གལ་ཆེ་གསལ་བསྒྲགས།
འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་གང་སར་ཡོད་པའི་བོད་རིགས་ཆེད་ལས་མཁས་ཅན་པ་དག་གི་སྙན་ལམ་དུ་ཞུ་རྒྱུ། གཤམ་གསལ་འགེངས་ཤོག་འདིའི་ནང་། ཆེད་ལསwlt-leshi-intro-on-pad-ms98-2003་གང་ཞིག་ལ་མཁས་པའི་དོ་བདག་སོ་སོས་འགེངས་ཤོག་རྒྱངས་ནས།
OFFICE ADD:
c/o Office of Vice Chancellor
Central University of Tibetan Studies (CUTS)
Sarnath – 221007 Varanasi
U.P. INDIA
+91-0542-2586040
+91-0542-2586040
wisdomlighttrust@gmail.com
MEMBERS:
1. Dechen Dorjee
dedorjvarna@yahoo.co.in
09889782522
2. Gangne Yeshi Jigme
gangyejig@yahoo.com
09718156966
3. Norbu Nyima
gemsun03@yahoo.co.in
09956270683
4. Tapsang
taps48@yahoo.com
09794317227
5. Dranyi Dawa Tsering
dr_datse@in.com
09997565925
གོང་གསལ་ཁ་པར་དང་། གློག་འཕྲིན་ཐོག་འབྲེལ་བ་གནང་རོགས། ང་ཚོའི་ལས་རིམ་འདིའི་དམིགས་ཡུལ་དང་རེ་བ་ནི་གཤམ་གསལ་ལྟར་ཡིན།
༄༅། །བོད་རིགས་ཁྱད་མཁས་དང་ཆེད་ལས་མི་སྣ་ངོ་སྤྲོད་ཀྱི་ལས་གཞི།
ངོ་སྤྲོད། བོད་རིགས་ཁྱད་མཁས་དང་ཆེད་ལས་མི་སྣ་ངོ་སྤྲོད་ཀྱི་ལས་གཞི་འདི་ནི་ཤེས་རབ་འོད་སྣང་མཐུན་ཚོགས་ཀྱི་དམིགས་ཡུལ་གསུམ་གྱི་དང་པོ། བོད་རིགས་གཞོན་སྐྱེས་ཁྱད་མཁས་མི་སྣ་གསོ་སྐྱོང་བྱ་རྒྱུ་ཞེས་པ་དེའི་སྟ་གོན་གྱི་ལས་གཞི་ཞིག་ཡིན།
དགོས་པ། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་འཚོ་བཞུགས་ཡོད་པའི་རང་རེའི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཁག་དང་དེང་དུས་ཀྱི་རིག་གནས། གཞན་ཡང་སྒྱུ་རྩལ་ལ་སོགས་པའི་རིག་གནས་བྱེ་བྲག་པ་སོ་སོར་ཁྱད་དུ་འཕགས་པའི་མཁས་པ་དང་ལས་རིགས་སློབ་སྦྱོང་གི་གནས་ལས་ཆེད་ལས་ཐོན་པའི་བོད་རིགས་རྣམས་མ་འོངས་བོད་ཀྱི་འཛུགས་སྐྲུན་སླད་ངོ་སྤྲོད་བྱ་རྒྱུ་མ་ཟད། ཁོང་རྣམ་པར་གདེང་འཇོག་དང་གུས་བརྩི་སྔར་ལྷག་ཐོབ་ཅིང་གཞོན་སྐྱེས་ཚོའི་མིག་དཔེའི་ཡུལ་དུ་གྱུར་ཆེད་ཀྱང་ཡིན། དེ་དང་ཕྱོགས་མཚུངས་འཛམ་གླིང་གང་སར་ཡོད་པའི་བོད་རིག་པའི་མཁས་པ་རྣམས་ཀྱང་ངོ་སྤྲོད་བྱ་རྒྱུའི་ལས་གཞི་ཞིག་ཀྱང་ཡིན། ལས་གཞི་འདི་བརྒྱུད་བོད་ཕྱི་ནང་གི་བོད་རིགས་རྣམས་ནས་རང་གི་རིག་གནས་ཀྱི་རིན་ཐང་དང༌། མི་རིགས་ཀྱི་ཤེས་ཚད་དང་འཇོན་ཐང་རྣམས་ཤེས་ཐབས་དང༌། དེ་བཞིན་ཁོང་རྣམ་པའི་ལམ་སྟོན་བཟང་པོ་ལ་བརྟེན་ནས་འབྱུང་འགྱུར་མི་རབས་གསར་པའི་མདུན་ལམ་དང༌། རང་གི་རྒྱལ་ཁབ་དང་མི་རིགས། རིག་གཞུང་བཅས་ཀྱི་ཐོག་ཞབས་འདེགས་ཞུ་ཐུབ་པ་ཞིག་ཡོང་བར་དམིགས་པ་ཡིན།
