(དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་བའི་གལ་ཆེའི་གསལ་བསྒྲགས།)
དགོངས་མངའ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཁྲིམས་ཡིག་དགོངས་དོན་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་དགོས་པ་གཙོ་བོ་བོད་ཀྱི་ཡུལ་མིའི་ལས་འགན་དུ་གསལ་བའི་དང་བླངས་དཔྱ་དངུལ་དང་ངེས་ཅན་བསྡུ་དངུལ་ཁག་འབུལ་རྒྱུའི་ཆེད་དུ་ཡིན་ནའང་། བར་སྐབས་ཤིག་ནས་བོད་མི་གང་ཙམ་གྱིས་སོ་སོའི་དགོས་དབང་ལ་གཞིགས་པའི་ལོ་རྒྱུས་ལ་སྒྱུར་བཅོས་ཇི་བཏང་ཁག་དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ལོ་རྒྱུས་ལའང་དེ་བཞིན་སྒྱུར་བཅོས་གཏོང་དགོས་པ་ཇི་བཞིན་མ་ཐུབ་པའི་གནས་སྟངས་ཡོད་མུས་འདི་ལས་བོད་མིའི་སྒྲིག་འཛུགས་དང་སྒེར་གཉིས་ཀར་དཀའ་ངལ་འཕྲད་མུས་ཡིན་པར། དང་བླངས་དཔྱ་དངུལ་ལག་དེབ་ནང་མིང་དང་སྐྱེས་ལོ་ཟླ་ཚེས་ཕུད་གཞན་ལོ་རྒྱུས་ལ་སྒྱུར་བཅོས་མ་ཐུབ་པའི་དཀའ་ངལ་སེལ་ཐབས་དང་།
དེ་བཞིན་རིམ་པས་དེ་ལྟའི་ནོར་བཅོས་བྱ་དགོས་ཀྱིས་ལས་རྙོག་མེད་པ་བཟོ་ཐབས་སུ་༸དཔལ་ལྡན་བཀའ་ཤག་ནས་དགོངས་བཞེས་ཀྱིས་ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༡ ནས་བཟུང་སོ་སོའི་མིང་དང་། སྐྱེས་ལོ་ཟླ་ཚེས། ཕ་ཡུལ། འདྲ་པར་བཅས་ལོ་རྒྱུས་སྙིང་བསྡུས་གསལ་བའི་ལག་དེབ་ཞིག་སྤྲོད་རྒྱུ་གཏན་འབེབས་གནང་སོང་བའི་ཆ་རྐྱེན་དང་། ཞུ་སྙན་འགེང་ཤོག ལམ་སྟོན་བཅས་ཀྱི་ཞིབ་གནས་འབྲེལ་ཡོད་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་སོ་སོར་བཏང་ཟིན་པས་རིང་མིན་ཁུངས་ཁྱབ་ཡོང་རྒྱུ།
ཡང་དཔྱ་དེབ་གསར་བཟོ་དང་། ལོ་རྒྱུས་ལ་ནོར་བཅོས། དེ་བཞིན་བོར་བརླགས་བསྐྱར་བཟོ་བྱ་དགོས་ཀྱི་འགེང་ཤོག་དང་། ཆ་རྐྱེན་བཅས་ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་༥ འཁོད་༧དཔལ་ལྡན་བཀའ་ཤག་གི་ལམ་སྟོན་ལ་རྩ་འཛིན་སོར་གནས་ཡིན་པ་མ་ཟད། ཕ་མའམ་ནང་མིའི་ལོ་རྒྱུས་དང་མཐུན་དགོས་པའི་ཆ་རྐྱེན་ཡང་སོར་གནས་བྱ་རྒྱུ།
ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༡ ནས་བཟུང་དཔྱ་དེབ་གསར་བཟོ་དང་ནོར་བཅོས། བོར་བརླགས་བསྐྱར་བཟོ་གང་ཡིན་ལའང་ལོ་རྒྱུས་སྙིང་བསྡུས་གསལ་བའི་དཔྱ་དེབ་སྤྱི་མཚུངས་སྤྲོད་རྒྱུ་ཡིན་པས། དེ་སྔོན་དཔྱ་དངུལ་ལག་དེབ་ནོར་བཅོས་ཆེད་འགེང་ཤོག་དཔལ་འབྱོར་ལས་ཁུངས་སུ་འབྱོར་ཟིན་པ་གང་ཞིག་ཆ་རྐྱེན་ཚང་མིན་གྱི་དོགས་དྲི་ཁུངས་སོ་སོར་སོང་ཟིན་པའི་གསལ་བཤད་ཡིག་ཆ་འབྱོར་བསྡད་ཕྱི་ལོ་ ༢༠༡༤ ཟླ་༡༡ ཚེས་༡༥ ནང་ཚུད་འདི་གར་ཕུལ་འབྱོར་ཟིན་པ་དགོས་རྒྱུ་དང་། དེ་རྗེས་༢༠༡༤ ཟླ་༡༡ ཚེས་༣༠ ནང་ཚུན་ནོར་བཅོས་ཐུབ་རེ་བྲལ་བ་དང་གསལ་བཤད་མ་འབྱོར་བ་རིགས་ཀྱི་ཞུ་སྙན་རྩིས་མེད་ཀྱིས་ཁུངས་འབྲེལ་ཟིན་པ་བྱ་རྒྱུ་ཡིན་པ་བཅས་ཀྱི་གསལ་བསྒྲགས་སུ།
དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་༢༠༡༤ ཟླ་༡༠ ཚེས་༩ ལ།།
བཙན་བྱོལ་བོད་གཞུང་ལ་དཔྱ་དངུལ་ཕུད་དགོས་པ་ལས་སྒྲིག་འཛུགས་ཟེར་བར་མིང་བསྒྱུར་རྗེས་ཕུལ་དགོས་པའི་གནས་ལུགས་ཤིག་མཐོང་མ་ས྄ོང་། བཙན་བྱོལ་ནང་སྒྲིག་འཛུགས་ཁེངས་བསྡད་ཡོག་རེད། དེ་རེ་རེར་སྤྲད་དགོས་ན་ཡོང་ས་མ་རེད། དེ་ལས་བོད་ནང་ལ་ཐད་ཀར་རོགས་པ་གང་ཐུབ་གནང་ན་དགོས་ཕན་དེ་ལ་ཡོག་རེད།
མི་རེ་རེའི་དགོས་དབང་ལ་གཞིགས་ནས་ལག་དེབ་གསར་པ་བཟོས་བསྡད་ན་ཡོང་ཡ་ཨེ་ཡོད་ན། རྗེས་མ་ལག་དེབ་གསར་པ་གཉིས་པ་དང་གསུམ་པ་སོགས་ཀྱང་རིམ་པས་བཟོ་དགོས་ཆགས་སྲིད་པས་བོད་མིའི་སྒྲིག་འཛུགས་གཞུང་འདི་ག་ལེ་ག་ལེར་རྒྱལ་སྤྱིའི་མདུན་དུ་སྒྲིག་འཛུགས་ཁྲམ་པ་ཁྲམ་ནག་ཅིག་ཏུ་མི་འགྱུར་བའི་ངེས་པའང་ག་ལ་ཡོད། དེ་བས་བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ་ཡིན་ཟེར་བའི་གཏམ་དཔེ་དེ་བཀའ་སྤྱི་རྣམ་པས་ཐུགས་ལ་ཞོག
