དྲི་བ་འདོན་མཁན་རིགས་ལྡན་རྒྱལ་པོ། ལན་བླན་མཁན་གངས་སེང་།
༡༽ དྲི་བ། གནའ་ཆོས་བོན་དེ་མི་ལོ་སྟོང་ཕྲག་དུ་མའི་གོང་ནས་གསུངས་འདུག་པས། མཉམ་མེད་ཤཀྱཱ་སེང་གེ་དང་དུས་མཉམ་པ་ཡིན་ནམ་དེའི་གོང་ནས་ཡིན། ལོ་ཚིགས་གསལ་པོ་ཁུངས་གཏུགས་འདྲ་ཡོད་དམ།
ལན། ཕྱིས་འབྱུང་གཡུང་དྲུང་བོན་གྱི་ལོ་རྒྱུས་མང་དག་ནང་དུ་སྟོན་པ་གཤེན་རབ་སྐུ་འཁྲུངས་ནས་སྤྱི་ལོའི་སྔོན་དུ་ལོ་༡༦༠༡༧ སོང་བར་བཤད་ཡོད། འོན་ཀྱང་དོན་དངོས་ཐོག་དངོས་གཙོ་རིག་པའི་ལམ་ནས་གཡུང་དྲུང་བོན་གྱི་ལོ་རྒྱུས་རྙིང་པ་ཁག་གཅིག་ལ་ཞིབ་དཔྱད་གནང་ན་ད་ནས་ཡར་རྩིས་པའི་ལོ་༣༩༠༠ གོང་དུ་སྟོན་པ་གཤེན་རབ་འཇིན་རྟེན་མི་ཡུལ་ལ་བཞུགས་ཡོད་པ་གསལ་པོ་རེད། དེས་ན་གཤེན་རབ་མི་བོ་ནི་མཉམ་མེད་ཤཀྱཱ་སེང་གེའི་སྔོན་དུ་བྱུང་བར་འདོད།
༢༽ དྲི་བ། ལྟ་བ་ཡས་ཕུབ་ཅེས་པ་ལྟ་བ་མཐར་ཐུག་རྟེན་འབྱུང་དང་མཐུན་པ་ཞིག་གམ་མི་མཐུན་པ་ཞིག་ཡིན།
ལན། རྟེན་འབྱུང་ཞེས་པ་དེའི་གོ་དོན་འགའ་ཤས་བཤད་དུ་ཡོད་སྲིད་ཀྱང་། ལྟ་བ་ཡས་ཕུབ་ཅེས་པའི་དོན་ནི། སྤྱིར་ཐེག་པའི་ཁྱད་པར་དབང་གིས་ལྟ་བ་མི་འདྲ་བ་གསུང་ཡོད་ཀྱང་ཐེག་པའི་ཡང་རྩེ་བླ་མེད་རྫོགས་པ་ཆེན་པོའི་དབང་དུ་བྱས་ན། ལྟ་བ་མཐའ་གཞི་རྒྱ་གྲོལ་སྟོང་པ་རང་གསལ་གྱི་སྙིང་པོར་འཁོར་འདས་ཐམས་ཅད་རང་བཞིན་གྱིས་རྫོགས་ཤིང་སྣང་སྲིད་རྟེན་གཡོའི་བཀོད་པ་ཇི་སྙེད་བྱུང་བ་ཐམས་ཅད་མེད་སྣང་སྟོང་གཟུགས་ཆེན་པོའི་རང་བཞིན་དེ་ལ་བརྗོད།
༣༽ དྲི་བ། སྤྱོད་པ་མས་འཛེགས་ཞེས་སྙིང་རྗེ་ཆེན་པོ་ནི། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། གང་གི་ཐུགས་བརྩེའི་ཉེར་བཟུང་ནས། ཞེས་པའི་ཐུགས་བརྩེ་བ་ཆེན་པོ་གསུངས་པ་དེ་རང་ཡིན་ནམ།
ལན། གཞི་སྙིང་རྗེ་ཆེན་པོ་ཞེས་པ་དེ་ནི། རིས་སུ་མ་ཆད་པའི་འགྲོ་བ་ཀུན་ལ་དམིགས་ཏེ་འཁོར་བ་སྡུག་བསྔལ་གྱི་གཡང་ས་ལས་་སྒྲོལ་འདོད་ཀྱི་བློ་བཅོས་མིན་གྱི་མྱོང་བ་ཐོན་པ་དེ་ལ་བརྗོད་པས། ཀླུ་གྲུབ་ཞབས་ཀྱིས་བཞེད་པའི་ཐུགས་བརྩེ་ཞེས་པ་དེ་དང་མཐུན་སྲིད་ཀྱང་། སྤྱོད་པ་མས་འཛེགས་ཞེས་པ་དེ་ནི། ལས་འབྲས་ཀྱི་བླང་དོར་ཚུལ་བཞིན་སྤྱོད་ནས་འགྲོ་བ་གཞན་ལ་གནོད་འཚེ་སྤངས་ནས་ཕན་པ་སྒྲུབ་པ་ལ་འཇུག་པ་དེ་ལ་བརྗོད།
༤༽ དྲི་བ། དེ་དང་དུས་མཚུངས་ལྟ་བ་ཡས་ཕུབ་ཀྱི་གོ་དོན་གང་ཡིན་ནམ།
ལན། ལྟ་བ་ཡས་ཕུབ་ཀྱི་དོན་གོང་དུ་བཤད་ཟིན།
༥༽ དྲི་བ། ལྟ་བ་དེས་སྤྱོད་པ་མས་འཛེགས་ཀྱི་རྒྱབ་རྟེན་ཇི་ལྟར་བྱེད་དམ།
ལན། སྤྱོད་པ་ཇི་ལྟར་བཟང་པོར་སྤྱད་ཀྱང་ལྟ་བ་ཡས་ཕུབ་ཀྱིས་རྩིས་ཟིན་པ་མེད་ན་འཁོར་བའི་རྩ་བ་གཅོད་མི་ནུས་པར་འདོད་ཀྱིན་ཡོད། དེས་ན་སྤྱོད་པ་ལ་ལྟ་བས་ཟིན་པ་གལ་ཆེན་རེད།
༦༽ དྲི་བ། ཡང་སྤྱོད་པ་མས་འཛེགས་ཞེས་པ་སྙིང་རྗེ་ཆེན་པོ་ལ་གོ་རྒྱུ་ཨེ་ཡིན་ནམ།
ལན། སྤྱོད་པ་མས་འཛེགས་ནི་གཞི་སྙིང་རྗེ་ཆེན་པོ་ལ་གོ་རྒྱུ་མིན།
༧༽ བོན་གཞུང་ནང་ཆོས་རྣམས་རང་ངོས་ནས་གྲུབ་པར་འཇོག་གི་ཡོད་དམ་མེད།
ལན། སྤྱིར་བོན་པོའི་གཞུང་ལས་བཤད་པའི་ཐེག་པ་འགའ་ཤས་ཀྱིས་ཆོས་རྣམས་རང་ངོས་ནས་གྲུབ་པ་འདོད་ཀྱིན་ཡོད། འོན་ཀྱང་མདོ་ལུགས་ལ་གཡུང་དྲུང་སེམས་པ་སྤྲོས་མེད་པ་དང་སྔགས་དང་རྫོགས་ཆེན་གང་གི་ལུགས་ལ་ཆོས་རྣམས་རང་ངོས་ནས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པར་བཞེད་ཀྱིན་མེད།
༨༽ དྲི་བ། བོད་དུ་ནང་ཆོས་མ་དར་གོང་ནས་བོན་དར་ཡོད་ན་ཕྱིས་ནང་ཆོས་དར་བ་དེས་བོན་ནུབ་པ་རེད་དམ། དེ་མིན་གནད་དོན་གཞན་ཞིག་ལ་བརྟེན་ནས་ཡིན་ནམ། ཆོས་རྒྱལ་རྣམ་པས་དཀའ་བ་བརྒྱ་ཕྲག་ཧུར་བཞེས་ཀྱིས་དར་བར་མཛད་པ་དེ་བོན་ལ་མ་དགའ་བ་རང་ཨེ་ཡིན། ནང་ཆོས་དེ་དངོས་གནས་སྤུས་དག་པོ་ཞིག་ཡོད་པ་དང་། བོད་དུ་དར་བར་མཛད་ན་ཕན་པ་རྒྱ་ཆེ་གཟིགས་པ་ལས་ཡིན་གྱི། ནང་ཆོས་དང་གཅིག་མཚུངས་སམ་དེ་ལས་ལྷག་པའི་གནའ་རིག་ཡོད་ཡོད་པར་གསར་དུ་དར་ཞིང་རྒྱས་པར་མཛད་པའི་གནད་འགག་ཆེན་པོ་ཞིག་ཡོད་པ་ནི་སྨ྄ོས་དགོས་སམ་སྙམ། ཅི་སྟེ་ཡོད་ན་ཅི་ཡིན་ནམ།
ལན། དུས་རབས་བདུན་པ་ནས་རྒྱ་གར་ནང་ཆོས་བོད་ལ་དར་འགོ་བཙུགས་ཡོད། དེ་ནི་རྒྱལ་པོ་སྲོང་བཙན་སྒམ་པོས་གཡུང་དྲུང་བོན་ལོག་ཆོས་ཤིག་ཡིན་པར་དགོངས་ནས་ཆོས་གདན་འདྲེན་ཞུས་པ་གཏན་ནས་མིན་པར་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ཐུག་ནས་ཆོས་དང་དུ་བླངས་པ་ཡིན། དེའི་སྔོན་བོད་རྒྱལ་གྲི་གུམ་བཙན་པོས་ཀྱང་གཡུང་དྲུང་བོན་ཐེངས་གཅིག་བསྣུབས་པའི་ལོ་རྒྱུས་ཡོད། སྐབས་དེ་དུས་བོན་གཤེན་རིག་འཛིན་རྣམས་དབང་ཆ་ཧ་ཅང་མཐོ་ཞིང་ཆབ་སྲིད་དང་ཆོས་གང་ཅིའི་ཐད་ལ་རྒྱལ་བློན་རྣམས་ཀྱིས་ཁོང་རྣམ་པ་ལ་བློ་འདྲི་བྱེད་སྲོལ་ཡོད། ཆོས་ལུགས་མི་སྣ་འགའ་ཤས་ཀྱིས་ཆབ་སྲིད་ལ་ཇུས་གཏོགས་བྱས་པ་ཡང་སྲིད། བཙན་པོའི་ཐུགས་ལ་མ་འོངས་པར་རྒྱལ་སྲིད་བོན་གྱིས་ལེན་པའི་དོགས་བློ་ཞིག་སྐྱེས་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བཙན་པོ་འགས་གཡུང་དྲུང་བོན་བསྣུབས་ཡག་ལ་རེམས་ཡོད། མཐར་དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེའུ་བཙན་སྐབས་གཡུང་དྲུང་བོན་རྒྱ་ཆེར་བསྣུབས་ཡོད་པ་དང་། བོན་པོའི་ཆོས་ལུགས་མི་སྣས་རྒྱ་གར་ནང་ཆོས་བོད་དུ་སྤེལ་བའི་ཐད་ལ་བཀག་འགོག་ཤུགས་ཆེར་བྱས་པར་བརྟེན། བོན་པོའི་མི་མང་པོ་སྐེ་བཅད་པ་སོགས་མི་སྤྱོད་ལས་འདས་པའི་ཆད་པ་ཕོག་མྱངས་ཡོད་པ་བན་བོན་གཉིས་ཀའི་ལོ་རྒྱུས་ནང་དུ་གསལ་ཡོད་པ་རེད། དེ་རྗེས་རྒྱལ་པོ་འུ་དུམ་བཙན་པོས་དམ་པའི་ཆོས་བསྣུབས་པ་དེ་ཡང་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་ཐུག་པ་མ་གཏོགས་ཆོས་ཡང་དག་པ་མ་ཡིན་པའི་རྒྱུ་མཚན་གྱིས་མིན་པར་གོང་མ་དེ་ཡང་དེ་བཞིན་རེད་སྙམ།
༩༽ དྲི་བ། བོད་ཁུལ་ནང་བསྟན་ནི་མདོ་སྔགས་ཡོངས་སུ་རྫོགས་པའི་དཔལ་ན་ལཎཌའི་བཞེད་གཞུང་དྲི་མ་མེད་པ། ལུང་དང་གཙོ་བོ་རིགས་ལམ་གུང་བསྒྲིགས་ནས་གཏན་ལ་ཕབ་པ་ཞིག་ཡིན་ན། དེང་དུས་མཚན་རིག་པ་སྙན་ཅན་མཁས་མཆོག་Einstein ནས་མ་འོངས་པར་མཚན་རིག་དང་མཉམ་སྐྱོད་དངོས་གཉིས་ཀར་བསྟན་པའི་ཆོས་ལུགས་ཐུན་མོང་བ་ཞིག་སྲིད་ཚེ་དེ་ནི་ནང་ཆོས་འཇོག་ཆོག་པ་གསུངས་པ་དེ་ལྗིད་ཁོག་ཡོད་པའི་བཀའ་མོལ་ཞིག་ལ་ངོས་འཛིན་ཞུ་ཐུབ་པ་ཡིན། དེས་ན་བོན་ནང་འདི་འདྲའི་ཞིབ་ཚགས་པོའི་རྣམ་གཞག་མཐར་ཐུག་དྲི་མ་མེད་པའི་རིགས་པས་ཕྱེ་དགོས་པའི་རིང་ལུགས་སུ་འཇོག་ཚུལ་ཨེ་ཡོད་དམ།
ལན། གཡུང་དྲུང་བོན་གྱི་ནང་དུ་ཚན་རིག་དང་མཐུན་པའི་རིགས་ལམ་ནས་གྲུབ་པའི་གནད་གལ་ཆེན་མང་པོ་ཡོད་སྲིད། དཔེར་ན་བོན་པོའི་མནའ་དཔེ་སྣང་སྲིད་མཛོད་ཕུགས་ལས་སྲིད་པ་ཆགས་རབས་བཤད་པ་དེ་ཚན་རིག་གི་བཤད་ཚུལ་དང་མཐུན་པོ་ཡོད་པ་བཞིན་རེད། གཙོ་ཆེ་ཤོས་བོན་པོའི་གཞུང་ཆེན་རྣམས་སུ་འགྲོ་བའི་བདེ་སྐྱིད་ཡོད་དོ་ཅོག་ནང་དུ་སེམས་དེ་བཅོས་བསྒྱུར་བྱས་པ་ལ་བརྟེན་ནས་འབྱུང་བར་བཤད་པས་དེ་ནི་ཚན་རིག་དང་གོ་བསྡུར་མི་ཐུབ་པའི་གནད་ཅིག་རེད་བསམ་ཡོད།
༡༠༽ དྲི་བ། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་མཐར་ཐུག་གི་སྐྱབས་གནས་ཉག་གཅིག་ཏུ་འཇོག་ན་ཨེ་འགྲིག བོན་སྟོན་ནས་མངའ་བརྙེས་ལ་སྟོན་པ་སངས་རྒྱས་ཀྱིས་མངའ་མ་བརྙེས་པའི་གོ་འཕང་ཟུར་གསལ་ཞིག་ཨེ་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྫོགས་ཆེན་གྱི་ཆོས་འཁོར་བསྐོར་བར་ཁས་བླངས་ཐུབ་བམ། བོན་ཆོས་གཉིས་ཀྱི་མཐར་ཐུག་གི་གོ་འཕང་ལ་མཐོ་དམའ་ཡོད་དམ་མེད། ཡོད་ན་ཇི་འདྲ་ཡིན། མེད་ན་ནང་ཆོས་ལས་ཟུར་དུ་ཕྱེ་དགོས་དོན་ནི་ཚིག་ཙམ་དུ་ཟད་པ࿒མ་ཡིན་ནམ།
ལན། གཡུང་དྲུང་བོན་ལུགས་ལ་སྟོན་པ་ཤཀྱཱའི་དབང་པོ་སྐྱབས་གནས་སུ་བཟུང་ན་ལོས་འགྲིག ཁོང་ཙམ་དུ་མ་ཟད་ཕྱོགས་བཅུ་ན་བཞུགས་པའི་བདེ་བར་གཤེགས་པ་ཡོངས་སུ་རྫོགས་པ་ལ་སྐྱབས་སུ་འགྲོ་དགོས་པར་གསུང་ཡོད།
བོན་གྱི་སྟོན་པ་མངའ་བརྙེས་ནས་སངས་རྒྱས་མ་ཐོབ་པའི་གོ་འཕང་ཟུར་གསལ་ཞིག་མེད་པར་འདོད།
སྟོན་པ་བཅོས་ལྡན་འདས་ཀྱིས་རྫོགས་ཆེན་དངོས་སུ་གསུང་པའི་ཚུལ་བན་བོན་གཉིས་ཀྱི་གཞུང་ཆེན་རྣམས་སུ་གསལ་ཁ་གང་ཡང་ད་ལྟའི་བར་ཁོ་བོས་མ་མཐོང་བས་ཁོང་གིས་རྫོགས་ཆེན་གསུང་པ་ཁས་ལེན་གི་མེད། བོན་ཆོས་གཉིས་ཀྱི་མཐར་ཐུག་གི་གོ་འཕང་ལ་མཐོ་དམའ་ཡོད་དམ་མེད་ཅེས་དྲི་ཡོང་དུས་དེ་ལ་ཁ་ཐུག་ཏུ་ལེན་རྒྱག་རྒྱུར་དཀའ་ལས་ཕྲན་བུ་འདུག གང་ཡིན་ཟེར་ན། དཔེར་ན་བོན་པོའི་ནང་དུ་ཐེག་པ་ལ་རིམ་པ་མི་འདྲ་བ་དགུ་བཤད་ཡོད།
དེ་དག་གི་མཐར་ཐུག་གི་འབྲས་བུ་དེ་རང་རང་ལུགས་ལ་འབྲས་བུ་འཐར་ཐུག་ཡིན་ཡང་གོང་མ་གོང་མ་ནས་འབྲས་བུ་ཐུན་མོང་མ་ཡིན་པ་རེ་རེ་འཇོག་རྒྱུ་མེད་པ་མ་ཡིན་པས། དེ་བཞིན་ཞིབ་ཕྲ་བགོས་པ་ཡིན་ན་བན་བོན་གཉིས་ཀྱི་མཐར་ཐུག་གི་འབྲས་བུ་ལའང་ཐུན་མིན་གྱི་ཁྱད་ཆོས་རེར་འཇོག་རྒྱུ་ཡོད་འགྲོ་སྙམ།
སྟོན་པ་གཤེན་རབ་གང་ནས་བྱུང་བ་ཡིན་ནམ། བོད་ཀྱི་བཙན་པོས་བོན་ཆོས་ནུབ་དགོས་པའི་ཆབ་སྲིད་ཀྱི་གནད་འགག་ག་རེ་གཟིགས་ཡོད་པ་ཞིབ་གསལ་ཞིག་གསུང་རོགས་ཞུ།
གསང་སྔགས་རྙིང་མ་བའི་དྲ་གྲོགས་ཡོངས་ལ་ཞུ་རྒྱུར། བོན་གཞུང་ནས་གསུང་བའི་ཐེག་པ་རིམ་པ་དགུའི་ཡང་རྩེ་རྫོགས་པ་ཆེན་པོ་དང༌། རྙིང་མའི་རྒྱུད་འབུམ་སོགས་ནས་གསུང་བའི་རྫོགས་པ་ཆེན་པོ་གཉིས་ལ་ཁྱད་པར་ཅི་ཡོད་དང༌། རྙིང་མའི་རྒྱུད་འབུམ་ཞེས་པ་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་ཡིན་པའི་རྒྱུ་མཚན་ཅི་འདྲ་ཞིག་ཡོད་མེད་ལན་མདོར་བསྡུས་རེ་རེས་གནང་རོགས།
