Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡོ་སྒྱུའི་གར་དེ་མཐོང་སོང།

Posted on 2009-09-302009-09-30 By དགེ་རབ་ 20 Comments on གཡོ་སྒྱུའི་གར་དེ་མཐོང་སོང།

རིག་པའི་རལ་གྲིས་བྲིས།

————-

ཁོ་ལག་ཡོངས་སུ་རྫོགས་པའི་ཆོས་རིག་གི་ཉིང་ཁུ།།

བདུད་བརྩི་དུག་ཏུ་བལྟ་བའི་བསེ་རུ་ཡི་གྲངས་ཞིག།།

རྒྱ་དམར་ཤན་གྱིས་འདོར་བའི་གཡོ་སྒྱུ་ཡི་གར་དེ་།།

མཐོན་པོའི་རི་ལས་རྒྱལ་ཁམས་བལྟས་པ་བཞིན་མཐོང་སོང་།།

ཆེན་པོའི་དཔུང་གིས་དྲག་པོའི་མཚོན་ཆ་ཡི་འཁོར་ལོ།།

ཉེས་མེད་མི་ལ་མི་ལོ་མང་པོ་རུ་བསྐོར་ནས།།

སྣག་རུས་གཅིག་པའི་རང་དབང་ལྡན་པ་ཡི་ཁྱིམ་ཚང་།།

ཁག་བརྒྱད་བཏང་བའི་ཐབས་འཕྲུལ་ཡོད་ཚད་དེ་གཏོན་ཀྱང་།།

ཕྱོགས་བརྒྱར་བབ་པའི་ཆུ་ཀླུང་ཀུན་འདུས་ཀྱི་སྣོད་ཆེན།།

གང་སར་བཟོས་པའི་ཚོང་རྫས་ཡོངས་འདུས་ཀྱི་རྒྱལ་ས།།

ཕྱོགས་བཅུར་འཐོར་བའི་བོད་རིགས་གཅིག་བསྡུས་ཀྱི་གཅེས་ནོར།།

ནང་པའི་ལྟ་གྲུབ་རིག་གནས་འདི་ཉིད་དུ་ངེས་པས།།

དམར་པོའི་སྲིད་ཀྱི་ལྟ་བའི་དགྲ་བོ་ཡི་དྭངས་མ།།

རྒྱ་གཞུང་དགོས་དམིགས་འགྲུབ་པའི་འཕྲང་རྡོ་ནི་ཆེ་ཤོས།།

བོད་ཀྱི་ཆོས་འདི་ཡིན་པར་རིང་པོ་ནས་ཤེས་ནས།།

ཉེ་བའི་ཟོལ་གྱིས་ཆོས་བརྒྱུད་དབྱེན་སྦྱོར་འདིར་བལྟོས་དང་།།

གལ་སྲིད་བོད་པ་ཡིན་པའི་ཤེས་ལྡན་ཞིག་ཡིན་ཞིང་།།

རྐྱེན་ངན་འདི་ཡིས་དཀྲུགས་ནས་འཁྲུགས་པ་ཞིག་ཡིན་ན།།

རང་བློ་ནང་དུ་ཁུག་ནས་གནོ་བསམ་ཞིག་ཐོན་དང་།།

བཀུར་འདེབས་གཏམ་གྱིས་རང་རེར་ཕན་པ་ཞིག་འདུག་གམ།།

གཟུར་བོའི་བློ་ཡིས་དྲངས་པོའི་གཏམ་ཆར་ཞིག་སྤེལ་ན།།

པད་འབྱུང་མིག་འཕྲུལ་མཁན་དུ་སྨྲས་པ་དེས་རྐྱེན་བྱས།།

དགེ་ལུགས་འདྲེ་ལུགས་ཡིན་པའི་བཙོག་གཏམ་གྱི་བཀང་ནས།།

བདེན་ན་གཉིས་བདེན་འཁྲུལ་ན་མཉམ་འཁྲུལ་དུ་ཕྱིན་སོང་།།

རྙིང་མིན་དགེ་མིན་ས་སྐྱའི་ཆོས་བརྒྱུད་དུ་སྐྱེས་ཤིང་།།

བོད་དང་བོད་ཀྱི་ཆོས་རིག་སྙིང་དཀྱིལ་ནས་དམར་པའི།།

རིག་པའི་རལ་གྲིས་ཐལ་མོ་སྙིང་ཁ་རུ་སྦྱར་ནས།།

དད་པའི་ཡུལ་ལ་བཀུར་འདེབས་མཚམས་འཇོག་དེ་གནང་རོག།།

རྣམ་དག་ལུང་དང་རིག་པས་འགྲན་འདོད་ཞིག་ཡོད་ན།།

བཙོག་གཏམ་གྲོང་ཚིག་སྦྲུལ་གྱི་ཤུན་པ་བཞིན་དོར་ནས།།

གནས་ལུགས་རྒྱུ་མཚན་ལྡན་པའི་སྙིང་པོ་ཞིག་ཁྱེར་དང་།།

བདེན་པ་བསྒྲགས་ཤིང་ནོར་བ་འདོར་བ་ལ་མི་འཇིགས།།

སྙན་ངག

Post navigation

Previous Post: ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་མཁས་པའི་གསུང་བཤད་ཀྱི་གསལ་བསྒྲགས།
Next Post: སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ངེས་པར་དུ་དགོངས་པ་ཞུ་དགོས།

Comments (20) on “གཡོ་སྒྱུའི་གར་དེ་མཐོང་སོང།”