བོད་ཀྱི་སྒྲིག་འཛུགས་ནི་བོད་མིའི་ཆེད་རང་དབང་ལྡན་པའི་སྒྲིག་འཛུགས་ཨ་ན་མ་ན་དེ་རེད། དེར་བརྟེན། མ་ཤི་བར་དུ། ཞལ་འདེབས་སྒོར་མོ་ཤི་མ་ཤི་འབུལ་གྱི་ཡིན། བོད་ནང་ནས་ནི་མང་པོས་ལྐོག་ཏུ་རྒྱ་གར་ལ་མ་དངུལ་འབུལ་གྱི་ཡོད་པ་ཤེས་ཀྱི་ཡོད། ཕྱི་ལ་རང་དབང་ལྡན་པའི་བོད་པ་ཚོས་རྙོག་ཁྲ་ཤོད་སྡོད་ན་ངོ་ཚ། ཀརྨ་བློ་གསལ་ལགས་ཀྱི་དངུལ་དེ་བོད་ནང་ལ་འབུལ་རོགས། ངའི་དངུལ་དེ་བོད་གཞུང་ལ་འབུལ་གྱི་ཡིན།
ཁྱོད་ཚོས་ག་དུས་བཙན་བྱོལ་བོད་གཞུང་རང་འཇག་ཕྱིར་བཟོས་པ་ཡིན་ན་དེར་དུས་བཅའ་ཁྲལ་སྤྲོད་ཀྱི་ཡིན། ༢༠༡༡ལོར་བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པར་དམངས་མོས་བྱུང་ཡོད་ཀྱང་དམངས་མོས་ལ་རྩིས་མེད་རྡོག་རོལ་བཏང་ནས་སྒྲིག་འཛུགས་ལ་བསྒྱུར་ཡོད། གལ་སྲིད་བཙན་བྱོལ་བོད་གཞུང་སླར་གསོ་མ་བྱས་པ་ཡིན་ན་བཅའ་ཁྲལ་སྤྲོད་ཀྱི་མིན། དེ་ལུགས་དགོངས་འཇག་འཚལ།
ཁྱོད་ཚོས་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ལ་བསྒྱུར་དུས་བོད་མི་རྒྱལ་གཅེས་པ་ཚོས་མིག་ནས་མཆི་མ་ཤོར་མྱངས་བ་དེར་ཁྱོད་ཚོས་བརྗེད་མི་ཉན་ཨ། བརྙས་བཅོས་ཚད་ལས་བརྒལ་བསྡད་ཡོད་པ་འདིར་ང་ཚོས་ཡང་བརྗེད་ཐབས་མེད། སྙིང་ལ་བཟོས་པའི་རྨ་ཁ་རེད་དོ།
བཀའ་དྲིན་ཆེའོ།
ཅོ་རི་ཉི་མ།
ཁྱོད་སྔོན་མ་ནས་དངུལ་སྤྲོད་ཀྱི་ཡོད་པའི་དཔང་རྟགས་ཅིག་སྟོན་རོགས། ངའི་དྲན་པར་ཁྱེད་ཀྱིས་སྤྲོད་ཀྱི་མེད་གསུངས་མྱོང་།
རྒྱུན་རིང་དྲན་བསྡད་པ་ཞིག་འབྲི་བའི་གོ་སྐབས་བྱུང་བར་དགའ་བོ་བྱུང་། བཀའ་ཁྲི་སྔོན་མའི་སྐབས་སུ་དཔྱ་ཁྲལ་ལག་དེབ་ལ་འགྱུར་བ་བཏང་རྗེས། ལག་དེབ་སྔོན་མ་དེར་བེད་སྤྱོད་མེད་ལ། སྔ་མའི་སྟེང་ཏུ་སྦྱོར་དགོས་པ་དེ་དག་ཀྱང་མེད་པར། ཨ་རི་ལ་མཚོན་ན་ཨ་སྒོར་༩༦ སྤྲད་རྗེས། བྱུང་འཛིན་ལྟ་བུ་ཞིག་སྤྲད་ནས། ལོ་ཤས་དེ་ལྟར་འདས། འོན་ཀྱང་ལོ་ཤས་སྔོན་ནས་དེ་ཡང་འགྱུར་བ་ཐེབས་ནས། དེབ་གསར་བ་དེ་ངེས་པར་ཏུ་མ་བཟོས་ན་རྙིང་བའི་སྟེང་ནས་དཔྱ་ཁྲལ་ཕུལ་ས་མི་འགྲོ་བ་ལྟ་བུ་ཞིག་ཆགས་འདུག ཨ་རི་ནས་མི་མང་བོ་ལག་དེབ་གསར་བ་བཟོ་ཆེད་སྦྲག་ཐོག་ནས་རྡ་སར་བཏང་འདུག་ཀྱང་། སྦྲག་ཐོག་ནས་བོར་བ་འམ། རྡ་ས་ནས་བདག་སྤྲོད་མ་གནང་བ་གང་ལྟར་ཡང་ལག་དེབ་གསར་བ་མ་ཐོབ་པར་མ་ཟད། རྙིང་བ་ཡང་གར་སོང་མེད་པར་གྱུར། ང་ལ་མཚོན་ན་ཡང་དཔྱ་ཁྲལ་ཕུལ་མ་ཐུབ་པར་ལོ་གསུམ་འགོར་ཡོད་པའི་གྲས་ཡིན། གཞུང་ཞིག་གི་ངོས་ནས་ལོག་ཕྱོགས་རྐྱང་བར་ཐུགས་བསམ་མ་བཞེས་པར། མཐུན་ཕྱོགས་ལ་ཡང་ཐུགས་བསམ་བཞེས་པ་གལ་ཆེན་རེད་བསམ། གང་ཡིན་ཟེར་ན་དེ་སྟེང་ནས་ཚར་རེ་ཁེ་སང་ལེན་པ་ཡོང་གི་ཡོད་སྲིད་པ་རེད། འོན་ཀྱང་ལག་དེབ་དེའི་སྟེང་ནས་ག་དུས་ཡིན་ན་ཡང་ཁེ་སང་ལེན་མཁན་ཡོད་པ་མ་རེད། དེ་བས་ནས་རང་གཞུང་ལ་དཔྱ་ཁྲལ་འབུལ་འདོད་ཡོད་མཁན་ཚང་མ་ལ་འབུལ་བའི་ལམ་ཁ་སྟབས་བདེ་རུ་གཏོང་རྒྱུ་མཁྱེན། ལག་དེབ་གསར་བ་ངེས་པར་ཏུ་བཟོ་དགོས་ན། ས་གནས་རང་ནས་བཟོ་ཐུབ་པ་ཞིག་དང་། དེ་མ་བྱུང་ན་ཡང་ཨ་རི་ཤར་ཕྱོགས་ལ་མཚོན་ན་དོན་སྤྱོད་ནས་ཐོབ་ཐུབ་པ་ཞིག་བཟོས་ན་ཡག་པོ་རེད། དེ་མིན་སྦྲག་ཐོག་ནས་རྡ་སར་འགེང་ཤོག་དང་ལག་དེབ་བཅས་སྐུར་དགོས་པའི་ཇུས་དེ་སུས་བཟོས་པ་ཡིན་ན་དག་དག་ཕན་ཚུན་འབྱོར་གྱི་མེད་པའི་དཀའ་ངལ་འདུག
ལག་དེབ་གསར་བ་བཟོས་པ་དེས་མི་མང་པོ་ལ་དཀའ་ངལ་སྤྲད་ཡོད་ལ། མི་མང་པོས་ལག་དེབ་བོར་བརླག་ཏུ་ཡང་སོང་ཡོད། ངས་འདི་ཡང་བཀའ་ཤག་སྔོན་མའི་སྐྱོན་ལ་ངེས་འཛིན་བྱེད་བཞིན་ཡོད།།
སྐྱབས་འཆོལ་བོད་མིའི་སྒྲིག་འཛུགས་ཀྱི་དཔྱ་དེབ་འདི་ཡང་ཀུ་ཤུ་རྟགས་ཅན་ཞིག་རེད། ལོ་རེ་རེར་འགྱུར་བ་འགྲོ་ཆོག་ཆོག་ཅིག་རེད།
