ཤར་ཕྱོགས་ཁུག་རྟ།
༄༅།།བོད་གངས་ཅན་ལྗོངས་ཀྱི་དམ་ཚིག་ཅན་གྱི་ལྷ་མི་ཡོངས་རྫོགས་དཔང་དུ་བཞག་སྟེ་ཞུ་གསོལ། ༢༠༠༩ ནས་དེ་རིང་བར་བོད་མི ༡༡༧ གྱིས་རང་ལུས་མེར་སྲེག་བཏང་སྟེ་འཇིག་རྟེན་འདིའི་བྱུང་རབས་སུ་མ་གྲགས་པའི་ལོ་རྒྱུས་གསར་པ་ཞིག་བྲིས་པ་ཀུན་ལ་མངའ་གསལ་བཞིན། རང་སྲེག་བསྟུད་མར་བྱུང་བས་དེས་བསྐུར་བའི་འགན་འཁུར་ཅི་ཙམ་ལྕི་བ་རང་རེ་གངས་ཅན་པ་ཆེ་ཕྲ་ཡོངས་ལ་ཟས་བརྗེད་གཉིད་བྲལ་གྱི་གནས་བབ་དངོས་སུ་བྱུང་བ་ཚང་མར་ཉམས་མྱོང་ཡོད་པ་ལྟར། རང་སྲེག་ཐད་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ད་བར་ཁྱབ་བསྒྲགས་ཀྱི་བགྱི་བ་གང་ཐུབ་གནང་ཡོད་ནའང། རང་སྲེག་ཐད་འཛིན་པའི་སྲིད་བྱུས་གསལ་ཁ་མེད་པར་རབ་རིབ་ཀྱིས་ཉིན་ཞག་གྲངས་མང་བསྐྱལ་བ་དང། དེ་བཞིན་རང་སྲེག་ཐད་དོན་དངོས་པོར་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་ཅི་ཙམ་ཐོབ་ཡོད་མེད། མ་འོངས་པར་རང་སྲེག་གི་མདུན་ལམ་གང་དུ་འགྲོ་མིན་བཅས་ལ་ཆོས་དད་ཤིན་ཏུ་ཆེ་བའི་གཞིས་བྱེས་བོད་མི་ཚོར་གསལ་ཁ་གང་ཡང་གནང་མེད་ལ། དེ་ལྟར་གནང་དགོས་པ་བོད་དོན་ཐད་མཁས་པ་མཚུངས་ཟླ་མེད་པ་མང་པོས་འབོད་སྐུལ་སོགས་སྣ་ཚོགས་བྱས་ཡོད་ཀྱང་རྣ་རྒྱབ་ཀྱི་ལྷག་པར་བཏང་ཡོད།
དཔེར་ན། བཀའ་བློན་ཁྲི་ཟུར་རྒྱལ་བའི་ཐུགས་སྲས་མཁས་དབང་ཟམ་གདོང་རིན་པོ་ཆེས་”རང་སྲེག་ཐད་སེམས་འཚབ་ཡོད་པ་ཙམ་གྱིས་མི་འགྲིག་པར། དེ་གྲུབ་འབྲས་ཐོབ་རྒྱུར་སྤོབས་པ་དང་གདེང་ཚོད་གཉིས་ཀ་ཡོད་དགོས། མེད་པ་རྣམས་ཀྱིས་ཡོད་པ་བྱེད་དགོས་”ཞེས་དང། ཡང་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ཨ་རིའི་རླུང་འཕྲིན་ཨེར་ཤ་ཡ་རང་དབང་འཕྲིན་ཁང་བཅས་སུ་སྔ་ཕྱིར་”རང་སྲེག་ཐད་རྒྱལ་སྤྱིའི་རྒྱབ་སྐྱོར་ཅི་ཡོད་བོད་ནང་གསལ་བཤད་གནང་དགོས་”ཞེས་བཀའ་སློབ་གནང་ཡོད་པ་ལྟ་བུ་རེད། འོན་ཀྱང་བཀའ་ཤག་ནས་དེ་རིང་༢༠༡༣། ༥། ༢༩། ཉིན་གཞི་ནས་གསལ་བསྒྲགས་ཤིག་སྤེལ་སྟེ་”རང་ལུས་མེར་སྲེག་གིས་གཙོས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས་ཞེས་འབོད་བསྐུལ་བསྐྱར་ནན་ཞུ་རྒྱུ་ཡིན”། ཞེས་༼ རང་ལུས་མེར་སྲེག་གིས་གཙོས་ ༽ཞེས་པའི་ཚིག་འདི་བསྣན་ཏེ་དམ་ཚིག་ཅན་གྱི་སྲུང་མ་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ཞིག་བེད་ལོག་ཏུ་སྤྱད་ནས་རང་ལུས་མེར་སྲེག་མཚམས་འཇོག་ཞུ་རྒྱུར་འབོད་སྐུལ་གནང་འདུག གནས་ཆུང་ཆོས་རྒྱལ་ཆེན་པོར་བཀའ་ལུང་ཞུ་ན་༢༠༡༣ ལོའི་ཟླ ༤ བར་སྒུག་དགོས་དོན་མེད་ལ། ལྷག་པར་དུ་གནས་ཆུང་ཆོས་རྒྱལ་ཆེན་པོར་ཡིད་ཆེས་དམ་ཚིག་ཡོད་ན་ཐོག་མ་ཉིད་ནས་བཀའ་ལུང་ཞུ་རྒྱུ་ལས། བཀའ་ཤག་གི་རང་སྲེག་སྲིད་བྱུས་ཀྱིས་ཁུངས་མ་འཁྱོལ་བའི་མཚམས་ལ་ཉེ་སྐབས་བཀའ་ལུང་ཞུ་བ་ནི་སྲུང་མ་དམ་ཚིག་ཅན་ལ་དད་ལོག་འབྱུང་གཞི་ཞིག་ཀྱང་ཡིན་པས། ཆོས་མེད་རིང་ལུགས་པའི་བྱེད་ཕྱོགས་དངོས་སུ་ཐོན་པ་འདིར་ངེད་རང་ཧོན་འཐོར་བར་གྱུར།
རང་སྲེག་ཐད་སྤེལ་བའི་བཀའ་ཤག་གི་གསལ་བསྒྲགས་ཁག་ཏུ་ཞིབ་གསལ་བཞིན། རང་སྲེག་ཐད་འཛིན་པའི་སྲིད་བྱུས་ཀྱིས་བོད་ནང་དུ་རེ་སྟོང་ཚད་ལས་བརྒལ་བ་སྤྲད་ཟིན་པའི་མ་ཚད། ཤེས་ཡོན་ཅན་དང་རྒྱ་ཆེའི་མི་མང་གི་སྐབས་དུས་སོ་སོའི་བསམ་ཚུལ་ལ་ཉན་འཇོག་ཁྱོན་ནས་མི་བྱེད་པར་བཀའ་ཤག་གི་རང་སྲེག་སྲིད་བྱུས་ནི་གསལ་ལ་མ་གསལ་བ། རབ་རིབ་ཀྱི་ཚུལ་གྱིས་ད་བར་ཚིག་མཐོ་དམའ་མང་པོ་བཤད་དེ་ཡོང་བ་ཞིག་ཡིན་པ་ལན་མང་ཞུས་ཟིན་པ་ལྟར། དམིགས་བསལ་དེ་རིང་གི་གསལ་བསྒྲགས་འདིས་དེ་བས་ཀྱང་རང་སྲེག་སྲིད་བྱུས་ཀྱི་ཚོད་བགམ་དང་གཡོ་ཇུས་ཚང་མས་ཁུངས་མ་འཁྱོལ་བ་ར་སྤྲོད་གསལ་བོ་བྱས་འདུག་ན། རང་སྲེག་གཏོང་མཁན་སྤུན་ཟླ་ནང་མི་དང་ཡུལ་ཕྱོགས་བཅས་ལ་བདེན་པས་འགན་འཁུར་བྱ་ཆེད། རང་སྲེག་མཚམས་འཇོག་གསལ་བསྒྲགས་འདི་ཡོངས་སུ་ངོས་ལེན་མེད་པ་ལོ་རྒྱུས་ནང་གནས་ཆེད་དང། ནམ་ཞིག་གཞིས་ལུས་མི་མང་གིས་བཀའ་ཤག་གི་གནང་སྟངས་གསལ་མཁྱེན་ཐུབ་རྒྱུ་ཡོང་ངེས་ལ་བརྟེན་ཉིན་མོ་འདིར་ངེད་ནས་ཀྱང་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་བ་ཡིན། རྒྱ་ནག་གཞུང་གི་རང་སྲེག་དྲག་རྡུང་གི་ཡ་ང་བའི་སྲིད་བྱུས་དང་བཀའ་ཤག་སྐབས་བཅུ་བཞི་པའི་རེ་སྟོང་དང་རབ་རིབ་ཀྱི་རང་སྲེག་སྲིད་བྱུས་གཉིས་ཀྱིས་མཉམ་གཅིག་ཏུ་རང་སྲེག་གཏོང་མཁན་ཚོར་འགན་འཁུར་དགོངས་སེལ་ཞུ་དགོས་པ་ནི་ལོ་རྒྱུས་ཀྱིས་ཐར་བ་མི་གཏོང་བའི་གནད་དོན་ཞིག་རེད། བཅས་ཡོངས་གྲགས་ཤར་ཕྱོགས་ཁུག་རྟའམ་མདོ་སྨད་པ་བློ་བཟང་ཆོས་འབྱོར་གྱིས།། ༢༠༡༣། ༥། ༢༩། ཉིན།།
ཁྱོད་རང་དབང་ལུང་པར་དར་དམར་མགོ་རུ་འཁུར་ནས་འགྲོ་མི་དེ་མ་རེད་པས། ཁྱོད་ཀྱི་བོད་མི་རང་ལུས་མེར་སྲེག་གི་ཁག་བཀའ་ཤག་ལ་ལོས་དཀྲིས། རྒྱ་དམར་གྱི་གང་བཤད་པ་དེ་ཁྱོད་ཀྱིས་བཤད་ཀྱི་ཡོད་པ་ཚང་མས་ཤེས་གསལ་རེད།
བཀའ་ཤག་གི་གསལ་བསྒྲགས་དེ་ལ་ངོས་ལེན་བྱེད་མ་ཐུབ་ན། སྡུག་གྱོང་རེད།
བཀའ་ཤག་གི་གསལ་བསྒྲགས་དེ་ལ་ངོས་ལེན་བྱེད་མ་ཐུབ་ན། ཏག་ཏག་རེད། ངོས་ལེན་ཞུ་དགོས་ན་དང་པོར་སོ་སོའི་ནོར་འཁྲུལ་ཡོ་བསྲང་བྱས།