  1. ཆོས་འཕེལ། says:
    2009-09-30 at 8:10 am

    རིག་པའི་རལ་གྲིའི་རུལ་དྲི་ཞིག།
    དྲངས་པོའི་ཟོལ་གྱིས་ཐུལ་བའི་མོད།།
    རྣོ་ངར་ལྡན་པའི་ཆོས་འཕེལ་སྣ།།
    རིང་དུ་འགེབས་ཤིང་འགེབས་ཤིང་བྲོས།།

  2. རིག་པའི་རལ་གྲི། says:
    2009-09-30 at 8:31 am

    གཡོན་པོའི་སྣ་ཞིག་ལས་མེད་པས།།
    ཞིམ་པའི་གཟུར་གནས་ཀྱི་གཏམས་དེ།།
    མྱོང་བའི་སྐལ་བ་ཟིག་མེད་ནས།།
    གང་སར་བྲོས་པ་ལ་ཁག་མེད།།

  3. ཐེམ་ཆེན། says:
    2009-09-30 at 8:44 am

    འདྲེ་ལུགས་བསྟན་རྒྱས་སྨོན་ལམ་ཁག་གཉིས།

    ༣༥༢༽ གངས་གཡག་ནས།
    སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༧ གི་ཆུ་ཚོད་ ༢༢ སྐར་མ་ ༥༨
    གཞོན་ནུ་ཁེར་འདུག
    འདྲེ་རྒན་ཁྱོད་ཀྱིས་འདྲེ་ལུགས་བསྟན་རྒྱས་སྨོན་ལམ་འདི་དག་ཚར་གཅིག་བཏོན་པ་ཡག་པོ་འདུག ད་དུང་མུ་མཐུད་དུ་ཐོན་དང་ཕན་ཡོན་ཆེན་པོ་ཡོད་རེད།
    ལྷག་པར་དུ་ཁྱོད་གྲོགས་མེད་འདྲེ་རྒན་ཁེར་སྡུག་གི་སྐྱོ་སྣང་ཡོད་དུས། འདྲེ་ལུགས་བསྟན་པ་རྒྱས་པའི་སྨོན་ལམ་འདི་ཉིན་རེར་ཚར་རེ་ཐོན་དང་། སེམས་གསོ་བྱེད་ཐུབ།
    འདྲེ་ལུགས་བསྟན་པ་རྒྱས་པའི་སྨོན་ལམ་འདི་སྨྲ་བའི་དབང་ཕྱུགས་ཚུལ་ཁྲིམས་མཐར་ཕྱིན་ལགས་ཀྱིས་བརྩམས་ཅིང་དྲ་ཐོག་ཏུ་བཀོད་དེ་འདྲེ་ལུགས་པ་ཡོངས་ཀྱི་མིག་ལམ་དུ་བཤམས་ཟིན་མོད། ད་དུང་དེའི་ནང་དུ་གཏག་ནོར་ཐེབས་པའི་ཡིག་ནོར་ཁ་ཤས་ཡོད་པ་དག ཤི་འདྲེ་དོལ་རྒྱལ་རྗེས་འབྲང་དང་བཅས་པའི་ཁ་གནོན་གངས་གཡག་གིས་ཞུས་དག་བགྱིས་ཤིང་ཡང་དག་པར་གཏན་ལ་ཕབ་སྟེ། འཛམ་གླིང་འདྲེ་ལུགས་འཛིན་པ་ཡོངས་ཀྱི་མིག་ལམ་དུ་རིན་མེད་ཐོག་བཀྲམས་པ་ཡིན་པས། དེ་ལུགས་ཀྱིས་ཉིན་རེར་ཚར་རེ་འདོན་དགོས། གལ་ཏེ་མ་བཏོན་ན་དམ་ཚིག་ཉམས་པར་གྱུར་ཏ་རེ།

    ༡༽ ཀྱེ་མ་ཧུད། རྒྱབ་ལ་ཆོས་གོས་སྣམ་སྦྱར་གྱོན།།
    ལག་ཏུ་མི་སྙིང་དྲོན་མོ་བཟུང་།།
    གྲི་ཤི་འདྲེ་རུ་གྱུར་བ་ཡི།།
    གསང་འདུས་གསར་མའི་ནུས་མཐུ་དང་།།