སྐུ་ཉིད་གནའ་དེང་གི་རིག་གནས་གང་ཞིག་གི་ཐོག་ཁྱད་མཁས་དང་ཆེད་ལས་པ་ཡིན་ན་འགེངས་ཤོག་འདི་བཀང་སྟེ་མཐུན་ཚོགས་ལ་གང་མགྱོགས་གཏོང་གནང་ཡོད་པ་ཞུ། འདི་ལོའི་ལོ་མཇུག་ནང་བོད་རིགས་ཁྱད་མཁས་དང་ཆེད་ལས་མི་སྣ་ངོ་སྤྲོད་ཀྱི་དཔེ་དེབ། THE SCHOLARS OF TIBET ཅིག་འགྲེམས་སྤེལ་ཞུ་འཆར་ཡོད། ལས་གཞིའི་འགྲོ་གྲོན་རྣམས་རང་གཞུང་བཀའ་ཤག་དང༌། སྐུ་སྒེར་ཡིག་ཚང་གཉིས་ནས་གནང་ཡོད་བཅས་སོ།།
ཤེས་རབ་འོད་སྣང་མཐུན་ཚོགས། Wisdom Light Trust (WLT) प्रज्ञा प्रभा न्यास ནི་ཝཱ་ཎ་གཙུག་ལག་སློབ་ཁང་གི་སློབ་མ་ཁག་ཅིག་ནས་མ་སྐུལ་དང་བླང་ཐོག་གསར་འཛུགས་བྱས་པ་ཞིག་ཡིན། དམིགས་ཡུལ་ནི། ༡།བོད་རིགས་གཞོན་སྐྱེས་ཁྱད་མཁས་མི་སྣ་གསོ་སྐྱོང་བྱ་རྒྱུ། ༢།དེང་དུས་རིག་གསར་ཁག་བོད་སྐད་ཐོག་ནང་འདྲེན་བྱ་རྒྱུ། ༣།རྩ་ཆེའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁག་གཞི་རིམ་རྒྱ་ཆེའི་བོད་རིགས་མི་མང་གི་འཚོ་བའི་ཁྲོད་ཕན་ནུས་ལྡན་པའི་བཀོལ་སྤྱོད་ཡོང་ཐབས་བྱ་རྒྱུ་བཅས་ཡིན། མཐུན་ཚོགས་ཀྱི་ལས་གཞི་དངོས་འདས་ལོ་ཕྱི་ལོ།༢༠༠༩ ཟླ་བ།༠༨ པ་ཚེས།༠༡ ནས་འགོ་ཚུགས་ཡོད་ཅིང༌། ལས་འཆར་གྱི་རིམ་པ་དང་པོར་བོད་རིགས་ཁྱད་མཁས་དང་ཆེད་ལས་མི་སྣ་ངོ་སྤྲོད་བྱ་རྒྱུ་ཡིན།
down load form from www.wisdomlighttrust.webs.com
ཤེས་རབ་འོད་སྣང་མཐུན་ཚོགས་ནས།
དྲ་བདག་ལགས། གསལ་བསྒྲགས་འདི།་ངས་PDFནང་བཞག་བསམས་ཀྱང་བཞག་སྟངས་ཤེས་མ་བྱུང་། གཅིག་བསླབ་རོགས་གནང་།
Dear Tibetans,
Wisdom Light Trust(NGO)is going to collect the brief bio data of Tibetan scholars from in side and out side tibetan communities ,so please forward the bio data of tibetan professional ,specialized and experts/scholars if you know and if you are one of them.thanks for your act as we wish. for detail information Please visit at http://www.wisdomlighttrust.webs.com
བཀུར་འོས་བོད་མི་མང་སྤྱི་འཐུས་བེར་འཇིགས་ལགས། ཁྱོད་ཀྱིས་འཇོག་འབྲི་དགོས་སར་བཞག་ཅེས་བྲིས་པའི་རྒྱུ་མཚན་ག་རེ་ཡིན་ནམ། སྐུ་ཉིད་ཀྱིས་དུས་གསུམ་གྱི་ཁྱད་པར་མ་ཤེས་པ་ནི་ག་ལ་ཡིན་ཨ།
ངོ་མ་རེད།
མཁས་པས་མཁས་མཉམ་མ་བཞག་ན་དངོས་གནས་ཉེན་ཁ་ཆེན་པོ་འདུག
ཁ་ཡར་ལྟ་ས་ཞིག་ཡོད་པས་ཀྱང་ཚིག་རྐང་གཉིས་ཀྱི་ནང་དུ་དག་ཆ་ནོར་ན་ནི་
ལྟ་མཁན་དག་གིས་ནི་ལྟ་ཅི།
ཐུགས་མཉམ་འཇོག་རོགས་དགེ་བཤེས་ལགས།
དོན་དག་མེད་པ་རང་རེད་
ཨ་རོ་ཚོ་དོན་མེད་ཀྱིས་སྐད་ཆ་མི་བཤད་པར་མཁས་དབང་ཞོགས་དུང་ལགས་ག་འདྲ་བྱས་ནས་བཙོན་ནས་ཐར་ཐབས་བྱེད་ཀྱི་ལས་འགུལ་གང་འདྲ་བྱས་ན་དགའ་ས་རེད།