མི་ངན་འདི་ཚོས་སྒེ་ནད་དེ་སྤྱི་ཚོགས་ནང་སྤུངས་གང་ཐུབ་བྱེད་ནས་དགྲ་བོས་ལོག་འགྲེལ་གང་བྱས་པ་དེ་དང་མཐུན་པ་ཞིག་བཟོ་གྱི་ཡོད་པ་རེད། བོད་མིའི་མེ་བསྲེག་དོན་རྐྱེན་དེ་༸གོང་ས་མཆོག་དང་བོད་མི་སྒྲིག་འཛུགས་ཀྱི་བརྒྱུད་བསྐུལ་ལས་བྱས་ཚུལ་་་རྒྱ་མིའི་བཤད་པ་བཞིན་་་ཤར་ཁུག་གིས་ཀྱང་དེ་བཞིན་བཤད་འདུག
བཀའ་ཤག་གིས་གསལ་བསྒྲགས་བཟང་ངན་ཇི་ལྟར་སྤེལ་ཡང་ངོས་ལེན་མི་བྱེད་པ་ནི་ཁྱོད་ཀྱིས་སེངྒེ་བཀའ་ཤག་ལ་བཅངས་པའི་འཁོན་སེམས་ལས་གཞན་ཅི་ཡང་མ་རེད། དེས་ན་གཞིས་ལུས་དཔའ་བོ་དཔའ་མོས་འུ་འཐུག་ཐབས་ཟད་ཀྱིས་ཏང་གི་གདུག་རྩུབ་རང་བཞིན་ཅན་གྱི་སྲིད་ཇུས་ལ་རང་བསྲེགས་ཀྱིས་ངོ་རྒོལ་རང་བཞིན་དེ་ཁྱོད་ཀྱིས་ཏང་དང་ཁྱི་སྤྱང་རྐུབ་འབྲེལ་གྱིས་འཚེ་བར་བསྒྱུར་གང་ཐུབ་བྱས་སོང་ང་། ད་དུང་མ་ཡིན་ཡིན་མདོག་གིས་ཟམ་གདོང་བླ་མ་དང་བཀྲས་མཐོང་བསྟན་རྣམ་ལུང་འདྲེན་དུ་བྱས་ནས་གཡོན་ཐལ་ཅན་གྱི་ཤོག་ཁག་གིས་སེངྒེ་བཀའ་ཤག་ལ་རྒོལ་བའི་ལམ་ལུགས་གསར་གཏོད་བྱ་རྩིས་མིན་ན་ཅི་རེད།
སེང་གེ་དོན་སྟོང་དཔོན་རེད།།
ཁུག་རྟ་དོན་ཅན་འབངས་རེད།།
རིན་ཐང་སྲང་ལ་གཞལ་ན།།
སུ་ལྗིད་སུ་ཡང་སུས་ཤེས།།
རྒྱུ་མཚན་གནས་ལུགས་བཤད་ན།།
སྒེར་ནད་ཁོག་བཅངས་ཟེར་གི།
མཁས་པའི་ལུང་འདྲེན་བྱས་ན།།
གཡོན་ཐལ་ཤོག་ཁག་ཟེར་གི།
དཀར་པོ་མདུན་ལ་བཞག་ན།།
ནག་པོ་རེད་འདུག་མ་གསུངས།།
ནག་པོ་སྦས་འདུག་ཟེར་ན།།
སྦས་ཚུལ་རིག་པས་སྒྲུབ་དང།།
དམ་པ་དགྱེས་པའི་ལུགས་བཟང།།
རྒྱུ་མཚན་བརྡར་ཤ་གཅོད་རྒྱུ།།
རང་ཕྱོགས་གཞན་ཕྱོགས་བཅད་ནས།།
རྒྱུ་མཚན་གཡུགས་ན་ཕྱུགས་ཡིན།།
བློ་སེང་རྡིབ་ཀྱང་དཔོན་རེད།།
ཀླད་པ་མེད་ཀྱང་ལོས་བཀུར།།
ཡིན་ཡང་རྫུན་གཏམ་བཤད་ན།།
ལེགས་སོ་ཟེར་ཐུབ་མ་བྱུང།།
བཀའ་ཤག་གི་གསལ་སྒྲོག་དེ། བློ་སེང་གི་གསལ་སྒྲོག་མ་ཡིན་པར། སྲིད་སྐྱོང་བློ་སེང་དང་བོད་མིའི་སྒྲིག་འཛུགས་ཀྱི་གསལ་སྒྲོག་རེད་གདའ། ཤར་ཁུག་ལགས།
ཀརྡོ་སྐྱག་ཕྲུག
རྒྱུ་མཚན་བགྲོ་གླེང་ཞུ་ན་དཔོན་པོ་ཚོར་ཞུ་མི་ཆོག་ཅེས་དབུས་སྒྲིག་འཛུགས་ཀྱི་ཁྲིམས་ཡིག་གང་དུ་གསུངས་འདུག དོན་དག་རང་སྟེང་ནས་བགྲོ་གླེང་བྱེད་འདོད་མེད་པ་དང། བྱེད་མི་ཤེས་ན། སྐྱག་ཁ་བཙུམ་ནས་བཞུགས་ན་ཡག་པོ་མི་འདུག་གམ།
རྒྱུ་མཚན་ལྡན་པའི་ཐོག་ནས་རྩོད་ཤིག དེ་མིན་དོན་མེད་གཞན་ལ་ངན་སྨད་བྱས་ན་ཕན་ཐོགས་ཅང་ཨེ་ཡོད། དངོས་ཡོད་གནས་ཚུལ་མཁས་ལེན་རྒྱུ་གལ་ཆེན་པོ་རེད་འདོད། བདེན་པ་ཉིད་རྒྱས་གྱུར་ཅིག་གོ །
ཤར་ཁུག་ལགས། ཁྱོད་ཀྱིས་གཡུ་བྱུས་ཚང་མས་ཁུངས་མ་འཁྱོལ་བ་ར་སྤྲོད་གསལ་པོ་བྱས་འདུག་གསུངས་འདུག་ན་གཡུ་བྱུས་གང་དང་གང་རེད་ང་ཚོར་གསལ་བཤད་ཅིག་གནོང་རོགས
ང་ཚོ་བོད་ལ་རྒྱལ་དར་ཡོད། རྒྱལ་དར་དེ་སྐར་ལྔའི་དར་དམར་དེ་མ་རེད། སེང་དར་དེ་རྒྱ་དམར་གྱིས་རྡོག་བརྫིས་བཏང་རུང་རང་གི་རྒྱལ་དར་རེད། སེང་དར་དེ་ཇི་ཙམ་ཐབས་སྐྱོ་ཡང་དར་དམར་གྱིས་བསྲེགས་ཐུབ་ཀྱི་མ་རེད། དར་དམར་སྟེང་གི་སྐར་ལྔའི་ཐོབ་ཐང་འདྲ་མཉམ་ཤར་ན་འཕྱར་ཆོག་པ་ལས། རྒྱ་ཡན་དུ་དར་དམར་འོག་འཛུལ་ནས་བབ་ཆ་ལྷིང་ཆ་མེད་པའི་རྒྱ་ཚོམས་སུ་བྲིས་ཐལ་བཤད་ཐལ་མ་གནང་བའི་རེ་སྐུལ་ཞུ་གི་ཡོད།
མིས་འཇོན་ཚོད་མིས་དང་དེ་ནས་བཀའ་ལུང་འདྲར་ལྟ་རྒྱུ་ནི་འགྲོ་སྟངས་ཞིག་རེད། ཐོག་མ་ཉིད་ནས་བཀའ་ལུང་ཞུས། དེ་ནས་རང་སྲེག་ལས་འགུལ་བརྩམས་ཡོད་ན། ཕྱི་ཕྱོགས་བརྒྱུད་སྐུལ་ཡིན་ཞེས་ཟེར་བ་ལྟར་བདེན་པ་ཡིན་པར་སྒྲུབ་བྱེད་དུ་དར་དམར་འོག་འཛུལ་བའི་མཇུག་འབྲས་སུ་ཐོན་པ་མ࿒ཡིན་ནམ།
བཀའ་ཤག་ལ་རང་སྲེག་གི་སྲིད་ཇུས་ལས་འགུལ་གང་དུ་ཡོད། རང་སྲེག་སྲིད་ཇུས་ཡོད་སྙམ་མཁན་ནི་གཅིག་ཡོད་པ་དེ་སུ་ཡིན་པ་ཤེས་གསལ་རེད། རང་སྲེག་སྲིད་ཇུས་ཁུངས་མ་འཁྱོལ་དུས་བཀའ་ལུང་ཞུས་ཞེས་པའི་གོ་དོན་གང་ཡིན་ནམ། དེ་ལྟར་བྱས་ན་ཆོས་མེད་རིང་ལུགས་པ་དངོས་སུ་ཇི་ལྟར་ཐོན་པ་ཡིན་ནམ། འདི་འདྲའི་ཐབས་སྐྱོའི་སྐད་ཅ་ཇི་འདྲ་ཞིག་གམ།
རང་སྲེག་ནི་འུ་ཐུག་ཐབས་ཟད་དང་ཕྱོགས་གཅིག་ནས་བྱ་དཀའི་རླབས་ཆེན་གྱི་བློས་བཏང་ཡིན། དེ་དག་གི་རྐྱེན་རྩ་དར་དམར་འོག་མཁྲེགས་འཛིན་རང་དབང་ཐོབ་ཐང་མེད་པ་ཉིད་ལས་བྱུང་བ་དང་། ངོ་རྒོལ་ཐབས་ཟད་འདི་ལྟར་བྱས་ཀྱང་དར་དམར་འགོ་འཛིན་སེམས་མེད་ལྕགས་ལ་གཡོ་འགུལ་ཙམ་ཡང་མེད་པས་བོད་ནང་རེ་སྟོང་ཚད་ལས་བརྒལ་བྱུང་བ་རེད་མ་གཏོགས། བཀའ་ཤག་གི་སྲིད་ཇུས་འཛིན་ཕྱོགས་ལས་མིན་པར་སྙམ།
སྲིད་སྐྱོང་བློ་སེང་གིས་དབུ་ཁྲིད་པའི་བཀའ་ཤག་གིས་ཇི་མཛད་ལ་ཤར་ཁུག་གི་སྙིང་ལ་མི་འགྲོ་བ་ཡིན་པར་བོད་མིའི་སྤྱི་ཚོགས་སུ་བསམ་བློ་ཡོད་མཁན་ཚང་མས་ཤེས་གསལ་རེད། གསལ་བཤད་འདིས་དགོས་པ་ལྷག་པོ་གང་ཡང་འགྲུབ་རྒྱུ་མེད།
དོན་དག་གཞན་པ་ག་རེ་ཡིན་ན་མིན་ན་གནས་ཆུང་ཟེར་པ་དེས་ཅིག་ཅིག་ཅིག་ཟེར་པ་རེད་ཟེར་ན་དངོས་ནས་དགོད་བྲོ་བོ་མ་རེད་དམ།
མི་རིགས་དང་རྩ་དོན་གྱི་གནད་དོན་གཙོ་གྲས་ཁག་གཟུགས་མེད་ཀྱི་སེམས་ཅན་ཡོད་མེད་ཆ་མ་འཚལ་བ་ཞིག་ལ་སྐད་ཆ་དྲིས་དེ་ཐག་གཅོད་བྱེད་པ་དེས་མི་རིགས་དེ་དང་དེའི་མདུན་ལམ་ཐུར་དུ་བསྟན་ཡོད་པ་ཤེས་སུ་བཅུག་པ་རེད།
ལས་ཀ་དེ་འདྲ་བྱེད་མཁན་དག་ནི་གཡང་ལ་ཟགས་སྲིད་ལ། འདམ་ལའང་ཟུགས་སྲིད། གང་ལྟར་མུན་ནག་མདའ་འཕེན་གི་ལས་ཀ་དེ་རིགས་ཀྱིས་རྒྱལ་ཁབ་ཀྱི་རྩ་དོན་རེ་བཅོལ་བྱེད་པ་ནི་ངུས་ན་མིག་ཆུ་མི་ཐོན་པ་དང་། བགད་ན་དགོད་སྒྲ་མི་འོང་བའི་ལས་ཀ་རང་རེད།