    ༢༽ ཕ་བོང་ཁ་དང་ཛེ་སྨད་སོགས།།
    ཤི་ཤི་ཆགས་ཆགས་ཐམས་ཅད་ཀྱིས།།
    ནག་འདྲེ་དམྱལ་བ་བསགས་པ་དེས།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༣༽ གངས་བླ་དགོན་གསར་སྐལ་རྒྱམ་སོགས།།
    ཤ་ཟའི་དགེ་སྦྱོང་ཆེ་རྣམས་ཀྱིས།།
    རྒྱལ་བཙོང་འདྲེ་སྒྲུབ་ལ་བརྩོན་པས།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༤༽ ཆད་ལྟའི་མཐར་ཐུག་མེད་དགག་དང་།།
    རྟག་ལྟའི་མཐར་ཐུག་ཞིག་དངོས་ཏེ།།
    རྟག་ཆད་ཟུང་དུ་འཇུག་པ་ཡི།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༥༽ ཐེག་གསུམ་རྟོགས་རིགས་མཉམ་ན་ཡང་།།
    ཉན་ཐོས་སྒྲིབ་པ་དང་བཅས་པ།།
    སྤངས་གཉེན་གཞི་གཅིག་ལ་ཚོགས་པའི།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༦༽ ཆད་པར་ལྟ་བའི་མེད་དགག་ལས།།
    ལམ་གྱི་ཡོན་ཏན་ཡོད་གྱུར་པའི།།
    མོ་གཤམ་བུ་མོའི་ལང་ཚོ་ཅན།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༧༽ སྣང་སྟོང་ཟུང་འཇུག་མ་གོ་སྟེ།།།
    མདོ་སྔགས་ཟུང་འབྲེལ་མ་མཐོང་སྟེ།།
    འགལ་བའི་ཁུར་ཆེན་བཅོ་བརྒྱད་ཅན།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༨༽ སྟུ་ཡི་ནང་དུ་མཇེ་བཅུག་ན།།
    སྡོམ་ཤོར་སྡིག་པ་ཆེ་ན་ཡང་།།
    སྲོག་གཅོད་སྡོམ་པ་མི་གཏོང་བའི།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༩༽ ཤི་བོ་ཤི་ལམ་མ་སོང་བ།།
    གློ་བུར་འདྲེ་རུ་སྐྱེས་ན་ཡང་།།
    གསང་བ་འདུས་པར་གྱུར་བ་ཡི།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༡༠༽ བཅོམ་ལྡན་འདས་ཀྱིས་འདུལ་གཞུང་ལས།།
    ལམ་གསུམ་མཉམ་པར་གསུངས་ན་ཡང་།།
    སྐྱག་ཁུང་ནས་དུ་གཡབ་ཆོག་པའི།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༡༡༽ གྲྭ་རྟ་བརླ་རྒྱག་སྐྱག་བཙུག་དང་།།
    ཏིང་ཤགས་ཅིག་ཙི་ཤ་མོ་སོགས།།
    ཐུན་མིན་ཆོས་སྐད་མང་བ་ཡི།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༡༢༽ སྨིན་གླིང་ལོ་ཆེན་མན་ཆད་ནས།།
    དགེ་འདུན་ཆོས་འཕེལ་ཡན་ཆད་དུ།།
    མཁས་གྲུབ་སྟོང་གི་སྲོག་འཕྲོག་པའི།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༡༣༽ སྡེ་སྲིད་སངས་རྒྱམ་མན་ཆད་ནས།།
    འབུར་བཟུང་ཁྲོ་བོ་ཡན་ཆད་དུ།།
    མི་དཔོན་སྟོང་ཕྲག་བསད་པ་དེས།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༡༤༽ སོག་པོ་ཇུན་གར་མན་ཆད་ནས།།
    བཅིང་གྲོལ་དམག་མི་ཡན་ཆད་དུ།།
    མཐའ་དམག་ས་ཡ་བོས་པ་དེས།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༡༥༽ རྒྱལ་པོ་རྭ་སྒྲེང་མན་ཆད་ནས།།
    རིག་སློབ་དགེ་བཤེས་ཡན་ཆད་དུ།།
    བླ་སློབ་ནང་གསོད་བྱས་བྱས་པས།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༡༦༽ རྒྱ་དམག་བོད་ལ་མ་སླེབས་གོང་།།
    ཁམས་དབུས་གཉིས་ལ་ལན་མང་དུ།།
    ཁྲག་གི་ཡུར་ཆུ་འཐེན་པ་ཡི།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༡༧༽ སྐུ་འདྲ་གཏོར་ཞིང་ལྷ་ཁང་བཤིགས།།
    གསུང་རབས་མེར་བསྲེགས་མཆོད་རྟེན་བཅོམ།།
    འདྲེ་བསྟན་དྲག་པོས་སྤེལ་བ་དེས།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༡༨༽ ལམ་རིམ་བླ་བརྒྱུད་གཤེད་མས་བསླད།།
    སྔགས་རིམ་དཀྱིལ་འཁོར་འདྲེ་ཡིས་ཁེངས།།
    ལམ་སྔགས་གཉིས་ཀ་བསླད་ཚར་བས།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༡༩༽ ད་དུང་ལོ་ནས་ལོར་མཐུད་དེ།།
    རྒྱ་དང་མཉམ་དུ་བོད་ལ་རྒོལ།།
    འདྲེ་དང་མཉམ་དུ་བླ་མར་གཙེ།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༢༠༽ ན་ནིང་བཞེངས་པའི་འདྲེ་དགོན་ལ།།
    འདྲེ་གྲྭ་སྟོང་ཕྲག་ལྷག་འདུས་ཤིང་།།
    མ་འོངས་འདྲེ་ཁྲི་ཐོན་ངེས་པས།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༢༡༽ སྟག་སྨྱོན་སྒོམ་སྡེ་རིག་རལ་དང་།།
    མིའུ་ཕྲུག་སྟག་གཟིག་ལ་སོགས་པ།།
    ངོ་ཚས་ལན་བརྒྱར་ཤི་བ་དེས།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༢༢༽ ཁ་རོག་མི་ལ་ཁ་མཆུ་བཙུགས།།
    དོན་མེད་མི་ལ་ལན་བརྒྱར་བརྙས།།
    ཐ་མ་རང་ཉིད་ཕམ་པ་དེས།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༢༣༽ སྟག་སྒོམ་རིག་མིའུ་ལ་སོགས་པས།།
    འདྲེ་ལུགས་ཡོངས་ཀྱི་ཚབ་བྱས་ནས།།
    ངོ་ཚ་ཡོད་ཚད་ཁྱེར་བ་དེས།།
    Gayལུགས་བསྟན་པ་འཕེལ་གྱུར་ཅིག།