ངས་ལོ་བཅུའི་སྔོན་ལ་ནང་མོལ་དང་ལོ་གསུམ་གྱི་ཡར་སྔོན་ཡོངས་གྲགས་སུ་དཀའ་ངལ་འདི་དག་ཡོང་གི་རེད་ཅེས་བྲིས་ཡོད། རྣ་ཅོག་གཡར་མཁན་རྐང་གཅིག་བྱུང་མ་སོང་། དྲ་ཐག་འདིར་གཟིགས་རོགས།
བཙན་བྱོལ་བོད་གཞུང་བསྡུ་གསོག་ལས་བསྐྱེད་པའི་བསམ་གཞིགས།
http://www.tibettimes.net/news.php?id=2876
དཔྱ་ཁྲལ་འབུལ་དགོས་བ་ཡིན་ན་འབུལ་ཆོག་ཀྱང་བོད་མི་ཚོས་ཡར་ལ་འབུལ་བ་ནང་བཞིན་ཚུལ་ལ་བོད་མི་རྣམས་ལ་ཡག་པོ་བྱེད་རྒྱུ་ནི་་གནད་དུ་མཐོང་། རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱིས་གན་རྒྱའི་འོག་བོོད་མིའི་ཡིག་ཆ་དང་འགྲོ་འདུག་ཉལ་གསུམ་སོགས་ལ་བོད་གཞུང་གིས་བཏང་འཛིན་བྱེད་རྒྱུ་ཁས་ལེན་བྱས་བ་མ་ཟད། དེ་ལྟར་བྱེད་པའི་ནུས་བ་ཡོད་ཚུལ་དང་། བཙན་བྱོལ་བོོད་མི་རྣམས་ཀྱིས་ཀྱང་ཁོང་ཚོའི་ངག་ལ་ཉན་ཚུལ་བརྗོད་ཡོད། འོན་ཀྱང་། ༢༠༠༥སྔོན་དུ་བཟོས་བའི་སྐྱེས་སྐར་ལེགས་ཁྱེར་བརླགས་པ་ཡིན་ན། རྒྱབ་གཉེར་གྱི་ཡི་གེ་ཙམ་ལས་དག་མ་གསར་བཟོ་བྱེད་ཀྱིན་མི་འདུག མ་གཞི་རྒྱལ་ཁབ་དང་ཚོགས་པ་ག་འདྲ་ཞིག་ཡིན་ཡང་། ཁྲིམས་མཐུན་གྱི་ལག་ཁྱེར་ཞིག་བརླགས་པ་ཡིན་ན། དེ་བཟོ་ཡུལ་གྱི་ལས་ཁུངས་ནས་ཡང་སྐྱར་གསར་བ་བཟོ་བ་རྒྱུ་རྒྱུན་ལྡན་ཡིན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་དོན་ལས་ཁུངས་ནས་དེ་ལྟར་རེད་མི་འདུག ད་དུང་ཡང་སྐུ་དབང་ལམ་ལུགས་ཀྱི་ཤན་ཞུགས་ཡོད་པའི་འཚོར་བ་བྱུང་།
ནོར་བཅོས།
དཔྱ་ཁྲལ་འབུལ་དགོས་བ་ཡིན་ན་འབུལ་ཆོག་ཀྱང་བོད་མི་ཚོས་ཡར་ལ་འབུལ་བ་ནང་བཞིན་ཚུལ་ལ་བོད་མི་རྣམས་ལ་ཡག་པོ་བྱེད་རྒྱུ་ནི་་གནད་དུ་མཐོང་། རྒྱ་གར་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་ཀྱིས་གན་རྒྱའི་འོག་བོོད་མིའི་ཡིག་ཆ་དང་འགྲོ་འདུག་ཉལ་གསུམ་སོགས་ལ་བོད་གཞུང་གིས་བཏང་འཛིན་བྱེད་རྒྱུ་ཁས་ལེན་བྱས་བ་མ་ཟད། དེ་ལྟར་བྱེད་