དུས་རབས་ཉེར་གཅིག་པའི་ཆ་འཕྲིན་དུས་རབས་སུ་བསླེབས་ནའང་རྒྱལ་ཁབ་ཀྱི་རྩ་དོན་ཐག་གཅོད་བྱེད་མཁན་གཟུགས་མེད་སེམས་ཅན་གྱིས་བྱེད་དགོས་ན་མི་རིགས་དེ་ནི་ད་དུང་ཡང་འགྲོ་བ་མི་ངོ་མ་ཞིག་ལ་དངོས་སུ་མ་འགྱུར་པའི་རྟགས་ཕྱི་ལ་སྟོན་པ་དང་ཆ་རེད།
སེང་གེ་བོད་ཀྱི་དཔོན་རེད།།
ཁུག་རྟ་རྒྱ་ཡི་གཡོག་རེད།།
རིན་ཐང་སྲང་ལ་གཞལ་ན།།
གོང་ཐང་གཞིས་ཀྱིས་བརྒྱབ་ཡོང་།
རྒྱུ་མཚན་གནས་ལུགས་ཡོད་ན།།
སྒེར་འཁོན་རྩོད་དོན་ཅི་རེད།།
མཁས་པ་རང་གིས་མ་འཇོན།།
ལུང་བསྟན་བརྒྱབས་ནས་ཅི་བྱེད།།
དཀར་པོ་མདུན་དུ་ཡོད་ན།།
ནག་པོར་རྫུས་དོན་ཅི་རེད།།
ནག་པོ་སྦས་ནས་མེད་ན།།
དར་དམར་འཕྱར་དོན་ཅི་རེད།།
དམ་པ་དགྱེས་པའི་ལུགས་བཟང་།།
རྒྱུ་མཚན་བརྡར་ཤ་ཡིན་ན།།
རྒྱུ་མཚན་མེད་པའི་ཐན་སྐད།།
རྟག་ཏུ་བསྒྲོགས་དོན་ཅི་རེད།།
བློ་སེང་རྡིབ་པ་མ་རེད།།
ཁུག་རྟས་རྒྱ་འདྲེ་མཐོང་རེད།།
སེང་གེར་ནག་རྩི་བྱུགས་ན་།།
ཁུག་རྟའི་རང་དོན་འགྲུབ་རེ།།
བོད་མི་དམངས་རྒྱལ་ལོ།
ཁྲིམས་ལ་ཁྲིམས་རྩོད་རྫུན་མ།།
འབུམ་ལ་འབུམ་རམས་འབྲས་མེད།།
ཁྲིམས་རྩོད་ཡིག་རྩལ་༼ bar༽ལུག་ནས།།
དང་བླངས་ཉམས་ཞིབ་བྱས་པ།།
ཨ་རིའི་ཡུལ་ན་གསལ་གི།
ཧ་ཝ་ཌི་ནས་བཞུགས་ཀྱང།།
གླ་ཕོགས་ཕྱི་ནས་བཙལ་བས།།
དང་བླངས་ཐའེ་ཝན་གསོ་ཕྲུག།
བློ་བཟང་སེང་གེ་མིན་ནམ།།
འབུམ་རམས་ཐོན་པར་གྲགས་ཀྱང།།
ཆེད་རྩོམ་འདོན་རྒྱུ་མ་བྱུང།།
ཆེད་རྩོམ་དཔར་རྒྱུ་མེད་པ།།
མ་རྩ་རྐུས་པས་རེད་དམ།། ༼ མི་མང་པོས་ཁོང་གི་ཆེད་རྩོམ་སྐོར་ཟླ་བ་ནོར་བུའི་རྩོམ་ཡིག་ཅིག་ལ་རྐུས་བྱས་པའི་དོགས་པ་ཆེན་པོ་བྱེད་བཞིན་ཡོད།།༽
ཧ་ཝ་ཌ་ཡི་ཉམས་ཞིབ།།
དངོས་གནས་དྲང་གནས་མིན་ཡང།།
བོད་མིར་རྫུན་གཏམ་བཤད་ཚུལ།།
ག་དུས་བརྡོལ་རྒྱུ་ཡིན་ནམ།།
ཆབ་སྲིད་བསྐྱར་ཞིབ་མཁན་པོས།།
བློ་སེང་ནང་རུལ་བཏོན་སྟེ།།
དྲི་བ་ལན་འགར་བཏང་ཡང།།
ལན་འདེབས་གནང་རྒྱུ་མ་བྱུང།།
རྫུན་མའི་རྒྱུ་ཡིས་གྲུབ་པས།།
རྫུན་ཁུངས་འཁྱོལ་རྒྱུར་ཁག་ཀྱང།།
ལྷ་སྲུང་དམ་ཚིག་ཅན་གྱིས།།
མི་ལོ་ལྔ་ལ་སྲུང་རོགས།།
རང་ལ་བཟང་སྤྱོད་ལྡན་ན།།
ཁྲི་ནས་རྩ་དགོངས་ཞུ་རོགས།།
འཇོན་པའི་མཁས་མཛངས་མེད་ན།།
རྦད་དེ་གཞན་ལ་སྤྲོད་རོགས།།
ཨབ་ཕྲུག་རེ་འགས་བསྟོད་ཀྱང།།
ཤེས་ལྡན་བསྟོད་མཁན་མེད་ལ།།
མཉམ་འདྲིས་ཐག་ཉེ་མི་ཡིས།།
རྦད་དེ་བརྩི་བཀུར་མ་ཐོབ།།
བོད་ལ་བོད་ཞེན་ཆེ་མདོག།
རྒྱ་ལ་རྒྱང་རིང་མཐོང་མདོག།
རྒྱ་ནག་ཆ་ཤས་བྱས་ཏེ།།
པེ་ཅིང་མཁར་ལ་ཕེབས་སོང།།
རྒྱ་གྲོགས་ཁེངས་ནས་ཡོད་ཟེར།།
གནད་ཡོད་མཁས་པ་མང་རབས།།
ཡིན་ཡང་འབྲེལ་མོལ་ཞུ་སྒོ།།
མཛུབ་རྩེ་འཛུགས་ས་མ་རྙེད།།
ཕྱི་རྒྱལ་ཕྱི་རྒྱལ་ཕེབས་ན།།
མཐུན་ཕྱོགས་རྒྱལ་ཁབ་ཉུང་བས།།
ཟླ་འགའི་རིང་ལ་ཚར་ན།།
རྗེས་ལ་ག་བ་ཕེབས་སམ།།
འགྲོ་ས་གནམ་མཁའི་དབྱིངས་རེད།།
འགྲོ་སྤྱད་གཞུང་གི་དངུལ་རེད།།
གྲུབ་འབྲས་ཐོན་རྒྱུ་མེད་ན།།
རྫིག་པོ་འཁྲབ་ཀི་མི་འདུག།
གྲོས་ཚོགས་གྲོས་ཆོད་རྫིག་པོ།།
ཤོག་བུའི་སྟེང་ནས་མ་འཇོག།
ཤོག་བུ་ཤོག་རྐྱང་ཆགས་དུས།།
ཁྱབ་བསྒྲགས་བྱེད་ཀི་མ་འདུག།
ཧཧཧཧཧ ད་མང་གི
ཤར་ཕྱོགས་པས་འདི་ལྟར་གསུངས་དགོས་པ་ལ་ལོས་ཁག་ཁྱོན་ནས་མི་འདུག བློ་སེང་གིས་རང་སྲེག་གཏོང་མཁན་དེ་དག་གི་ཚེ་སྲོག་ལ་ཚེ་སྲོག་གི་རིན་ཐང་བཞག་མེད་པཱ། ཞེ་ས་མ་ཞུས་ན་མགོ་བསྐོར་གཏོང་བའི་ལས་ཀ་དེ་འདྲ་བྱས་སོང། གཅིག་བྱས་ན་ཁོང་ཨ་མདོ་བར་མ་དགའ་བས་ཡིན་སྲིད་པ་རེད། ཤར་ཁུག་གིས་སྲིད་སྐྱོང་གི་རང་སྲེག་སྲིད་བྱུས་ཀྱི་ཚིག་རེ་རེར་ད་བར་ཞིབ་འཇུག་རྗེས་འདེད་བཏང་བ་རེད། སོང་ཙང། གསལ་བསྒྲགས་དེ་གཡོ་ཇུས་ཆེན་པོ་ཡོད་པ་གསལ་སྟོན་བྱས་པ་དེ་རེད། ད་དུང་གནས་ཆུང་ལ་ལག་པ་འཕྱིས་པ་འདི་མའོ་ཙེ་ཏུང་ལས་སྡིག་པ་མ་རེད་དམ། ང་ནི་ཞེད་ཀི དཀོན་མཆོག སྔོན་མ་ངས་བློ་སེང་ལ་འོས་ཤོག་བླུགས་ཡིན། འོན་ཀྱང། ད་ནི་ཡིད་ཆེས་ཏིལ་འབྲུ་ཙམ་ཡང་མེད།། ཚང་མ་མཐོང་སོང། ང་ཨ་རིར་འགྲོ་སྐབས་ཆེད་མངགས་ཁོང་གི་སྐོར་ཤེས་རྟོགས་བྱས་པ་ཡིན། རྦད་དེ་དྲི་མ་ཁ་གི རྒྱ་གར་ནང་མ་ཤེས་པའི་གནད་དོན་མང་པོ་འདུག
ཡ ད་དྲང་མོར་བཤད་ན་བློ་སེང་གཙོ་བྱས་བའི་བཀའ་ཤག་གི་མི་ཕལ་ཆེ་བ་བརྗེས་རན་འདུག
རང་དང་ལྟ་གྲུབ་མི་མཐུན་པ་རྣམས་རྒྱ་མིའི་ཕྱོགས་སུ་གཡུག་རྒྱུ་དེ་ང་ཚོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཡིན། སྤྱི་ཚོགས་ཐམས་ཅད་གཅིག་རྒྱུར་དང་ལྟ་གྲུབ་གཅིག་ལ་གནས་དགོས་པ་དེ་ང་ཚོའི་མི་དམང་ལ་དམང་གཙོའི་ཤེས་ཡོན་ཡོད་པའི་རྟགས་རེད། ཡོད་ཚད་ལྷ་དང་བླ་མ་ལ་བརྟེན་དགོས་པ་འདི་བོད་མི་ཚོར་ཤེས་བྱ་གཅིག་ལས་མེད་པའི་རྟགས་རེད།
རྩེ་བློ་ བཀྲ་མི་ཤེས་པ་ཁྱོད་མི་དགའ་ན་ངུ་འབོད་ཀྱིས། བུ་བློ་སེང་གི་ཁ་ལྗེ་དབང་ཐང་དགུང་ལ་འཕྱོ་དུས།
རྩེ་བློ་ བཀྲ་མི་ཤེས་པ་ཁྱོད་དང་ཤར་ཁུག་ལྟས་ངན་གཉིས་པོ་ངུ་འབོད་དང་འོ་དོད་རེས་མོས་ཀྱིས།
བོད་ཁ་བ་གངས་ཅན་པར་ཞེ་གནག་པའི་རྒྱ་དམར་བོའི་ཁྲག་དར་འཕྱར་ནས་ངུ་འབོད་ཀྱིས།
ཤར་ཁུག་གདོན་ཁུག་འདིས་དོན་ངོ་མ་བོད་ཀྱི་སྒྲིག་འཛུག་གཏོར་རྩིས་བྱེད་བཞིན་ཡོད།
བོད་ཆོལ་གསུམ་ཕུ་ནུའི་བར་ན་དཀྲུག་ཤིང་གི་ལས་རྩོམ་བཞིན་ཡོད།
དོན་ངོ་ཤར་ཁུག་ནི་དོལ་ཚོགས་དང་གཉིས་སུ་མཆིས།
རྩེ་བློ་བཀྲ་མི་ཤེས་པ་འདི་ནི་ཤར་ཁུག་གི་སྐྱག་འབུ་སྐམ་པོ་ཞིག་ཡིན་ཚོད་རེད།
རྒྱ་གུང་ཁྲན་གྱི་སྒོར་མོ་ཟ་ཚོད་ཀྱིས།