ཨ་མ་ལགས་་་་བོད་ཀྱི་བཙན་པོས་བོན་ཆོས་བསྣུབ་དགོས་པའི་རྒྱུ་མཚན་ཁ་ཤས་ཞིག་ཡོད་འདུག་བསམ། གཅིག་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དགོངས་པར་ཡབ་མྱེས་དང་མི་འདྲ་བའི་བྱ་བ་ཞིག་བསྒྲུབ་ཀྱི་ཡིན་དགོངས་ནས་དང། གཉིས་ནས་དེ་སྐབས་བོན་གྱི་བླ་ཆེན་དེ་ཚོ་ལ་སྔར་ལྟར་ཐོབ་དང་གོ་གནས་དབང་ཚད་སོགས་ཆེན་པོ་ཡོད་པས་ཕྱིས་སུ་རྒྱལ་སྲིད་བོན་པོས་ཁྱེར་དོགས་དང། གསུམ་ནས་རྒྱ་གར་གྱིས་ཆབ་སྲིད་ཀྱི་གནད་དོན་སོགས་ཀྱིས་རྐྱེན་ལ་ལས་བོན་ཆོས་ཡག་པོ་མ་ཡིན་པའི་རྒྱུ་མཚན་མ་རེད། དཔེར་ན། རྒྱ་གར་དུ་དམ་པའི་ཆོས་བསྣུབ་པ་བཞིན་ཡག་པོ་མ་ཡིན་པ་དང་འཚེ་བ་བྱེད་ཚུལ་སོགས་ཀྱི་གནས་སྟངས་མ་རེད། བཞི་ནས་མི་ཟེར་མཁན་ཨང་གསར་ཆེ་བས་རེད་སྙམས། དཔེར་ན། བོད་ཀྱི་བཙན་པོས་རྒྱ་བཟའ་བལ་བཟའ་ཁབ་བཞེས་པ་དེ་བོད་མོ་རྣམས་ཀྱིས་གོ་མ་ཆོད་པའི་རྒྱུ་མཚན་མ་ཡིན་པ་ལྟ་བུ་རེད།
རྫོགས་ཆེན་འདི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ལ་ཐུག དེ་སྟོན་པ་བཅོམ་ལྡན་འདས་ཀྱི་སྔོན་ལ་བྱོན་ཡོད་ཚོད། དེ་ལྟར་ཡིན་ན། གོང་དུ་བཤད་པའི་སྟོན་པ་གཤེན་རབ་ཁོང་སྟོན་པ་བཅོམ་ལྡན་འདས་ཀྱི་སྔོན་ལ་ཕེབས་པར་འདོད་ཚུལ་ལྟར་ན། སྟོན་པ་གཤེན་རབ་དང་དགའ་རབ་རྡོ་རྗེ་གཉིས་མི་གཅིག་ཡིན་ནམ།
རིག་ལྡན་རྒྱལ་པོའི་དྲི་བ༦ དྲི་བ། ཡང་སྤྱོད་པ་མས་འཛེགས་ཞེས་པ་སྙིང་རྗེ་ཆེན་པོ་ལ་གོ་རྒྱུ་ཨེ་ཡིན་ནམ། ལན། སྤྱོད་པ་མས་འཛེགས་ནི་གཞི་སྙིང་རྗེ་ཆེན་པོ་ལ་གོ་རྒྱུ་མིན།
ངས་བསམ་ན་སྤྱོད་པ་མས་འཛེགས་གོ་དོན་ནི། གཞི་སྙིང་རྗེ་ཆེན་པོའི་ངང་ནས་ལམ་བསླབ་པ་གསུམ་དང་ཐབས་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་རིམ་བཞིན་ཉམས་སུ་བླངས་པའི་གོ་དོན་ཡིན་སྙམ། གཞན་ཡང་ལྟ་བ་ནམ་མཁའ་དང་མཉམ་ཡང་སྤྱོད་པ་མི་དང་བསྟུན་བཅས་པ་ལྟ་བུ་རེད། སྤྱོད་པ་རྩིང་བོ་མ་བྱེད་ཟེར་བ་ལྟ་བུ་ལགས། །
བན་དེ་བ་ནས། ༼བཞི་ནས་མི་ཟེར་མཁན་ཨང་གསར་ཆེ་བས་རེད་སྙམས། དཔེར་ན། བོད་ཀྱི་བཙན་པོས་རྒྱ་བཟའ་བལ་བཟའ་ཁབ་བཞེས་པ་དེ་བོད་མོ་རྣམས་ཀྱིས་གོ་མ་ཆོད་པའི་རྒྱུ་མཚན་མ་ཡིན་པ་ལྟ་བུ་རེད།༽ ཅེས་པའི་ཚིགས་དེས་དཔེར་བརྗོད་ཡང་དག་མཚོན་ཐུབ་གིས་མིན་འདུག། དེ་ལ་མ་གུས་པ་དང་མ་རངས་བའི་རྣམ་པ་ཆེན་པོ་འདུག། ཚིགས་དེ་དང་དེ་འདྲ་བ་སྟོན་པ་གཤེན་རབས་ལ་བོད་སྤྱོད་ན་ང་ཚོ་ནག་མོའི་ནག་འཁྲུགས་ཤོར་ཚར་བ་རེད། དེས་ན་སྐྱོན་བརྗོད་ཡིན་ན་རེད། ཐལ་ངག་ཡིན་ན་རེད། ལུང་རིགས་དང་མཐུན་པ་ཚུལ་བཞིན་བཀོད་ན་དགའ་བསུ་ཞུ་ཡག་ཡིན།
སྲོང་བཙན་སྒམ་པོས་རྒྱ་བཟའ་དང་བལ་བཟའ་གཉིས་ཁབ་ཏུ་བཞེས་པ་དེ་རྒྱལ་ཁབ་ཕན་ཚུན་གྱི་བར་དུ་འབྲེལ་ལམ་དམ་དུ་གཏོང་བའི་ཕྱིར་ཡིན་པ་ལས་གཞན་ཅི་ཞིག་ཡིན།།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། རྒྱལ་པོ་སྲོང་སྲོང་བཙན་སྒོམ་པོའི་དུས་སུ་རྒྱ་གར་ནས་སངས་རྒྱས་པའི་ཆོས་བོད་དུ་ལེན་པའི་རྒྱུ་མཚན་གཙོ་བོ་ནི། དེའི་དུས་བོད་དུ་ཕྱུགས་སྟོང་ཕྲག་མང་པོའི་དམར་མཆོད་བྱེད་དགོས་པས། བོད་འབྲོག་པར་ནོར་ཕྱུགས་འཕེལ་སྐྱེད་ལ་གནོད། དེ་དག་འགོག་པའི་ཕྱིར་དུ། རྒྱ་གར་ནས་སངས་རྒྱས་པའི་ཆོས་ལེན་དགོས་པ་བྱུང་། ཞེས་བྲིས་པ་འདུག སྙིང་རྗེས་ཟིན་པའི་བོན་ཆོས་ཡོད་བཞིན་དུ། ཕྱུགས་ཀྱི་དམར་མཆོད་ཀྱི་སྲོལ་དེ་འདྲ་ག་ལས་བྱུང་། ལོ་རྒྱུས་ལ་ཞིབ་འཇུག་གིས་ལྟ་རྟོག་དགོས་པར་སེམས། ཞར་བྱུང་ཞུ་བ། ལན་གླན་དང་། ནཱ་ལནྡཱ། ཞེས་འབྲི་དགོས་སོ།
མི་ལོ་སུམ་སྟོང་དགུ་བརྒྱའི་གོང་ལ་སྟོན་པ་གཤེན་རབ་ཟེར་བ་ཞིག་འཚོ་བཞུགས་ཡིན་པའི་དཔང་རྟགས་དང་ཁུངས་སྐྱེལ་གཙོ་བོ་གང་ཡོད་དམ། དྲིས་ལན་འདིའི་ནང་དུ་བསྒྲུབ་བྱ་མ་གཏོགས་སྒྲུབ་བྱེད་བཀོད་མི་འདུག
བོན་པོ་རྣམས་སྟོན་པ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་འགྲོ་རུང་བར་འདོད་ན་ད་ལྟའི་བར་དུ་བོན་གྱི་དགོན་པའི་ནང་དུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་འདྲ་བཞེངས་པ་དེ་འདྲ་ཡོད་དམ། བོན་གྱི་ཞལ་འདོན་ནང་ལ་སྟོན་པ་ཤཱཀྱ་ཐུབ་པ་ལ་གསོལ་འདེབས་སྐྱབས་འགྲོའི་ཚིག་དེ་འདྲ་ཡོད་དམ།
ཁྱེད་ཚང་གི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་་་ཕལ་ཆེར་ལ་ཐགས་དཔའ་བོའི་ལུང་པ་རེད་གསུངས་ཡོད་འགྲོ། དཔའ་བོ་ཟེར་ན་མི་གསོད་མཁན་དེ་འདྲ་ལ་གོ་བ་རེད་བ། ད་བྱས་ན་མི་གསོད་མཁན་གྱི་གང་བསྡད་ཡོད་ས་རེད། ཕྱག་འཚལ་ལོ། །
སྟོད་འགག་སྔོན་པོ་ཅན་ཚོས་ཇི་ལྟར་ངར་ངར་སྟོན་རུང་འབྱུང་ཁུངས་དེ་ཙམ་ཆོད་ཀི་མེད་ཚོད་རེད་མི་འདུག་གམ། ད་དུང་དེ་མཚུངས་སུ་སྟོད་འགག་ལྗང་གུ་ཅན་ཡང་འདྲ་བོ་རེད་བཞགས། ནམ་ཞིག་ན་སྟོད་འགག་ནག་པོ་ཅན་དང་དཀར་པོ་ཅན་སོགས་དར་ནས་སོ་སོའི་ལོ་རྒྱུས་དང་ལོ་ཚད་ཇེ་མང་དུ་གཏོང་གི་རེད་འདོད་དོ།
ལྟ་བ་དང་སྤྱོད་པ་ཡས་འཛེགས་མས་འབབ་ཀྱི་སྐད་ཆ་དེ་ཚོ་བཙན་པོ་ཁྲི་སྲོང་གི་དུས་སུ་རྒྱ་ནག་པོའི་ཧ་ཤང་བོད་དུ་ཕེབས་ནས་ལྟ་གྲུབ་ཀྱི་སྐོར་ལ་རྩོད་པ་བྱུང་བའི་སྐབས་སུ་བྱུང་བའི་དཔེ་འཇོག་གི་ཐ་སྙད་ཅི་ག་རེད། ཧ་ཤང་གིས་ལྟ་བ་ཁྱུང་ཆེན་ཤིང་རྩེར་བབ་པའི་དཔེར་བཞག་ནས་ལྟ་གྲུབ་གླེང་། དེ་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་ཁྱུང་ཆེན་སྒོ་ང་ལས་གྲོལ་རྗེས་སུ་ཤིང་རྩེར་འཛེགས་དགོས་པའི་དཔེ་བཞག་ནས་ལྟ་གྲུབ་བཤད་པས་ཐ་སྙད་དེ་ཚོ་བྱུང་བ་རེད། རྫོགས་ཆེན་ནི་ཐེག་ཆེན་མདོ་ལུགས་ཀྱི་ནང་གི་བསམ་གཏན་སྒོམ་ཚུལ་ཞིག་ལ་་རྒྱ་ནག་གི་སློབ་དཔོན་འགས་མན་ངག་གི་རྣོ་སོ་བཏོད་པ་ཙམ་རེད། རྒྱ་ནག་པས་དེ་ལ་རྫོགས་པ་ཆེ་ཆུང་གི་ཐ་སྙད་སྦྱར་མེད། བོད་དུ་དར་རྗེས་སུ་དབང་བསྐུར་གྱི་རྣམ་བཞག་སོགས་སྦྱར་ནས་རྫོགས་རིམ་གྱི་ཆ་ཤས་ཤིག་ལ་ཆེན་པོའི་ཐ་སྙད་སྦྱར་ནས་སྔགས་ལུགས་སུ་བསྒྱུར་བ་ཙམ་རེད། དེ་མ་གཏོགས་འདི་ལ་གཟུགས་མེད་གྲིབ་བཟོ་བྱེད་དགོས་དོན་མ་དམིགས།
མགོན་པོ་ཀླུ་སྒྲུབ་མཆོག་གི་སྐུ་ཐང་དེ་ཚོའི་ནང་ཁོང་གི་སྟོད་གོས་དེ་སྔོན་པོ་ཞིག་བྲིས་འདུག་བསམ་སོང་། དེ་དེ་ལྟར་བྱེད་དགོས་པའི་ཁུངས་ལུང་སོགས་གང་ཡོད་པ་ཡིན་ནམ། ཤེས་འདོད་ནས་དྲིས་པ་ཡིན། བོན་པོའི་འདུལ་བའི་གཞུང་ལུགས་ནང་་་སྔོན་དམར་སེར་གསུམ་འདུལ་བའི་གོས་་་ཅེས་སུ་གསུངས་ཡོད་པ་རེད། དེ་ལུང་གིས་ཟིན་པ་རེད། ཐམས་ཅད་སྔོན་པོར་བྱས་ནའང་མི་རུང་། ཐམས་ཆད་སེར་པོར་བྱས་ནའང་མི་རུང་། ཐམས་དམར་པོར་བྱས་ནའང་མི་རུང་། སྔོན་དམར་སེར་གསུམ་སྤེལ་མ་བྱས་ནས་གྱོན་དགོས་རབས་གསུངས་ཡོད་པ་རེད། དཀར་པོ་དང་ནག་པོ་ལྗང་ཁུ་དེ་ཚོ་འདུལ་གོས་ཀྱི་གྲལ་དུ་མི་འགྲོ། ལུང་གིས་མ་ཟིན་པའི་ཕྱིར། །
ལ་དྭགས་པ་ཨའུ་ཙམ་ཡོད་བསམ་བསམ་བྱུང་ཡང་བྱེད་དུས་སྔ་མའི་སྔ་ལུགས་རང་རེད་འདུག ཁྱེད་ཀྱི་དོགས་པ་དེ་ཡི་ལན་ལ་མཁར་རྨེའུ་བསམ་གཏན་གྱིས་བྲིས་པའི་ལྷ་སྲས་དར་མའི་ལོ་རྒྱུས་ནང་དུ་བྲིས་ཡོད་འདུག ཤ་བ་ལས་སོགས་རི་དྭགས་སྟོང་ཕྲག་མང་པོ་དུས་གཅིག་ཏུ་བསད་ཅེས་པ་ནི་བགད་མོ་འཆོར་བྱེད་རེད། རི་དྭགས་སྟོང་ཕྲག་མང་པོ་གསོད་བྱེད་ཀྱི་དེང་དུས་ཀྱི་འཕྲུལ་ཆ་ནི་དེ་སྐབས་དར་མེད། རི་དྭགས་སྒོ་ཕྱུགས་སུ་ཉར་བའི་ལོ་རྒྱུས་ནི་བོད་ལ་བྱུང་མྱོང་མེད། ད་འོ་ན་བོན་པོ་ཚོས་རྫུ་འཕྲུལ་བསྟན་ནས་བསད་པ་རེད་དམ། བོད་ཀྱི་རི་དྭགས་ནི་ནང་ཆོས་བོད་ལ་དར་བ་ནས་བཟུང་སྟེ་ཇེ་ཉུང་དུ་ཕྱིན་པ་ལས་མང་དུ་ཕྱིན་མེད།
རྒྱལ་པོ་སྲོང་སྲོང་བཙན་སྒོམ་པོའི་དུས་སུ་རྒྱ་གར་ནས་སངས་རྒྱས་པའི་ཆོས་བོད་དུ་ལེན་པའི་རྒྱུ་མཚན་གཙོ་བོ་ནི། དེའི་དུས་བོད་དུ་ཕྱུགས་སྟོང་ཕྲག་མང་པོའི་དམར་མཆོད་བྱེད་དགོས་པས། བོད་འབྲོག་པར་ནོར་ཕྱུགས་འཕེལ་སྐྱེད་ལ་གནོད། དེ་དག་འགོག་པའི་ཕྱིར་དུ། རྒྱ་གར་ནས་སངས་རྒྱས་པའི་ཆོས་ལེན་དགོས་པ་བྱུང་། ཞེས་བྲིས་པ་འདུག །༽ གསུངས་པ་དེ་ནི་བདེན་དོན་གྱིས་དབེན་པའི་རྫུན་གཏམ་འབའ་ཞིག་ཏུ་ཟད་དོ། སྟོང་ཕྲག་མང་པོའི་གྲངས་ཅན་དེ་ཚོས་ཁ་ལ་བཟའ་རྒྱུ་དེ་འབྲོག་པའི་ནོར་ལུག་དྲིན་ཅན་ཚོའི་ཤ་ཁྲག་ཡིན་པ་ཁྱེད་ཀྱིས་མི་དགོངས་སམ། བོད་འབྲོག་པར་ནོར་ཕྱུགས་འཕེལ་སྐྱེད་ལ་གནོད་ཀྱི་ཡོད་པ་ཤེས་བཞིན་དུ། ལོ་རེར་དུད་འགྲོ་ག་ཚོད་ཅིག་ཁྲལ་དང་ཆད་པར་བསྡུས་ནས་བསད་ནས་བཟས་ཡོད་གསལ་པོ་གསུང་དང་། དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོ་ཁོང་སྲོང་བཙན་མགྲིན་པོ་ལ་འགྱུར་རྒྱུའི་ཉན་ཁ་ཡོད་རེད་དོ། །
ཡང་འགའ་ཞིག་གིས་བགད་མོ་འཆོར་བྱེད་ཅིག་ལ། དེ་ལ་སྐྱབས་སུ་འགྲོ་ན་དེ་ཡི་པར་དང་སྐུ་འདྲ་ཤོམ་དགོས་ཟེར། དེ་ལྟར་ན་ནང་པར་ཁས་འཆེ་བ་དེ་ཚོས་གང་གྷའི་རླུང་གི་བྱེ་མ་རྙེད་དང་འདྲ་བའི་སངས་རྒྱས་དེ་ཚོའི་སྐུ་འདྲ་བཤམས་ཡོད་དམ་པར་བཤམ་ཡོད་དམ། དེ་ལྟར་ན་ནང་པར་ཁས་འཆེ་བའི་ཁྱིམ་ཚང་ཐམས་ཅད་ཀྱི་ནང་སངས་རྒྱས་སྟོང་ཕྲག་གི་སྐུ་འདྲ་དང་པར་བཤམ་ཡོད་དམ། རིགས་པ་དེ་རིགས་ནི་རང་ལྟར་ཆགས་ཞེན་ཆེ་བའི་སྐད་ཆ་རང་རེད།
ཡང་འགའ་ཞིག་གིས་སྔོན་པོ་གོན་དུས་ད་ལྗང་ཁུ་དང་དཀར་པོ་ནག་པོ་གོན་ཟེར། བལྟ་རྒྱ་མཐོང་རྒྱ་ཇི་ཙམ་ཡོད་མེད་ཀྱི་རང་རྟགས་རང་རེད། དཀར་པོའི་ཆོས་ལུགས་དམར་པོའི་ཆོས་ལུགས་སེར་པོའི་ཆོས་ལུགས་ཇི་ལྟར་བཏགས་སམ།
གོང་ས་ལྔ་པའི་འདུལ་བའི་ལས་ཆོག། རྒྱ་གར་རྒྱལ་ས་དྷི་ལི་ནས་པར་དུ་སྐྲུན་པ། དབྱིན་ཨང་༢༡༤ ལས།༼ སྔོན་པོ་བཙག་དང་ངུར་མིག་རྩི། འདི་དག་རུང་བའི་ཚོན་གསུམ་སྟེ། ༽ ཞེས་བཤད་འདུག་པས་ད་ཁྱེད་རང་བན་དེ་བ་ཚོས་འདུལ་གོས་སུ་ནག་པོ་ལྗང་ཁུ་དཀར་པོ་གོན་གནང་རོགས། ར་སྤུ་ལས་བཟོས་པའི་འུར་རྡོ་ཆུ་མིག་དགུ་བསྒྲིལ་དེ་ར་མོའི་མགོ་བརྒྱབ་མི་འདུག་གམ་ཧཧཧཧཧཧད་ཡིན་ད་་་་་ནང་ཁུལ་ལ་ཤོད་དུས་ང་ཡིན་ཁོ་ཡིན་་་་ཆིག་བསྒྲིལ་དགོས་ཟེར་ནས་རང་ལྟར་ཆགས་གཞན་ལྟར་སྡང་ནས་རང་ཆོས་ལས་གཞན་ཆོས་དུག་ཏུ་བརྩི་མཁན་དེ་རིགས་འདི་འདྲ་རང་རེད། གཟིགས་དང་པཎ་ཆེན། ས་སྐྱ་པཎ་ཊི་ཏ། ཏ་ལི་བླ་མ། ཀིར་ཏི་བླ་མ། ཀརྨ་པ། ལས་སོགས་བོད་ཀྱི་ཆེན་པོ་ཡོད་ཚད་ཀྱི་མཚན་ལ་བོད་མིང་གིས་གོ་མ་ཆོད་ནས་ཕྱི་མིང་རྐྱང་བཏགས་སྟངས་འདི་ཡིས་ཀྱང་བོད་ཨང་གསར་ཆེ་བ་མ་རེད་དམ་