པའི་ནུས་བ་ཡོད་ཚུལ་དང་། རྒྱ་གར་གཞུང་གིས་ཐད་ཀར་བོད་མི་རྣམས་ཀྱི་ཡིག་ཆ་དང་སློབ་སྦྱོང་། འཚོ་བ་སོགས་ལ་དོ་བདག་བྱེད་མི་དགོས་བ། ཁོང་ཚོས་དེ་ལྟར་བྱེད་ནུས་ཤིང་། བཙན་བྱོལ་བོོད་མི་རྣམས་ཀྱིས་ཀྱང་ཁོང་ཚོའི་ངག་ལ་ཉན་ཚུལ་བརྗོད་ཡོད། འོན་ཀྱང་། ༢༠༠༥སྔོན་དུ་བཟོས་བའི་སྐྱེས་སྐར་ལེགས་ཁྱེར་བརླགས་པ་ཡིན་ན། རྒྱབ་གཉེར་གྱི་ཡི་གེ་ཙམ་ལས་དག་མ་གསར་བཟོ་བྱེད་ཀྱིན་མི་འདུག མ་གཞི་རྒྱལ་ཁབ་དང་ཚོགས་པ་ག་འདྲ་ཞིག་ཡིན་ཡང་། ཁྲིམས་མཐུན་གྱི་ལག་ཁྱེར་ཞིག་བརླགས་པ་ཡིན་ན། དེ་བཟོ་ཡུལ་གྱི་ལས་ཁུངས་ནས་ཡང་སྐྱར་གསར་བ་བཟོ་བ་རྒྱུ་རྒྱུན་ལྡན་ཡིན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་བདེ་དོན་ལས་ཁུངས་ནས་དེ་ལྟར་རེད་མི་འདུག ད་དུང་ཡང་སྐུ་དབང་ལམ་ལུགས་ཀྱི་ཤན་ཞུགས་ཡོད་པའི་འཚོར་བ་བྱུང་།
དཔལ་འབྱོར་ལས་ཁུང་ལ་ཁག་མེད། དེ་ནི་གཞུང་གི་བྱེད་ཕྱོགས་མ་འགྲིག་པ་དེ་འདྲ་མིན། དཀའ་ངལ་བཟོ་མཁན་ཚང་མ་སོ་སོ་ནས་མགོ་བཙུགས་པ་རྐྱང་རྐྱང་ཡིན།
བོད་མི་བརྒྱ་ཆ་དགུ་བཅུས་ལོ་བརྫུན་མ་བཤད་ནས་ཐོ་འགོད་བྱས་འདུག། རྒྱ་གར་ན་ཡོད་དུས་ལོ་ཆུང་ཆུང་བྱས་ནས་དགོས་དབང་ཞིག་ཨེ་ལོན་ལྟ་བཞིན་ཡོད་པ་རེད། དེ་ནས་ཕྱི་རྒྱལ་ཁྲིམས་ཡོད་ལུགས་ཀྱི་ལུང་པར་སུང་དུས། རྒས་ཡོལ་སོགས་དུས་ཐོག་དུ་མི་ལོན་པ་ཤེས་དུས། བརྫུན་གཉིས་བ་ཞིག་གི་མགོ་འབུར་བ་རེད།
བོད་མི་བརྒྱ་ཆ་ཉི་ཤུས་མིང་བརྗེས་ཡོད་པ་རེད། དེ་ནི་མང་ཆེ་བ་གྲྭ་ལོག་དང་མྱི་བསད། རྐུན་མ་སོགས་ཡ་རབ་ཀྱི་བྱ་བ་སྣ་གཅིག་མེད་མཁན་ཁོ་ཚོ་རེད།
དེ་ནས་བརྒྱ་ཆ་ལྔ་དྲུག་ཞིག་གིས་སྐྱེས་གནས་དང་ཕ་མ་བརྫུན་མའི་མིང་འོག་ན་ལོ་རྒྱུས་བརྫུན་མ་བཤད་ཡོད་པ་རེད། དེ་ནི་འགྲོ་འདུག་ལ་རང་དཔང་མ་ཐོབ་པའི་གསར་འབྱོར་བ་འགའ་ཞིག་དང་། ད་དུང་འདིའི་ནང་ན་ཕྱི་རྒྱལ་ལ་འགྲོ་འདོད་ཀྱི་ལམ་སློང་མ་བྱུང་བར་། ལོ་རྒྱུས་དང་ལག་འཁྱེར་གཅིག་ནག་རུལ་ལ་ཆགས་སོང་པས་ལག་འཁྱེར་གསར་བ་ལེན་དགོས་ཐུག་པ་དེ་ཚོ་ཡིན་པ་རེད།