བོད་གངས་ཅན་གྱི་མཐུན་བསྒྲིལ་གཏོར་ཚོད་ཀྱིས།
དོན་དགའ་ནས།
ད་ངུ་མ་འདུག་ཕན་ཐོག་མེད་ཀི་ཚར་ཚར་སོང་བོད་དོན་
་་་་་དཀོན་མཆོག སྔོན་མ་ངས་བློ་སེང་ལ་འོས་ཤོག་བླུགས་ཡིན། འོན་ཀྱང། ད་ནི་ཡིད་ཆེས་ཏིལ་འབྲུ་ཙམ་ཡང་མེད།། ཚང་མ་མཐོང་སོང། ང་ཨ་རིར་འགྲོ་སྐབས་ཆེད་མངགས་ཁོང་གི་སྐོར་ཤེས་རྟོགས་བྱས་པ་ཡིན། རྦད་དེ་དྲི་མ་ཁ་གི རྒྱ་གར་ནང་མ་ཤེས་པའི་གནད་དོན་མང་པོ་འདུག ་་་་་ཟེར།
༨༽ རྩེ་བློ་བཟང་བཀྲ་ཤིས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༩ གི་ཆུ་ཚོད་ ༡༥ སྐར་མ་ ༢༡
ཀརྡོ་སྐྱག་ཕྲུག
རྒྱུ་མཚན་བགྲོ་གླེང་ཞུ་ན་དཔོན་པོ་ཚོར་ཞུ་མི་ཆོག་ཅེས་དབུས་སྒྲིག་འཛུགས་ཀྱི་ཁྲིམས་ཡིག་གང་དུ་གསུངས་འདུག དོན་དག་རང་སྟེང་ནས་བགྲོ་གླེང་བྱེད་འདོད་མེད་པ་དང། བྱེད་མི་ཤེས་ན། སྐྱག་ཁ་བཙུམ་ནས་བཞུགས་ན་ཡག་པོ་མི་འདུག་གམ།
ཞེས་པའི་ལན་དུ།
ངའི་སྐྱ་ཁ་བཙུམ་ནས་ཉིན་ཞག་ཅིག་ཕྱིན་ཚར་སོང་ལགས། ད་ཁ་གདངས་ཆོག་བགྱི་རེད་དམ། རྩེ་བློ་ལགས།
བཀའ་ཤག་སྲིད་གཞུང་་་་་་་་་་་་་་བོད་ཀྱི་གསང་བ་ཞེས་པ་དེའི་ནང་གི་བཀའ་ཤག་དེ་དྲན་ཡོང་གི་་་་་་་་་་་་
ཧཧཧཧ འོ་ན་འདི་ཚང་མ་ཤར་ཁུག་རེད་དམ།
འཇིགས་མེད་གེ་སར།
༢༠༡༣/༠༥/༣༠ ཉིན་འདོན་སྤེལ་བྱས། ཁ་པོ་ཆེས་”རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་རྒྱུ་ཡིན་”ཞེས་སྟོང་གཏམ་ཁོ་ན་བཤད་པ་ལས། དོན་དངོས་སུ་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་ལང་ཕྱོགས་གསལ་སྟོན་དང་། དངོས་ཡོད་ལས་དོན་སྣ་གཅིག་ཀྱང་མ་བསྒྲུབ་པས། དེང་སྐབས་ཟེར་རྒྱུས་ཕོངས་ཏེ་ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་ཡོད་ཅེས་མང་ཚོགས་མགོ་བོ་རྨོངས་བར་བྱེད་ཀྱི་ཡོད།
བཀའ་ཤག་གིས་རང་ལུས་མེར་སྲེག་ཐད་འཛིན་པའི་སྲིད་བྱུས་ནི་ཧ་ཅང་མག་མོག་ཅིག་ཡིན་ཞིང་། འདི་ལོའི་ཟླ་ ༤ ཚེས་ ༡༢ ཉིན་གནས་ཆུང་གིས་རང་ལུས་མེར་བསྲེགས་མཚམས་འཇོག་གནང་ན་ལེགས་ཚུལ་གྱི་བཀའ་ལུང་ཕེབས་ཡོད་ཀྱང་། སྐབས་དེར་བཀའ་ཤག་གིས་མང་ཚོགས་ལ་བརྒྱུད་བསྒྲགས་མ་བྱས་པར་བཀའ་ལུང་གསང་མཛོད་དུ་བཅུག་པ་རེད། འོ་ན་ད་ཐེངས་གཞི་ནས་བཀའ་ལུང་ལ་བརྩི་བཀུར་ཞུས་ཏེ་མེར་བསྲེགས་མཚམས་འཇོག་གི་འབོད་སྐུལ་ཞུ་དགོས་དོན་གང་ཡིན་ནམ།
བདག་གིས་བསམ་ན་གཅིག་ནས་རྒྱ་ཕྱོགས་ནས་སྐྱོན་བརྗོད་ལོག་པ་བྱས་པར་ལང་ཕྱོགས་བརྟན་པོའི་གདོང་ལེན་བྱ་རྒྱུའི་ཉམས་མྱོང་གིས་མ་འདང་བ་དང་། གཉིས་ནས་བར་ལམ་སྲིད་སྐྱོང་དང་བཀའ་ཤག་སྐབས་བཅུ་བཞི་པའི་བྱ་སྤྱོད་ཐད་རྩོམ་ཡིག་གང་མང་ཐོན་ཞིང་། དོན་དངོས་ཀྱི་གནས་ཚུལ་མང་པོ་ཞིག་ལ་གསལ་ཁ་ཐོན་པས། ད་ནི་ཉི་ཤར་སྦར་མོས་མི་ཁེབ་པར་བསམ་སྟེ། ལས་དོན་ལེགས་གྲུབ་མ་བྱུང་བའི་གནད་དོན་འཛར་འཛོར་དེ་དག་གནས་ཆུང་ལ་ལག་འཕྱིས་བྱས་པ་ལས་མ་འདས།
བོད་རིགས་མི་མང་རྣམ་པ་དང་ལྷག་པར་བཙན་བྱོལ་བོད་མི་ཚོ། ད་ནི་ང་ཚོས་བཀའ་ཤག་སྐབས་རྗེས་མའི་ཐད་ངེས་པར་བསམ་བློ་གཏོང་བའི་དུས་ལ་སླེབས་འདུག ངོ་མ་རེད། ཕྱིའི་རྣམ་པ་ལས་ནང་གི་དོན་སྙིང་གལ་ཆེ་བ་རེད། ང་ཚོ་ལ་འབུམ་རམ་པ་དང་མཁས་དབང་གི་མིང་རྫིག་པོ་དེ་འདྲ་དགོས་དོན་ཡེ་ནས་མི་འདུག ང་ཚོ་ལ་དོན་དངོས་ཀྱི་ལས་དོན་བསྒྲུབ་མཁན་དེ་འདྲ་དགོས་འདུག ཁ་སྟོང་པར་གནམ་ལ་འཕུར་བསྡད་མཁན་དེ་འདྲ་དགོས་དོན་གཏན་ནས་མི་འདུག དོན་ངོ་མའི་ལས་ཀ་བྱེད་མཁན་དགོས་འདུག དེང་སྐབས་གང་སྐྱིད་ནས་ཚོགས་གཙོ་སྤེན་པ་ཚེ་རིང་ཡར་རྒྱུགས་མར་རྒྱུགས་བྱེད་པ་མཐོང་རྒྱུ་ཡོད་པ་ལས། སྲིད་སྐྱོང་མཐོང་རྒྱུ་མི་འདུག་ཟེར།
སེམས་བཟང་།
༢༠༡༣/༠༥/༣༠ ཉིན་འདོན་སྤེལ་བྱས། མི་ཨུ་ཐུག་ན་ལྷར་བཅོལ།། ལྷ་ཨུ་ཐུག་ན་རྫུན་བཤད།། ཟེར་བའི་ང་ཚོ་བོད་པར་ཁ་དཔེ་ཡོད་པ་རེད། ད་ནི་སྲིད་སྐྱོང་མཆོག་ཕྱི་རྒྱལ་ལ་རྒྱུགས་རྒྱུགས་ནས། རང་བསྲེགས་ཀྱི་སྐོར་བཤད་བཤད་ནས། ཨ་ཐང་ཆད་པ་འདྲ། བོད་ཀྱི་དཔོན་པོ་ཚོས་འཇོན་སོང་ན་གཏམ་བཤད་ཀྱི་ཐོག་ལ་ཧམ་བཤད་ཀྱང་བཤད་ཀྱི་རེད། མི་འཇོན་བསམ་ན་ལག་པ་འབྱི་ས་ཞིག་བཙལ་པའི་གོམས་གཤིས་ངན་པ་ཞིག་ཡོད། ནམ་ཞིག་ཁོང་ཚོ་ལ་ནག་ཉེས་གང་ཡང་མེད་པར་བོད་ཀྱི་ལོ་རྒྱུས་ནང་རླབས་ཆེན་གྱི་མི་སྣ་ཞིག་བསྐྲུན་སྙམ་པའི་ཉིན་དཀར་གྱི་རྨི་ལམ་གཏོང་གི་ཡོད་པ་རེད། གསལ་བསྒྲགས་གནང་སྟངས་འདིར་ལྟོས་དང་། མི་ ༡༡༨ བསྲེགས་ཚར་པའི་སྐབས་འདིར་གཞི་ནས་གནས་ཆུང་གིས་རང་བསྲེགས་མཚམས་འཇོག་དགོས་པའི་བཀའ་ལུང་ཕེབས་སོང་ཟེར། དེ་སྔོན་གནས་ཆུང་གིས་བཀའ་ལུང་མ་ཕེབས་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་སྔོན་བཀའ་ཤག་གིས་ཁ་གསལ་པོའི་སྒོ་ནས་རང་བསྲེགས་མཚམས་འཇོག་གནང་རོགས་ཞེས་འབོལ་སྐུལ་གསལ་བསྒྲགས་མ་བསྐྱངས་དོན་གང་ཡིན་ནམ། བཀའ་ཤག་གི་གསལ་བསྒྲགས་སྔོན་མའི་ནང་བོད་མི་ཚོ་རང་བསྲེགས་མཚམས་འཇོག་གནང་རོགས་ཞེས་ཁ་གསལ་པོ་མ་བཀོད་དོན་ཅི་ཡིན་ནམ། དྲི་བ་མང་པོ་ཡོང་གི་རེད་ལ། ཡོང་དགོས་ངེས་ཤིག་ཀྱང་རེད། འོས་ཤོག་མ་ཐོབ་གོང་གི་འབྲུག་སྐད་ངར་མ་དོ་ཚོ་གང་ལ་ཕྱིན་སོང་། ད་ལྟ་ནས་ལྒང་བུའི་དབུགས་ཕྱི་ལ་ཐོན་རྩིས་རྒྱག་པ་ཅི་ཞིག་གིས་ལན་སོང་། བོད་རྒྱ་འབྲེལ་མོལ་ལ་ཤུགས་རྒྱག་གི་ཡིན་ཞེས་སྐད་གསེངས་མཐོན་པོ་མ་སྒྲོག དབུ་མའི་ལམ་གྱི་དམིགས་ཡུལ་གཙོ་བོ་འབྲེལ་མོལ་གྱི་ལམ་ནས་བོད་དོན་སེལ་ཐུབ་དེ་མ་ཡིན་ནམ། བཀའ་སྤྱི་བོད་གཞུང་མང་གཉིས་ཀའི་ངོ་རྒོལ་སྐད་འབོད་དེ་ཚོས་རྒྱ་བོད་འབྲེལ་མོ་སྒོ་བརྒྱབས་སོང་དྲན་གྱི་མི་འདུག་གམ། ད་ནི་ཅི་ཞིག་བྱས་ནས་རྒྱ་བོད་འབྲེལ་མོལ་ཐོག་ཤུགས་རྒྱག་རྒྱུ་ཡིན་ནམ། བོད་རྒྱ་འབྲེལ་མོལ་ཐོག་ཤུགས་རྒྱག་རྒྱུ་ཡིན་ཟེར།