སྤོབས་པ་མཐས་ཡས་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཁྱེད་ཀྱིས་རྫོགས་ཆེན་ནི་ཐེག་ཆེན་མདོ་ལུགས་ཀྱི་ནང་གི་བསམ་གཏན་སྒོམ་ཚུལ་ཞིག་ལ་་རྒྱ་ནག་གི་སློབ་དཔོན་འགས་མན་ངག་གི་རྣོ་སོ་བཏོད་པ་ཙམ་རེད། ཅེས་གསུང་པ་ལ་གཞིགས་ན་ཁྱེད་ལ་རྫོགས་པ་ཆེན་པོའི་དྲི་ཙམ་ཡང་མེད་པ་མངོན་གསལ་དོད་པོ་འདུག་པས་རྫོགས་ཆེན་གྱི་དོན་ཡག་པོ་ཞིག་ཤེས་འདོད་འདུག་ན་མིང་དོན་མཚུངས་པའི་མཁས་གྲུབ་ཆེན་མོ་ཀློང་ཆེན་རབ་འབྱམས་པའི་གསུང་གནས་ལུགས་མཛོད་དང་ཚིག་དོན་མཛོད་སོགས་ལ་ཞིབ་ཅིང་ཚགས་པོའི་སྒོ་ནས་གཟིགས་དགོས་པར་འདུག
ད་དུང་ཞུ་རྒྱུ་ཞིག་ལ་སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་དང་འཁྲུངས་དུས་སོགས་ཞིབ་འཕྲ་ཤེས་འདོད་ན་གཤམ་གྱི་དྲ་ཐག་ལ་བལྟ་ཙམ་གནོངས།
http://www.khabdha.org/?p=47414
ཧ་ཧ་ཧ། དི་རིང་འདིར་ཨེ་ཀ་ཛ་ཏིས་འཕྲིན་ལས་བསྒྲུབས་འདུག ནང་པའི་གསར་རྙིང་སྤྲུལ་སྐུ་དང་ཞ་དམར་ནག་གི་དབར་ཁ་མཐུན་པར་གསོད་རེས་གཏོང་ལ་ཁད་ལ་འདིར་བོན་པོའི་ལུག་གཅིག་གཡུགས་ནས་ད་ལྟ་བན་དེ་ཚང་མ་བོན་པོར་ཤོར་གྱི་འདུག བོན་པོའི་རྩོམ་འབྲི་མཁན་དེ་བན་དེ་མགོ་བདེ་པོ་ཞིག་མིན་ལ་ང་ཀློང་ཆུང་སྐེ་མེད་པར་གོམས་པ་བདུན་སྤོ་རྒྱུ་ཡིན།
གུ་རུས། ང་ལྟ་བ་ནམ་མཁའ་བས་ཀྱང་མཐོ། ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། གསུངས་པའི་དོན་འདིའི་ནང་དུ། ལྟ་བ་ཡས་ཕུབ་དངསྤྱོད་པ་མས་འཛེགས་དོན་རྣམས་འདུས་སོ་སྙམ།
ཧ་ཧ་ཧ། དི་རིང་འདིར་ཨེ་ཀ་ཛ་ཏིས་འཕྲིན་ལས་བསྒྲུབས་འདུག ནང་པའི་གསར་རྙིང་སྤྲུལ་སྐུ་དང་ཞ་དམར་ནག་གི་དབར་ཁ་མ་་མཐུན་པར་གསོད་རེས་གཏོང་ལ་ཁད་ལ་འདིར་བོན་པོའི་ལུག་གཅིག་གཡུགས་ནས་ད་ལྟ་བན་དེ་ཚང་མ་བོན་པོར་ཤོར་གྱི་འདུག བོན་པོའི་རྩོམ་འབྲི་མཁན་དེ་བན་དེ་མགོ་བདེ་པོ་ཞིག་མིན་ནམ་སྙམ་པ་བྱུང་།
ད་ཚང་མ་བོན་པོའི་ཐོག་ལ་ཤོར་ནས་གནས་སྐབས་བན་དེའི་རྨེ་དེ་ཞི་རྒྱུ་རེད།
ཆོས་ལུགས་ཐེན་ཁྱེར་དེ་ངོ་མ་མེད་པ་བཟོ་དགོས་འདུག
བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བན་བོན་གཉིས་ལས་གང་ཞིག་རྒྱལ་ཁབ་ཀྱི་ཆོས་ལུགས་བྱེད་དགོས་མིན་ཡང་རྩོད་པ་བྱེད་དུ་བཅུག་པར་བཤད་འདུག སྐབས་དེར་བན་བོན་གཉིས་ཀྱིས་ཇི་ལྟར་ཆོས་རྩོད་གནང་པ་དང་ནང་དོན་ག་རེ་ཡིན་མིན་སུས་གསུང་ཐུབ་བམ།
ད་དུང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ནི་བན་བོན་མཉམ་བསྲེས་ལས་བྱུང་པ་ཞིག་ཡིན་ཚུལ་ཞིབ་འཇུག་པ་ཚོས་གསུང་གི་འདུག དེའི་ཐད་ལྟ་ཚུལ་ག་རེ་ཡོད་དམ།
བདག་ནི་སངས་རྒྱས་ཕྱོགས་མི་འཛིན།
བོན་ཆོས་ལུགས་ལ་མི་ལྡང་བར་།
མ་ཟད་དིང་དུས་བོན་དགེ་རྣམས།
ཞི་ཞིང་དུལ་བ་མཐོང་བས་དད།། ༡ །།
ལོ་རྒྱུས་བརྟག་དཔྱད་དགོས་པར་རྩི།
རྒྱ་གར་ལོ་རྒྱུས་པ་ཞིག་གིས།
སངས་རྒྱས་ཀྱིས་གསུང་གཙོ་ཆེ་མིན།
རིགས་པས་དཔྱོད་པ་གཙོ་ཆེར་བཤད།། ༢ །།
སྔོན་དུས་བོད་དུ་རབ་ཏུ་བྱུང་།
ལོ་ངོ་བདུན་ཅུ་རིང་མེད་པར་།
བན་དེ་ཁོ་ན་ལ་ཡིན་ནམ།
བོན་གྱི་གྲྭ་པའང་མེད་པར་སོང་།། ༣ །།
རྨོ་མོ་ལོ་ངོ་དོན་དྲུག་པས།
སླར་ཡང་གྲྭ་པ་མཐོང་བ་འདུག
ཅེས་པ་ལོ་རྒྱུས་དག་ན་གསལ།
བན་བོན་གྲྭ་ཆས་འདྲ་བར་མཐོང་། ༤ །།
བོན་གྱི་གྲྭ་པ་དང་བན་དེའི།
གྲྭ་པའི་དབྱེ་་བ་རྨོ་རྒན་གྱིས།
ཤེས་པ་མེད་པས་གྲྭ་པ་ཙམ།
མཐོང་བ་བདག་གི་བློ་ལ་འཆར།། ༥ །།
སྐུ་ཞབས་གངས་སེང་ལགས་ཀྱིས་གཤེན་རབ་འཁྲུངས་འདས་སྐོར་གསལ་ཡོད་ཟེར་བའི་དྲ་ཐག་མཁོ་སྤྲོད་དེ་སྒྲུབ་བྱ་མ་གཏོགས་སྒྲུབ་བྱེད་ལ་མི་འགྲོ་བ་ཞིག་ཡིན་པ་གཅིག་མཚུངས་རེད། སྐྱག་པའི་ཁེབས་མ་གཉིང་མས་མི་ཡོང་བའི་དཔེ་བཞིན་དུ་གྱུར་འདུག
གཤེན་སྒྲུང་དང་ཞང་སྒྲུང་ལ་མགོ་འཁོར་ན་བྲོ་བ་མི་འདུག དེ་ལས་གླིང་སྒྲུང་ཀློག་ན་ཉི་མ་ཆོད་པར་ཕན་ཐོགས་ཆེ།
གཤེན་རབ་ཁྱིམ་སྤང་རབ་བྱུང་དུས།
དབྱིངས་ནས་ཡེ་ལྷས་ན་བཟའ་དྲུག
གནང་བ་ནས་བཟུང་རབ་བྱུང་གོས།
ད་ལྟའི་བོད་ཀྱི་གྲྭ་ཆས་གྲགས།།
གཤེན་གྱི་ཐང་ཀ་སྐུ་བརྙན་སོགས།
ཡོད་དོ་ཅོག་གི་གཟུགས་བརྙན་ངོས།
རབ་བྱུང་ཆས་སུ་ན་བཟའ་དྲུག
མནབས་པ་མིག་མཐོང་ལག་ཟིན་གྱུར།།
འོན་ཀྱང་བདག་པོའི་རྟ་རྐུས་རྐུ་མ་ཡིས།
བདག་པོར་རྐུ་མ་ཞེས་སུ་མཛུབ་མོ་ཀེར།
དེ་མིན་སིང་གྷ་ལ་དང་རྒྱ་གར་སོགས།
རབ་བྱུང་ཆས་ནི་ཤཱཀྱའི་ཆས་དང་མཚུངས།
སྤོབས་པ་མཐའ་ཡས་ལགས་སུ་ཐུགས་རྗེ་ཆེ་ཞུ། འདི་ནས་དྲི་བ་ཞིག་འབུལ་རྒྱུ་ནི། སྟོན་པ་ཤཀྱཱའི་དབང་པོ་དང་ཀླུ་གྲུབ་རྣམ་གཉིས་ཀྱི་འཁྲུངས་དུས་ལ་ངེས་གཏན་ཡོད་པའི་སྒྲུབ་བྱེད་ཅིག་གསུང་རོགས་གནང་ཞུ་རྒྱུ་དེ་རེད་འདུག
གནམ་གཤིས་དྲོ་གྲང་ལ་དཔག་པའི་གྲྭ་ཆས་ཤིག་ཡིན་དགོས་བ་ལས། ཚ་བ་ལུང་པའི་ཕྱག་སོར་དང་མི་མཐུན་པ་རྒྱུ་མཚན་དུ་འཇོག་ན། ཧ་ཧ་ལབ་བཞིན་ལབ་བཞིན་འཁྱམ་འཁྱམ་ལ་འགྲོ་འི་ཡིན་ལོ།
༼གཟིགས་དང་པཎ་ཆེན། ས་སྐྱ་པཎ་ཊི་ཏ། ཏ་ལི་བླ་མ། ཀིར་ཏི་བླ་མ། ཀརྨ་པ། ལས་སོགས་བོད་ཀྱི་ཆེན་པོ་ཡོད་ཚད་ཀྱི་མཚན་ལ་བོད་མིང་གིས་གོ་མ་ཆོད་ནས་ཕྱི་མིང་རྐྱང་བཏགས་སྟངས་འདི་ཡིས་ཀྱང་བོད་ཨང་གསར་ཆེ་བ་མ་རེད་དམ་༽
རེད། ལྐུག་པ་ཞིག་མིན་ན། ཨ་གསར་ཚ་བས་ག་ལ་ཡིན། གོ་ཐོབ་འདི་ཚོ་ཕྱོགས་སོ་སོ་ནས་ཆེ་བ་ཐོབ་པའི་ཕྱག་རྟགས་རེད། ཆེན་པོ་ལ་མིང་ཐོབ་དེ་འདྲ་རག་གི་ཡོད་པ་རེད། དེང་སང་ཁྱེད་ལ་ཧ་བར་དྲ་Harvard བན་དེ་བ་ཟེར་ན་ཅི་འདྲ་རེད། ཨ་མའི་བུ་ཞིག་མིན་དུས། བན་དེ་བ་རང་ཐོག་ལ་འཇོག་རྒྱུ་ལས་ཅི་ཡང་མི་འདུག།
མ་གཞི། གཤེན་ཟེར་བ་འདི། སྲོག་གཅོག་པ་ཟེར་བ་དང་གཅིག་པ་རེད། གཤེན་རབ། གཤེན་པོའི་ནང་ནས་ཡང་གཤེན་པོ་རབ་ཞིག་ཡིད་དགོས་བ་ནི། སྲོག་གཅོད་པ་ངར་བ་ཞིག་ཡིན་པ་ལ་ཐེ་ཚོམས་མི་དགོས་བ་འདྲ་ཞིག་གི་སྣང་བ་སྟེར་གི། ཡག་པོ་ཞིག་མི་ཤེས། ཁྱེད་རང་ཚོས་རྩོད།
གཤེན་ཟེར་བ་འདི་སྲོག་གཅོག་པ་ཟེར་བ་དང་གཅིག་པ་རེད་ཟེར། འདི་ལ་ཁུངས་ལུང་ཡོད་དམ། ལུང་པ་སུའི་སྐད་ལ་གཤེན་ཟེར་དུས་སྲོག་གཅོད་པར་གོ་བ་རེད། ཡང་ན་ཁྱོད་རང་གི་རྨོངས་འཆར་ཙམ་རེད། བགྲོ་གླེང་དྲང་པོ་གནང་ན་རང་ཅག་ཚང་མར་ཕན་ཐོགས་ཡོང་གི་རེད།
འདུལ་ཡུལ་ལུགས་དང་བསྟུན་དགོས་ཀྱང་་་་ཡུལ་ལུགས་ལ་ཁག་དཀྲིས་ནས་འདུལ་བའི་གཞུང་དང་འགལ་བའི་ན་བཟའ་མཆོད་རྒྱུ་དེ་ཡག་པོ་རྩ་བ་ཉིད་ནས་མ་རེད། ཆོས་གོས་རྣམ་གསུམ་ཞེས་དང། ངུར་སྨྲིག་འཆང་བ་ཞེས་གསལ་བ་མ་གཏོགས་དམར་པོར་འཆང་བ་ཞེས་གསལ་ཡོད་དམ། དེང་སང་ཟམ་གདོང་རིན་པོ་ཆེ་ནས་ཀྱང་ད་ལྟའི་བོད་རྒྱུད་ནང་བསྟན་པའི་གྲྭ་ཆས་དེ་ཤཱཀྱ་སེང་གེའི་ན་བཟའ་མ་ཡིན་པར་མཁྱེན་ནས་ཁོང་གིས་དགེ་སློང་སེར་པོའི་ན་བཟའ་འམ་བཅོམ་ལྡན་འདས་ཀྱི་ན་བཟའ་ཅི་ལྟ་བར་མནམ་པའི་སྐུ་པར་ཞིག་འདུག དེ་ཚོ་ཡག་པོ་རེད། བྱུང་ན་བོད་རྒྱུད་ནང་བསྟན་གྲྭ་བ་ཚོས་ཤཱཀྱ་སེང་གེ་རབ་ཏུ་བྱུང་སྐབས་ཀྱི་ན་བཟའ་གང་ཡིན་པ་དེ་མནམ་ན་ཡག་པོ་འདུག དེ་ལུང་དང་མཐུན་པ་རེད། དེ་བཞིན་སྔགས་དང་རྫོགས་ཆེན་ལས་སོགས་ཀྱང་ཟུར་དུ་བཞག་ནས་་་་མདོ་ཁོ་ནར་ཐོས་བསམ་བསྒོམ་གསུམ་དང་ཉམས་ལེན་གནང་ན་ཡག་པོ་འདུག དེ་མིན་ཕྱི་མི་ནང་པ་བ་ཚོས་བོད་བླ་མའི་ཆོས་ལུགས་ཞེས་ཟུར་ཟ་མང་པོ་བྱེད་ཡོང་གི་འདུག འདི་སེམས་དཀར་བའི་སྐད་ཆ་ཡིན།
གངས་སེང་ལགས་སུ་གྲོས་འདེབས་ཙམ་ལ། སྤྱིར་གངས་ཏི་སི་དང་ཉེ་བའི་སྟག་གཟིག་གི་ཡུལ་ལུང་ཞིག་ཡོད་པར་ཁ་ཚོན་གཅོད་དཀའ་ཡང་། བོད་ཀྱི་ཉེ་འབྲེལ་རྒྱལ་ཁབ་ཏ་ཟིག་༼འབྲི་སྲོལ་གཞན་དུ་སྟག་གཟིག་ཀྱང་སྣང་༽གམ་དབྱི་ལང་ལ་སྟོན་པ་གཤེན་རབ་མི་འཁྲུངས་པའི་རྒྱུ་མཚན་འདྲ་ཨེ་ཡོད། གཞན་ཡང་བོན་ལ་དབྱེ་བ་གསུམ་ལས་འཁྱར་བོན་ནི་ཏ་ཟིག་སོགས་ཁ་ཆེའི་ཡུལ་ནས་ཚུར་འཁྱར་བའམ་དར་བའི་ཤོད་ཚུལ་ཡོད་པས་དེའི་ཐད་བསམ་ཚུལ་ཞིག་གསུང་རོགས།
མཆན་པ་ ༣༡ པས་༼གཤེན་༽ཟེར་བ་ནི་སྲོག་གཅོད་པ་ལ་གོ་དགོས་པའི་སྐོར་ཞིག་གསུངས་འདུག་པས་དེའི་འབྱུང་ཁུངས་གང་ལ་གཏུགས་ཡོད་དམ། གང་ཡིན་ཟེར་ན་ངས་ཚིག་མཛོད་དུ་བརྩལ་རུང་རྔོ་ཐོགས་པ་ཞིག་མ་བྱུང་བས་ང་རང་ཤེས་འདོད་ཙམ་གྱི་ཆེད་དུ་ཡིན།
ཇི་སྐད་དུ་པཎ་ཆེན་དགེ་འདུན་གྲུབ་ཀྱིས།
་
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།
གླུད་ནུབ་སྒོར་སྐྱེལ་བ་དོན་རེ་ཆུང་།
་
ཞེས་གསུངས་སོ།
རྫོགས་ཆེན་དེ་ཡང་སྙིང་གང་གི་ཁོངས་སུ་གཏོགས་གམ་ དགའ་རབ་རྡོ་རྗེ་སྟོན་པའི་སྔོན་ལ་འཁྲུངས་ཡོད་ན་ནང་ཆོས་ལ་འབྲེལ་བ་ཡོད་དམ་མེད་ དགའ་རབ་རྡོ་རྗེ་དང་སྟོན་པ་གཤེན་རབ་གཉིས་མི་གཅིག་ཡིན་ལུགས་གོང་ལ་དྲ་གྲོགས་གཅིག་གསུང་འདུག་པས་དེ་ལ་རྒྱུ་མཚན་གསལ་པོ་ཞིག་གསུང་ཐུབ་ན་ཡག་པོ་འདུག་ དེ་མིན་རྙོགས་འཛིན་མང་པོ་ཞིག་བྲིས་ཡོང་ན་ཕན་ཚུན་འཁྲུག་རྒྱུ་ལས་མིན་འདུག་ན་དེ་དོན་དགོང་འཇག་འཚལ་
ཡང་དག་པའི་སེམས་བོན་ནམ་རྫོགས་ཆེན་གྱི་ཆོས་ལུགས་ནི་རྫོགས་ཆེན་རང་ཡིན་པ་གཏོགས་གང་དང་གང་གི་ཁོངས་སུ་གཏོགས་པ་དེ་འདྲ་ཡིན་མདོག་མེད། བོན་ལུགས་ཀྱི་རྫོགས་ཆེན་བརྒྱུད་རིམ་ནང་་་ཞང་ཞུང་དགའ་རབ་་་ཞུ་བ་ཞིག་ནི་འདུག ཁ་ཤས་ཀྱི་དེ་་་དགའ་རབ་རྡོ་རྗེ་་་རེད་གསུངས་སྲོལ་ཡོད་ས་རེད། དགའ་རབ་རྡོ་རྗེ་དེ་ཉིད་སྟོན་མཆོག་གཤེན་རབ་མོ་བོ་ཡིན་དང་མིན་གྱི་སྐོར་ལ་དེ་སྔ་སྐད་ཆ་གང་ཡང་གོ་མ་མྱོང་། ཁྱེད་རང་ཚོ་ཐང་མ་ཆད་ན་ཞིབ་འཇུག་ཡག་པོ་གནོངས་རོགས། །