གང་ལྟར། བལ་བོའི་སྣེ་ལེན་ཁང་གི་མིང་ཐོ་ལས་གཞན་པའི་མིང་ཐོ། ལོ་ཐོ། སྐྱེ་ཡུལ་སོགས་ག་རེ་ཁུར་ཡོང་ན་ཡང་ལས་ཀ་ལྷག་མ་ཞིག་དང་མགོ་དཀྲུག་ཇེ་མང་ལས་མ་ཡོད་པས། བལ་ཡུལ་གྱི་ཐོ་འགོད་ནི་ཐོ་འགོད་ཡང་དག་དེ་ལ་རྩི་རྒྱུ་ལས་ཡོད་པ་མ་རེད། དཔལ་འབྱོར་ལས་ཁུང་གིས་ཁྲམ་པ་དང་ཧམ་པའི་དགོས་འདུན་ནི་ནམ་ཡང་སྐོང་མི་ཐུབ་འོ།
གཞི་ཆགས་ཁག་ན་དེ་འདྲའི་མགོ་སྙོག་པོ་རང་མེད་ན་ཡང་། མགོ་སྐོར་མགོ་གཡོག་ལ་ནི་ཐོགས་པ་ཞིག་མེད་པ་འདྲ། ཕྱི་རྒྱལ་དང་སྒོ་མོའི་དོན་དུ། ཕ་མ་བརྫུན་མ་འཁྲབ་པ་སོགས་མང་པོ་ཡོད་ཚོད་འདུག།
གང་ལྟར།
ཡར་ནང་ནས་གཞན་གྱི་རྐུབ་ལྡག་ནས་ཁེ་བཟང་བཟོས། མར་ནང་ནས་གཞན་གྱི་ཁ་ལྡག་ནས་ཁེ་བཟང་ཟ་བ་ནི་ཡ་རབ་དང་བཟང་སྤྱོད་གང་ཡག་མ་ཡིན་པས། མི་རེ་རེ་ཡི་དགོས་འདུན་དུ་ལག་དེབ་གསར་བ་དང་ལོ་རྒྱུས་ལ་བརྫུན་བཅོས་མ་བྱས་པར་བཞག་ན་བཟང་བར་འདོད།
དེ་མིན། གོང་ན་མི་རིན་མི་འབབ་ནི་ཁ་ཤས་ཤིག་གིས་ལག་དེབ་ཀྱི་སྒོར་ཟུར་མི་སྤྲད་ཟེར་བ་ནི་བུ་གུའི་སྐད་ཆ་རེད། དཔོན་པོ་སྣང་བར་མི་འགྲོ་བ་ཁ་ཤས་ཤིག་གི་རྐུབ་ཙམ་ལས། བཙན་བྱོ་རྒྱ་ཆེ་ཚང་གི་བདེ་སྡུག། ཆོག་འཇིག་སོགས་ལམ་ལངས་ཕྱོགས་སྤུ་ཙམ་ཡང་མ་ཤེས་བའི་སྐད་ཆ་རེད། ངས་ཁོང་ཚོ་ངོ་མས་སྙིང་རྗེ་འི། རིག་ལམ་ཕན་མེད་ཞིག་དང་གནས་ལུགས་ཁུང་མེད་ཞིག་གཞི་ལ་བཞག་ནས་ཤེས་མདོག་གི་སྐད་ཆ་དང་མཁྱེན་མདོག་མ་འོངས་བཤད་ཁུལ་བྱས་བ་ནི། འཕྲད་ཀྱིས་བལྟས་ན་བླུན་པོ་མཁས་ཟེར་བ་ལས་ཅང་མ་འདུས་སོ།
བཙོན་བྱོལ་ཚང་གི་རྡོག་རྩ་འདི་མ་འོངས་ཁ་འཐོར་ཡ་འཐོར་འགྲོ་བའི་གཏམ་འཆལ་དང་རེ་ལྟས་བྱས་ནས་ ལག་པ་མཆན་ལ་བཙུགས་ནས་དཀྲུག་གཏམ་བཤད་བཞིན། སེར་སྣ་བྱེད་བཞིན། སྡོད་ཐལ།
xxxxxx