    ༢༤༽ མདོར་ན་འདྲེ་དང་འདྲེ་བླ་དང་།།
    འདྲེ་གྲྭ་ཡོངས་ཀྱིས་ཉིན་མཚན་དུ།།
    འདྲེ་བསྟན་ཕྱོགས་བརྒྱར་སྤེལ་ཡིས།།
    འདྲེ་ལུགས་བསྟན་པ་འབར་གྱུར་ཅིག།

    ༣༦༦༽ ཁྲོ་ཐུང་ནས།
    སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༢༨ གི་ཆུ་ཚོད་ ༡༣ སྐར་མ་ ༠༠
    སྟག་རོང་གི་ཨ་ཁུ་ཁྲོ་ཐུང་གིས་ཀྱང་འདྲེ་ལུགས་བསྟན་པ་རྒྱས་པའི་སྨོན་ལམ་ལ་ཁ་བསྐང་ཅུང་ཟད་
    བྱས་ཏེ་དྲྭ་ཐོག་ཏུ་བཀོད་པ་ཡིན་པས་འདྲེ་བསྟན་ལ་དོན་གཉེར་ཅན་ཡོད་ན་རྒྱུན་དུ་གདོན་པར་བྱའོ།

    ༡༽ ཐུབ་པའི་བཀའ་དང་ཡོངས་སུ་འགལ་བ་ཡི། །
    གཞུང་ལུགས་ཕྱིན་ཅི་ལོག་ཏུ་འགྲེལ་མཁས་པ། །
    བསྟན་པ་ནང་ནས་བཤིག་ཅེས་རྒྱལ་བ་ཡིས། །
    ལུང་དུ་བསྟན་པའི་Gayབསྟན་རྒྱས་གྱུར་ཅིག །

    ༢༽ མདོ་སྔགས་ལྟ་བའི་ཁྱད་པར་མི་ཤེས་ཤིང་། །
    ཤིན་ཏུ་ཟབ་པའི་སྔགས་ཀྱི་ལྟ་བ་དེ། །
    རྟོག་གེས་ཚིག་གིས་ཐབས་ཀྱིས་སྣུབས་མཁས་པ། །
    ལེགས་སྐར་ལུགས་ཀྱི་Gayབསྟན་རྒྱས་གྱུར་ཅིག །

    ༣༽ སྔགས་ཀྱི་ལྟ་བ་མདོ་དང་ཁྱད་མེད་ཅིང་། །
    མདོ་ཡི་ཟབ་དོན་སྟོང་རྐྱང་མེད་དགག་ཏུ། །
    བྲལ་བས་ཐར་ལམ་སྲོག་རྩ་གཅོད་བྱེད་པའི། །
    ལེགས་སྐར་ལུགས་ཀྱི་Gayབསྟན་རྒྱས་གྱུར་ཅིག །

    ༤༽ སྔོན་བྱོན་མཁས་རྒུའི་ལུགས་དང་མི་མཐུན་ཞིང་། །
    རྒྱན་དྲུག་མཆོག་གཉིས་གཞུང་དང་འགལ་བའི་ཚེ། །
    བསྡུས་ཚན་རིག་པས་གཡོ་སྒྱུ་ཤོད་མཁས་པའི། །
    ལེགས་སྐར་ལུགས་ཀྱི་Gayབསྟན་རྒྱས་གྱུར་ཅིག །

    ༥༽ གྲུབ་པ་ཐོབ་པའི་བརྒྱུད་འཛིན་མ་བྱུང་ཞིང་། །
    ཆོས་སྲིད་གཉིས་ཀའི་ལུགས་བཟང་ལ་རྨོངས་པས། །
    གངས་ལྗོངས་ཆོས་སྲིད་ཐབས་ཀྱིས་ཉམས་བཅུག་པའི། །
    ལེགས་སྐར་ལུགས་ཀྱི་Gayབསྟན་རྒྱས་གྱུར་ཅིག །

    ༦༽ བྱང་ཕྱོགས་ཐུབ་པའི་སྤྱོད་པ་འཚེ་མེད་ལམ། །
    དགེ་སྦྱོང་དམག་ལ་ཆས་པའི་བརྟུལ་ཞུགས་ཀྱིས། །
    ཆོས་བརྒྱུད་ནང་ཁུལ་དཀྲུགས་པའི་དམ་ཉམས་ལུགས། །
    ལེགས་སྐར་ལུགས་ཀྱི་Gayབསྟན་རྒྱས་གྱུར་ཅིག །

    ༧༽ ཤིན་ཏུ་གདུག་རྩུབ་ཆེ་བའི་བརྒྱུན་འཛིན་གྱིས། །
    སོགས་དམག་བོད་ལ་དྲངས་ནས་བོད་འབངས་བཅོམ། །
    དྲི་མེད་རྒྱལ་བསྟན་འཇོམས་མཛད་བསྟན་པའི་དགྲ། །
    ལེགས་སྐར་ལུགས་ཀྱི་Gayབསྟན་རྒྱས་གྱུར་ཅིག །

    ༨༽ མི་གསོད་སོགས་ཀྱིས་རྩ་སྟོང་བྱུང་ན་ཡང་། །
    ད་དུང་སོ་ཐར་འདུལ་བའི་སྡོམ་རྒྱུན་སྤེལ། །
    འདུལ་བསྟན་དྲི་མེད་ཐབས་ཀྱིས་སྣུབས་མཁས་པའི། །
    ལེགས་སྐར་ལུགས་ཀྱི་Gayབསྟན་རྒྱས་གྱུར་ཅིག །