བོད་གངས་ཅན་ཞིང་གི་གདོད་མའི་ཆོས་ལུགས་དེ་ནི་བོན་ལུགས་རང་དུ་ངེས་པ་རེད། དེ་ལས་གཞན་དུ་གང་ཡང་འགྲོ་ས་མེད གདོད་མའི་བོན་ལུགས་དངོས་གནས་དེ་ནི་བོད་མིའི་མེས་པོ་གོང་མ་རྣམས་ཀྱི་བསམ་བློ་ལས་བྱུང་བའི་ལྟ་སྒྲུབ་ཅིག་རེད། བོན་ལུགས་ནི་བོད་མི་རིགས་ཀྱི་བསམ་བློ་རང་ཁ་མ་ལས་བྱུང་བའི་ཆོས་ལུགས་གཅིག་པུ་དེ་ཉིད་རེད། དེ་འདྲ་ཡིན་དུས་བོན་ལུགས་ལ་སློབ་སྦྱོང་བྱ་དགོས་པ་དང་བོན་ལུགས་སྲུང་སྐྱོབས་བྱ་དགོས་པ་ནི་བོད་མི་ཡོད་དོ་ཅོག་གི་ལས་འགན་རེད་མ་གཏོགས། བོན་པོ་གཅིག་པོས་ལས་འགན་ཞིག་ཨ་ཡིན་ནམ། ད་ཕྱིན་ཆད་བློ་རྒྱ་ཆེ་ཙམ་བསྐྱེད་ནས་འཛམ་གླིང་གཞན་སུ་དང་གང་ལའང་མེད་པའི་བོད་ཀྱི་ཐུན་མོངས་མ་ཡིན་པའི་བོན་ལུགས་གཟི་བརྗིད་འོད་སྟོང་འབར་བ་འདི་བདག་པོ་ཡག་པོ་བྱོས། ཡབ་མེས་གོང་མ་རྣམས་ཀྱིས་བཞག་པའི་ཕ་ནོར་རེད། བོན་ལུགས་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་ཆོས་ལུགས་གཅིག་པུ་དེ་རེད། ང་ཚོ་བོད་ལ་ཐུན་མོངས་མ་ཡིན་པའི་སྐད་ཡིག་ཡོད། ང་ཚོ་བོད་ལ་ཐུན་མོངས་མ་ཡིན་པའི་རྒྱལ་རབས་དང་རྒྱལ་ཁབ་ཡོད། ང་ཚོ་བོད་ལ་ཐུན་མོངས་མ་ཡིན་པའི་མི་རིགས་ཀྱི་ལ་རྒྱ་ཡོད། ང་ཚོ་བོད་ལ་ཐུན་མོངས་མ་ཡིན་པའི་གོམས་གཤིས་ཡོད། ང་ཚོ་བོད་ལ་ཐུན་མོངས་མ་ཡིན་པའི་ཆས་གོས་ཡོད། ང་ཚོ་བོད་ལ་ཐུན་མོངས་མ་ཡིན་པའི་ཆོས་ལུགས་ཅིག་ཡོད་པ་དེ་ནི་གདོད་མའི་བོན་ལུགས་དེ་ཁོ་ན་ཉིད་ཡིན། དེ་ལས་གཞན་དུ་ཁབ་རྩེ་ཙམ་ཡང་འགྲོ་ས་མེད། ད་གཞོན་སྐྱེས་ཚོས་དགོངས་པ་ཡག་པོ་བཞེས་ནས་བོད་མི་རིགས་ཀྱི་ལོ་རྒྱུས་ལ་མགོ་བོ་ཡོད་པ་ཤེས་པར་བྱོས། ཁྱེད་ཚོ་མི་རིགས་དང་ལོ་རྒྱུས་ལ་བསམ་བློ་གཏོང་མཁན་ཞེ་བོ་ཞིག་ཡིན་ཟེར་ནས་ངར་ངར་བྱེད་བཞིན་བཞུགས་འདུག་བ་དེ་བྱས་ནས་ཞུས་པ་ཡིན། གཞན་བོད་མི་རིགས་ཀྱི་ལོ་རྒྱུས་བློས་གཏོང་བྱས་པའི་ཉིན་མོ་དེ་ནས་ང་ལ་གང་ཡང་ཞུ་རྒྱུ་མེད་ཐག་ཆོད་ཡིན་ནོ། །
གཤེན་རབ་མིན་པར་གཤེད་རབ་ཡིན་སྲིད།
བོད་ཀྱི་ཐ་སྙད་འགྱུར་འགྲོས་ཀྱི་རིམ་པ་དང་སྦྱར་ནས་བལྟས་ན། བཙད་པོ་ཞེས་པ་བཙན་པོར་འགྱུར་བ་ོསོགས་ཀྱི་རྒྱུ་མཚན་ལས་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་བོད་ཀྱི་ཡུལ་ལ་ཐོག་མར་བོན་གྱི་ཡུལ་ཞེས་འབོད་ཀྱང་སྲིད་གསུངས་ཡོད། དེ་ལྟར་ན། གཤེན་རབ་ཅེས་པའི་མི་ཞིག་དངོས་སུ་བྱུང་ཡོད་པའི་དབང་དུ་བཏང་ན་དེ་ལ་ཐོག་མར་གཤེད་རབ་ཅེས་འབོད་པ་ཡིན་སྲིད། དེ་ཡང་། གཤེད་མ་ནི་གསོད་མཁན་ལ་འཇུག གཤེན་རབ་ལུགས་འཛིན་པས་དམར་མཆོད་རྒྱ་ཆེན་གཏོང་ཚུལ་ལོ་རྒྱུས་བརྒྱ་སྟོང་མང་པོ་ཞིག་ལས་གསལ་བས་གཤེན་རབ་ཟེར་བ་དེ་གསོད་གཅོད་ལ་དགྱེས་མཁན་ཞིག་ཡིན་ཐག་ཆོད་པས་གཤེད་རབ་ཅེས་མིང་ཐོགས་པར་རྒྱུ་མཚན་འདུག་བསམ། མ་གཞི་ངས་ནི་ད་ལྟ་བར་དུ་གཤེན་རབ་གཤེད་རབ་གང་ཡིན་ཡང་དེ་ཉིད་ལྷ་སྒྲུང་རྟོག་བཏགས་ཀྱི་མི་སྣ་ཙམ་ལས་ལོ་རྒྱུས་དངོས་ཡོད་ཀྱི་མི་སྣ་ཞིག་ཡིན་པར་ཡིད་ཆེས་ངེས་ཤེས་འདྲོངས་པའི་སྒྲུབ་བྱེད་སྣ་གཅིག་ཀྱང་མ་རྙེད་སྟབས་གཤེན་སྒྲུང་དང་ཞང་སྒྲུང་ཞེས་སྒྲུང་གི་གྲས་སུ་འཇོག་གིན་ཡོད།
བཀུར་འོས་Tenlay Norbuལགས་སུ་ཆེད་ཞུ། སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་ཡུལ་ནི། སྟོན་པའི་རྣམ་ཐར་རམ་མཛད་མདོ་རྒྱས་འབྲིང་བསྡུས་གསུམ་ཀུན་ལས་གངས་ཏི་སེ་དང་། མཚོ་མ་པང་། སྤོས་རི་ངད་ལྡན། ཆུ་བོ་བཞི་འདུས་ཀྱི་འགོ་བོ། གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་དེ་འདྲ་ཞིག་ལ་་ངོས་འཛིན་གནང་ཡོད། དེ་འདྲའི་ལུང་པ་དེ་ནི། ད་ལྟ་འཛམ་གླིང་འདིའི་ཐོག་ཏུ་འཚོལ་དགོས་ན། ཞང་བོད་ཀྱི་ལྟེ་བ་གངས་རིན་པོ་ཆེའི་རྒྱུད་ལ་མ་གཏོགས་རྙེད་ཀྱི་མེད། དེར་བརྟེན་དབྱི་ལང་དང་ཨི་རཱན་ཀ་ཤི་སྨིར་སོགས་ལ་གོང་བཤད་ཀྱི་ལུང་པ་ཞིག་ད་བར་སུས་ཀྱང་རྙེད་མེད་པ་ཡིན་ཙང་དེར་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་རེད་ཟེར་ནས་ཁས་ལེན་བྱེད་ཐབས་མི་འདུག་སྙམ།
གཞན་ཡང་བོན་ལ་བརྡོལ་འཁྱར་བསྒྱུར་གསུམ་གྱི་དབྱེ་བ་ཡོད་ཟེར་བ་དེ་ནི་གཡུང་དྲུང་བོན་གྱི་བཤད་སྟངས་ཞིག་མ་ཡིན་པས་འདིར་བརྗོད་ཐབས་བྲལ།
དེ་འདྲ་ཡིན་ན་་་ཤཀྱཱ་ཐུབ་པ་ལའང་་་་ཤ་་་་ཟེར་བ་ཞིག་འདུག་དེ་ལ་འགྲེལ་བརྗོད་ཇི་ལྟར་གནང་ངམ། ཁྱེད་ཤ་ཡོད་ཚད་ལ་འགྲེལ་བརྗོད་གནང་མཁས་པ་ཞིག་ཡིན་ས་གདའ་དེ་བྱས་ནས་ཞུས་པ་ཡིན། ང་ནི་རོང་སྒྲུང་དང་ཨ་ཙ་རའི་སྒྲུང་དེ་ཚོ་ལ་ཐང་ཆད་བསྡད་ཡོད། དེ་ལས་གདོད་མའི་བོད་སྒྲུང་སྙན་མོ་དེ་ཚོ་བཀླགས་བསྡད་ན་ཇོ་མ་གཅིག་སྐྱིད་གདའ། དགའ་གདའ། །
སྤོབས་པ་མཐའ་ཡས་ཁྱེད་ནི་ཀླུ་གྲུབ་ཀླུ་ཡུལ་བྱམས་པ་ལྷ་ཡུལ་ཞེས་པའི་སྒྲུང་གཏམ་དེ་ལ་མཉེས་པོ་ཡོད་པ་འདྲ།
གངས་སེང་ལགས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ།
གཤིན་རྗེ་ཡི་དམ་དུ་བསྟེན་མཁན་དེ་རིགས་ཤ་ཡོད་ཚད་གཤིན་རྗེའི་ཆོ་འཕྲུལ་ཞིག་ཏུ་གོ་གི་ཡོད་ས་རེད་དེ་ཁག་མེད། ཡི་དམ་གང་ལ་གོམས་པ་བྱུང་ཚེ་སྣང་སྲིད་སྣོད་བཅུད་ཐམས་ཅད་ེ་ཡི་རང་བཞིན་དུ་མཐོང་་་་་ཟེར་བ་ཞིག་ཡོད་དྲན་་་་ད་དེ་འདྲ་ཡིན་རྒྱུ་རེད། ད་ཉིན་གཅིག་སྣང་སྲིད་སྣོད་བཅུད་ཐམས་ཀྱི་སྟེང་ལ་རྭ་ཅོ་འདུག་ཟེར་ས་རེད། ཨ་ཙི་ད་ངོ་མ་མི་འདི་རིགས་འདྲེ་སྨྱོན་འཁྲུལ་པ་རི་ལ་ཤོར་བ་ནང་བཞིན་ཆགས་ས་རེད། འདྲེ་བསྟེན་མཁན་དེ་རིགས་ལ་ཡོང་རྒྱུ་དེ་ལས་གང་ཡོང། འདྲེ་ཡི་དོན་ལ་ནང་ཁུལ་དམག་འཁྲུག་བརྒྱབ་ཡོང་གི་འདུག་ག སྒྲུང་སྒྲུང་རྐྱང་བཤད་ནས་ད་ལྟ་བོད་ཡུལ་མཚོ་ཡིས་གང་རབས་དང་དེ་འཕྲི་ནས་བོད་མི་སྤྲེལ་བྲག་ལས་བྱུང་ཚུལ་སྤྲེལ་ཕྲུག་དེ་ཚོ་རོང་ལ་བབས་ནས་རོང་སྐད་སྦྱང་ནས་བོད་ཡིད་བཟོས་རབས་་ད་ངོ་མ་མི་རིགས་འདི་ལ། བོད་ཀྱི་གཏམ་དཔེར། ཕ་ཙན་དན་གྱི་སྡོང་པོ་ལ། བུ་ཆུ་ཤིང་རུལ་པ་་་་ཟེར་བ་དེ་ཅིས་མ་བདེན།
བོན་དེ་སླར་རོ་ལོང་རྒྱབ་མི་འདུག་གམ། བ་ནོར་ཟེར་བསྡུས་ན་བོན་དེ་དང་པོ་བ་གླང་དང་རྟ་ནོར་ལུག་གསོན་བསྲེག་བཏང་མཁན་གྱི་ལུགས་ལ་བོན་ཞེས་ཆགས་པ་རེད་བཞག དྲང་པོ་བཤད་ན་བོན་ལུགདསགཞིར་བཞག་ནས་ཡོད་ན་ད་ལྟ་རྒྱ་བལ་ནང་བཞིན་དམར་མཆོད་རང་ལུགས་ཡོད་པར་གདོན་མི་ཟ། དབུས་གཙང་ཕྱོགས་འགའ་ཞིག་ལ་རྒྱབ་ཁབ་ཅེས་བཏགས་ན་ཆོག་ས་རེད་དྲན། རྩོད་པ་རྒྱས་པ་སྔོན་མ་ཞིག་ལ་འདིར་ན་འདུག
http://www.khabdha.org/?p=21233
ད་ཡང་འདི་ན་་་་་་་་་་་། བོན་པོས་བྱོལ་སོང་དམར་མཆོད་བྱས་སོང་ཟེར་མཁན་བན་དྷེ་ཚོ་རེད། འོ་ན་བན་དྷེས་མི་གསོན་བསྲེག་བྱས་སོང་ཟེར་མཁན་དེ་བོན་པོ་རེད་དམ། ཕྱོགས་གཞན་ཞིག་ནས་བཤད་ན་བོད་ཀྱི་ཡུལ་ཁམས་འདིར་ཆེས་སྐད་གྲགས་ཆེ་བའི་བན་དྷེའི་བླ་མ་དང་སྤྲུལ་སྐུ་ཡིན་ཟེར་མཁན་ཚོའི་ནང་དུ་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་ཚུལ་བཞིན་དུ་སྐྱོང་མཁན་ཅི་ཙམ་འདུག་གམ། མ་གཞི་ནས་སད་མི་མི་བདུན་རབ་ཏུ་བྱུང་བའི་ཚུལ་ལ་ལྟོས་དང་། སྐབས་དེའི་མཁན་སློབ་ཚོས་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་རྣལ་མ་ཞིག་བྱེད་ཀྱིན་འདུག་གམ།
བན་དེ་བ་ལ་ཁག་མེད། གསང་སྔགས་ལ་གསང་བ་བྱེད་པ་དགོས་ཀྱང་ཡུལ་དུས་ཀྱི་དབང་གིས་ཡོངས་གྲགས་ཆགས་པས་དེ་ལྟ་བུའི་རྩོད་པ་འབྱུང་བ་གདོན་མི་ཟ། འགའ་ཞིག་གིས་རྒྱ་གར་དུ། སངས་རྒྱས་པའི་ཆོས་མེད་པར་སོང་བའི་རྒྱུ་མཚན་དུ། གསང་སྔགས་འཇོག་ཀྱང་། གཞན་ཞིག་གིས་དེ་ནི་རྒྱུ་མཚན་ཡང་དག་པ་ཞིག་མ་ཡིན། གསང་སྔགས་ཀྱི་ཉམས་ལེན་ནི་ཧིནྡུའི་ཆོས་ལུགས་ལ་ཡོད་པས། ཧིནྡུའི་ཆོས་ལུགས་ཡུལ་དེར་མེད་པར་མ་སོང་བར་ལུས། དེས་ན་ནང་ཆོས་རྒྱ་གར་དུ་མེད་པར་སོང་བ་ལ་རྒྱུ་མཚན་གཞན་འགའ་ཞིག་ཡོད་ཀྱང་། འབྲི་ལོང་མེད། འདིར་གྲྭ་ཆས་མདོག་དམར་པོ་གནས་བརྟན་སྡེ་པ་སིངྒྷ་ལ་དང་། འབར་མ། ཐེ་ལེཎྜ་སོགས་ཀྱི་དགེ་སློང་རྣམགས་ཀྱི་ཁྲོད་ན་ཡང་མཐོང་། ལོ་སྔོན་མ་སློབ་གྲྭ་འདིར་དགེ་འདུན་གྱི་ཚོགས་ཤིག་ན། དགེ་སློང་གོས་དམར་པོ་ཅན་ཞིག་མཐོང་། དེ་ཉིད་བོད་པ་ཡིན་ནམ་སྙམ་པའི་སྣང་བ་བྱུང་ཡང་། དགེ་སློང་དེ་བོད་པ་ཡིན་མི་འདུག།
ལ་སྒྲའི་རྗེས་ཡང་སྒྲ་ཆད་པ་འདི་ལྟར་ཀློག་པར་མཛོད། གསང་སྔགས་ཀྱི་ཉམས་ལེན་ནི་ཧིནྡུའི་ཆོས་ལུགས་ལ་ཡང་ཡོད་པས།
འོ་ལགས་སོ་རྒན་ལ་དགས་ལགས། ད་བྱེད་དུས་ཧིན་དྷུའི་ཆོས་ལུགས་ལ་གསང་སྔགས་ཡོད་པ་འདྲ། དེ་འདྲའི་གསང་སྔགས་དེ་རྒྱུད་སྡེ་བཞི་འམ་། ཡང་ན་རྙིང་མས་བཤད་པའི་་་་ཀྲི་ཡ་ཨུ་པ་ཡོ་ག་གསུམ་མ། མ་ཧ་ཨ་ནུ་ཨ་ཏི་ཡོ་ག་སྟེ་དེ་དྲུག་པོ་གང་རུང་ཡིན་ནམ།
ཡོ་ག་གསུམ་མམ། ཞེས་པར་བཅོས་རོགས
བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྔགས་རྙིང་མའི་ཆོས་སྐད་དེ། སེམས་ཀྱི་རང་བཞིན་ལ་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་རྫོགས་པ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་ཆེན་པོའོ། །ཞེས་པའི་ཆོས་དེ་གསུངས་པ་པོ་ནི། གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབས་སམ། བོད་དར་རྙིང་མའི་ལུགས་ཀྱི་སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཞུ་བ་དེ་གཉིས་གང་ཟག་གཅིག་ཡིན་ནམ་སྙམ་མོ།།