ལྗང་གཞོན།
༢༠༡༣/༠༥/༣༠ ཉིན་འདོན་སྤེལ་བྱས། སྲིད་སྐྱོད་དང་བོད་མིའི་སྒྲིག་འཛུགས་ཀྱི་གནང་ཕྱོགས།
ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་དབུ་ཁྲིད་པའི་བཀའ་ཤག་གིས་ག་རེ་གནང་གི་ཡོད་རེད་དམ། རྒྱ་ནག་གི་སྙོན་འཛུགས་ལ་རང་ཉིད་དཀའ་འདོན་བྱེད་མ་ཚར་བར་བསྡད་འདུག རང་ཉིད་དཀར་འདོན་བྱེད་པར་བོད་མིའི་རྩ་དོན་བཙོང་། རང་སྲེག་ལས་འགུལ་ཉེས་ཅན་དུ་བརྩི་ལ་ཉེ་བའི་ཚད་དུ་སླེབས་འདུག
རང་ལུས་མེ་སྲེག་གནང་མཁན་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་སོ་སོའི་ཚེ་སྲོག་དང་ནང་མི་བུ་ཕྲུག་བློས་གཏོང་གནང་གི་ཡོད་པ་དེར། གོང་དུ་“ཚབས་ཆེ་བའི་ལས་འགུལ་”ཞེས་བཀོད་འདུག དེ་སྔོན་སྲིད་སྐྱོང་གིས་དབྱིན་སྐད་ནང་བོད་མིའི་རང་སྲེག་ལ་ “drastic action”ཞེས་པའི་ཐ་སྙད་བེད་སྤྱོད་བཏང་སོང་། ཐ་སྙན་འདི་རྒྱ་ནག་གིས་བོད་མིའི་རང་སྲེག་ལ་བེད་སྤྱོད་བྱེད་སྲིད་པ་ཞིག་ལས་བོད་མིའི་དབུ་ཁྲིད་ཅིག་གིས་བེད་སྤྱོད་གཏོང་སྲིད་པ་ཞིག་བསམ་ཡིད་ལས་འདས་པ་རེད།
ཐེངས་འདིར་གནས་ཆུང་གི་བཀའ་ལུང་བསྩལ་བྱུང་ཞེས་བོད་མིའི་སེམས་ཁམས་ལ་བཙན་གནོན་བྱེད་ཀྱི་འདུག བོད་མི་ཚོས་གནང་བབ་གང་འདྲ་ཞིག་གི་འོག་རང་ལུས་མེ་སྲེག་ཅིའི་ཕྱིར་གཏོང་གི་ཡོད་པ་ད་ལྟའི་བཀའ་ཤག་གིས་གསལ་བོར་མཁྱེན་གྱི་མེད་པ་རེད་དམ། མཁྱེན་བཞིན་དུ་རང་ཉིད་དཀར་འདོན་བྱ་ཆེད་དེ་ལྟར་གསུང་གི་ཡོད་རེད། དེ་སྔོན་༧གོང་ས་མཆོག་དང་བསམ་གདོང་རིན་པོ་ཆེ་སོགས་ཀྱིས་བོད་ནང་གི་བོད་མི་ཚོར་རང་ལུས་མེར་སྲེག་ཐོངས་ཟེར་ཆོག་གི་མ་རེད་ལ། རང་ལུས་མེར་སྲེག་མ་གཏོང་ཞེས་གསུང་རྒྱུའི་འོས་བབ་ང་ཚོར་ཡོད་མ་རེད་གསུངས་ཡོད་རེད། འདི་ཕྱོགས་ནས་མི་མང་པོ་ང་ཚོས་མེ་སྲེག་མ་གཏོང་ཟེར་རྒྱུའི་ཐོབ་ཐང་ཡོད་མ་རེད་ཅེས་བརྗོད་ཀྱི་ཡོད་རེད།
འོན་ཀྱང་། བཀའ་ཤག་གིས་ཡང་ནས་བསྐྱར་དུ་རང་ལུས་མེ་སྲེག་མཚམས་འཇོག་བྱ་དགོས་པར་གསུངས་པ་རེད། དེ་དག་ཀྱང་རང་ལུས་མེ་སྲེག་ལ་སྐུལ་སློང་བྱེད་མཁན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་མགོ་ཁྲིད་ཚོ་ཡིན་པའི་སྙོན་འཛུགས་བྱེད་ཡོང་སྐབས། རང་ལུས་མེ་སྲེག་གི་རྒྱབ་ཏུ་བཙན་བྱོལ་སྒྲིག་འཛུགས་དང་མགོ་ཁྲིད་ཚོ་མེད་པ་དཀར་འདོན་དང་འབྲེལ་ཏེ་རང་ལུས་མེ་སྲེག་མཚམས་འཇོག་བྱ་དགོས་སྐོར་གསུང་གི་ཡོད་པ་རེད།
ད་ལྟའི་བཀའ་ཤག་གིས་ལས་དོན་ཡོད་ཚད་གནང་ཆུང་གི་བཀའ་ལུང་འོག་སྒྲུབ་ཀྱི་ཡོད་དམ། ད་ཆར་ཆོས་སྲིད་ཐ་དད་ཡིན་ཟེར་གྱི་ཡོད་རེད་ལ། ལྷག་པར་དུ་དགའ་ལྡན་ཕོ་བྲང་དང་བོད་མིའི་སྒྲིག་འཛུགས་ཁ་ཁ་ཡིན་ཟེར་གྱི་ཡོད་རེད། དེ་ན་བཀའ་ཤག་གིས་གནང་ཆུང་ལ་བཀའ་ལུང་ཞུ་བའི་ཁྲིམས་སྒྲིག་ཅིག་བཅའ་ཁྲིམས་ཀྱི་དོན་ཚན་གང་ཞིག་ཏུ་གསལ་ཡོད་དམ། དེ་བས་གོང་ཡིག་ནང་ “བོད་མིའི་སྒྲིག་འཛུགས་ཀྱི་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་བསྩལ་་་་་་”ཞེས་བཀོད་འདུག་པ་དེ་རེད། བོད་མི་རིགས་ནི་ནང་པ་དང་བོན། ཁ་ཆེ། ཡི་ཤུ་སོགས་ཆོས་ལུགས་སྣ་ཚོགས་ལས་གྲུབ་པའི་མི་རིགས་ཤིག་རེད། དགའ་ལྡན་ཕོ་བྲང་དང་བོད་གཞུང་གཉིས་ཁ་ཁ་བཟོས་རྗེས་གནས་ཆུང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་བསྟེན་དགྲ་ལྷ་ཇི་ལྟར་ཆགས་པ་རེད། ང་ཚོ་ཆོས་ལུགས་རིས་མེད་ཡིན་ཟེར་བཞིན་དུ་གཞུང་བསྟེན་དགྲ་ལྷ་ཞིག་ཇི་ལྟར་ཡོང་ཆོག་གི་རེད་དམ།
སྲིད་སྐྱོང་མཆོག་དང་བཀའ་ཤག བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པས་ལས་དོན་གང་བྱེད་པར་སྔ་འདང་ཕྱི་འདང་ཡག་པོ་རེ་གནང་རོགས། དེ་མིན་བོད་མི་རིགས་ཀྱི་རྩ་དོན་ལ་དགེ་སྐྱོན་གང་གི་ཕྱོགས་སུ་འགྲོ་གི་ཡོད་མེད་དང་། ལོ་རྒྱུས་ཀྱི་གཟི་བརྗིད་ཅིག་གམ་ནག་ཉེ་གང་ཞིག་ཏུ་འགྱུར་གྱི་ཡོད་མེད་ལ་དགོངས་པ་ཡག་པོ་བཞེད་དགོས་ཀྱི་འདུག
ཚེ་རིང་རྡོ་རྗེ།
༢༠༡༣/༠༥/༣༠ ཉིན་འདོན་སྤེལ་བྱས། གཞིས་པ་བོད་མི་ཚོས་བཙལ་བྱོལ་བོད་མི་ལ་རེ་ལྟོས་བྱེད་པ་དང་། དེ་ལས་ཀྱང་རྒྱལ་བ་རིན་པོ་ཆེ་ལ་རེ་ལྟོས་ཆེན་པོ་བཅངས་ཡོད་པ་ཀུན་ལ་གསལ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་པར་རེ་སྒུག་བྱེད་དོན་ནི་ཁོང་ལ་ཞལ་མཇལ་ཞུ་བ་ཙམ་དང་ཁོང་གི་བཀའ་སློབ་གསན་འདོད་པ་ཙམ་གྱི་ག་ལ་ཚད། ཁོང་ནི་རང་དབང་དང་བདེ་སྐྱིད་ཀྱི་མཚོན་བྱེད་ཡིན། ཁོང་བོད་ལ་ཕེབས་ཐུབ་དགོས་ན་རྒྱལ་སྤྱིའི་རྒྱབ་སྐྱོར་ཤི་མ་གསོན་ཞིག་གིས་ག་ལ་འགྲུབ། རྒྱ་ནག་དམར་ཤོག་སྲིད་གཞུང་ནི་བོད་མི་ཙམ་དུ་མ་ཟད། རྒྱ་མི་དུང་ཕྱུར་བཅུ་གསུམ་ལྷག་གི་དགྲ་ཟླར་ལངས། རྒྱ་ནག་དམར་ཤོག་སྲིད་དབང་གིས་དབང་སྒྱུར་བྱའི་མི་རྣམས་ཀྱི་རང་དབང་རྐང་འོག་ཏུ་མནན་ནས་འཚོ་བཞིན་ཡོད་པས། བོད་ལ་གུ་ཡངས་དང་རང་དབང་སྤྲད་ན་རྒྱ་དམར་གཞུང་རང་ཤི་བརྒྱབ་པ་དང་ཀུན་ནས་མཚུངས།