    ༩༽ ཁྱད་པར་གངས་ཅན་ཆོས་ཀྱི་ཞིང་ས་རུ། །
    ཆོས་མེད་རྒྱ་དམར་དམག་དཔུང་སྣ་འདྲེན་ཞིང་། །
    དགེ་སྦྱོང་འདྲེ་ཡི་ལུགས་སྲོལ་སྐྱོང་མཁས་པ། །
    ལེགས་སྐར་ལུགས་ཀྱི་Gayབསྟན་རྒྱས་གྱུར་ཅིག །

    ༡༠༽ གོ་ཤག་སྟག་གསུམ་དགེ་འདུན་ཆོས་འཕེལ་སོགས། །
    གཞུངས་ལུགས་རབ་འབྱམས་སྨྲ་བའི་མཁས་པ་བརྒྱས། །
    ལྟ་ལོག་ཉིད་དུ་ལན་བརྒྱར་བསྒྲུབས་ཟིན་པའི། །
    ལེགས་སྐར་ལུགས་ཀྱི་Gayབསྟན་རྒྱས་གྱུར་ཅིག །

    ༡༢༽ མདོར་ན་ལྟ་སྤྱོད་ཐམས་ཅད་གཞུང་དང་འགལ། །
    ཐར་དང་ཐམས་ཅད་མཁྱེན་པ་སྐད་ཅིག་ཀྱང་། །
    སེམས་ལ་དྲན་མ་མྱོང་ཕྱིར་སྒེར་ལུགས་པ། །
    ལེགས་སྐར་ལུགས་ཀྱི་Gayབསྟན་རྒྱས་གྱུར་ཅིག །

    ཅེས་པ་འདིའང་སྟག་རུང་དཔོན་པོ་ཁྲོ་ཐུང་གིས་སྦྱར་བ་དགེའོ། །

    མངྒ་ལམ།

  4. མྱིག་རྫོད་ says:
    2009-09-30 at 9:14 am

    གྲོགས་པོ་ཚོ། སྐུ་མཁྱེན། ད་མཚམས་བཞག་རན་རེད། རན་པའི་མི་ཚད་ཕྱིས་ལེ་རེད། ཕྱིར་གཏང་དྲ་ཐོག་འདི་ན་སྟག་སྨྱོན་ཟེར་བ་སོགས་ཧ་ལས་པའི་མི་བསམ་ནག་སྐོར་ཞིག་ཡོད། ད་ཁོང་ཚོས་དཀྲུགས་ཤིང་ཞིག་རྒྱག་ཨེ་ཐུབ་ཀྱི་རེ་བ་བྱས་པ་ལ་འབྲས་སུ་ཐོན་སོང་བས་ད་ཚོད་ཐུག་སྤྲོ་གཏོང་བཞིན་ཡོད་རྒྱུ་རེད། རིག་པའི་རལ་གྲི་ཟེར་བ་དེ་ཡང་བསམ་ནག་གི་སྡེ་ཚན་དེའི་ནང་གི་གཅིག་རེད་འདུག སྒོམ་སྡེས་རྩོམས་གྱི་ནང་དུ་རྒྱག་རེས་མཚམས་བཞག་འདུག་པས་ཁོས་ཡང་སྐྱར་འདོད་པ་མ་ཚིམ་པར་རྒྱག་རེས་གསར་བ་ཞིག་སྒོ་ཕྱེ་ཆེད་མཆན་རྙིང་བ་ཞིག་འདིར་གསར་དུ་བཏང་འདུག འདིའི་ནང་དུ་རྒྱག་རེས་ཅི་ཡོང་ན་འགན་ཡོངས་རྫོགས་རིག་པའི་རལ་གྲི་ལ་ཡོད། ཁྱོས་ས་སྐྱ་པ་ཞིག་ཡིན་ན་ས་སྐྱ་ནས་སྡོད་ད་སྡོད། འདིར་དགེ་རྙིང་གཉིས་ཀྱི་བར་ལ་དཀྲུགས་ཤིང་འཕེན་གི་མ་ཡོང་། ཁྱོད་ཐལ་བ་འདྲ་འགམ་གི་ཡོང་ནི་མིན་ནམ། ཨ་ཤི་བརླ་སྐོར་རྒྱུ་བོ། ཞབས་འདྲེན་བསམ་ནག ཝ་མོ་སྣ་ནག་མ།

  5. མྱིག་རྫོད་ says:
    2009-09-30 at 9:19 am

    ཐེམ་ཆེན་ཟེར་བ་སོགས་ཀྱིས་ཀྱང་ད་ཨུ་ཚུགས་མ་བྱེད། བཟོད་སྒོམ་སྐར་མ་གཅིག་གནང་ཐུབ་ཀྱི་འདུག་གམ། དྲ་བདག་ལགས་ཀྱིས་ཀྱང་ད་རྒྱག་རེས་ཀྱི་སྡེ་ཚན་འདི་ཚོ་ཚང་མ་ནག་གསུབས་ལ་གཏོང་རོགས་ཞུ། ཐུགས་རྗེ་ཆེ། འདི་ཚོ་སྐུང་དགོས་རྒྱུ་ཞིག་རེད་མ་གཏོགས་བཤམས་འཇོག་རྒྱུ་ཞིག་མ་རེད། གལ་ཏེ་འདི་ཚོ་བཤམས་བཞག་ན་ཡང་མི་གསར་བ་མང་པོ་ཞིག་གིས་མཐོང་ནས་མུ་མཐུད་རྒྱག་རེས་སྔར་ལས་མང་པ་ཡོང་རྒྱུ་རེད། སྐུ་མཁྱེན་དྲ་བདག་ལགས། ད་ནི་ཕྱོགས་གཉིས་ཀ་འདོད་པ་ཚིམས་ཡོད་ཚོད་འདུག་པས་ཡང་བསྐྱར་བསམ་ནག་ཚོས་རྙོག་དྲ་སློང་བའི་མགོ་སྐོར་གྱི་འོག་ཏུ་མི་ཚུད་པ་ཞིག་བྱེད་རོགས།