ཕྱུགས་ར་ལུགས་སོགས་དམར་མཆོད་བྱེད་མཁན་ནི། བདག་རང་གི་ཕ་མེས་ཀྱི་ཕ་སྤུན་རྣམས་ཡིན་འདུག ང་བྱིས་པ་ལོ་གསུམ་བཞི་ནས་ཕལ་ཆེར་ལོ་བཅུ་གཅིག་ཙམ་བར་དུ་དམར་མཆོད་ཀྱི་ཤ་རུག་རྔོས་པ་ཟ་མྱོང་། དེ་ཡང་ལོ་གསར་གྱི་སྐབས་བོད་ཟླ་བཅུ་གཅིག་པའི་ཚེས་ཤར་ལ་ཕ་སྤུན་ཟེར་བའི་མི་ཚང་བཞི་ཡོད་པ་ཀུན་འདུས་ཏེ། ཤུག་པས་བཟོས་པའི་ལྷ་གཏོས་ཤིག་ཡོད་པ་དེ་ལ་ཤུག་པ་གསར་རྙིང་བརྗེ་བ་དང་། མདའ་དང་རས་དཀར་ཀྱིས་ལྷ་གཏོས་ཀྱི་རྐེད་རགས་འཆིང་། སྔར་ལུགས་ཀྱི་བཤད་པའམ་འདོན་པ་བཏོན། དེ་དག་་གྲུབ་པ་ན། ལྷ་གཏོས་ཀྱི་མདུན་དུ་རའམ་ལུག་ཅིག་བསད་དེ། ཁྲག་གིས་ལྷ་གཏོས་ལ་གསོལ་ཀ་གཏོང་། ཚང་མས་མགྲིན་གཅིག་ཏུ། ཀྱེ་ཀྱེ་སྭ་སྭ་ལྷ་རྒྱལ་ལོ། ཟེར། ང་བོད་ནས་༡༩༥༧ བོད་ནས་ལོག་འོང་དུས་ལུགས་སྲོལ་དེ་མེད་པར་ཆགས་འདུག ལྷ་ས་ནས་ལྷ་པ་ཞིག་བསྐྱོད་དེ་ར་ལུག་གསད་མི་དགོས། ཁྱིམ་ལྷའི་གནོད་པ་མི་འོང་བ་ངས་འགན་ལེན་ཞེས་ཏེ། ལྷ་ལ་དམར་མཆོད་བྱེད་མི་དགོས་པ་བྱུང་འདུག དེ་ལ་སོགས་པ་བྱ་མི་འོས་པ་ཐམས་ཅད་རྣམ་རྟོག་ལས་འབྱུང་། ཨ་རི་གླིང་མིཀ་སི་ཀོ་ཟེར་བའི་ལུང་པ་ཞིག་ལ་མིའི་མར་མཆོད་གཏོང་སྲོལ་ཡོད་པ་ན། ཡོ་རོཔ་ནུབ་གླིང་ནས་འོངས་པ་བརྒྱ་ཕྲག་མང་པོ་མར་མཆོད་ལ་བཏངས་པའི་རུས་པ་བརྟག་དཔྱད་ཀྱིས་ངོ་སྤྲོད་པ་གཟུགས་མཐོང་གློག་ཆས་སུ་བསྟན། དེ་ལྟ་བུའི་དམར་མཆོད་མ་བྱས་ན། ལྷ་ཡིས་འཇིག་རྟེན་མེད་པར་གཏོང་བའི་རྣམ་རྟོག་དེ་དག་ལ་ཡོད་པར་བཤད། རྣམ་རྟོག་གི་གཉེན་པོར་སངས་རྒྱས་ཀྱིས་རྟེན་འབྱུང་གསུངས་པ་ལ་ཚན་རིག་གི་མཁས་པ་རྣམས་ཀྱིས་མངོན་པར་བསྟོད་དོ། །དེ་བཞིན་ལ་དྭགས་བླ་མ་ཚུལ་ཁྲིམས་ཉི་མས་ཀྱང་ལ་དྭགས་མི་མངས་ལ་རྣམ་རྟོག་མ་བྱེད། རྣམ་རྟོག་མེད་ན། གནོད་པ་མི་འོང་། ཞེས་གསུངས་པ་རྣམ་ཐར་ཆེན་མོ་ན་བྲིས་པ་མཆིས་སོ།
ད་ལན་རྒན་ལ་དྭགས་པས་རང་ཐོག་ལ་མྱོང་བ་ཡོད་པའི་ཟོལ་གྱིས་གཅིག་བྲིས་འདུག དེ་ཡག་པོ་རེད། ངས་ནི་ལ་དྭགས་པས་སྟོང་ཕྲག་པོ་དུས་གཅིག་ལ་བསད་ནས་དམར་མཆོད་ཐ་ར་ར་བྱེད་སྲོལ་ཡོད་འགྲོ་དྲན་སོང་། ལོ་འཁོར་མ་གཅིག་ལ་ར་མ་གཅིག་རེད་འདུག་བ། བོད་མིན་རོང་མིན་གྱི་བཟོ་ལྟ་འཆང་བའི་ས་མཚམས་ཀྱི་མི་རིགས་འགས་ཤས་ནི། ཧིན་རྡུ་བ་དང་མཉམ་འགྲོ་མཉམ་སྡོད་བྱེད་ཡུན་རིང་སོང་ནས་ཧིན་རྡུའི་མཆོད་འབུལ་བྱེད་སྟངས་དང་ཆ་འདྲ་བ་མང་པོ་མཐོང་རྒྱུ་འདུག དེ་ཚོ་ཚང་མ་མཐའ་གཅིག་ཏུ་བོད་གདོད་མའི་ལུགས་སྲོལ་རེད་ཟེར་ནས་བཤད་ན་དངོས་དོན་དང་མི་མཐུན། སྔོན་མ་བོད་གངས་ཅན་པས་ཉ་ཕག་སྒོང་གསུམ་ཟེར་ན་ཤིན་དུ་རྩོག་པ་བརྩི་སྲོལ་ཡོད་རེད། དེ་ཚོ་ལྷ་ལ་འབུལ་སྲོལ་ཡོད་མེད་ཆི་མི་ཤེས་སོ། གངས་ཅན་གྱི་ཞིང་ཁམས་འདི་དམར་མཆོད་ཚན་པོ་བྱེད་མཁན་གྱི་རྒྱལ་ཁམས་ཤིག་ཡིན་པའི་བཟོ་ལྟ་རྩ་བ་ནས་མི་འདུག་ཟེར་ངས་སྔོན་མ་ནས་ཞུས་ཡོད། དེ་བཞིན་ཕྱི་རྒྱལ་གྱི་བོད་རིག་པའི་མཁས་དབང་ཞིག་གིས་ཀྱང་དེ་ལྟར་བྲིས་ཡོད་རབས་མཁས་དབང་བསམ་གཏན་ལགས་ཀྱི་དཔེ་དེབ་ནང་དུའང་གསལ་འདུག སྤྱིར་སྟངས་གདོད་མའི་ཆོས་ལུགས་ཡོངས་རྫོགས་ལ་དམར་མཆོད་བྱེད་སྲོལ་ཏོག་ཙམ་ཡོད་ངེས་པ་རེད། དེ་ལ་ངོ་གནོང་དགོས་པ་གང་ཡང་མི་འདུག་གོ ཅིས་ན་གདོད་མའི་མི་རིགས་དེ་ཚོ་མང་ཆེ་བ་སེམས་ཅན་གྱི་ཤ་ཁྲག་པགས་རུས་སྤུ་དང་བཅས་པ་ལ་ལ་བརྟེན་ནས་འཚོ་བ་སྐྱེལ་དགོས་ཐུག་ཡོད་པ་རེད། འདི་ཚོ་ཚང་མ་དུས་ཚོད་དང་བསྟུན་པའི་འཇིག་རྟེན་མི་ཡི་འཚོ་བ་སྐྱེལ་སྟངས་ཤིག་ཡིན་པས་ང་ཚོས་ཁོང་ཚོ་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་པར་མི་རིགས་སོ། ཤེས་བྱའི་གནས་ལུགས་ལ་བརྩི་བཀུར་ཞུས་ན་དེ་ཚོ་ཚང་མ་གདོད་མའི་རང་འབྱུང་ཁམས་ཀྱི་དཔལ་ཡོན་རེད་ཟེར་ནའང་མི་འགྲིག་པ་མི་འདུག ང་ལ་དགོས་པའི་དོན་ཆེན་དེ་ནི་བོད་མི་རིགས་རང་གི་བསམ་བློ་ལས་བྱུང་བའི་ཆོས་ལུགས་ཀྱི་ལྟ་གྲུབ་ཅིག་ཡོད་པ་དེ་ཉིད་རྩལ་དུ་བཏོན་ནས་ཤོད་དགོས་པ་དང་ཤེས་དགོས་པ་དེ་ཡིན། ལོ་རྒྱུས་ཀྱི་ཕུགས་ཐག་རིང་བའི་རང་མི་རིགས་ཀྱི་ཡབ་མེས་གོང་མའི་བསམ་བློ་ལ་དུས་ནམ་ཡང་བརྙས་བཅོས་དང་མཐོང་ཆུང་བྱ་མི་འོས་པ་གཞོན་སྐྱེས་ཚོའི་ཐུགས་ལ་འཇོག་རོགས་གནོངས། །
རྒན་ལ་དྭགས་པ་ལ་ཞུ་རྒྱུ་གཅིག་བརྗེད་སོང་འདུག ར་ཤ་རྩ་ཆེན་བརྩི་མཁན་དེ་རྒྱ་གར་བ་ཚོ་རེད། Mutton Curry བོད་པས་ལུག་ཤ་དང་གཡག་ཤ་རྩ་ཆེན་བརྩི་སྲོལ་ཡོད་པ་རེད། དེ་འདྲ་ཡིན་དུས་ khashi boka ཟེར་ནས་ར་དམར་མཆོད་གཏོང་མཁན་དེ་ཕལ་ཆེ་བ་རྒྱ་གར་བ་དང་བལ་ཡུལ་བ་ཚོ་རེད། ད་དུང་ཁོ་ཚོས་ར་ནག་པོའི་མདོག་ཅན་དེ་ཚོ་ཡག་རབས་ཤོད་སྲོལ་ཡོད་རེད། འདི་ཚོའི་སྐོར་ལ་youtube ནང་དུ་མང་པོ་བལྟ་རྒྱུ་འདུག་ཡིད་མ་ཆེས་ན་དེར་གཟིགས། །
ནོར་ལུག་བརྒྱ་ཕྲག་མང་བོ་དམར་མཆོད་བྱེད་པའི་ལུགས་སྲོལ་བོད་ཡུལ་དུ་མེད་ནའང་ད་དུང་དམར་བསུར་གཏོང་གི་ཡོད་པ་གསལ་པོ་རེད། དམར་བསུར་གཏོང་བའི་ལུགས་སྲོལ་འདི་བོད་ཡོངས་སུ་རྫོགས་པར་ཡོད་ས་རེད་སྙམ།།
དམར་མཆོད་བོན་གྱི་ཆོ་གའི་ནང་ལ་ཡོད་པ་དཔང་པོ་མང་པོ་་འདུག འདི་མཁས་པོ་དང་སྙིང་རྗེ་པོ་བཤད་ནས་མི་ཕན། བདེན་པ་བདེན་པ་ལ་བཞག་རོགས།
གདོད་མའི་བོན་ལུགས་ནི་གཞི་རྒྱ་ཆེ་བའི་གདོད་མའི་བོད་ཀྱི་ཆོས་ལུགས་ཀྱི་རིག་གནས་ཤིག་རེད། དེའི་ནང་དུ་གང་ཡང་ཡོད་སྲིད་པ་རེད། གཅིག་ཏུ་མ་ངེས་པའོ། དཔེར་ན་གཞི་རྒྱ་ཆེ་བའི་ཧིན་རྡུའི་ཆོས་ལུགས་ནང་དུ་འདྲ་མི་འདྲ་དྲུག་གསུམ་བཅོ་བརྒྱད་ཡོད་པ་བཞིན་ནོ། སྦུ་རྡི་སམ་ཡང་ཧིན་རྡུའི་ཆོས་ལུགས་ཀྱི་ཆ་ཤས་ཤིག་ཡིན་པ་གླེང་བཞིན་པ་ལྟ་བུའོ། །
ཁྱེད་ཚོར་དྲི་བ་ཞིག་ཡོད། །
བོད་བརྒྱུད་ནང་བསྟན་འདི་རྒྱ་གར་ཧིན་རྡུའི་ཆོས་ལུགས་ཀྱི་ཆ་ཤས་ཤིག་ཡིན་དང་མིན་ཁ་གསལ་ཞིག་གསུང་རོགས་གནོངས།
ཡིན་ན་ཡིན་པའི་ཡིན་ལུགས་དང་མིན་ན་མིན་པའི་མིན་ལུགས་ཀྱང་གསུངས་རོགས། །
ཀློང་ཆུང་ལགས། ང་ནི་ཆུང་བྱིས་པའི་དུས་ནས་བོན་ལ་སྦྱངས། དགོན་པའང་མང་བོ་འགྲིམས། འོན་ཀྱང་བོན་ལུགས་ལ་དམར་མཆོད་ཀྱི་ཆོ་ཀ་ཡོད་པ་མཐོང་མ་མྱོང་བར་མ་ཟད་ཐོས་ཀྱང་མ་མྱོང་། ཁྱོད་ཀྱིས་དཔང་བོ་ཡོད་ཟེར་ནས་གདངས་ཚོད་དང་བཅས་བཤད་བཞིན་འདུག བོན་ལུགས་ལ་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཡོད་པ་རེད། ངས་ནི་པོ་ཏི་ཚང་མ་བཀླགས་མྱོང་མེད། འོན་ཀྱང་དེའི་གྲལ་ན་དམར་མཆོད་ཀྱི་ཆོ་ཀ་ཡོད་ཟེར་བ་ཞིག་ཐོས་མ་མྱོང་། ཐོས་མ་མྱོང་བ་ཙམ་གྱིས་ཁ་མཚོན་བཅད་དེ་བཤད་རྒྱུ་མིན། རྒྱུ་མཚན་དེའི་ཕྱིར་མཆོག་ནས་དམར་མཆོད་ཀྱི་དཔེ་ཆའི་མིང་གསལ་པོ་ཞིག་གསུངས་རོགས་ཞུ།།
ཁུངས་ལུང་ཡོད་པ་དེ་ཚོ་ད་ནི་འདོན་པའི་དུས་ལ་བབ་རེད། ལྐོག་ལྐོག་སུས་སུས་ནས་གཅིག་ཡོད་མདོག་མདོག་བཤད་ནས་ཕན་པ་མེད། དམུར་བསུར་གཏོང་བ་ལས་སོགས་མདོས་གླུད་ཕྱ་གཡང་ལས་སོགས་གསང་སྔགས་ཀྱི་ཆོ་ག་ཕྱག་ལེན་དེ་ཚོ་བོན་པོར་རྩིས་སྤྲོད་ན་ཡག་ཤོས་རེད། མདོར་ན་ཐེག་ཆེན་གྱི་ཆོས་སྐོར་དེ་ཚོ། གཞི་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་དེ་ལྷག་ཡོང་ངེས་རེད། ས་མཚམས་ཁུལ་ཁུ་ནུ་དང་ལ་དྭགས་སོགས་ནི་ལོ་མང་པོའི་གོང་ནས་ཧིན་དྷུའི་ཆོས་ལུགས་ཀྱི་ཤན་ཞུགས་ནས་རིམ་གྱིས་ཧིན་དྷུར་འགྱུར་འགྲོ་གི་འདུག གར་ཤ་ལས་སོགས་མང་པོ་ཞིག་ད་ལྟ་ཧིན་དྷུར་གྱུར་ཟིན་འདུག མ་གཞི་ནས་མི་ཡི་ངོ་གདོང་ཀྱང་རྒྱ་གར་ལ་འགྱུར་བཞིན་འདུག
འདྲི་བ་འདི་ཁྱད་མཚར་འདུག ངས་ཁྱོད་ཚོས་དམར་མཆོད་འབུལ་གྱི་འདུག་བྱས་པས། ང་ལ་ཁྱོད་གཤན་པའི་སྤུན་ཉེ་ཡིན་ནམ་ཟེར་བ་ལྟ་བུ་འདུག
BONPOམཆོག་
ལ་དྭགས་ལ་ར་དང་ལུག་གི་ཤ་གཉིས་ལས། ལུག་ཤ་རྒྱལ་བ་འོང་། འོན་ཀྱང་ས་གཞིའི་དབང་གིས་ལུག་གསོ་བར་འཐོན་སྐྱེད་མི་འོང་། ངའི་ཁྱིམ་ལ་ར་བཅུ་བཅོ་ལྔ་དང་། ལུག་གཉིས་གསུམ་ཡོད་ཀྱང་། སྟོན་དུས་སྤང་སྒང་གི་མཆིན་འབུ་ལུག་གི་མཆིན་པར་ཞུགས་ཏེ་ལུག་རྣམས་འཆི། ང་ཆུང་དུས་ར་ལུག་འཚོ་བར་རི་ལ་འགྲོ་བ་དང་། བ་ལང་འཚོ་བར་ལུང་ལ་འགྲོ་མྱོང་བའི་ཉམས་མྱོང་མང་པོ་ཡོད་ཀྱང་འབྲི་ལོང་མེད། ། དིང་སང་ཕྲུ་གུ་ཀུན་སློབ་གྲྭརའགྲོ། འཚོ་སྐྱོང་བྱེད་མཁན་དཀོན་པས་ལ་དྭགས་གྲོང་ཡུལ་རྣམས་ན་ར་ལུག་དང་རྟ་བོང་བ་་ལང་རིགས་ཇེ་ཉུང་དུ་འགྲོ་བ་དང་། སློབ་སྦྱོང་ཡོད་པའི་ཕ་མ་དག་གིས་བུ་ཕྲུག་སློབ་གྲྭར་གཏོང་བ་འགྲོ་སོང་ཆེ་བས་ཕ་མ་རེར་བུ་ཕྲུག་ཟུང་རེ་མ་གཏོགས་མེད་པ་ལྟ་བུ་ཡོད་པས། དགོན་པ་ཁག་ཏུ་བཙུན་ཆུང་བྱེད་མཁན་ཡང་དཀོན། དགོན་པ་ཁག་གིས་ཁྱིམ་ཚང་རྣམས་ལ་བཅོལ་ཏེ། དགོན་པ་ནས་འགྲོ་སོང་གཏང་དགོས་ན་ཡང་ཐབས་ཤེས་མ་བྱེད་ན། ལ་དྭགས་ཀྱི་དགོན་པ་རྣམས་ཨ་རིར་ཀ་ཐོ་ལིཀ་ཞེས་པའི་དགོན་པ་རྣམས་མེད་པར་སོང་བ་ལྟ་བུར་ཆགས་པའི་ཉེན་ཁ་འདུག་གོ །
རང་ཤར་ངར་མི་དགོས། ལན་འདི་ལ་ཡོད། “ཤ་ཁྲག་དམར་གྱི་མཆོད་པ་འབུལ། “ཟེར་བ་འདི་བོན་གྱི་ཆོ་གའི་ནང་ནས་བཏུས་པ་ཡིན།
དེ་བཞིན་དམར་བསང་འབུལ་བའི་ཆོ་ག་དེ་བོན་གྱི་རེད་པ།
བོན་གྱི་མཁས་དབང་བསམ་གཏན་མཁར་རྨེའུ་ཡིས། ཀོང་པོའི་བྲག་བརྐོས་ཡི་གེའི་ཐོག་ཏུ། གྲི་གུམ་བཙན་པོའི་སྲས་གཉིས་ཀྱིས་སྐུ་བླ་གཉན་པོ་གསོལ་མཆོད་བྱ་ཚུལ་ཞིབ་པར་བཀོད་ཡོད། བོན་པོའི་ཆོ་ག་རེད། ང་བདེན་པ་བཤད་ཀྱི་ཡོད།
ཁྱོད་ཚོ་ལྟས་ངན་བོན་པོ་དང་ནང་པ་གཉིས་རྒྱུ་དང་དབང་ལ་བརྩོད་ནས་བོད་ཆེན་པོ་ཟེར་བ་འདི་མེད་པ་བཟོས་སོང་། བོན་གྱི་ཕྱོགས་གཏོགས་ཀྱིས་ཁྲི་རལ་པ་ཅན་བཀྲོངས། ནང་པས་དར་མ་བཀྲོངས་ནས་བོད་འདི་ད་ཆ་ཁ་སྟབས་འདི་འདྲ་ཆགས་སོང་། xxxx་བན་བོན་གཉིས་ཀ།
བདེན་པ་བདེན་པར་ཞོག་ཅིག xxxx གཅིག་པ་རེད།
ཆོས་ལུགས་གང་ཡིན་ལ་མོས་པ་གཙོ་ཆེ་བར་རྩི། རིགས་པས་དཔྱད་ཀྱིན་བསྡད་ན། ཆོས་སྒྲུབ་པའི་ལོང་མེད། འདི་ལ་དཔེ་ཞིག་སངས་རྒྱས་ཀྱིས་གསུངས་པ་ཡིན་ཅེས་སིངྒྷ་ལ་བརྒྱུད་འོངས་པའི་ཧིནྡ་སྐད་དུ་བྲིས་པ་ཞིག་བཀླགས་མྱོང་སྟེ། མི་ཞིག་ལ་དུག་མདས་བསྣུན་པ། དེ་མ་ཐག་ཏུ་སྨན་བཅོས་མ་བྱེད་པར་མདའ་རྒྱབ་མཁན་སུ་ཡིན་ནམ། བྲམ་ཟེའམ། རྒྱལ་རིགས་སམ། རྗེའི་རིགས་སམ། དམངས་རིགས་སམ་ཞེས་འཚོལ་བཞིན་བསྡད་ན། སྨན་བཅོས་མ་བྱུང་བར་འཆི་བའི་ཉེན་ཁའོ།
ཞེས་དང་། བོད་ཀྱི་ཁ་རྒྱུན་དུ་ཡང་།
་
མོས་ན་ཁྱི་སོ་ལས་མེ་འོད་འཕྲོ།
་
ཞེས་པ་ཐོས། དིང་སང་ནི་ཛམ་གླིང་མཁས་པ་རྣམས་ཀྱིས་ཆོས་ལུགས་གང་ཡིན་མོས་པ་དང་ཡིད་ཆེས་ཀྱིས་གྲུབ་པས། དེ་ལ་རྩོད་པར་མི་བྱ། ཞེས་གླེང་ངོ་།
བླ་དགས་ལགས། མོས་པ་གཙོ་ཆེ་ཡིན་ན་ཅིའི་ཕྱིར་དོལ་རྒྱལ་འགོག་གམ། དོལ་རྒྱལ་སངས་རྒྱས་ལ་མོས་པ་བྱེད་ན་མི་འགྲིགས་པ་ཅི།