ད་ཆར་དཔལ་འབྱོར་ཁེ་ཕན་གྱིས་ཁ་ལོ་སྒྱུར་བའི་འཛམ་གླིང་གི་ཆབ་སྲིད་ཁོར་ཡུག་ནས་རྒྱ་དམར་གཞུང་ལ་གནོན་ཤུགས་གཡོལ་དཀའ་བ་ཞིག་སུས་ཀྱང་སྤྲོད་མི་ཐུབ། རྒྱ་ནག་དམར་ཤོག་གཞུང་གི་མགོ་ཁྲིད་ཚོས་རང་འགུལ་གྱིས་བོད་ལ་རང་དབང་སྤྲད་ནས་རང་ཤི་རྒྱག་པར་རེ་བ་ནི་སྟོང་བསམ་ཁ་ོན་ཡིན། དེའི་ཕྱིར། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ནུས་ན། བོད་མི་ཚོ་སྨྲོས་ཅི་དགོས། རྒྱ་ནག་མི་དམངས་རྣམས་ཀྱང་དམར་ཤོག་སྒེར་གཅོད་སྲིད་དབང་གི་འོག་ནས་བཅིངས་གྲོལ་བྱས་པ་ཡིན། དེ་འདྲའི་ནུས་མཐུ་ལྡན་པའི་ཨ་མའི་བུ་ཞིག་འཛམ་གླིང་འདིའི་སྒང་ན་ཨེ་ཡོད།
ཅི་ལྟར་བཤད་ཀྱང་། བོད་ནང་གི་རང་ལུས་མེར་སྲེག་མཚམས་འཇོག་དགོས་པའི་འབོད་སྐུལ་བྱེད་པ་དེ་དང་། བོད་དོན་ལས་འགུལ་གྱི་གྲུབ་འབྲས་དང་དཀའ་ངལ་རྣམས་བོད་ནང་ལ་ཁ་གསལ་པོས་བརྗོད་མི་འདོད་པ་གཉིས་ནང་འགལ་ཆགས་འདུག གཞིས་པ་བོད་མི་ཚོར་བོད་དོན་ལས་འགུལ་གྱི་མི་འཇོན་ས་དང་དཀའ་ངལ་རྣམས་དྲང་པོར་མ་བཤད་པའི་ནག་ཉེས་ནི་ང་ཚོ་བཙན་བྱོལ་བ་མང་བྱིངས་ཀྱིས་འཁུར་དགོས་པ་དང་། མ་འོངས་པར་ང་ཚོར་སྡར་མ་ཁོག་ནག་གི་མིང་ཆད་ཅིག་སྤྲོད་ངེས་སོ།།
རང་སྲེག་སྐོར་ལ་རྒྱལ་སྤྱིའི་ཁྲིམས་ཁང་དུ།།
གཏུག་པའི་བདེན་དོན་ཉི་མ་ཤར་བའི་ཚེ།།
རྒྱ་རྒན་ཧུའུ་ཅིན་ཐའོ་ཡི་རྗེས་མཐུད་དུ།།
རྫུན་རྐྱལ་བློ་སེང་འཇུག་པ་ཁོ་ཐག་ཆོད།།
གཏུམ་དྲག་དམར་པོའི་སྤྱོད་པའི་ཉེས་པ་དང།།
ཆབ་སྲིད་རྫུན་གྱིས་ཚེ་སྲོག་འཕྲོག་པ་གཉིས།།
ཆོས་མེད་རིང་ལུགས་ཧུའུ་དང་བློ་སེང་ལ།།
འབབ་རྒྱུ་ངེས་པ་རྒྱུ་འབྲས་བསླུ་མེད་ཡིན།།
ཤར་ཁུག་ལ་ངོ་མ་སྙིང་རྗེ་སོང་། དེ་རིང་ངས་གང་ཡང་བཤད་རྒྱུ་མིན། ཤར་ཁུག་བྱ་བ་གང་ལ་ཡང་ལམ་འགྲོ་མ་བྱུང་བས་དེང་སང་ངོ་ཚ་ཡོངས་སུ་སྤང་ནས་སྨྱོ་འཆོང་བྱེད་ཡོང་གི་འདུག ཧཧཧ
ད་སྐུ་མཁྱེན་གསུངས་མཁྱེན། ཁྱོད་ཚོས་འདི་ལ་ལག་པ་འཆངས་མ་ཡོང་རོགས། འདི་ན་ཕྱི་སྡོད་བོད་མི་ཆེ་ཆེ་ཆུང་ཆུང་སུ་ཡིན་རུང་རང་རང་ལ་བྱས་རྗེས་ཏིལ་འབྲུ་ཙམ་ཞིག་བསྟན་རྒྱུ་མེད་པར་བོད་ནང་གི་མིས་རླབས་ཆེན་གྱི་ཕུགས་བསམ་དང་བྱས་རྗེས་ལ་རེ་བ་སྟོང་པ་ཡིན་མིན་གྱི་སྒྲོ་སྐུར་མ་བྱེད་རོགས། ཁ་བཙུམས་རོགས། བོད་ནང་གི་མིས་རང་རང་གི་ལམ་ཁ་བཙལ་ནས་ལས་ཀ་འདི་བྱེད་ཀྱིན་ཡོད་པ་མ་གཏོགས་ཕྱི་སྡོད་བོད་མིའི་ཁ་ལ་ཉན་ནས་ལས་ཀ་འདི་བྱས་པ་མ་རེད། སུ་སུ་ལ་རེ་བ་སྟོང་པ་སྤྲད་མིན་གྱི་གཅིག་གིས་གཅིག་ནག་པོ་བཟོ་བའི་མ་རབ་ཐ་ཤལ་གྱི་བྱེད་སྟངས་དེ་རིགས་མ་བྱེད་རོགས།་འདིས་སུ་ལ་ཡང་ཕན་གྱི་མ་རེད། ངས་ནམ་ཡིན་ཡང་འདི་ཟེར་གྱིན་ཡོད། ང་ཚོས་བོད་ནང་གི་མི་ལ་རང་སྲེག་ཐོངས་དང་མ་གཏང་གཉིས་ཀ་ཟེར་བའི་ཐོབ་ཐང་མེད། ཁ་བཙུམས་རོགས།་ལོ་རྒྱུས་ལ་འགོད་པ་ཙམ་ཞིག་ང་ཚོས་ཐུབ་ན་མ་གཏོགས་དེ་ལས་ལྷག་ཅིག་ཐུབ་གི་མ་རེད། རང་རང་གི་བླ་མ་བཙོང་རོགས།
ད་ངོ་མ་ངོ་ཚ། ང་རྒྱ་མིའི་སྔོན་དུ་ངོ་ཚ་གི་འདུག ནམ་ཡིན་ན་ཡང་ཕྱི་སྡོད་བོད་མི་སྤར་བ་གང་འདིས་གཅིག་གིས་གཅིག་ནག་པོ་བཟོ་རྒྱུ་མ་གཏོགས་གང་ཡང་མི་འཇོན་པ་ཡིན་ས་རེད། ད་སུས་རེ་བ་སྟོང་པ་སྤྲད་མིན་བཤད་གི་ཡོད་རེད། མདོར་ན་གཅིག་གིས་གཅིག་སྤུན་ཟླ་དམར་གསོད་གཏང་མཁན་གྱི་ལག་དམར་བ་རེད་ཟེར་གི་ཡོད་རེད་པས། ཨ་ཐབས་སྡུག་པོ།་ད་དུང་ང་ཚོ་འཛམ་གླིང་གི་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཡིན་ཟེར་ཁུལ་བྱེད་གི་ཡོད་རེད། ཨ་ལས་ངན་འདི་ཚོ།
བཤད་སྲོལ་བཞིན་་་རྨོ་རྨོ་ཞིག་བདེ་བ་གཞུང་ལ་ལོ་གསུམ་ཁྲོས་ནས་བསྡད་ཀྱང་བདེ་བ་གཞུང་གི་ཧ་གོ་མེད་པ་ལྟར་རེད། ངོས་ལེན་མེད་ལ་སྡུག་སྐད་རྒྱབ་ནས་ཅི་ཕན་
སེམས་ནང་ཁོན་འཛིན་བཅངས་ནས་
སེམས་ཤུགས་ཡོད་དོག་བྱེད་ནས་
སྡུག་སྐད་ཅི་ཙམ་རྒྱབ་ཡང་
གནས་ཆུང་ཆོས་རྒྱལ་ག་ལ་ཉན།
ངོས་ལེན་བྱེད་མིན་དེ་རང་སྲེག་གིས་ངོ་རྒོལ་བྱེད་མཁན་རྣམས་ལ་ཐུག་ཡོད་རེད། ཤར་ཁུག་གིས་ཁས་ལེན་མེད་ཟེར་ན་ཤར་ཁུག་རང་ཉིད་ཀྱིས་རང་སྲེག་གིས་རྒྱ་དམར་ལ་ངོ་རྒོལ་གྱིས་དང་དེ་ལ་ཁས་ལེན་མེད་ཟེར་ན་ཆོག་གི་རེད། དེ་མིན་ཤར་ཁུག་གི་ཁྱི་ཁ་ཚུམས།
སྤོབས་པས་ཡག་པོ་བཤད་སོང་།
སྣ་ནས་དུ་བ་ལྷོག་ལྷོག་འཕྱུར་བ་འདི། ཁོག་ན་འབར་ཉེའི་མེ་རོ་ཡོད་པའི་རྟགས།
དོན་གྱི་བདག་པོ་ཡིད་བཞིན་ནོར་བུ་མཆོག མེད་ན་ཅི་འབྱུང་ངང་ཚུལ་རྟོགས་རན་རེད།
ཆོལ་ཁ་ཞེས་པ་འདི་བོད་སྐད་ཀྱང་། ཆོལ་ཁ་ཞེས་པ་འདི་སོག་པོའི་སྐད་ཡིན་པ་འདྲ། སོགས་པོས་བོད་རིགས་རྣམས་ཆོལ་ཆོལ་ལ་བཟོ་ཚིག་ཅིག་ཡིན་པ་འདྲ། དེ་བས་ཆོས་ཁ་དང་ཆོས་ལུགས་ཀྱི་སྐད་ཆ་མང་དྲགས་ན་སྐྱོན་ཆེན་པོ་ཡོད་རེད། དེས་ན་བོད་པ་དང་བོད་མི། བོན་པོ་དང་ནང་པ་ཙམ་གྱིས་ཆོག་པར་གྱིས་ཤིག
ད་ནས་བཟུང་ཆོལ་ཁའི་ཚབ་ལ། གངས་ཅན་པ། བོད་རིགས་ཞེས་ལབ་དགོས་འདུག གང་ཡིན་ཟེར་ན། དབུས་གཙང་། ཁམས་དང་ཨ་མདོ་ནི། མི་རིགས་གཅིག་ཡིན་ཡང་། པ་ཀིས་ཏན། རྒྱ་གར་དང་བང་ལ་དེཤ་ལབ་པ་ལྟར་བསམ་འཁྱེར་སོ་སོར་མི་འགྲོ་བའི་ངེས་པ་མི་འདུག་གདའ།
སོག་པོས་དབང་བསྒྱར་སྐབས། བོད་རིགས་རྣམས་དུམ་བུར་བགོས་ཕྱིར། ཆོལ་ཁ་གསུམ་ཞེས་པའི་ཚིག་འདི། བེད་སྤྱོད་བྱས་པ་མིན་ནམ་སྙམ་ལགས།
བཀྲ་ཤིས་བདེ་ལེགས
རང་སྲེག་ཐད་ལ་རྒྱལ་སྤྱིའི་ཁྲིམས་ཁང་དུ།།
ཁྲིམས་གཏུག་བྱེད་པའི་ཉི་མ་ཤར་བའི་ཚེ།།