  6. ཆོས་འཕེལ། says:
    2009-09-30 at 9:27 am

    ངས་ཁ་སྔོན་དང་པོ་ཛོར་བོ་ལབ་མཁན་ཚུལ་ཁྲིམས་མཐར་ཕྱིན་ཟེར་བ་དང་། གངས་གཡག། ཐེམ་ཆེན་ཟེར་བ་འདི་རྣམས་ཁ་བདེ་བ་ལ། ལོ་རྒྱུས་ཡང་གང་མཚམ་བལྟས་མྱོང་ཤིང་། ངེད་རྙིང་མ་པ་ལ་ཞེན་ཆགས་ཆེན་པོ་ཅན་ཞིག་འདུག་བསམ་རུང་། བསྐྱར་དུ་ཞིབ་འཇུག་བྱེད་པའི་སྐབས་སུ། ཁོང་རྣམས་ངེད་རྙིང་མ་པ་ཞིག་ཁྱོན་ནས་རེད་མི་འདུག སྒོམ་སྡེ་ལ་སོགས་པའི་དགེ་ལུགས་པ་ཡོངས་རྫོགས་ཀྱིས་མཁྱེན་པར་མཛོད། འདི་དག་ནི། དྲྭ་གྲོགས་རྣམས་ལ་སུན་པོ་བཟོ་མཁན། ཆོས་ལུགས་བར་ལ་དཀྲུགས་ཤིང་གང་ཐུབ་བྱེད་ཅིང་། རྒྱ་མའི་གླ་ཕོག་དཀྲུགས་ཤིང་གང་ཐུབ་ཀྱི་ཆེད་དུ་ཟ་ནས། ལས་ཀ་གཞན་གང་ཡང་མེད་པར་མིང་འདྲ་མིན་བེད་སྤྱོད་བཏང་ནས་སྡད་ཅིང་འདུག་པས་ཀུན་གྱིས་མཁྱེན་པར་མཛོད།
    རིག་པའི་རུལ་དྲི་ཐུལ་བ་དེ་ལ་གོ་རྒྱུ་ཞིག་ཀྱང་འདུག་སྙམས། བོད་རྣམས་ཕྱོགས་བཅུར་འཐོར་ཀྱང་ནང་ཆོས་འདིས་གཅིག་ཏུ་བསྡུས་ཤིང་། བོད་ཡིན་པའི་ཐ་སྙད་འདི་མི་རླག་པའི་རྒྱུ་རྐྱེན་གཙོ་བོ་དེ་ཆོས་འདི་རེད་མི་འདུག་?།

  7. ཆོས་འཕེལ། says:
    2009-09-30 at 9:33 am

    སྤྱིར་རིག་པའི་རུལ་དྲི་ཁ་མཁན་ཁྱོད་ལ། ངས་ཁ་སྔོན་ལུང་བསྟན་ཟིན་པ་དེ་རིང་ཐོག་ཏུ་བབ་འདུག།

  8. རིག་པའི་རལ་གྲི། says:
    2009-09-30 at 2:26 pm

    ཆོས་ལོག་པར་མཐོང་བའི་ཆོས་འཕེལ་གྱིས།།
    དོན་མེད་པའི་ཚིག་ཞིག་རྒྱག་ལ་བྱུང་།།
    ལུང་རིག་པའི་རྒོད་པོའི་བུ་ཡིན་ན།།
    ང་རིག་པའི་རལ་གྲིའི་གདོང་ལ་ལོང་།།

  9. ཆོས་འཕེལ། says:
    2009-09-30 at 2:35 pm

    རིང་ནས་གཉེན་གཟེར་ཕོག་པའི་རྣག་ཐུམ་ཞིག་ཁོང་ན་ཡོད་ལ།།
    ཁྱོད་རིག་པའི་རལ་གྲིས་ཕྱི་རུ་གཏོན་ནས་རུལ་དྲི་ཞིག་བསྣམ་པར་འདོན་ན། ངས་ས་སྐྱ་པས་ཕུང་རབ་རྣམས་བང་སྒྲིགས་ནས་བཤད་ཆོག་པས་ཁྱོད་ཉོན་ཤོག