རྒན་ལ་དགས་པས་གསུངས་པར་ཡི་རངས་ཞུ། ཡིན་ནའང་དེང་སང་ཆོས་བྱེད་དང་མི་བྱེད་མཁན་གཉིས་ལས་མི་བྱེད་མཁན་དེ་རིགས་ལ་དག་སྣང་ལེགས། ཆོས་ཀྱི་ཡོན་ཏན་ཡོད་པ་ལས་མེད་པར་བསམ་པ་དཀར། ཀུན་སློང་གཙང། དེ་ཡི་ནང་ནས་ཀྱང་བོད་རྒྱུད་ནང་བསྟན་རྗེས་འཇུག་པ་དག་ལ་དག་སྣང་ཟེར་བ་དེ་ཧ་ཅང་གི་དཀའ། དེ་ལས་ཧིན་དྷུའི་བརྒྱུད་འཛིན་པ་དེ་ཚོར་དག་སྣང་ལེགས། ཁོང་ཚོ་བོད་ཀྱི་ཆོས་ལུགས་ཚང་མའི་དགོན་པར་ཕྱིན་ནས་མཆོད་མཇལ་ཞུ། བོད་ཀྱི་ཆོས་ལུགས་མི་སྣ་རྣམས་ནི་རང་རང་གི་ཆོས་རྒྱུད་ཀྱི་བླ་མ་དང་དགོན་པར་མཇལ་བ་ལས་གཞན་ལ་མིན། ལྷ་འཁྲུགས་ཡོང་སྲུང་མ་འཁྲུགས་ཀྱི་རེད་ཟེར་ནས་རྣམ་རྟོག་གི་དྲ་རྒྱར་འཐུམ། རྒན་ཁྱེད་ལ་རྒྱུས་ཡོད་མདོག་རེད། བོད་ལ་དུས་འགྱུར་བྱུང་བ་ནས་བཟུང་སྟེ། ས་ཁུག་ལུང་ཁུག་དེ་ཚོ་ལའང་ཆོས་ལུགས་ཀྱི་རུ་ཏྲས་ནམ་ལངས་སོང།
བནྡེའི་ཕྱོགས་འཛིན་པ་ཡིན་ཟེར་ནས་བོན་པོ་ལ་ཅིག་བཤད་བསྡད་མཁན་འདི་ཚོའི་སྐད་ཆ་དེ་དག་དཔེར་ན་མི་ཡི་ནག་འབུར་ཙམ་ལས་མ་མཐོང་བར་མི་དེའི་ཁ་སྤུའི་རིང་ཐུང་དང་མིག་སྤུའི་མང་ཉུང་བགྲང་བསྡད་པ་ལྟ་བུར་འདུག ཚོ་ཚོར་འགྲེལ་བཤད་བྱས་དུས་ཨ་མཆོག་ལ་རྡོ་རྩིགས་བརྒྱབ་བཞག་པ་འདྲ་བོ་ཡོད་རེད། བན་དྷེའི་ཕྱོགས་ནས་བཤད་བཤད་ཚང་མ་བདེན་པ་དང་བོན་པོའི་ཕྱོགས་ནས་བཤད་བཤད་ཚང་མ་རྫུན་མ། བན་དྷེའི་ཕྱོགས་ནས་བྱས་བྱས་ཚང་མ་དག་པ་དང་བོན་པོའི་ཕྱོགས་ནས་བྱས་བྱས་ཚང་མ་མ་དག་པ། འདི་འདྲའི་ལྟ་སྟངས་ཤིག་ཡོད་པ་རེད།
ཀློང་ཆུང་ལགས་ཁྱོད་ལ་ལྟ་རྒྱ་དང་ཤེས་རྒྱུ་གཉིས་ཀ་རི་བོང་གི་རྭ་བཞིན་སྣང་། ཤ་ཁྲག་དམར་གྱིས་མཆོད་པའམ། ཤ་ཁྲག་དམར་གྱི་གཏོར་མ་ཟེར་བའི་ཚིག་འདི་ཚོ་བོད་ཀྱི་ཆོས་ལུགས་ཡོངས་རྫོགས་སུ་ཡོད་པ་རེད། ཡོད་པའི་རྒྱུ་མཚན་ནི་ཡི་དམ་དང་སྲུང་མའི་ཆོ་ཀའི་ནང་དུ་དེ་འདྲ་ཡོད་རེད། གཏོར་མ་དང་དེ་ཁ་ཏོག་དམར་བོ་བྱེད་རྒྱུ་ལུགས་སྲོལ་ཡོད་པ་རེད། དེ་དག་ཚང་མ་སྔགས་ཀྱི་ལུགས་ཡིན་པ་ཤེས་དགོས་ངེས་ལགས། ངས་བཤད་རྒྱུ་ནི་བོན་གྱིས་བཀའ་བསྟན་འགྱུར་གང་གི་ནང་དུའང་སེམས་ཅན་མང་བོའི་སྲོག་བཅད་དེ་དམར་མཆོད་བྱེད་རྒྱུ་ཆོ་ཀའམ་ལུགས་སྲོལ་མེད་ཟེར་བཞིན་ཡོད། །
རྭ་ལོས་ཀྱང། ཤ་ཆང་བཏུང་བ་ཚོགས་ཀྱི་འཁོར་ལོ་ཡིན། རིག་མ་བསྟེན་པ་སྔགས་ཀྱི་ཕྱག་རྒྱ་ཡིན། དགྲ་བོ་གསོད་པ་སྔགས་ཀྱི་དམ་ཚིགས་ཡིན་ཟེར་བ་ཁྱོད་ཀྱིས་ཐོས་མྱོང་ངམ།།
གཤེནད་ཡིག་དེ་བཙོན་ལ་བཅུག་ཚར་འདུག། མཐོང་ཡ་མི་འདུག།
གོང་ལ་རྒན་ལ་དྭགས་པ་ལགས་ཀྱིས་མོས་པ་གཙོ་བོ་རེད་ཟེར་བ་འདི་ལ་ང་ལ་ཡང་འདྲི་བ་ཞིག་ཡོད།
རྒན་ལགས་ཀྱིས་སྔོན་མ་ནང་པ་ཚོས།་རྒྱལ་བའི་བཀའ་བསྟན་གྱུར་ལ་ཞིབ་པར་སྦྱངས་ནས། ཆོས་ཡང་དག་ལག་ལེན་བགྱིས་དགོས་ཅེས་ཡང་ཡང་གསུངས། ད་ཆ་མོས་པ་གཙོ་བོ་རེད་གསུངས་འདུས་འདི་ལ་འགལ་འདུ་ཞིག་འདུག
དེ་བཞིན་ཉིད་ཀྱིས་ཐེ་ལན་ཌིར་མཉམ་མེད་དྭགས་པོའི་ཐར་རྒྱན་ཁྲིད་བཞིན་ཡོད་པ་གོ་ལགས། མོས་པ་གཙོ་བོ་ཡིན་ན། ཅིའི་ཕྱིར་ལོ་དང་ཟླ་བ་བསྟུད་ནས་ཆོས་བཤད་དགོས་སམ།
༼མཐར་དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེའུ་བཙན་སྐབས་གཡུང་དྲུང་བོན་རྒྱ་ཆེར་བསྣུབས་ཡོད་པ་དང་། བོན་པོའི་ཆོས་ལུགས་མི་སྣས་རྒྱ་གར་ནང་ཆོས་བོད་དུ་སྤེལ་བའི་ཐད་ལ་བཀག་འགོག་ཤུགས་ཆེར་བྱས་པར་བརྟེན། བོན་པོའི་མི་མང་པོ་སྐེ་བཅད་པ་སོགས་མི་སྤྱོད་ལས་འདས་པའི་ཆད་པ་ཕོག་མྱངས་ཡོད་པ་བན་བོན་གཉིས་ཀའི་ལོ་རྒྱུས་ནང་དུ་གསལ་ཡོད་པ་རེད ཅེས་དང། ཕྱིས་སུ་རྒྱལ་སྲིད་བོན་གྱི་ཁྱེར་དོགས་ཀྱིས་བོན་ཆོས་སྣུབས་རེད།༽ ཅེས་འཁོད་ཡོད་པ་ལ་ཨ་མྱེ་རྒས་པོའི་གོ་བ་ལན་ཚུལ་ཞིག་བྱས་ན། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནས་རྒྱལ་སྲིད་གུ་རུས་བཞེས་པའེ་རེ་བ་དང། བོན་པོས་འཁྱེར་བའི་དོགས་པ་ཡོད་ན་དེས་ག་རེ་མཚོན་གིས་འདུག། དེས་རྒྱལ་པོ་ཕྱོགས་རིས་ཅན་དང། ཡང་ན་ཆོས་ལ་ཡིད་ཆེས་དང་བོན་པོ་ལ་ཐེ་ཚོམས་ཡོད་པ་མཚོན། དེ་གཉིས་མ་གཏོགས་འགྲོ་ས་གང་ཡང་མིན་འདུག། ཕྱོགས་རིས་ཅན་ཡིན་ན་བོན་པོའི་ཆོས་དང་གང་ཟག་ལ་མནར་གཅོད་ཚད་མེད་གླང་དར་བཞིན་བྱས་པའི་དབང་ཡོད་པས་སོ། ཉེས་ཅན་ལ་ཁྲིམས་ཆད་གཅོད་པ་དང། དམར་མཆོད་ལམ་སྲོལ་བསྣུབས་པ་དེས་བོན་ལ་སྡང་བ་མཚོན་མི་ཐུབ། རྒྱལ་པོའི་རིང་ལུགས་སྐབས་སུ་རང་གི་མི་འདོད་པ་དེ་འབུར་འཇོམས་སམ་རྩ་མེད་དུ་བཏང་བའི་དབང་ཡོད་ཀྱང་དེ་ལྟར་མི་མཛད་པར་བོན་ཆོས་ལ་མོས་པ་རྣམས་ཀྱི་རང་དབང་རང་སར་བཞག་ཡོད་པ་དེས་རྒྱལ་པོའི་རིང་ལུགས་ཡིན་ཀྱང་ཆོས་དད་རང་མོས་དང། དམངས་གཙོའི་རིང་ལུགས་ཀྱི་ལག་ལེན་ཀྱང་གནང་ཡོད་པ་མཚོན་ཐུབ། དེ་ཡང་ནང་ཆོས་ཉམས་ལེན་གནང་བའི་གྲུབ་འབྲས་རེད་སྙམ་མོ།
རྒན་ལ་དྭགས་པ་ལེགས། ཁྱེད་ཀྱིས་ལ་དྭགས་ཡུལ་གྱི་བོན་པོའི་སྐོར་ལ་དེ་ཙམ་རྒྱུས་མངའ་མེད་ཚུལ་མ་གསུངས་རོགས། ཁྱེད་དགུང་ལོ་བགྲེས་ཙམ་རེད་འདུག སྐད་ཆ་དྲང་པོ་གསུངས་རོགས་གནོངས། བླ་མ་གཡུང་དྲུང་དགོན་པ་ཞུ་བ་དེ་སྔོན་མ་བོན་པོའི་དགོན་པ་ཞིག་ཡིན་པའི་ལོ་རྒྱུས་ཡོངས་གྲགས་རེད། དགོན་པ་དེ་ནི་ལ་དྭགས་ཡུལ་གྱི་དགོན་པ་རྙིང་ཤོས་དེ་རེད་ཟེར་ནས་ལབ་སྲོལ་འདུག དེ་བདེན་ནམ། དགོན་པ་དེའི་ཆགས་ཚུལ་ལ་བལྟས་ན་སྔོན་དུས་སུ་ལ་དྭགས་ཡུལ་དུ་གཡུང་དྲུང་བོན་བསྟན་དར་ཞིང་རྒྱས་པའི་བཟོ་ལྟ་རང་བཞིན་གྱིས་མངོན་འདུག་གོ སྐད་ཆ་མང་པོ་བཤད་མ་བཤད་མི་འདུག །
ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་སྨད་ལ་བན་དེའི་ཆེན་པོ་ཚོ་བོད་ཡུལ་བྱོལ་ནས་འགྲོ་དགོས་ཐུག་འདུག་བ་དེ་དག་ཅིའི་ཕྱིར་བྱུང་བ་ཡིན་ནམ། །
སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་ཁོང་ཚོས་བོན་བསྟན་བསྣུབས་རབས་བཤད་པའི་སྐད་ཆ་དེ་ཚོ་བདེན་པ་ཡིན་མིན་ཚན་རིག་གི་ལམ་ནས་ཞིབ་འཇུག་བྱ་དགོས་པ་རེད། བན་དེའི་ཁ་རྒྱུག་བོན་པོས་མ་བྱས་ན་བཟང་། སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་གཉིས་ག་ཚོད་སྐྱོ་ནའང་ཡབ་མེས་གོང་མའི་རིང་ལུགས་ལ་གཏན་གཏན་དགོངས་པ་ཟབ་བཞེས་གནང་མཁན་ཞིག་ཡིན་པའི་ཡིད་ཆེས་ཡོད། འདི་རྒྱལ་ཁམས་དབང་བསྒྱུར་བྱེད་པའི་སྟོབས་ཆེན་བོད་བཙན་པོའི་རྒྱལ་རབས་ཅིག་རེད་མ་གཏོགས་བན་དེས་བཤད་པ་ལྟར་གྱི་སྣང་བར་གང་དྲན་བྱེད་སྡོད་མཁན་ཞིག་ཨ་ཡིན་ན། །
ཨ་མ། Bonpoའབོད་པའི་མི་དེ་ངོ་མ་ཀླད་པ་ཚང་བ་མ་ཟད། རྩ་དེ་ཚོ་ཡང་ཐང་ཐང་ཡིན་མཁན་གྱི་ཁ་བརྡའི་མཆན་པ་ཞིག་རེད་འདུག ཁྱོད་ཀྱི་མཆན་བཀླགས་རྗེས་ཏོག་ཙམ་སྐྲག་བྱུང་ངོ་མ། ཨོ་འདི་ལ་མི་རྩ་ཐང་ཐང་རེ་གཉིས་ཀྱང་ཡོང་གི་འདུག རྗེས་མ་སྐད་ཆ་ཤོད་དུས་གཟབ་གཟབ་བྱེད་དགོས་སྙམ་པའི་ཚོར་བ་ཞིག་སྐྱེས།
ཁྱོད་ཀྱིས་བཤད་པར་ལྟར་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་ཆོས་སྣུབས་ལུགས་དེར་ཞིབ་འཇུག་བྱེད་དགོས་ཟེར་མཁན་བོད་ཀྱི་ལོ་ངོ་སྟོང་ཕྲག་འགའི་རིང་ད་བར་ཁྱོད་ལས་བྱུང་མ་སོང་ལ། ངའི་སྙིང་རྩར་ཡང་ཚ་ཤུར་རེར་བྱེད་པ་དང་། གྲང་ཤུར་ཤུར་བྱེད་པ་ནི། སྔ་མོའི་བོད་དང་ཧོར་སོགས་ཀྱི་ལོ་རྒྱུས་ཞིབ་འཇུག་པ་སྟེ། ཞིབ་འཇུག་དང་དཔང་པོ་རྒྱབ་ལ་བརྟེན་ནས་མདུན་འཚོལ་མཁན་མི་རེ་བཟུང་གིས་ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་འགོ་འཛུགས་ཀྱི་འདུག ཁ་སྔོན་རང་ཞིབ་འཇུག་པ་ཞིག་གིས་བོད་ཀྱིས་བཙན་པོས་བོན་ཆོས་སྣུབ་ལུགས་ཀྱི་དཔང་པོ་མིན་འདུག་ཟེར་བ་ཞིག་རིག་བྱུང་། ཁོས་བཤད་པར་ཁྲི་རལ་གྱིས་བློན་པོའི་འདོད་པ་ལྟར་འབངས་ལ་བཅོམ་བརྡུང་བྱེད་རྒྱུའི་འཆར་གཞི་ཁས་མ་ལེན་སྟབས། བློན་པོ་སྒེར་སེམས་ཅན་གྱིས་རྒྱལ་པོ་བསད་པ་བདེན་ཤས་ཆེ་ལུགས་བཤད་ཀྱི་འདུག
གལ་ཏེ་འདི་བདེན་པ་ཡིན་ན། ལོ་རྒྱུས་ཀྱི་ཁ་མདོ་དེ་སྐོར་བ་ཆ་ཚང་གཅིག་རྒྱག་རྒྱུ་རེད། དེ་བཞིན་ཁུངས་སྐྱེལ་ཐུབ་པའི་ཡིག་ཆ་འགའ་ཤས་ཀྱིས་དར་མས་ནང་ཆོས་གཏོར་བའི་ཁུངས་སྐྱེལ་བྱེད་ཐུབ་ཀྱི་མིན་འདུག དེ་ལྟར་ཡིན་ན། ད་སྒྲུང་གསར་པ་ཤོད་དགོས།
བོན་གྱི་སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས་ཞེས་ལས། བསྭོ་བསྭོ་བསྭོ། བཙན་རྗེ་ནི་ཅི་ལ་དགྱེས། ཟ་བ་ནི་ཤ་ལ་རྔམ། འཐུང་བ་ནི་ཁྲག་ལ་ཧབ། ལེན་པ་ནི་སྲོག་དབུགས་ལེན། སྡོང་བ་ནི་བགེགས་དང་སྡོང་། འགྲོགས་པ་ནི་གཉན་དང་འགྲོགས། མགོན་པ་ནི་བཙན་བོན་མགོན། འཚེ་བ་ནི་གསས་ལ་འཚེ།།ཞེས་སོགས་མང་པོ་ཞིག་བྲིས་འདུག
བན་དེ་དང་bonpo གཉིས་སྙིང་རྗེ་ཡ་རེད་ཤག
སྙིང་རྗེ་ཡ་རེད་ཤག བོན་ཟེར་བའི་ཚིག་གཅིག་གོ་དུས་མིག་ལ་དམར་ཚ་བཏབ་པ་ནང་བཞིན་ཡོང་གི་འདུག ཤ་ཚ་ལས་འབྲས་ཡིན་གྱི་རེད། གང་ཤེས་བཀའ་རྙིང་གི་རྗེས་འཇུག་ཉུང་ཤས་ཤིག་གིས་བོན་པོར་དེ་འདྲ་སྡང་དོན་གང་ཡིན་ནམ། བཀའ་བརྒྱུད་ལྟ་བུར་ཆ་བཞག་ན། གཙང་པ་རྒྱ་རས་ནི་བོན་པོ་ཡིན། མི་ལས་རས་པ་ཡང་ཕ་བོན་པོ་ཡིན་རབས་འདུག ཀོང་སྤྲུལ་ནི་བོན་པོ་ཡིན། ཀརྨ་བཀའ་བརྒྱུད་ཀྱི་སྤྲུལ་སྐུ་ཐོག་མ་ནི་བོན་རྒྱུད་ཡིན། ཚོགས་པ་བཅུ་གསུམ་ཞེས་དཀའ་ངལ་འཕྲད་དུས་དབུ་ཁྲིད་རང་བྱུང་རིག་པའི་རྡོར་རྗེའི་དབུ་འོག་ཏུ་བོན་པོ་ཡང་བཙུད། རྒྱལ་དབང་ཀརྨ་པ་སྐུ་གོང་མ་དེ་ཡིས་བོན་ལ་བཀའ་འགྱུར་ཆ་ཚང་རྟེན་བཞག་མཛད། ད་ལྟའི་ཀརྨ་པ་སི་ཏུའི་ཅན་ཀྱང་བོན་དགོན་དུ་གདན་དྲངས་ཞུས། ཞྭ་དམར་རིན་པོ་ཆེ་ལའང་བོན་ཕྱོགས་ནས་བལྟ་ཚུལ་ལེགས་པོ་ཡོད། ད་བཀའ་བརྒྱུད་པ་ཚོར་གང་བྱུང་བ་ཡིན་ནམ། རང་གི་དགོན་སྡེ་བརྒྱ་ཕྲག་བརྒལ་བ་ཆོས་རྒྱུད་གཞན་དུ་བསྒྱུར་མཁན་དེ་ཚོར་ཚིག་གཅིག་ཀྱང་ལབ་མི་ཐུབ་པར་བོན་པོར་ཚད་ཚད་བྱེད་དོན་གང་ཡིན་ནམ། འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་གཏོང་གི་ཡོད་དམ། དེ་བཞིན་རྙིང་མ་ལྟ་བུར་ཆ་བཞག་ན། གྷུ་རུ་རིན
པོ་ཆེ་དྲན་པ་ནམ་མཁའི་སྲས་སུ་རློམས་ནས་བོན་པོ་འགའ་ཞིག་གིས་སི་ཏི་ལ་བསྒོམ་སྒྲུབ་བྱེད་ཅིང་གྷུ་རུ་ཡི་དམ་དུ་བསྟེན་གྱི་འདུག རྙིང་མའི་གཏེར་སྟོན་མང་ཆེ་བ་ནི་བོན་པོ་ཡིན། བེ་རོ་ཙ་ན་ནི་བོན་རྙིང་གཉིས་ཀའི་བླ་མ་ཡིན། རིན་ཆེན་གཏེར་མཛོད་ནང་དུ་བོན་ཆོས་ཀྱིས་བཀང་ཡོད། ལྟ་བ་མཐར་ཐུག་རྫོགས་པ་ཆེན་པོའི་ལྟ་བ་ཡིན་པར་གཅིག་མཚུངས་ཡིན། ད་ཕ་ལས་བུ་ཚར། བུ་ལས་ཚ་བོ་ཚར་ནས་སྡིག་སྡིག་གཏོང་གི་ཡོད་དམ། རྙིང་མ་བོན་ཚ་ཡིན་པར་ཀུན་གྱིས་བཤད། གྷུ་རུའི་འདྲ་སྐུ་སྐེས་རིམ་འོག་ཏུ་འཇུག་མཁན་བོན་པོ་ཡིན་ནམ། ད་ཡང་ན་འདྲེ་ཤར་སྒོར་བཞག་ནས་གླུད་ནུབ་སྒོར་གཏོང་གི་ཡོད་དམ། ཤ་ཚ་སྙིང་རྗེ་་འདི་རིགས་དགྲ་གཉེན་ངོས་མ་བཟུང་ནས་སྣང་བ་འཁྲུལ་པ་འདི་ཚོ་རིག་དུས་སྙིང་རྗེ་རྒྱུ་རེད། ཁྱོད་ཚོའི་ཕ་ཆོས་རྫོགས་པ་ཆེན་པོར་ལུང་རིག་གིས་དགག་རྒྱག་བྱེད་དེ་མུ་སྟེགས་གྲལ་དུ་འཇོག་མཁན་བོན་པོ་ཡིན་ནམ། ཁྱོད་ཚོའི་བླ་མ་ཡི་དམ་སྐས་རིམ་པ་དགུ་ཡི་འོག་ཏུ་མནན་པ་བརྒྱབ་མཁན་བོན་པོ་རེད་དམ། སྙིང་རྗེ་ཡ་རང་རེད།
ཨ་ཙི་གློག་ཀླད། ཁྱོས་གོ་བ་དེ་ཙམ་ལས་ལོན་གྱི་མེད་ན་ཁ་བཙུམ་ནས་སྡོད་རོགས། སྙེད་སྐོ་འདོད་ཡིན་ན་དེ་ག་རང་གྱིས་ཤིག འདིའི་ནང་དུ་བཙན་གྱི་རྗེ་བོ་དེ་ཅི་ཞིག་ལ་དགའ་བོ་ཡོད་མེད་དང་ཁོས་བྱ་བ་ཅི་ཞིག་བྱེད་ཀྱིན་ཡོད་མེད་བཤད་འདུག་མ་གཏོགས་བོན་པོ་གང་ཡང་བཤད་མི་འདུག གལ་སྲིད་ཚིགས་བཅད་དེ་དག་གི་འོག་ནས་ད་དུང་ཁ་ཤས་བྲིས་ཡོད་ན་ཕལ་ཆེར་བཙན་རྗེ་འཚེ་བའི་ལས་ལ་དགའ་བ་དེ་བོན་པོས་བཏུལ་བའི་སྐོར་བཤད་ཡོད་རྒྱུ་རེད་སྙམ། ཁྱོད་ཀྱིས་བྱེད་སྟངས་འདི་རྡོ་རྗེ་སྐེད་བཟུང་ཞེས་པ་དེ་རེད། ཡང་ཅིག་བཤད་ལ་སྡུག་ནག་པོ་ཐུག་སོང་བའི་རྟགས་རེད། ཧ་ཧ་ཧ་ཧ་ཧ་
སོག་པོ་དང་གླང་དར་ནས་བོད་དབང་སྒྱུར་བྱེད་སྐབས་བོད་བྱོལ་ནས་བྲོས་ལམ་ལ་ཡང་མངགས་མི་ཡོང། གསོན་པོ་ཀོ་བ་ནང་བསྟུམས་ནས་གཙང་པོར་གཡུགས་རྒྱུ་ཉག་ཅིག།
ད་ཡིན་ན་ཡང་ཆོས་དམག་འདྲ་བོ་ཞིག་རྒྱག་གི་འདུག་བ། བསམ་བཞིན་དུ་ཚོགས་ངན་བསགས་མཁན་ཁྱེད་ཚོ་སྙིང་རྗེ་ཡ་རེད། སྟོན་པ་ཤཀྱ་ཡིན་ན་གཤེན་རབ་ཡིན་ན་གང་གི་ལོ་ཚིགས་ལ་གཏན་ཁེལ་སྤྱི་རྒྱུགས་ཤིག་ཡོད་མ་རེད་ལོ། ཤཀྱ་ཐུབ་པའི་ལོ་ཚིགས་ལ་ཐད་ནས་ཀྱང་གཏན་ཁེལ་ཅི་ཡང་ཡོད་བ་མ་རེད། དེའི་ཐད་ནས་༧རྒྱལ་བ་ཏཱ་ལའི་བླ་མས་ཀྱང་ཡིད་སྐྱོ་བ་རེད་ལབ་ནས་སྡུག་སྐད་ཤོར་ཡོད་བ་རེད། མི་བདེན་ན་“གངས་ཅན་བོད་ཀྱི་སྤྱི་ནོར་”ཟེར་བའི་བཀའ་སློབ་དེབ་ཆུང་དེར་གཟིགས། བོན་གྱི་གཤེན་རབ་ཀྱི་འཁྲུངས་འདས་ལ་ཡང་ཉོག་གྲ་རེད།
དྲ་འབུ་ཚོ་རང་ཕྱོགས་ཁོ་ན་ཡག་རབས་རྒྱན་རབས་བཤད་ནས་བསྡད་པ་ལ་ཕན་ཐོགས་གང་ཡོད། སྤོབས་པས་གནའ་ནས་ད་བར་བོན་པོ་སྡུག་རབས་ངན་རབས་བཤད་བསྡད་འདུག བཤད་པའི་སྐད་ཆ་ཡང་གཅིག་པ་རེད། གསར་པ་ཅི་ཡང་བཤད་རྒྱུ་མི་འདུག་བ། ཨ་ཕྱིས་སྤོབས་པས་བཤད་ཟིན་པ་དེ་ཚོར་ལས་བཟླས་བྱས་འདུག ཆུ་ཚོད་འཕྲོ་བརླག་རེད་བ།
བོན་པོ་བན་དེས་གང་ནུས་ཀྱིས་སྒྲུབ་བྱེད་འདྲ་དྲངས་ཀྱི་འདུག་སྟེ། དོན་ལ་བསྐྱར་བཟླས་དང་ཚིག་ངན་ཤ་སྟག་ལས་མི་འདུག་བ། དེ་བཞིན་དབྱིན་ཡིག་བོན་པོ་ཟེར་བ་དེ་ཡང་དེ་བཞིན་རེད། མཁས་དབང་གངས་སེང་ལགས་ནས་དྲི་ལན་ཁག་གནད་ལ་ཁེལ་བ་རྒྱབ་འདུག ཐུགས་རྗེ་ཆེ་ཞུ།
དྲ་འབུ་དཀྲུགས་ཤིང་སློང་མཁན་གཙོ་བོ་བན་དེ་སྤོབས་པ་སོགས་ཀྱི་ཁ་ནང་ལ་སྐྱགས་པ་བླུགས་་་་་་་་་་་ཁ་རམ་ཁ་ཧུ་་་་་་་་་་་་་་་་་་་་
རྣམ་དཔྱོད་ཅན་མང་པོ་ཕེབས་གནང་འདུག མཆན་རྣམས་ཞིབ་ཀྱིས་ཀློག་བཞིན་ཡོད།
རྒྱ་གར་གྱི་ཤཀྱ་མུ་ནེ། གྷི་རི་སིའི་སོཌ་ར་ཛེ་དང་། རོམ་གྱི་པོ་ལེ་ཁྲུའུ། ཙི་ནའི་ཁུང་ཙི། བོད་ཀྱི་གཤེན་རབ་མི་བོ་ཆེ་ཚང་མ་གནའ་བོའི་མཚན་ཉིད་རིགས་པ་སྨྲ་བའི་ཁྱུ་མཆོག་རྐྱང་རྐྱང་རེད། དེ་མིན་ཡར་བཤད་མར་བཤད་ཅི་བྱས་རུང་། མི་བུ་སྒེར་གྱི་བསམ་གཞིགས་ཀྱི་རོལ་རྩེད་ཙམ་ཡིན་པས་དགག་བྱ་བྱེད་དགོས་དོན་དེ་བས་ཀྱང་མིན་འདུག ཅི་ཙམ་བཙིར་ན་མང་ཙམ་འདོན་ངེས་ལ། ཅི་ཙམ་བརྡར་ན་དེ་ཙམ་གྱིས་རྣོན་པོར་འགྱུར་ངེས།
ངས་ཚིག་ངན་བཤད་པ་དེ་ཚོའང་མགོ་མེད་པའི་རྭ་ཅོ་དང་རྐུབ་མེད་པའི་རྔ་མ་ཞིག་མིན་ཅིང་དྲ་འབུ་འགའ་ཞིག་གིས་དུས་རབས་གསར་པའི་ནང་དུ་མི་རིགས་མཐུན་བསྒྲིལ་དང་ཆོས་ལུགས་རིས་མེད་ཅེས་ཁ་ནས་མ་ཎི་འདོན་འདོན་བྱེད་པ་དེ་ལ་ཆེད་དུ་བོན་ལ་དམའ་འབེབས་ཚིག་མཚོན་ཐ་ན་བོན་ཞེས་པའི་ཚིག་གཅིག་ཁ་བརྡར་ཐོན་པ་དང་དེ་མ་ཐག་ཏུ་ཤ་རུལ་འབུ་སྦྲང་འཁོར་བ་བཞིན་དུ་སླེབས་ནས་ངན་སྨྲ་ཅི་དགུར་བྱེད་པ་ལ་ཡ་ལན་སློག་པ་ལས་ངས་འབེན་མེད་པའི་མདའ་དང་དགྲ་མེད་པའི་གླུད་བཏང་བ་ཡེ་ནས་མེད། དེས་ན་ངས་གཏམ་གྱི་མགོ་བོ་བརྩམས་པ་ནམ་ཡང་བྱེད་མ་མྱོང། ལྷག་པར་དུ་Bonpo མིང་ཅན་ནས་བོན་གྱི་ཁ་འཛིན་དུ་ལང་ནས་ལུང་རིགས་ཀྱི་བསྒྲུབ་བྱེད་མང་པོར་གནང་སོང་བས་དེར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་འདོད་བྱུང།། དེ་མིན་རྩོམ་པ་པོ་འགའ་ཞིག་གིས་སྙོག་རྩོམ་མང་པོ་ཞིག་ལུག་རོ་འཕེན་འཕེན་བྱས་ནས་ཁ་བརྡའི་དྲ་བར་གཏོང་རྐྱང་བྱས་ཏེ་སྙོག་གཞིར་འགན་མི་བྱེད་པར་ཁུ་སིམ་མེར་བསྡོད་བཞིན་འདུག་དེའི་རིགས་དཀྲུགས་ཤིང་གི་དཀྲུགས་རྡོ་ཡིན་པར་ཤེས་དགོས། འགན་ལེན་ཐུབ་ཀྱི་མེད་ན་རྩོམ་འཁྱལ་དེ་རིགས་མ་བཏང་ན་ལེགས། རྩོད་གཞི་མེད་པར་རྩོད་པ་མ་བཟོས་ན་ལེགས། ཅི་སྟེ་རྩོམ་བྲིས་ཚེ་རྩོམ་གྱི་མགོ་རྔ་མཇུག་གསུམ་ལ་རང་ཉིད་ཀྱིས་འགན་ཁུར་དགོས་པ་རེད། དགྲ་ཐུག་དུས་རྐུབ་སྲུལ་བརྫེས་ནས་ཡིབ་པ་ཡིན་ན་དེ་ལ་བོད་མིས་སྡར་མ་ཝ་མོ་ཞེས་བརྗོད་པ་རེད།
མིག་དམར་འདི་ངས་ཅི་ཡིན་ཤེས་སོང་། ཁོས་སྒྲུབ་འདོད་པ་དེ་ལོག་ག་ཞིག་རེད། ཧ་ཧ་ཧ་ཧ་་
ཆོས་འབྱུང་ཁག་ཏུ་གསལ་བ་ལྟར་ན། སྲོང་བཙན་སྒམ་པོས་བོན་རྣམས་དྲག་ཐབས་ཀྱིས་བན་དེར་བསྒྱུར། མ་ཉན་པ་རྣམས་བསད་པས་ཁྲ་འབྲུག་དང་སྟོད་ལུང་ལྷ་ས་སོགས་སུ་མགོ་ཡི་ར་བ་དང༌། མིག་གི་ཕུང་པོས་ཁེངས་པ་ལི་ཡུལ་ནས་སླེབས་པའི་དགེ་ཚུལ་གཉིས་ཀྱིས་མཐོང་ནས་སྐྱི་འཇིགས་གཡའ་སྟེ་ཕྱིར་ལོག ཁྲི་སྲོང་གིས་ཀྱང་ཆོས་དཔེ་བསྒྱུར་རབས་ལ་བསྙད་དེ་བོན་པོ་དུ་མའི་སྐེ་བཅད། ཁྲི་རལ་གྱིས་བོན་ཁྱིམ་ཐམས་ཅད་བན་དེའི་བྲན་དུ་བཀོལ། བསྙེན་བཀུར་དམན་ཚེ་མིག་འབྲུ་དུག་སྟེར་གྱི་ཆོས་ཁྲིམས་བཅས། ཆོས་རྒྱལ་མེས་དབོན་རྣམ་གསུམ་བོད་ལ་སྐུ་དྲིན་ཆེ་རབས་འདི་འདྲ་ཡིན།
ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མངའ་རིས་སྐོར་གསུམ་གྱི་བོན་པོ་ཐམས་ཅད་བསྡུས་ཏེ་གསོན་པོར་བསྲེགས། ཐུབ་བསྟན་ཕྱི་དར་གྱི་དབུ་འཁྱུད་ཀྱང་དམར་པོར་བསྐྲུན། ཆོས་རྒྱལ་འཕགས་པས་སེ་ཆེན་དང་སྦྲེལ་ནས་མདོ་སྨད་ལྷོ་རྒྱུད་ཀྱི་བོན་རྣམས་བཙན་བསྒྱུར་བྱས། ཉང་དཔོན་དང་ཏཱ་དབོན་གཉིས་ལ་རྨ་ཆེན་རི་རྒྱུད་ཀྱི་བོན་རྣམས་བསྒྱུར་བར་བསྐུལ།
ཙོང་ཁ་པས་ཝང་གྲགས་རྒྱན་གྱི་རྒྱབ་དཔུང་ལ་བརྟེན་ནས་དབང་པོ་རིའི་བོན་དགོན་གཏོར་ཏེ་དགེ་ལུགས་པའི་དགོན་གནས་ཐོག་མ་དགའ་ལྡན་བཏབ། དགེ་བོན་དབར་གྱི་རྟེན་འབྲེལ་འཆུག
ཙོང་ཁ་པའི་དངོས་སློབ་ཚ་ཁོ་ངག་གྲགས་ཀྱིས་རྒྱལ་རོང་བོན་གནས་ཁག་ཏུ་གཏོར་བསྒྱུར་དང་གསར་བཞེངས་ཅི་རིགས་ཀྱིས་དགེ་དགོན་བརྒྱ་དང་རྩ་བརྒྱད་བཏབ་སྟེ་བོན་འབངས་སྡུག་ལ་སྦྱར། རྒྱལ་དབང་ལྔ་པས་གུ་ཤྲི་ཁང་དང་མཆོད་ཡོན་སྦྲེལ་ནས་བོན་སྐྱོང་བེ་རི་རྒྱལ་པོ་སྲོག་ཐོག་བཏང་ཞིང་ཁམས་བོན་ཕལ་ཆེར་བསྒྱུར། སོག་དམག་གིས་འབྲོ་རྫོང་གཙོས་པའི་སེར་ཚའི་བོན་དགོན་བཞི་དང༌། ཆབ་མདོ་བོན་དགོན། སོག་སྡེ་གཡུང་དྲུང་གླིང་སོགས་གཏོར་ཤུལ་དགའ་ལྡན་མིང་ཅན་གྱི་དགེ་དགོན་རེ་བཞེངས། གཙང་གི་བྲུ་སྲས་པཎ་ཆེན་བློ་ཆོས་ཀྱི་ཡང་སྲིད་ཡིན་པར་བཙན་བཀའ་དབབ་སྟེ་བོན་རྣམས་བསྒྱུར་ཐབས་བཀོད། ཕྱིས་དགེ་གཞུང་གིས་པཎ་ཆེན་བསྟན་དབང་ཡང་དེ་ནས་ངོས་འཛིན་གྱིས་བྲུ་རྒྱུད་བཅད་སྟེ་འཁྲུངས་གཞིས་ཉེ་འཁོར་དང་བཅས་པ་བཀྲ་ཤིས་ལྷུན་པོར་ཕུལ།
ལྕང་སྐྱའི་ཇུས་བཀོད་འོག་མན་ཇུས་རབ་བརྟན་རྒྱལ་པོ་སྐུ་འཁོར་བཀུམ་སྟེ་གཡུང་དྲུང་ལྷ་སྟེང་བསྒྱུར། ཅོག་ཙེའི་རྒྱལ་སྲས་དགའ་ལྡན་ཁྲི་ཐོག་དོན་བཞི་པའི་སྤྲུལ་སྐུར་ངོས་འཛིན་བྱས་པ་དེས་ཀྱང་ཅོག་ཙེའི་བོན་དགོན་མཐའ་དག་བསྒྱུར། དེ་རྗེས་སྡེ་གཞུང་དམག་དཔོན་རྟ་ནག་གིས་ཀ་ལེགས་བོན་དགོན་མེ་རུ་བསྲེགས། བསྒྱུར་དུ་མི་ཉན་པའི་བོན་པོ་སྟོང་ཕྲག་དམར་གསོད་བཏང༌། ད་དུང་སྡེ་གཞུང་གི་རྒྱབ་དཔུང་ཅན་ཕ་བོང་ཁ་པས་ཁམས་ཕྱོགས་དང༌། གྲོ་མོ་དགེ་བཤེས་ཀྱིས་གྲོ་མོའི་བོན་སྡེ་རྣམས་ལ་སྡང་རབས་གྲངས་ལས་འདས།
མདོར་ན་ཆོས་རྒྱལ་དང་བླ་མར་གྲགས་པའི་རང་མི་དག་གིས་ཐ་ན་སོག་པོ་དང་རྒྱ་ནག་ལའང་ལག་སྦྲེལ་གྱིས་ང་ཚོ་བོན་པོ་རྣམས་རང་ཁྱིམ་ལས་ཕྱི་རུ་འཕུད་འགོ་བཙུགས་ནས་ད་བར་མི་ལོ་སྟོང་ཕྲག་འདས་པའི་རིང་ལུས་སེམས་མནར་མེད་དུ་མྱང་བའི་སྡུག་བསྔལ་ཡོད་ཚད་ང་ཚོས་བྱང་ཁོག་ཏུ་སྦས་ཏེ་གསང་རྒྱར་བཏབ་ཀྱང༌། ད་རུང་གཞན་ཡུལ་ནས་ཀྱང་ཁོ་ཚོས་ངེད་རྣམས་ཕྱི་མིར་བསྙད་དེ་སླར་ཡང་འཕུད་འགོ་འཛུགས་པར་བརྟེན་བཟོད་པའི་མཐའ་ལ་ལྷུང་བའི་བོན་འབངས་དག་གིས་གཡུང་དྲུང་རྒྱ་མདུད་དུ་བཅིངས་པའི་མགྲིན་པའི་ཨོལ་མདུད་དེ་ཉིད་དེ་རིང་འདི་ནས་མི་འགྲོལ་ཐབས་མེད་དུ་གྱུར་བ་ཡིན། སྤོབས་པ་དང་ཨ་ཕྱི་ངོ་ལོགས་པ་སོགས་ཀྱིས་ཤེས་པར་གྱིས།
ཨ་ཕྱི་ཆོས་སྒྲོན་ཁྱོད་ཀྱིས་ལོ་རྒྱུས་ངས་ག་ལེར་ཕྱི་ལ་འདོན་ཡོང། ད་དོན་མེད་དུ་བོན་པོ་ལ་བསྙོན་འཛུགས་དང་བསྐུར་འདེབས་གཞི་མེད་ཀྱི་གཏམ་སོགས་མ་གནང་ན་ཡག་ཚོད་ཡིན།
ཆོས་ལུགས་གྲུབ་མཐའ་ཡི་འཐབ་རྩོད།
མི་ལོ་སྟོང་ཕྲག་ལ་བྱས་པས།