གཏུམ་དྲག་རང་བཞིན་ཅན་གྱི་ཧུའུ་ཅིན་དང་།།
རྒྱ་ཁྱི་ཤར་རྩེ་གསུམ་པོ་ཁྲིམས་ལ་སྦྱོར།།
གཏུམ་དྲག་རང་བཞིན་ཅན་གྱི་བྱ་སྤྱོད་དང་།།
ཆབ་སྲིད་རྫུན་གྱིས་ནང་དཀྲུགས་བྱས་པ་ཡིས།།
ཀླ་ཀློ་ཧུའུ་དང་རྒྱུགས་ཁྱི་ཤར་རྩེ་གཉིས།།
འབབ་རྒྱུ་ངེས་པ་ལས་འབྲས་ཆོས་ཉིད་དོ།།
རང་སྲེག་གཏོང་མིའི་རྒྱབ་ཏུ་ལངས་ཡོད་ལ།།
མཉམ་དུ་ཤར་བསྐྱོད་ཟེར་མཁན་བློ་སེང་རེད།།
ཁྱེད་རྣམས་རེ་རེས་མེ་ལ་བསྲེགས་པ་དེ།།
ཆུད་ཟོས་མི་གཏོང་ཟེར་མཁན་བློ་སེང་རེད།།
པེ་ཅིང་མཁར་གྱི་ཨ་ཅག་འོད་ཟེར་དང།།
ཀིརྟི་ཚང་གི་ཕྱག་མཛོད་མདོ་སྔགས་ལ།།
ཏ་བྷེ་མ་བྷེ་མ་ཟེར་ཀིརྟི་ཚང།།
གདན་འདྲེན་ཞུས་ཡོད་ཟེར་མཁན་བློ་སེང་རེད།།
༸རྒྱལ་མཆོག་གངས་ཅན་ལྗོངས་སུ་གདན་ཞུ་ཡི།།
བོད་མི་དགའ་བའི་ཁ་གཡང་སྒྲོག་བཞིན་དུ།།
གདན་ཞུའི་ལས་འཆར་ཤོག་ལྷེ་གཅིག་མེད་པ།།
སེང་གེའི་ཁོག་ལ་རྩ་སྐྱས་ཁེངས་པས་རྟགས།།
༸སློབ་དཔོན་ཟམ་གདོང་མཁས་པ་འགྲན་མེད་དང།།
ང་ལ་གྲྭ་བ་མི་སྐྱའི་ཁྱད་པར་ལས།།
གཞན་ནི་ཚང་མ་གཅིག་པ་གཅིག་རྐྱང་ཞེས།།
ཁྲལ་མེད་རང་བསྟོད་བྱེད་མཁན་བློ་སེང་རེད།།
བཀྲས་མཐོང་ཕྱོགས་ལ་ཤེད་ཀྱིས་སྡང་བ་དང།།
ཨ་མདོ་བ་ལ་མཐོང་ཆུང་བྱས་པ་གཉིས།།
འོས་ཤོག་ཐོབ་ཆེད་ཕྱུ་པ་༼གཞུང་ཞབས་ཚོར་ཕྱུ་པ་ཉོ་ཆེད་ཧིན་སྒོར་ ༥༠༠༠རེ་སྤྲད༽ཉོས་པ་གསུམ།།
སྡེ་པ་གད་མོ་ཤོར་བའི་རྟགས་མཚན་ནོ།།
བློས་གྲོགས་དབུ་དཀར་ཨ་རིའི་དོན་གཅོད་བསྐོས།།
རང་སྲེག་མཚམས་འཇོག་གནས་ཆུང་དབུ་ལ་གཡུགས།།
ལུང་བསྟན་མདོ་སྨད་དབུས་ལ་སྩལ་བཞིན་དུ།།
བཀའ་ཤག་སྡེ་པར་སྩལ་ཅེས་རྫུན་བསྒྲགས་སྤེལ།།
ཧཧཧཧཧ
ཨ་རིའི་ཡུལ་ནས་བཞུགས་པའི་ལོ་རྒྱུས་ལ།།
ཨ་རིའི་བོད་མིས་སྡེ་པར་བཤད་པའི་དུས།།
ཨ་རིའི་བོད་མི་ཕྱེད་ཀ་བློ་སེང་འདི།།
བོད་ཞེན་ཅན་ཞིག་ཡིན་མིན་ཐེ་ཚོམ་རེད།།
འདྲིས་ཤིང་འགྲོགས་པའི་གྲོགས་ལ་ཕྱི་ཐག་ཅིག།
སྤྲད་པའི་ལོ་རྒྱུས་མི་དེར་མི་འདུག་ལ།།
མགོ་བདེ་དྲན་འཁྲུལ་གར་གྱི་མི་ཚེ་དེ།།
ཨ་རིའི་ཡུལ་ནས་བསྐྱངས་ཚུལ་རྫོགས་མེད་ཅིག།
ཁྲིམས་རྩོད་པ་ལ་ཡིག་རྩལ་༼BAR༽མ་འཕྲོད་པས།།
འབུམ་རམས་ཆེད་རྩོམ་དང་བས་བླངས་ཏེ་བྲིས།།
དང་བླངས་ཆེད་རྩོམ་ང་ཚོའི་མང་གཙོ་བྲིས།།
སུ་ལ་སྟོན་རྒྱུར་བག་ཚས་གཅུམས་ནས་ཡོད།།
མང་གཙོ་བྲིས་ན་དེབ་ལ་བཀྲམས་པ་ན།།
སྤྱི་ཚོགས་ནང་དུ་ཕན་ཞེས་སྐུལ་ནའང།།
ཟླ་བ་ནོར་བུ་འདས་ལོག་བྱེད་པ་ལ།།
འཇིགས་ནས་ཆེད་རྩོམ་རྦད་དེ་གཏེར་ལ་སྦས།།
ཉམས་ཞིབ་ལས་རོགས་ཙམ་གྱི་ལས་གནས་ལ།།
ལོ་རེར་གན་རྒྱའི་ལམ་ནས་བསྐོས་པ་དེ།།
ཧ་ཝ་ཌ་ཡི་ཉམས་ཞིབ་ཡིན་ཅེས་ཏེ།།
སྐྱག་རྫུན་འཁོར་ལོ་བསྐོར་ཏེ་འོས་ཤོག་ཐོབ།།
ཉམས་ཞིབ་ལས་རོགས་ཙམ་གྱི་སློབ་ཡོན་ཡང།།
ཐའེ་ཝན་ཕྱོགས་ནས་བླངས་པའི་འཇིགས་སྣང་ཡོད།།
བོད་རྒྱའི་ཆ་ཤས་བྱས་ཏེ་པེ་ཅིང་དུ།།
སོང་བས་ཨ་རིའི་ནང་དུ་གཏམ་རྒྱུད་ཆགས།།
ཧཧཧཧཧ
དབུ་མའི་ལམ་བཟང་ཚིག་ཙམ་སྐྱོར་བཞིན་དུ།།
དབུ་མ་འཛིན་ཚུལ་གཏན་ཚིགས་མེད་བཞིན་དུ།།
ལྐོག་ནས་ཚོགས་གཙོར་ཀརྨ་ཡེ་ཤེས་ཉིད།།
བླུགས་ཞེས་སྤྱི་འཐུས་རེ་འགར་ཁ་པར་བཏང།།
ལོ་ངོ་གཉིས་ལ་སྤྱི་ཚོགས་ཆིག་སྒྲིལ་བརླག།
གནས་དུས་ཚོད་རྩིས་སྡེ་པས་ཀྱག་ཀྱག་བཤད།།
དེ་འདྲ་དེ་ལ་ཅི་ཡང་མི་བྱེད་པར།།
ལྐོག་ནས་མཚན་ཐུག་རྒྱག་ལ་ཞེ་རེ་སྨྲང།།
ཧཧཧཧཧ
ད་་་ཉན་ཡ་ཡིན་པེ།།
ཁ་སྔོན་ཨ་རིའི་གྲོས་ཚོགས་འཐུས་མི་ཡི།།
་་་་་་་་་་
ད་ངོ་མ་ང་ཚོ་ནང་འཁྲུག་བྱས་ནས་འདུག་རྒྱུ་ལས་མེད་རེད་དམ་་་་་ད་ཐེངས་ཤར་ཁུག་ལ་ཡང་རྒྱུ་མཚན་མི་འདུག་རྒྱུ་མེད་པ་འདྲ་་་་གནས་ཆུང་ཟེར་ན་ཡང་བོད་མི་ཚང་མའི་སྲུང་མ་ཟིག་ལ་རྩི་བཞིན་འདུག་མོད་་་་བློ་སེང་གིས་སྐད་ཆ་མང་པོ་ཟིག་ད་ཐེངས་དེས་སྟེང་ལ་གཡུགས་ན་མི་འགྲིག་གི་་་མཐུན་ལམ་ལ་ཡང་གནོད་འགྲོ་་་་་རང་བསྲེགས་ལས་མཚོན་པའི་ཟེར་ན་གང་ཟེར་ཀི་ཡོད་རེད་་་ལོ་སྔོན་མ་བོད་པའི་སློབ་ཕྲུག་དག་ལ་བཅར་རྡུང་བྱེད་སྐབས་ཁོང་ནས་གང་གསུངས་སེམས་སུ་ཡོད་དམ་་་ད་ཐེངས་ཡང་པེ་ཅིན་ནས་བོད་མི་འགའ་ལ་རྒྱ་མིས་བཅར་རྡུང་བཏང་པ་ལྟ་བུ་ལ་གཟིགས་ནས་་་མཚོན་ཟེར་བའི་སྐད་ཆ་ཟུར་སུ་འབུད་བཞིན་པ་ངོ་མ་སེམས་སྐྱོ་བོ་རེད་་་་་བློ་སེང་ལགས་་ང་ཚོའི་ཁྱེད་ལ་རེ་བ་བྱས་ནས་ཡོད་་་ཁྱེད་ནས་ང་ཚོ་ཆུ་ལ་མ་གཡུགས་རོགས་་་་
བཀའ་ཤག་གི་ཚབས་ཆེའི་གསལ་བསྒྲགས།
༼ གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་རང་ལུས་མེར་སྲེག་གིས་གཙོས་ཚབས་ཆེའི་ལས་འགུལ་རིགས་མ་སྤེལ་རོགས། ༽
བཀའ་ཤག་གི་སེམས་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་ 118 ཀྱིས་མི་རིགས་དང་རང་དབང་། རྩ་དོན་དང་༧གོང་ས་མཆོག་བོད་ལ་གདན་འདྲེན་ཆེད་རང་ཉིད་ཀྱི་ཡོད་ཚད་བློས་བཏང་བ་དེར་ཚབས་ཆེའི་ལས་འགུལ་ཟེར་དོན་ག་རེ་ཡིན་ནམ།
བཀའ་ཤག་གི་ཡིག་ཚང་དེ་དེང་སྐབས་མཚན་ཚོགས་ཚོགས་ཁང་དུ་གྱུར་པ་མ་རེད་པས། རྦ་རེ་རྦི་རེ་དང་། ཐམ་མེ་ཐོམ་མེའི་སྐད་ཆ་དེ་འདྲ་ཚ་བེ་ཚུབ་བེར་ཁྱབ་བསྒྲགས་བྱས་པ་བློ་ཡུལ་དུ་ཤོངས་བ་འདུག་གམ།
ད་ནི་རྩེ་རྣམ་གྲྭའི་ཁྱི་ཕྲུག་འདིས་སེང་གེ་ལ་རྨུག་གིན་རྨུག་གིན་བཀྲས་མཐོང་ཕམ་ཉེས་ཀྱི་འཁོན་འཛིན་རྩོད་ཀྱི་ཡོད་པ་འདྲ།
ཁ་སྔོན་ཨ་རིའི་གྲོས་ཚོགས་ཀྱི་མཐུས་མིས་ག་རེ་བྱས་པ་རེད། རྣམ་གྲྭའི་གྲྭ་ལོག་སྐལ་བློའི་ངན་ལག་དེ་ག་པར་བསྐྱངས་ཡོད་མེད་ཨེ་ཤེས། སྲིད་སྐྱོང་སེང་གེ་ཚང་གཡོ་ཁྲམ་ཤོག་ཁག་ནང་མེད་པ་ཁོ་རང་གིས་གསལ་བསྒྲགས་བྱས་སོང་། འོན་ཀྱང་གྲོས་ཚོགས་ཀྱི་མཐུས་མིའི་ཡིག་འཕྲིན་ནང་གི་མིང་ཐོ་གཞན་དེ་ཚོས་གསལ་བསྒྲགས་ཅི་ཡང་མེད་པར་གཡོ་ཁྲམ་ཤོག་ཁག་ནང་ཡོད་པ་ངོས་ལེན་བྱས་སོང་། འདིའི་རྩ་བ་བསྔོག་ན་སྐྱུག་བྲོ་ལ་རུལ་དྲི་མཐོ་སར་ཁྱབ་བསྡད་ཡོད་པ་ཞིག་ཡིན་ས་རེད་ད། ད་ཆ་ཁྱོད་ཀྱི་ཚད་མའི་སྐྱེས་བུ་བཀྲས་མཐོང་ཚང་ཁྱོད་ཀྱི་དེ་སྔ་འཇིང་ཉག་ལ་ཁ་ཆུ་གཏོང་སའི་སྐལ་བློའི་མགོ་དཔོན་དུ་བརྐོས་པར་ཁྱོོད་དགའ་བ་སྒོམ་དགོས་པ་མ་རེད་པས།
ཧོ་ཧོ་་་་་་ད་དངོས་གནས་ཚར་ཤག
མཁས་དབང་སྤོབས་མཐའ་ལགས་ཀྱི་གསུང་གི་འདུག དྲ་བ་འདིར་མཆན་འགོད་པོ་ཚང་མས་ཐུགས་བསམ་གནངརོགས་ཞུ། མ་མཐའ་རང་ཉིད་བོད་མི་ཞིག་ཡིན་པ་མ་བརྗེད་རོགས་ཞུ།
སྐུ་མཁྱེན།
འདིར་མཆན་སྒོ་བརྒྱབ་བཞག་ན་ཏག་ཏག་རེད། བཀུར་འོས་རྩོམ་སྒྲིག་པ་ལགས། ཐུགས་རྗེ་ཆེ།
གོང་ས་སྐྱབས་མགོན་ཆེན་པོས་ཀྱང་སྲིད་རྩིས་སྤྲོད་མ་གནང་བར་ཆབ་སྲིད་ཀྱི་གལ་ཆེའི་ལས་དོན་མཐའ་དག་གནས་ཆུང་དང་དཔལ་ལྡན་ལྷ་མོ་སོགས་ལ་མོ་ལུང་རྟགས་པ་ཞུས་ནས་ཐག་བཅོད་གནང་གི་ཡོད་པ་དང་། གལ་ཆེའི་དོན་དག་ནོར་འཆུག་བྱུང་མ་མྱོང་ཞེས་ཞལ་དྲོན་མོ་ནས་གསུང་ཡོད་ན། དེ་རིང་སྲིད་སྐྱོང་གིས་གནས་ཆུང་གི་བཀའ་ལུང་ཞིག་ཁྱབ་བསྒྲགས་བྱས་པར་དེ་ཙམ་ཧང་སང་དགོས་དོན་ཅི་ཡོད། མི་འདི་ཚོའི་བཤད་སྟངས་ལ་ལྟས་ན་གོང་ས་མཆོག་གིས་ཀྱང་གནང་ཆུང་ལ་བཀའ་ལུང་ཞུས་པ་དེ་ལག་པ་ཕྱི་ས་བརྩལ་བ་རེད་མི་ཟེར་བའི་ངེས་པ་མི་འདུག
བོད་ཀྱི་ཁྱི་ལྡོམ་འགའ་རྒྱ་གར་ནས་མྱི་ཆེན་བྱ་རྒྱུ་ཟེར་ན་ངའི་ཁྱ་ཁུག་ལ་དགོད་ཁ་འཆོར་གི། ཁྱེད་ཚོས་མྱི་རབས་མྱི་རྒྱུད་རྫོད་ཀི་མ་འདུག། ལོ་རབས་ལོ་རྒྱུས་དཀྲུག་གི་མ་འདུག། བོད་དོན་དཀྲུག་རག་ལས་གཡུག་བཞག་ན་ཡག་གི་རེད། ད་ལྟ་རང་ཚོས་རང་མགོ་ཐོན་གི་མེད་པ་ཨ། ཨ་ལེ་དང་པོ་རང་མགོ་ཐོན་པ་བྱོས་དང་དེ་ནས་ད་དུང་བོད་དོན་ལ་འཁོར་ཀི་ཡིན་ཟེར་ན་འདྲ་ཆགས་པོ་འདྲ་ཡོད་པ་རེད། དེ་མིན་འདི་ཚོ་ཚང་མ་གཡོ་སྒྱུ་ཅན་གྱི་སྐད་ཆ་རེད། འདི་ཚོས་རང་དོན་ཞིག་མ་གཏོགས་བོད་དོན་ཞིག་རིག་གི་མེད།
ཁྱི་ལྡོམ་ཡིན་ན་ཁ་ལ་ཉན་དགོས་པ་རེད་ལ། ཡ་བྱེད་དགོས་དོན་ཡོད་པ་མ་རེད། ཁྱི་ལྡོམ་ཞིག་གིས་དཀྲུགས་ཐུབ་ཀི་མ་རེད། ཁྱི་རྒན་ཁྲལ་མེད་གནམ་ལགས། བླ་བཙོང་ནས་སྟུ་ལ་བརྗེས་ཏེ་གྲོད་ཁོག་རྒྱག་མཚམས་ཁ་སོས་ཡོད་མདོག་མདོག་མ་བྱེད་ལོ། དེ་འདྲའི་ལྟོ་དེ་མ་རེག་ན་མ་རེག
ངས་གནས་ཆུང་ལ་བཀའ་འདྲི་ཞུས་པ་འགྲིག་གི་མ་རེད་ལབ་ཀྱི་མེད། དམིགས་བསལ་གནས་ཆུང་གི་བཀའ་ལུང་ལ་བསླུ་བ་མེད་པའང་ལོ་རྒྱུས་ལ་བལྟས་ན་ཤེས། ཡིན་ནའང། སྲིད་སྐྱོང་གི་འདི་གནས་ཆུང་བེད་སྤྱོད་བཏང་སྟེ་རང་གིས་མ་འཇོན་པ་འགེབས་ཐུབ་ཉག་ཅིག་ཡིན་སྟབས། དང་པོར་བཟང་སྤྱོད་དང་ལྡན་པའི་ངང་ནས་རང་སྲེག་ཐད་དགོངས་སེལ་ཞུ་དགོས་པ་རེད། དེ་མིན་ག་བ་ཡོང་གི་རེད།
མ་་་་་ཞིག་ཆད་འདུག
དེ་སྤྱི་འཐུས་ཚོགས་གཙོ་འོས་འདེམས་ཞུ་སྐབས་་་་་
བློ་སེང་གིས་ལྐོག་ནས་ཀརྨ་ཡེ་ཤེས་འདེམས་རོགས་ཞེས་སྤྱི་འཐུས་ཁ་ཤས་ལ་ཁ་པར་བཏང་བ་རེད། ཡིན་ནའང་རེ་སྟོང་རེད། བྱེད་སྟངས་འདི་རིགས་དང་མཚན་མོར་གཞོན་ལྷན་ལ་ཐུག་པ་སོགས་ཀྱིས་ལོ་གཉིས་ནང་༸གོང་ས་མཆོག་ལ་དབུ་མའི་ལམ་དང་མཚན་སྨོད་ཞུ་མཁན་ཞེ་དྲག་མང་དུ་ཕྱིན་ཡང་མགོ་རུལ་རྣ་བས་མ་ཚོར་བ་ལྟར་བསྡད་པ་རེད། བློ་སེང་སླེབས་ནས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ག་ཚོད་བྱུང་སོང། དབུ་མའི་ལམ་ལ། འདི་དག་བོད་མི་མང་གིས་ཤེས་ངེས་རེད། ཚང་མ་ལྐུགས་པ་མ་རེད། སྤྱི་འཐུས་རྒྱུན་ལས་དང་ལག་སྦྲེལ་བྱས་ནས་འདྲ་མི་འདྲ་བྱས་ཡོད་པ་རེད། རྒྱུན་ལས་ནང་མང་ཆེ་བ་ཕྱོགས་རིས་ཅན་རྐྱང་རྐྱང་རེད། དེ་ཚོ་ཆོལ་ཁའི་ན་ཚ་ཅན་ཞེ་ཅིག་རེད། འདི་ཚོ་ཚང་མ་གཙང་མ་བཟོས་ན་དམ་པ་རྣམས་ཀྱི་བྱས་རྗེས་ནག་བསུབ་གཏོང་ས་མ་རེད་དམ།
ཁྱོད་ཀྱིས་ཡས་བྱས་རེད་མས་བྱས་རེད་ཟེར་བའི་གཏམ་འཆལ་འདི་ཚོ་ཁྲིམས་ཐོག་ལ་ཁུང་སྐྱེལ་ཐུབ་པའི་བདེན་དཔང་ག་ཚོད་གཅིག་ཡོད།
ཁྲིམས་ཐོག་ན་བདེན་དཔང་ག་ཚོད་ཡོད་མེད་ཁྲིམས་རྩོད་པ་རྫུན་མ་བློ་སེང་ལ་དྲིས་ན་གསལ་བོ་ཤེས་ཀི་རེད། ཁྱེད་ཚོ་ཨབ་ཕྲུག་ཚོས་བློ་སེང་གི་མདོག་ངོ་མ་དེ་གཅིག་བྱས་ན་ཤེས་ཀི་རེད་ཝ
གནས་ཆུང་ལས་དགའ་བའི་སྲིད་དོན་པ་ཞིག་གནའ་ནས་ད་བར་མེད་པ་ཤེས་ཡོད།
ཁྱོད་ཁྱི་རྒན་ཟུག་རྒྱོ་དགའ་ཡང་། ང་ཁྱིམ་མཚེ་ཉལ་འི་འཇུག་རོགས།
ལྷ་ཡོད་ཀི་ཟེར་ན་ཁྱོད་རྫ་ལ་ཟུག་གི། འདྲེ་ཡོད་གི་ཟེར་ན་ཁྱོད་རྫ་ལ་ཟུག་གི། མྱི་ཡོད་གི་ཟེར་ན་ཁྱོད་རྫ་ལ་ཟུག་གི། ཁུག་ཁྱིའི་རྫ་འི་ཁྱིག་ལུ་རྩེ་བློ་ལས་ངན། ད་ཁྱོས་ང་ཚོ་རྒྱ་འདྲེ་ཚང་མཐོང་ས་ནས་ཁུ་སིམ་མར་ཅིག་བཞན་ན་མི་ཆོག་གམ།
འདྲེ་ཚང་གི་མཐོང་ས་ནས་
འོ་ཡ། ད་ཁྲིམས་ཐོག་ནས་ཁུངས་སྐྱེལ་ར་སྤྲོད་ཐུབ་པའི་བདེན་དཔང་གཅིག་མེད་ན་ཁྱོད་ནང་དཀྲུགས་ཀྱི་གཏེ་པོ་ཆགས་ཟིན་པ་རེད། ཧ་ཧ།
ཤར་ཕྱོགས་ཁུག་རྟ་འདི་དངོས་གནས་ཕོ་རྒོད་ཅིག་རེད་འདུག་ཁོས་དམངས་གཙོ་ལོངས་སུ་སྤྱོད་ཐུབ་ཀྱི་འདུག་ ཁོ་པའི་བྱེད་སྟངས་འདི་དམངས་གཙོ་དང་ཡོངས་སུ་མཐུན་འདུག ངོ་མ་རིག་རྒོད་རེད་ཕྱི་ནང་གང་སར་དག་ཐེར་མང་ཙམ་གནོང་རོགས།