  10. མྱིག་རྫོད་ says:
    2009-09-30 at 6:51 pm

    ངས་གོང་དུ་ལབ་སོང་ང་། ཡང་རིག་རལ་གྱིས་རྐང་བཙུགས་ཏེ་བསམ་པ་ནག་པོའི་འཆར་གཞི་དང་གོ་རིམས་ཡོད་པའི་སྒོ་ནས་ཡང་སྐྱར་དཀྲུགས་ཤིང་འཕང་སོང་ཞེས་ལབ་སོང་ང་། ད་དགེ་རྙིང་གཉིས་ག་གླེང་ཚར་ནས་ད་ས་སྐྱ་སང་གི་ཐོག་ལ་འགྲོ་རན་ནི་ཡིན་ས་རེད། ཡང་རིག་རལ་གྱིས་འདོད་པ་འགྲུབ་སོང་། ཁ་ཐལ་བའི་ནང་དུ་རྫོགས་རྒྱུ་འདི་ཚོ། ཡང་ས་སྐྱ་སང་གི་སྐྱེས་བུ་དམ་པ་རྣམས་ལ་སྐུར་འདེབ་ཀྱི་མཆན་བཞི་བརྒྱ་འབྲི་རན་གི་ཡོད་ས་རེད། རིག་རལ་ཁྱོད་དེའི་སྔོན་ཞིག་ལ་ཤི་སོང་ཡོད་ན་ཅི་མ་རུང་ཡིན་ན། བོད་མི་རིགས་ཀྱི་རྐང་འདྲེན་སེམས་ནག གང་དུ་སོང་ཀྱང་གང་དུ་བསྡད་ཀྱང་བཀྲ་མི་ཤིས་པའི་དཀྲུགས་ཤིང་ཁྱོད་ཚོ། ད་འདིར་ས་སྐྱ་པ་ལ་མཚན་སྨོད་སྐུར་འདེབས་ཅི་འདྲ་བྱས་ན་འགན་ཡོངས་རྫོགས་རིག་རལ་གྱིས་ཁུར་དགོས།

  11. གསེར་ཆོས། says:
    2009-09-30 at 9:52 pm

    དྲྭ་གྲོགས་ཚོ་ད་ནས་བཟུང་རྩོམ་ཡིག་འདི་འདྲའི་རིགས་དེ་ལ་སུ་གང་གི་ཡང་མིག་གིས་མི་
    བལྟ་བ་དང་བསམ་ཚུལ་མི་འབྲི་བ་ངའི་རེ་བ་ཡིན། དེ་རིང་ཕན་ཆོད་རྩོམ་འདིའི་གཤམ་དུ་
    བསམ་ཆ་མ་འབྲི། སྐུ་མཁྱེན། མི་སུ་གཅིག་གིས་ཀྱང་བསམ་ཆ་མ་འབྲི། སྐུ་མཁྱེན། སྐུ་མཁྱེན།

  12. ཆོས་འཕེལ། says:
    2009-09-30 at 11:08 pm

    ད་ཡིན་ན། རིག་པའི་རལ་གྲི་ཞེད་ཚར་འདུག མཆན་གཅིག་ཀྱང་ཡང་བསྐྱར་འདེབས་ཕོད་མི་འདུག ཧ་གོ་སོང་། རྗེས་མར་རིག་པའི་རལ་གྲི་ཚར་བཅོད་བྱེད་དེ་ས་སྐྱ་པས་ཕུང་རབ་བཤད་ན། དེ་ལས་ལྷག་མེད་ཀི། ཧ་ཧ་ཧ་ཧ་ཧ་ཧ ཁྱོད་རང་ཞེད་མི་དགོས། མཆན་ཐོབ གོང་དུ་བྲིས་པའི་རུལ་དྲི་དེ། བོད་ཀྱི་ཤ་རྙིང་པ་ནང་བཞིན་རེད། བོད་ཀྱི་ཤ་རྙིང་པ་དེ་དྲི་མ་ཅུང་ཁ་ན་ཡང་། ཟོས་ན་ཞིམ་པོ་ཞིག་ཡོད་རེད། ་ཁྱོད་ཀྱི་སྙན་བརྩམས་འདི་གོ་བས་མྱོང་ན། ཞིམ་པོ་ཞིག་འདུག

  13. རིག་པའི་རལ་གྲི། says:
    2009-10-01 at 2:46 am

    དྲྭ་གྲོགས་གསེར་ཆོས་ལགས། གུས་པས་ཆོས་ལུགས་ཀྱི་འཐེན་ཁྱེར་བྱས་མེད་ལ། ཆོལ་ཁའི་ཕྱོགས་ཞེན་ཀྱང་དེ་ལས་བྱས་མེད། སྐྱེས་ཆེན་དམ་པ་རྣམས་ལ་བཀུར་འདེབས་བྱས་མེད་ལ། གོ་རྒྱུ་མེད་པའི་བཙོག་གཏམ་ཞིག་དེ་ལས་ཀྱང་སྨྲས་མེད། ངས་ལབ་པ་ནི་དངོས་གནས་ཡིན་ལ། ངས་བྲིས་པ་ནི་ཕུག་ཡོད་ཡིན། ང་དགའ་ས་ནི་བོད་དང་ནང་ཆོས་ཡིན་ལ། ང་སྡང་ས་ནི། ཆོས་ལ་དུག་བལྟ་རིང་ལུགས་དང་། ཆོས་ལུགས་དང་འཆོལ་ཁར་འཐེན་ཁྱེར་དང་དཀྲུགས་ཤིང་བྱེད་མཁན་རྣམས་ཡིན། ངས་དྲངས་པོར་བརྗོད་པའི་ཚིག་དེ་དག་རྣ་བར་མ་སོང་བའི་རྒྱུ་མཚན་ཅི་ཡིན་མ་ཤེས་རུང་། དོན་དང་ལྡན་པའི་གཏམ་འདྲ་དང་དགོངས་འཆར་ཡོད་ན་དགའ་བསུ་ཞུ།