ཁ་བ་གངས་ཅན་པའི་རྒྱལ་ཁབ།
རྩམ་སྐྱ་རླུང་བསྐུར་ལྟར་བཟོས་ཡོད།
ཁ་ནས་གཞན་ཕན་དང་སྙིང་རྗེ།
ལག་ལེན་མི་སྲོག་ལ་འཚེ་བས།
ཁ་བ་གངས་ཅན་པའི་མི་རིགས།
མི་ཡི་གྲལ་མཐའ་རུ་་ལྷུང་ཡོད།
བཙན་པོས་གཉོམ་ཆུང་ལ་ཐུབ་ཚོད། །
མང་པོས་ཉུང་ཉུང་ལ་བརྙས་རབས། །
ལོ་རྒྱུས་ཡིག་ཚང་ནས་གསལ་བ། །
ཇི་ལྟར་ནག་བསུབ་ཏུ་གཏོང་ཐུབ། །
ཁ་ནས་སྤྱི་དོན་རང་ཟེར་བཞིན། །
ཁོག་ནས་ཕྱོགས་ཞེན་གྱི་དུག་རླངས། །
ཁ་ཁོག་ཡ་བྲལ་དུ་གནས་པའི། །
བོད་པའི་མི་རིགས་འདི་རྡུགས་སོང་། །
གོང་དུ་བཀོད་ཡོད་པའི་གྱེར་ནག་ཚང་གི་མཆན་བུ་རྣམས་དྲྭ་གྲོགས་ཚང་མས་ཞིབ་ཀློག་གནང་རོགས། ཕུང་དཀྲུག་དབྱེན་དཀྲུག། ཕྱོགས་ལྷུང་ཞེས་དམོད་མོ་བྱེད་པ་དང་། སྡིགས་ར་བསྐུལ་བའི་ལས་ལ་མི་བྲེལ་བར་འདས་པའི་བོད་ཀྱི་ལོ་རྒྱུས་དང་སྦྱར་ཏེ་ལག་པ་དང་གར་བཞག་ནས་མནོ་བསམ་རེ་ཐོངས་དང་། བདེན་པ་རང་ངོ་འཕྲོད་པའི་ཆ་མང་དུ་ཡོད་མི་སྲིད་པའི་ངེས་པའང་མེད།
དཔྱོད་ལྡན་གྱེར་ནག་ཚང་གིས་ལུང་རིག་གི་རྒྱབ་བརྟེན་གྱི་སྒོ་ནས་འཐེར་འདོན་གནང་བར་བཀའ་དྲིན་ཆེ། རེད་ཡ་ང་ལའང་མང་པོ་ཞིག་ཤོད་རྒྱུ་ཡོད་འོན་ཀྱང་བན་དེའི་ཕྱོགས་འཛིན་གྱི་་དྲ་འབུ་ཁ་ཤས་ཞིག་གིས་བསམ་ཚུལ་རེད་བསམ་ནས་བསྡདབཔ་ཡུན། དེ་མིན་རྔ་ལ་དཔག་པའི་འཆམ་འཁྲབ་མི་ཤེས་པ་གཏན་ནས་མིན། མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོས་སྤྱི་འཐུས་ལྷན་ཁང་གྲོས་ཚོགས་ཁང་དུ། བན་དེའི་ཕྱོགས་ནས་བོན་པོར་དགོངས་སེལ་ཞུ་དགོས་པའི་གཏམ་བཤད་བྱས་ཡོད། ཁོང་མི་དེ་ག་ཙམ་ཞིག་ག་ལ་ཡིན། མདོ་སྨད་ཅེས་ཆོལ་ཁ་ཞིག་གི་འཐུས་ཚབ་ཡིན་ཅིང་མ་ཟད་རྒྱ་དམར་པོའི་འོག་ཏུ་དཀའ་སྡུག་ཉམས་མྱོང་ཅན་ཅིག་ཡིན་པའི་མི་ཞིག་རེད། འོན་ཀྱང་བློ་ཕམ་པ་ཞིག་ལ་ཁོང་གི་བགྲོས་འཆར་ལ་བདག་པོ་རྒྱབ་མེད་པར་མ་ཟད། འོས་འདེམ་གཉིས་པར་ཁོང་ལ་འོས་བླུགས་མེད། རྒྱུ་མཚན་གོང་བཤད་ལས་གཞན་ཅི་ཡང་མིན། ཁོང་གི་གཏམ་བཤད་དེ་བྱ་ལམ་རྗེས་མེད་ལྟ་བུར་ཡལ་བ་མིན་པར་ལོ་རྒྱུས་ཀྱི་ཤོག་ཤོག་དཀར་པོའི་སྟེང་དུ་འཁོད་ཟིན་ཡོད། ཉིན་ཅིག་ཁོང་གི་བགྲོས་འཆར་དེ་ལ་རྒྱབ་སྐྱོར་ཐོབ་ངེས་ཡིན།
སྤོབས་པ་མཐའ་ཡས་དང་ཨ་ཕྱི་ཆོས་སྒྲོན་གཉིས་ནི་མི་གཅིག་ཡིན་པ་གསལ་པོ་རེད། སྔར་ནས་ཤེས་ཀྱང་ཅི་ཡང་བཤད་མེད། མི་འདི་ལ་ད་དུང་མིང་ཁ་ཤས་ཡོད་པར་སྙམ། །
རང་ཡུལ་རྒྱ་འོག་ཏུ་ཤོར་བའི་བཙན་བྱོལ་བོད་མིའི་གནས་སྟངས་འདི་འདྲ་ཞིག་གི་སྐབས་སུ་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་པ་དང། དབུ་མ་རང་བཙན་གྱི་རྩོད་པ་དེ་རིགས་རྩོད་མཁན་རྣམས་ལས་ཐབས་སྡུག་པ་ཞིག་ཨ་ཡོད། ངས་སྤྱོད་པ་མས་ནས་འཛེགས་ཟེར་ན་རེད། ལས་རྒྱུ་འབྲས་དཔང་དུ་བཞག་ཟེར་ན་རེད། བདེན་པའི་ལོ་རྒྱུས་ལ་གཞིར་བཞག་ནས་ཨ་མྱེས་རྒན་པོའི་བསམ་ཚུལ་ཞིག་བརྗོད་པ་ཡིན། དེ་ཡང་བན་བོན་གྱི་རྩོད་པ་རང་སར་ཞི་བའི་ཆེད་དུ་ཡིན་མ་གཏོགས་ང་རྒྱལ་ཁྱོད་ཕམ་གི་སྐད་ཆ་གང་ཡང་མེད། དེ་ལ་བོན་པོའི་ཕྱོགས་འཛིན་པ་འགའ་ཞིག་ནས་སྦྲུལ་ལ་ཚེར་ལྕགས་ཕོག་པ་བཞིན་ཟུར་ཟ་དང་འཁྱོག་བཤད། དབྱེན་དཀྲུགས་སོགས་ཚིགས་ངན་གྱི་ཆར་འབེབས་སྟངས་ལ་བལྟས་ན་སྤྱོད་པ་མས་ནས་འཛེགས་ཞེས་བཤད་ཀྱང་དོན་གྱི་ཕྱོགསཙམ་ཡང་མི་རྟོགས་པ་ཐལ་བར་མི་འགྱུར་རམ། གཟུར་གནས་མཁྱེན་ལྡན་རྣམས་ཀྱི་དཔང་པོ་མཛད་རོགས་ཞུ་རྒྱུ།
ཨ་ཕྱི་གཞང་ཧྲེད་མས་ཉོན་བྱོས། ཁྱོད་ཀྱིས་དུས་རྟག་ཏུ་ཞྭ་དམར་པའི་ཕྱོགས་གཏོགས་ཡིན་མདོག་བྱས་ནས་་་ཀརྨ་ནག་རིལ་དང་ནག་རིལ་ཟེར་ནས་བོས་སོང་། བཀའ་རྒྱུད་པའི་ལ་རྒྱ་སྐྱུག་པ་གཡུགས་གཡུགས་བྱས་སོང་།
་
༧ཀུན་གཟིགས་ཞྭ་དམར་པ་མཆོག་བཞུགས་པའི་དུས་སུ་རྒྱ་མིའི་སོ་བ་དང་ཕོག་གཟན་རེད་ཟེར་ནས་སྤྱི་ཚོགས་ཀྱི་མཐའ་ལ་ཕུད། སྐུ་བཀྲོངས་ནའང་རྙིང་རྩ་གད་ནས་ཤི་སོང་བ་རེད་ཅེས་ངན་འབོད་དང་བརྙས་བཅོས་ག་ཚོད་བྱེད་བཞིན་མི་འདུག་གམ།
གཞང་ཧྲེད་མ་་་་ཁྱོད་ལ་སྐྱུག་མེར་ལངས་སོང་། དགྲ་རང་མགོ་བསླེབས་དུས་འཇོན་སྟངས་མེད། མི་དགོས་པའི་བོན་པོ་ལ་ཚིག་ངན་ཤ་སྟག་ལབ། སྙིང་རྗེ་་་་་ཕོ་ལུས་ལེན་ཡོད་ཨེ་བསམས་ཁུ།
བཀྲ་ཤིས་ལགས། ཁྱོད་ཀྱི་མགོ་བོ་སྟག་རེད། སྔ་མ་ཙི་ཙི་རེད། ཧ་ཧ་ཧ་ཧ
གྱེར་ནག་ཚང་གི་གསུངས་པར་གཞིགས་ན་ལྡན་པ་ཡོད་ངེས་ཀྱང་དུས་རབས་ཉེར་གཅིག་གི་ནང་དུ་མཐུན་སྒྲིལ་བྱེད་རྒྱུ་གཙོ་བོ་ཡིན་ད་ལྟ་བོད་པའི་གནས་བབ་ལ་གཟིགས་ན་འདས་དོན་རྣམས་བསྐྱར་ལོག་མ་བྱེད་ན་དགའ་ཡོང་། འོན་ཀྱང་ལུང་རིག་གི་བདེན་དོན་འཚོལ་ཞིང་དྲང་ཤག་དགོས་པ་ནི་འོས་འཚམས་ཤིག་རེད་མ་གཞི་བན་བོན་གཉིས་ཀྱི་རྩོད་པ་དེ་བཞག་ན་དགའ་ས་རེད་དོ།
བོད་རང་བཙན་ཤོར་བ་རེད། བོད་པ་རྣམས་འཐོར་སོང་བ་རེད། འདི་དག་ཡོད་ཚད་རང་གིས་བྱས་པ་རང་ལ་སྨིན་པ་རེད། ད་གནད་ཅིག་ལ་ཐུག་དུས་མཐུན་སྒྲིལ་ཞེས་བྱམས་མདོག་ཁ་བོ་བཤད་ཀྱི་འདུག་བ། མཁས་དབང་འཇམ་ནོར་གྱིས་གསུངས་པ་ལྟར། བོད་རང་བཙན་ཤོར་བ་དེ་ཡང་མཐའ་གཅིག་ཏུ་རྒྱ་ནག་གིས་བྱས་ཉེས་མ་རེད། བོད་བཙན་པོའི་རྒྱལ་རབས་ཀྱི་གདུང་རྒྱུད་སུས་བཅད་པ་རེད། ནང་པའི་དགེ་སློང་། བསམ་ཡས་མཁན་རབས་དགུ་པ་སྐུ་དྲིན་ཆེ་རྒྱུ་ཁོང་མ་རེད་པས། དེ་ནས་བོད་རྒྱལ་ཁབ་འཐོར་ཞིག་ཏུ་སོང་བ་རེད། རང་གི་ལས་བྱས་རང་ལ་སྨིན། ལས་ཀྱི་རྣམ་སྨིན་འོ་རེ་ཁ། ཞེས་པ་དེ་རེད། དེ་ནས་མི་ལོ་སུམ་བརྒྱ་ཙམ་ལ་ནང་ཁུལ་ནས་ཆོས་དམག་བརྒྱག་རེས་བྱས་པ་རེད་བ།
སྤྱིར་སྐུ་དྲག་འདི་ཚོས་བོད་བོད་ཟེར་བ་དེ་དབུས་གཙང་ཙམ་ལས་བདག་པོ་རྒྱག་གི་མེད་པ། བོད་ཕྱི་ནང་གཉིས་སུ་ཕྱེ་ནས་ས་ཕྱག་རྟགས་བརྒྱབ་མཁན་དེ་སུ་རེད། སུས་གོ་སྒྲིག་རེད། བོད་ནང་མ་ཞེས་་་་་ཁ་བདེ་བའི་ཐོག་ནས་ཕྱི་ལོ་༡༩༡༤ནས་རྒྱ་ནག་ལ་རྩིས་སྤྲད་ཐབས་བྱས་ཡིན་པ། ཁག་ཡོད་ཀྱི་མ་རེད། གདན་ས་བསམ་ཡས་གླིང་གི་ནང་པའི་དགེ་སློང་དྲིན་ཅན་དེ་མིན་ན་ཨ་མདོ་དང་ཁམས་ཕལ་ཆེར་ཀྱང་གནས་བབས་དེ་ཙམ་བྱུང་མེད་པ་ཐག་གིས་ཆོད།
ད་ཡིན་ན། ལམ་དཀྱུས་མ་ཡིན་ན། དབུ་མ་ཡིན་ན། སྐྱབས་སུ་མཆི། དེས་ཀྱང་བོད་རང་སྐྱོང་ཡིན་ན་ཅིག་བཤད་ཀྱི་འདུག་བ། དེའི་སྐབས་ཀྱི་བོད་ཅེས་པ་དེ་ཡང་ཕྱི་ལོ་༡༩༡༤ལོའི་ཡིག་ཆའི་ནང་གི་བོད་ཕྱི་མ་ཞེས་པ་དེ་རེད་བ། རྒྱ་ནག་གི་སྐད་དུ་དེ་ལ་“ཤི་གཙང་”ལབ་ཀི་འདུག
མཁས་མཆོག་བན་དེ་བ་ལགས་ཀྱིས་ཕྲན་ལ་་་ལྷག་པར་དུ་Bonpo མིང་ཅན་ནས་བོན་གྱི་ཁ་འཛིན་དུ་ལང་ནས་ལུང་རིགས་ཀྱི་བསྒྲུབ་བྱེད་མང་པོར་གནང་སོང་བས་དེར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་འདོད་བྱུང།། གསུངས་པར་འདི་ནས་དགའ་གུས་ཚད་མེད་ཞུ་བཞིན་ཡོད། ཡིན་དང་ཡིན། ད་དུང་མ་འོངས་པར་བོད་གངས་ཅན་གྱི་སྲོག་རྩ་དང་འབྲེལ་བའི་གདོད་མའི་བོན་ལུགས་ཀྱི་སྐོར་ལ་གང་ཐུབ་གང་ཤེས་གླེང་ཐག་ཆོད་ཡིན། སྐུ་ཉིད་ཀྱིས་ཀྱང་ཁས་ཞན་ཉམ་ཆུང་བོན་པོའི་ཁ་འཛིན་དུ་ལང་ནས་ལུང་རིགས་ཀྱི་བསྒྲུབ་བྱེད་མང་པོར་གནང་སོང་བས་དེར་དམིགས་བསལ་གྱིས་འདི་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང།། བོན་རྒྱལ་ལོ། །བོན་རྒྱལ་ལོ། །བོན་རྒྱལ་ལོ། །
ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས། གཡང་དྲུང་བོན་ལུགས་ལྟར་ན། སྐྱེ་དངོས་མཐའ་དག་ལྷ་རུ་བཀུར་བའམ་སྲོག་ལྡན་དུ་འདོད་ཚུལ་ཞིག་ཡོད་ཅེས་པ་དེ་བདེན་པ་ཡིན་ནམ། གལ་སྲིད་བདེན་པ་ཡིན་ན། རྣམ་ཤེས་གཅིག་ནས་གཅིག་ལ་འཕོ་བཞིན་པར་འདོད་དམ། རྣམ་ཤེས་གཅིག་རྒྱུན་དུ་མར་འགྱུར་བཞིན་པར་ལྟའམ།༽ ཁྱེད་ཀྱིས་དྲི་བ་འདི་ཐེངས་མ་ཁ་ཤས་ཅིག་དྲིས་གནང་སོང་། གོ་ནོར་འདྲ་ཤོར་མེད་ན་བསམ་ནས་གསལ་བཤད་ཅིག་ཞུ་འདོད་པ་ཡིན། བོན་ལུགས་ལ་སྐྱེ་དངོས་མཐའ་དག་ཚུད་པའི་ཕྱི་སྣོད་འཇིགས་རྟེན་ལྷ་ཡི་ཞལ་ཡས་ཁང་དང་ནང་བཅུད་སེམས་ཅན་ལྷ་དང་ལྷ་མོར་སྒོམ་པར་བྱེད་པའི་གསང་བ་སྔགས་ཀྱི་ལུགས་ནི་ལོས་ཡོད། །
འོན་ཀྱང་སྐྱེ་དངོས་མཐའ་དག་སྲོག་ལྡན་དུ་འདོད་ཚུལ་ཞིག་ཡོད་པ་ངས་མི་ཤེས། དཔེར་ན། ལྗོན་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། མཚན་མོ་ལོ་མ་བཀུམ་ནས་ཉལ་ཕྱིར་ཟེར་མཁན་འདྲ་པོ། བོན་རང་ལུགས་སུ་དེ་སྔ་མ་མཐོང་། ཡིན་ནའང་བོན་རང་ལུགས་ཀྱི་རྫོགས་ཆེན་གནས་ལུགས་རང་འབྱུང་ཡེ་ཤེས་ཅེས་པ་དེ། ཤེས་བྱ་ཐམས་ཅད་ལ་ཁྱབ་ཡོད་པར་འདོད་དགོས་པས། དེར་ཕྱི་རྒྱལ་བ་ཁ་ཤས་ཀྱིས་གོ་ནོར་ཐེབས་ཀྱི་ཡོད་པ་འདྲ། རང་འབྱུང་ཡེ་ཤེས་ཀྱི་ཚིག་ཟུར་ལ་ཡེ་ཤེས་ཅེས་པ་ཞིག་སྨྲས་ཡོད་པའི་ཆ་ནས། དེས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་འདོད་དུས། ཤེས་བྱ་ཡོངས་རྫོགས་ལ་ཤེས་པས་ཁྱབ་པར་ཁས་ལེན་གྱི་འདུག་བསམ་ནས་ཁོ་ཚོས་གོ་ནོར་ཤོར་བ་ཡིན་པ་རེད། འོ་ན་རང་འབྱུང་ཡེ་ཤེས་ཀྱི་ཚིག་ཟུར་དུ་ཡེ་ཤེས་ཅེས་སུ་སྨྲས་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། དེ་ནི་གནས་ལུགས་རང་འབྱུང་ཡེ་ཤེས་དེ་ཉིད། རང་རིག་ཡེ་ཤེས་ཁོ་ནའི་གཞལ་བྱར་གྱུར་བ་མ་གཏོགས། དེ་ལས་གཞན་པའི་བློ་རིག་ཤེས་གསུམ་གང་གིས་ཀྱང་རྟོགས་མི་ཐུབ་པས་ན། ཡེ་ཤེས་ཅེས་སུ་བརྗོད་པ་རེད། གནས་ལུགས་རང་འབྱུང་ཡེ་ཤེས་དེ་ཡེ་ཤེས་ཡིན་པར་ཁས་མི་ལེན། དེས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བླངས་ཀྱང་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཡོད་པར་ཁས་མི་ལེན་ནོ། ཅིས་ན་རང་འབྱུང་ཡེ་ཤེས་ནི་ཡུལ་སྟོང་པའི་ཆ་དེ་ལ་བརྗོད་པར་བྱེད་པ་དང་། དེ་རྟོགས་པར་བྱེད་པའི་ཡུལ་ཅན་གྱི་ཤེས་པ་དེ་ལ་རང་རིག་ཡེ་ཤེས་ཅེས་སུ་བརྗོད་ཅིང་དེ་ནི་ཤེས་པ་ཞིག་ཡིན་པ་རེད། དེ་གཉིས་ཀྱི་རྣམ་དབྱེ་ཡག་པོ་ཤེས་དགོས་པར་སེམས་སོ། །
བོན་དང་རྙིང་མའི་རྫོགས་པ་ཆེན་པ་གཉིས་གཅིག་མཚུངས་ཡིན་ནམ།