་གཡང་ཁུག་ཅིག།
བྱང་སེམས་ཡང་དག་གཡང་ཁུག་ཅིག།
དག་པ་རབ་འབྱམས་གཡང་ཁུག་ཅིག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་ས་ག་ཟླ་བའི་རྡོ་རྗེ་ཉི་མའི་སྣང་བའི་དཔལ་སྤྱོད་པའི་སྐབས་སུ་ཁ་བཏགས་སེར་པའི་བགྲོ་གླེང་གི་རྐྱེན་ལས་གང་ཤར་དུ་ཤྲྰི་ཨེ་མ་ཧོས་དབྱིན་སྟོད་ཨེ་བྷྲྰུྃ་འབར་ནས་བྲིས་པར་དགེའོ།།