  14. རིག་པའི་རལ་གྲི། says:
    2009-10-01 at 3:05 am

    ཆོས་རྗེ་ས་སྐྱ་པན་ཆེན་གྱི་ཞལ་སྔ་ནས། བདག་ནི་སངས་རྒྱས་བསྟན་པ་ལ། །མི་ཕྱེད་པ་ཡི་དད་པ་ཡོད། །འོན་ཀྱང་སངས་རྒྱས་བསྟན་པ་ལ། །འཁྲུལ་བ་སྤྱད་ལ་བདག་མ་དད་ཅེས་གསུང་པ་ལྟར་དམ་པ་དེ་ཉིད་ཀྱི་རྗེས་འཇུག་ཏུ་རློམས་པ་ཞིག་ཡིན་པའི་ཆ་ནས། དྲྭ་རྒྱ་འདི་ཐོག་ནས་ལུང་དང་རིག་པས་ཚར་གཅོད་ཡོང་བའི་དོག་པ་མེད་ལ། རྣམ་པར་དག་པའི་ལུང་རིག་དང་རྒྱུ་མཚན་སུ་ལ་འདུག་ན། བདེན་པ་བསྒྲགས་པ་དང་ནོར་བ་འདོར་བ་ལ་ཉམས་ང་མེད།

    ང་ལ་ཆོས་འཕེལ་ཁྱོད་དང་ཁྱོད་འདྲ་བ་ལ་ལུང་རིག་གིས་བརྩད་ན་སྤྲོ་བ་ཡོད་རུང་། བཀུར་འདེབས་ཀྱིས་བཙོག་གཏམ་མང་པོ་ཡོང་དོགས་ཀྱིས་དངོས་གནས་ཞེད་སྣང་འདྲ་སྐྱེ་ཡོང་གི་འདུག

    དེ་བས་རང་རེ་བོད་རྣམས། ལུག་བརྒྱ་ལྷས་གཅིག་ཏུ་འདོགས་བྱེད་ཀྱི་ཐག་པ། ཕྲེང་རྡོག་བརྒྱ་ཨ་ལོང་གཅིག་ཏུ་སྦྲེལ་བྱེད་ཀྱི་རྐུད་པ། བོད་པ་རྣམས་ཕྱོགས་བཅུར་འཐོར་ན་ཡང་རང་རིགས་གཅིག་ཏུ་བསྡུས་ནས། ནང་བསམ་གནོའི་ནང་ནས་ཀྱང་བོད་པ་ཡིན་བསམ་ནས་མཚོན་བྱེད་དེ་ནང་ཆོས་འདི་རེད་འདུག་བསམ་གྱིན་ཡོད།

  15. གསེར་ཆོས། says:
    2009-10-01 at 7:18 am

    རིག་རལ་ལགས་ངས་འདི་ལྟར་ཤོད་དགོས་དོན་ནི་དེ་རིང་ཡང་འདི་ན་ཆོས་ལུགས་འཐེན་ཁྱེར་གྱི་
    གཏམ་ཞིག་མགོ་བཙུགས་ཡོང་གི་འདུག་བསམ་ནས་ཞེད་པ་ཡིན་ལགས། གཞན་ཁྱེད་ཀྱི་རྩོམ་ལ་
    མཆན་མ་འབྲི་ག་ལ་ཟེར།

  16. འཆི་བདག་སྐྱབས་། says:
    2009-10-03 at 4:05 am

    རིག་རལ་ལགས་ངས་འདི་ལྟར་ཤོད་དགོས་དོན་ནི་དེ་རིང་ཡང་འདི་ན་ཆོས་ལུགས་འཐེན་ཁྱེར་གྱི་
    གཏམ་ཞིག་མགོ་བཙུགས་ཡོང་གི་འདུག་བསམ་ནས་ཞེད་པ་ཡིན་ལགས།

  17. ཆོས་འཕེལ། says:
    2009-10-06 at 1:38 pm

    ངས་བསམ་ན་ཁྱོད་རང་མུན་པ་འཐུག་པོ་ཞིག་གི་ནང་དུ་ཉལ་ནས་སྡད་འདུག་བསམ་གྱི་ཡོད། ཉིད་ལ་གཡོ་སྒྱུའི་གར་བལྟ་བའི་མིག་ཡོད་དམ། མུན་པ་ལས་མཐོང་གི་འདུག་གམ།

  18. ཆོས་འཕེལ། says:
    2009-10-06 at 1:40 pm

    དེ་རིང་ང་དངོས་གནས་སྨྱོན་པ་ཆགས་གྲབ་འདུག ཚང་མ་ལ་སྐྱོན་མཐོང་གི་འདུག ང་རང་མ་གཏོགས

  19. རིག་པའི་རལ་གྲི། says:
    2009-10-11 at 1:30 am

    ཆོས་འཕེལ་ལགས། གཡོ་སྒྱུའི་གར་འདི་མཐོང་གི་མི་འདུག་གམ།

  20. ཆོས་འཕེལ། says:
    2009-10-11 at 8:54 am

    ཟླ་ཤས་སྔོན་དུ་ཁ་བརྡའི་གྲོང་ཁྱེར་འདི།།
    དོན་བཟང་སྙན་པའི་འཆར་བཀོད་ལེགས་པའི་ཐོག།།
    ཤེས་ལྡན་གཞོན་ནུ་དགྱེས་དགུར་རོལ་བའི་གནས།།
    དེང་ནི་སྨྱོན་པའི་ཟློས་གར་བསྒྱུར་སར་གྱུར།།

    ཕྱོགས་ཞེན་དུག་གི་མེ་ལྩེ་ཚིག་རྩུབ་ཀྱི།།
    སྙིང་ཁམས་སྲེག་པའི་དུད་ནག་ཕྱུར་དང་ལྷན།།
    དྲངས་བདེན་གཞོན་ནུའི་མིག་ནས་གཞུར་བའི་རྒྱུན།།
    ཕྱིས་པའི་ཕྱག་རོག་རིག་པའི་རལ་གྲིས་མཛོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (66)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (54)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (36)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme